Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།

68 occurrences of བདག་མེད་པ་
[Clear Hits]


  
  
 
སྨིན་གླིང་རྡོར་སེམས་བརྒྱུད་འདེབས། གཏེར་བདག་གླིང་པ།
 
13   
 
  
  
  
 
  
 
  
  
 
 
  
 
  
  
 
 
 
 
  
10   
  
  
  
 
 
  
  
  
  
 
 
 
 
 
  
 
 
 
  
  
 
 


68 occurrences of བདག་མེད་པ་
[Clear Hits]

 
previousསྨིན་གླིང་རྡོར་སེམས་བརྒྱུད་འདེབས། གཏེར་བདག་གླིང་པ། next

སྨིན་གླིང་རྡོར་སེམས་བརྒྱུད་འདེབས། གཏེར་བདག་གླིང་པ།


RTZ003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །བདེ་སྟོང་དབྱེར་མེད་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་སྟོན་ next hit་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟུང་འཇུག་མཐར་ཕྱིན་ཤྲཱི་སིཾ་ཧའི་ཞབས། །གསང་བའི་མཛོད་འཛིན་རྡོ་རྗེ་ཧཱུྃ་མཛད་དང་། །ཟབ་ལམ་སྙིང་པོའི་དོན་གཟིགས་བི་མ་ལར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །མཁའ་སྤྱོད་དབང་མོ་ཡེ་ཤེས་མཚོ་རྒྱལ་དང་། །ངེས་དོན་ལམ་བཟང་གསལ་མཛད་བཻ་རོ་རྗེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔ་འགྱུར་བསྟན་པའི་ཉི་མ་གཏེར་བདག་གླིང་། །བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་པར་རྒྱལ། །རིག་འཛིན་ས་བརྙེས་པདྨ་བསྟན་འཛིན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངེས་གསང་ལམ་སྟོན་ཕྲིན་ལས་རྣམ་པར་རྒྱལ། །མཆོག་གཟིགས་པདྨ་དབང་རྒྱལ་ལྕམ་དྲལ་ཟུང་། །གཙུག་ལག་ཆོས་རྒྱལ་འཇམ་དབྱངས་མཁྱེན་བརྩེའི་གཏེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་འདོད་དགུའི་མཆོག་སྩོལ་བླ་མ་རྗེ། །བདེ་ཆེན་སྒྱུ་མའི་རྣམ་རོལ་ཡི་དམ་ལྷ། །ཕྲིན་ལས་


RTZ003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འདིས་ཐོབ་དགེ་བས་བདག་གཞན་མཁའ་མཉམ་འགྲོ །བྱང་ཆུབ་སེམས་འབྱོངས་གང་སྣང་ལྷ་སྐུར་ཤར། ཁྲེགས་ཆོད་ལྟ་བ་མཐར་ཕྱིན་ཐོད་རྒལ་གྱི། །འཕོ་མེད་ཟབ་ལམ་མཐའ་རུ་ཕྱིན་པར་ཤོག །ཅེས་མདོ་ཁམས་གོ་འཇོ་བླ་མ་ཤེས་རབ་འོད་ཟེར་དང་བསོད་ནམས་ཕུན་ཚོགས་གཉིས་ཀྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་བྲིས་པའོ།། །།


previousསྨིན་གླིང་རྡོར་སེམས་བརྒྱུད་འདེབས། གཏེར་བདག་གླིང་པ། next