Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།

6 occurrences of ཧ་དང་བྱེད་པ་
[Clear Hits]


 
བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
 
  
 
  
  
  
  
  
  
 
  
  
  
  
  
  
  
  
  
  


6 occurrences of ཧ་དང་བྱེད་པ་
[Clear Hits]

 
no previousབཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།next

བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།


TNT17_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ཞེས་བྱ་བ་བཞུགས།


TNT17_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟ། ན་མོ་གུ་རུ་ཝེ། བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་རྡོ་རྗེ་འཆང་གི་ལམ། །གསལ་མཛད་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གུས་པའི་ཡིད་ཀྱིས་ཡང་ཡང་ཕྱག་འཚལ་ནས། །མཛད་པའི་ཚུལ་རྣམས་མདོ་ཙམ་བརྗོད་པར་བྱ། །གྲུབ་པའི་སྐྱེས་བུ་གཅིག་ཉིད་ཁོ་ན་ཡ། །ངོ་མཚར་སྤྱོད་པའང་རྫུ་འཕྲུལ་ལྗགས་ལྡན་པས། །བསྐལ་བརྒྱའི་བར་དུ་བརྗོད་པར་མི་ནུས་མོད། །འོན་ཀྱང་བླ་མའི་གསུང་ལས་འབྱུང་བཞིན་བྲི། །དེ་ལ་ཁོ་བོ་ཅག་གི་བླ་མ་དམ་པ་སངས་རྒྱས་སྦས་པའི་མགོན་པོ་ཞེས་བྱ་བའི་ཞལ་སྔ་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང༌། གསུང་དབྱངས་ཡན་ལག་རྒྱ་མཚོ་ལ་སྐད་ཅིག་རེ་རེ་བཞིན་ཡང་འཇུག་


TNT17_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པའི་འཕྲིན་ལས་ཅན་ཡིན་པའི་ཕྱིར། དམ་པའི་ཆོས་ཀྱི་བཀའ་ཇི་ཙམ་མངའ་བའི་ཚད་གཟུང་བར་ནི་ག་ལ་སྤྱོད། འོན་ཀྱང་རྗེ་ཉིད་ཀྱི་རྩ་བའི་བླ་མ་གྲུབ་ཆེན་ཞི་བའི་ཞལ་སྔ་ནས། བྱིན་རླབས་ཀྱི་བཀའ་བབས་བདུན་དང་ལྡན་པར་གྲགས་ཤིང༌། དེ་ཉིད་ཀྱི་གདམས་པ་མ་ལུས་པ་ཡང་རྗེ་ཉིད་ཀྱིས་ལེགས་པར་གསན་པ་ཡིན་ནོ། །དེ་ལ་བཀའ་བབས་དང་པོ་ན། ཕྱག་རྒྱ་ཆེན་པོའི་གདམས་ངག་ཡིན་ཏེ། དེ་ཡང་སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་ཞེས་བྱ་བ་ཡུལ་ཨོ་ཌི་བི་ཤར་འཁྲུངས། རིགས་ནི་བྲམ་ཟེ། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་དང༌། རིག་པའི་གནས་བཅོ་བརྒྱད་བརྟག་པ་བརྒྱད་ལ་སོགས་པ་ཐམས་ཅད་ལ་མཁས་པར་གྱུར། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་གསང་ཚིག་ཀློག་པར་བྱེད་ཅིང་ཡོད་པ་ལས། རྡོ་རྗེ་རྣལ་འབྱོར་མ་ཆང་འཚོང་མའི་གཟུགས་ཀྱིས་འོངས་ནས། སློབ་དཔོན་


TNT17_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དོན་དམ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་མྱོས་བྱེད་དུ་སྣང་བ་དག་ཡང་དང་ཡང་དུ་སྩལ་བས། རྣམ་པར་རྟོག་པ་མེད་པར་གསོལ་བ་ན། ནང་དུ་ཏིང་ངེ་འཛིན་མཆོག་བརྙེས་ཀྱང༌། བྲམ་ཟེའི་རིགས་ཉམས་པར་བྱས་ཞེས་གྲགས་པ་ངན་པ་བྱུང༌། དེར་བྲམ་ཟེ་རྣམས་ཀྱིས་དམའ་དབབ་པར་འདོད་པ་ལ། སློབ་དཔོན་ནི་ནང་གི་རྣལ་འབྱོར་གྱི་མཐུས་ནུས་པ་རྙེད་པ་ཡིན་པས། བྲམ་ཟེ་རྣམས་ལ་ཆང་སྐྱུག་པའི་སྦྱོར་བ་མཛད། རྡོ་ཆེན་པོ་རྒྱ་མཚོའི་སྟེང་དུ་འཕངས་ཏེ། གལ་ཏེ་ངས་ཆང་འཐུངས་ན་རྡོ་འདི་བྱིང་བར་གྱུར་ཅིག ཅི་སྟེ་ཁྱེད་རྣམས་ཀྱིས་འཐུངས་ལ། ངས་མ་འཐུངས་ན་འཕྱོ་བར་གྱུར་ཅིག ཅེས་གསུངས་པས། ཆུའི་སྟེང་དུ་འཕྱོ་བར་གྱུར་ཏོ། །དེར་བྲམ་ཟེ་རྣམས་ནུས་པས་ཚར་བཅད་ཡུལ་དབུས་སུ་སོང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང༌། རིམ་གྱིས་དགེ་སློང་སྡེ་སྣོད་གསུམ་པ་ཆེས་མཆོག་ཏུ་གྱུར་ཏོ། །སློབ་དཔོན་འདིའི་མཁན་པོ་ན། གནས་བརྟན་ནག་པོ་ཞེས་བྱ་བ་ཡིན། དེའི་མཁན་པོ་བཙུན་པ་རྟ་སྐད་ཅེས་བྱ། དེའི་ཡང་མཁན་པོ་ཉེར་སྦས་ཡིན་ཞེས་བླ་མ་གསུང་ཡང་མཁན་བརྒྱུད་རྙིང་པ་འདི་དག་བརྟག་པར་དཀའོ། བོད་ཀྱི་སྡོམ་རྒྱུན་ལ་ནི་སྲས་སྒྲ་གཅན་འཛིན་གྱི་དངོས་ཀྱི་སློབ་མ་ཡིན་པར་གྲགས་ནའང༌། དཔྱད་པ་མེད་པར་བཞག་ན་ལེགས་སོ། །དེ་ནས་ནཱ་ལནྡྲ་ཡི་མཁན་པོར་གྱུར། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང༌། ཐེག་པ་ཆེན་པོའི་མདོ་སྡེ་ཆེས་དར་རྒྱས་སུ་གྱུར་པ་ཡང༌། སློབ་དཔོན་འདིའི་དུས་ཡིན་པར་གྲགས། དེ་ནས་རིག་པ་བརྟུལ་ཤུགས་ཀྱི་སྤྱོད་པ་བྱ་བར་དགོངས་ཏེ། ཐུགས་མཚན་མ་མེད་པའི་ཏིང་ངེ་འཛིན་ལས་མ་གཡོས་བཞིན་དུ་ཡུལ་སྣ་ཚོགས་སུ་རྒྱུ་བ་ན་མཐར་གྱིས་ལྷོ་


TNT17_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མ་ར་ཧ་ཊ་ཞེས་བྱ་བར་བདག་ཉིད་ཀྱི་རྒྱུད་གྲོལ་བར་བྱེད་པ་ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་བུ་མོའི་ཚུལ་ཅན་ཞིག་གཟིགས་ཏེ། དེའི་མདའ་སྲོང་བ་ལ་སོགས་པས་ཀྱང༌། གནས་ལུགས་ཀྱི་དོན་བརྡ་ཐབས་ཀྱིས་མཚོན། ངོ་སྤྲད་པ་བཞིན་དུ་གྱུར་ཏེ། ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང༌། མདའ་མཁན་གྱི་བུ་མོ་དེ་ཉིད་ཕྱག་རྒྱར་ཁྲིད་ནས། ཡུལ་སྣ་ཚོགས་སུ་སྤྱོད་ཅིང་མདའ་བཟོ་བའི་བྱ་བ་མཛད། ཡེ་ཤེས་གོང་ནས་གོང་དུ་འཕེལ་བས། མཚན་ཡ་ས་ར་ཧ་སྟེ། མདའ་བསྣུན་ཞེས་གྲགས། སྔོན་དགེ་འདུན་ཐམས་ཅད་ཀྱི་གནས་བརྟན་ཡིན་པས་ཧ་ཅང་ཡང་མ་རིགས་ཏེ། རྒྱལ་པོ་ལ་སོགས་པ་སྐྱེ་བོ་མཐའ་ཡས་པ་ཞིག་གིས་བལྟ་བར་འོངས་ཤིང༌། འཕྱས་པས། སློབ་དཔོན་མདའ་སྲོང་བཞིན་དུ། ཀྱཻ་ལགས་ང་ནི་བྲམ་ཟེ་སྟེ། །སྨིན་མཁན་མོ་དང་ལྷན་ཅིག་སྤྱོད། །རིགས་དང་རིགས་མིན་ངས་མ་མཐོང༌། །དགེ་སློང་མགོ་བྲེག་བརྟུལ་ཞུགས་འཛིན། །ཆུང་མར་བཅས་ཏེ་ལྷན་ཅིག་རྒྱུ། །ཆགས་དང་ཆགས་བྲལ་དབྱེར་ཡོད་མིན། །མི་གཙང་འདིར་ནི་རྣམ་རྟོག་སྟེ། འདི་ལྟ་གཞན་གྱིས་མི་ཤེས་སོ། །སྦྲུལ་གདུག་ལྟ་བུའི་སྐྱེ་བོ་ན། །ཞེས་སོགས་དོ་ཧ་རྡོ་རྗེའི་གླུ་མང་དུ་བླངས་པས། རྒྱལ་པོ་ལ་སོགས་པ་སྟོང་ཕྲག་ལྔ་ནི་གནས་ལུགས་ཀྱི་དོན་མངོན་སུམ་དུ་མཐོང༌། ལུས་ཀྱང་རིག་པ་འཛིན་པར་གྱུར་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང༌། མཐར་གྱིས་མི་སྣང་བར་གྱུར་སྐད། གཞན་ཡང་ཕྱག་རྒྱ་ཆེན་པོ་སེམས་རྣལ་དུ་མཚོན་པ་ནི་བརྒྱ་སྟོང་དུ་མ་ཞིག་བྱུང་བས། ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་པར་གྱུར། འགྲོ་བ་མང་པོའི་དོན་མཛད་ནས་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་པ་ཡིན་གསུང༌།


TNT17_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བོད་རྣམས་དང་མཐུན་པར་བྱས་པ་ཡིན། ཕྱིས་སངས་རྒྱས་ཐོད་པའི་ཟིན་བྲིས་རྒྱ་དཔེ་འཐོར་བ་གཅིག་ན། བར་དུ་རབ་ཏུ་བྱུང་བའི་སྐོར་དེ་མེད་ཅིང༌། བྲམ་ཟེ་སྒྲ་གཅན་འཛིན་དང༌། གནས་བརྟན་སྒྲ་གཅན་འཛིན་ཐ་དད་པར་འདོད་པའང་སྣང༌། མི་ཉག་ལོ་ཙཱ་བའང་དེ་བཞིན་འདོད་པར་མངོན་ཏེ་དེ་ངོས་མི་འཐད་རྒྱུའང་མེད་དོ། །དེའི་སློབ་མ་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་ཏེ། དེ་ཡང་ལྷོ་ཕྱོགས་བཻ་དརྦྷར་སྐུ་འཁྲུངས། རིགས་ནི་བྲམ་ཟེའོ། །བཙས་པ་ན་ལྟས་མཁན་རྣམས་ཀྱིས་དགེ་སློང་བརྒྱ། བྲམ་ཟེ་བརྒྱ། སྐྱེ་བོ་ཕལ་པ་བརྒྱ་རྣམས་ལ་སྟོན་མོ་དྲངས་ན། རིམ་པས་ལོ་བདུན། ཟླ་བ་བདུན། ཞག་བདུན་འཚོ། དེ་ལས་ལྷག་པའི་ཐབས་མེད་ཟེར་ཕ་མས་ཀྱང་དེ་བཞིན་བྱས། དུས་དེ་རྣམས་རྫོགས་སུ་ཉེ་བ་ན། གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་དུ་བཏང་བས། མཐར་ནཱ་ལནྡྲར་སླེབ། མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་ཀྱི་རིག་སྔགས་བཟླར་བཅུག་པས། ལེགས་པར་འཚོ་ཐུབ། དེར་རབ་ཏུ་བྱུང་ནས། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང༌། རིག་པའི་གནས་སུ་གྱུར་པ་གང་ཡང་མི་མཁྱེན་པ་མེད་པར་བྱས་སོ། །དེ་ནས་རྨ་བྱ་ཆེན་མོ་དང༌། ཀུ་རུ་ཀུལླེ་དང༌། གནོད་སྦྱིན་མོ་དགུ་དང༌། ནག་པོ་ཆེན་པོ་རྣམས་བསྒྲུབས་པས། རི་ལུ་མིག་སྨན་རལ་གྲི་རྐང་མགྱོགས་བཅུད་ལེན་གཏེར་ལ་སོགས་པ་དངོས་གྲུབ་མང་པོ་དང༌། ཚར་གཅོད་པ་དང༌། སླར་གསོ་བ་ལ་སོགས་པའི་ནུས་པ་ཐམས་ཅད་གྲུབ་བོ། །གནོད་སྦྱིན་དང་ཀླུ་ལ་སོགས་པ་མི་མ་ཡིན་ཐམས་ཅད་མངག་གཞུག་ཏུ་སོང༌། ཁྱད་པར་བཅུད་ལེན་གྲུབ་པས་རྡོ་རྗེའི་སྐུར་གྱུར། རྫུ་འཕྲུལ་དང་མངོན་ཤེས་ཆེན་པོར་གྱུར་སྐད། ནག་


TNT17_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེན་པོའི་རིག་སྔགས་གྲུབ་ནས། དྷ་ནྱ་ཀ་ཊ་ཀའི་གླིང་ན། ནག་པོ་ཆེན་པོའི་རྒྱུད་བཞུགས་པ་སྤྱན་འདྲེན་པར་དགོངས། གླིང་དེར་མི་གཡོ་བ་ལ་བརྟེན་ཏེ་སྒྱུ་མ་བསྒྲུབས་ནས། སྒྱུ་མས་མཁའ་འགྲོ་མ་རྣམས་མགོ་འཁོར་བའི་བར་ལ། ལྷ་མོ་ནག་མོ་དང༌། ནག་པོ་ཆེན་པོའི་རྒྱུད་བརྒྱད་དེ་ཕྱག་གཉིས་གཉིས་པ་ནས་ཕྱག་བཅོ་བརྒྱད་ཀྱི་བར་གྱི་རྒྱུད་དང༌། ཀུ་རུ་ཀུལླེའི་རྟོག་པ་ལ་སོགས་པ་སྤྱན་དྲངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་ཞལ་གྱི་གདམས་པ་ཐོབ། སྒྲུབ་ཐབས་མི་གཅིག་པ་བརྒྱ་དྲུག་ཅུ་སྤྱན་དྲངས་ཟེར། རལ་གྲི་དངུལ་ཆུ་སོགས་ཐུན་མོང་གི་དངོས་གྲུབ་བརྒྱད་ཆར་ལ་རིགས་མི་གཅིག་པ་མཐའ་ཡས་པ་བསྒྲུབས་སོ། །དགེ་འདུན་ལ་འཚོ་བ་སྦྱར་བའི་ལོ་རྒྱུས་ན། མཁན་པོ་སྒྲ་གཅན་འཛིན་བཟང་པོ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་བསྒྲུབ་ཅིང་བཞུགས། ཀླུ་སྒྲུབ་མཁན་པོར་བྱོན་ནས་དགེ་འདུན་ལྔ་བརྒྱ་ལ་ལུང་འབོགས་པའི་བྱ་བ་སོགས་མཛད་ཅིང་ཡོད་པ་ན། མུ་གེ་ལོ་བཅུ་གཉིས་སུ་བྱུང་བས། མ་ག་དྷའི་ཡུལ་རྣམས་སྟོངས་པ་ཙམ་བྱུང་བ་ན། སེམས་ཅན་གྱི་ལས་སུ་གཟིགས་ནས། སློབ་དཔོན་གྱིས་གསེར་འགྱུར་གྱི་རྩི་མཛད་དེ། གསེར་རྣམས་ཡུལ་ཐག་རིང་པོ་མུ་གེ་མེད་པ་རྣམས་སུ་འབྲུ་དང་བསྒྱུར་ནས། དགེ་འདུན་རྣམས་འཚོ་བས་མི་བྲེལ་བར་བྱས། སློབ་དཔོན་སྒྲ་གཅན་འཛིན་སྒྲུབ་པ་ཐོན་པ་ན། ཡུལ་རྣམས་སྟོངས་པར་གཟིགས་ནས། རྒྱུ་མཚན་དྲིས་པས། སློབ་དཔོན་གྱི་སྒྲུབ་པའི་བར་ཆད་དུ་གྱུར་དོགས་ཞུ་བར་མ་ནུས། མུ་གེ་བྱུང་ནས་ལོ་བཅུ་གཉིས་ལོན་


TNT17_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པས། སློབ་དཔོན་ན་རེ། མ་ལེགས་ཟས་ཀྱི་ཆར་འབེབས་པའི་ནུས་པའང་ང་ལ་ཡོད་པ་ལ། ཁྱོད་སེམས་ཅན་ལ་སྙིང་རྗེ་ཆུང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ། ད་ནི་དེའི་སྡིག་སྦྱོང་ལ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ལྷ་ཁང་སྟོང༌། མཆོད་རྟེན་ཁྲི་ཕྲག་བཞེངས་དགོས་གསུང༌། དེ་དགེ་སློང་གཅིག་ཁོ་ནས་འགྲུབ་དཀའ་བར་གཟིགས་ནས། ཡོ་བྱད་གནོད་སྦྱིན་ཛམྦྷ་ལ་ལས་ནོར་བསླངས། ལས་གྲོགས་ཀླུ་རྣམས་ལ་འཚོལ་དགོས་པས། རེ་ཞིག་ཀླུ་རྣམས་དད་པར་བྱེད་དགོས་དགོངས་ཏེ། ཀུ་རུ་ཀུལླེའི་རིག་སྔགས་ཀྱིས་ཀླུའི་རྒྱལ་པོ་འཇོག་པོའི་བུ་མོ་འཁོར་དང་བཅས་པ་བཀུག་པས། ཆོས་གསུང་བའི་ཚོགས་སུ་མིའི་བུ་མོའི་རྣམ་པ་གཉིས་འཁོར་མང་པོ་དང་བཅས་བྱུང་བས། དཔག་ཚད་ཙམ་ཙནྡན་ས་མཆོག་གི་དྲིས་ཁྱབ་བོ། །ཡང་དེ་སོང་བ་ན་དྲི་དེ་སངས་འགྲོ། དེ་འདྲ་ལན་མང་དུ་བྱུང༌། དེར་ཅི་ཡིན་ཞེས་དྲི་བ་ལྟར་མཛད་པས། ངེད་ཀླུ་འཇཽག་པོའི་བུ་མོ་ཡིན། མིའི་གྲིབ་མ་སྲུང་བ་ལ་ཙནྡན་ས་མཆོག་གིས་ལུས་ལ་བྱུགས་པ་ཡིན་ཟེར། འོ་ན་ཙནྡན་དེ་ལ་སྒྲོལ་མའི་སྐུ་བཞེང་བར་འདོད་པས་ཙནྡན་ཡང་སྦྱིན་དགོས། ཁོ་བོས་གཙུག་ལག་ཁང་བཞེངས་པའི་ལས་གྲོགས་ཀྱང་བྱེད་དགོས་གསུངས་པས། ཕ་ལ་བཟླས་ནས་འོང་ཟེར་བ། དེའི་ནང་པར་དེ་གཉིས་ན་རེ། ཀླུའི་རྒྱལ་པོའི་མཆིད་ནས་སློབ་དཔོན་ཉིད་ཀླུ་ཡུལ་དུ་ཕེབས་ན་བཀའ་བཞིན་བྱེད། གཞན་སྒྲུབ་མི་ནུས་ཟེར། དེ་ནས་ཤེར་ཕྱིན་འབུམ་པ་སྤྱན་འདྲེན་པ་སོགས་ཀླུ་དང་མིའི་དོན་རྒྱ་


TNT17_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གཟིགས་ནས། རེ་ཤིག་ཀླུའི་ཡུལ་དུ་བྱོན་ནོ། །ལོ་རྒྱུས་ཁ་ཅིག་ལས། འདས་པའི་སངས་རྒྱས་འོད་སྲུང་དང་གསེར་ཐུབ་ལ་སོགས་པའི་ཞལ་མཐོང་བའི་དགེ་སློང་ཡིན་ཟེར་བ། ལུས་གཞན་པས་ཆེ་བ་མང་པོས་གཟིགས་ཟེར་ཏེ་ཆེ་བ་ཙམ་ཡིན་ནོ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདིའི་དགྲ་བཅོམ་པ་མང་པོ་ཀླུ་རྣམས་ཀྱི་མཆོད་གནས་སུ་འདུག་པ་རྣམས་ན་རེ། ངེད་རྣམས་ནི་དགྲ་བཅོམ་པ་ཡིན་ལ། ཁྱོད་དུག་གསུམ་དང་བཅས་པའི་མི་ཞིག་འདིར་འོངས་པ་ལ་ཀླུའི་དུག་གིས་གནོད་པ་མི་འོང་བའི་རྒྱུ་ཅི་ཡིན་འདྲི་བ་ལ། ངས་ནི་རྨ་བྱ་ཆེན་མོའི་རིག་སྔགས་གྲུབ་པ་ཡིན་གསུངས། ཡང་ལོ་རྒྱུས་འགའ་ལས། དེ་རྣམས་ལ་རྒྱལ་བའི་བཀའ་ལས་ནི་ཆོས་ཐམས་ཅད་ངོ་བོས་གྲུབ་པ་མེད་པར་གསུངས་ལ། སའི་སྟེང་གི་དགེ་སློང་ཤས་ཆེ་བ་རྣམས་ན། དེ་ལས་བཟློག་སྟེ་སྨྲ་ན། ཁྱེད་རྣམས་ཀྱིས་ཇི་ལྟར་རྟོགས་ཞེས་དྲིས་པས། ཆོས་རྣམས་ཀྱི་རང་བཞིན་ནི་ཁྱེད་ཀྱི་ལྟར་ཡིན། ཕྱིས་དམིགས་པའི་ལྟ་བ་ཅན་གྱི་ཉན་ཐོས་འབའ་ཞིག་འབྱུང་བར་སངས་རྒྱས་ཀྱིས་ལུང་བསྟན་གསུང་སྐད་དེ། དབུ་མ་པ་རྣམས་ཀྱིས་བཅོས་པ་མིན་ན་རུང་ངོ༌། །དེ་ནས་ཀླུ་རྣམས་ལ་ཆོས་གསུངས་ཤིང་ཡུན་རིང་པོར་བཞུགས། ཤེར་ཕྱིན་རྒྱས་པ་དང༌། གཟུངས་དང་རྟོག་པའི་རིགས་དུ་མ་སྤྱན་དྲངས། འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་བ་ཡིན་ཡང་ཟེར། དམ་པའི་ཆོས་ལ་དགྲ་ལན་གསུམ་བྱུང་བའི་ཚེ་མ་ཚང་བ་ཡིན་ཡང་ཟེར་ཏེ་ཕྱི་མ་དག་གསུང༌། འབུམ་རྒྱ་ནག་པའི་ཞབས་ཀྱི་


TNT17_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་གསུམ་ནི་ཉི་ཁྲི་ནས་དྲངས་པའོ། །དེ་ནས་ས་སྟེང་དུ་བྱོན། རིག་ཚོགས་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས། དགེ་སློང་བདེ་བྱེད་ལ་སོགས་པ་ཐེག་པ་ཆེན་པོ་ལ་སྡང་བ་ཐམས་ཅད་རྩོད་པས་སུན་ཕྱུང༌། ལར་ཉན་ཐོས་སེན་དྷ་པས་བརྩམས་པའི་རྟོག་གེ་ཐེག་ཆེན་ལ་རྩོད་པའི་གཞུང་མང་པོ་བྱུང་བ་དེ་དག་གི་དཔེ་ཐམས་ཅད་བསྡུས་ནས་ས་འོག་ཏུ་སྦས་སོ། །ཡང་ཕྱི་ཞིག་ན་ལྷོ་ཕྱོགས་ཛ་ཊ་སཾ་གྷ་ར། རལ་པ་འཇཽམས་པ་ཟེར་བའི་གནས་དེར། མུ་སྟེགས་ཀྱི་རྒོལ་བ་འདུས་པ་ལྔ་བརྒྱ་ཙམ་དང་བརྩད་ནས་ཚར་བཅད་དེ་ཐམས་ཅད་བསྟན་པ་ལ་བཅུག་གོ །དེ་དག་གི་སྐབས་སུ་ལྷ་ཁང་དང་མཆོད་རྟེན་ཡང་གྲུབ། སློབ་དཔོན་འདིས་བཞེངས་པའི་མཆོད་རྟེན་གྱིས་ཕྱོགས་ཐམས་ཅད་ཁྱབ་ཡོད་གསུང༌། དེ་ལྟར་ཐེག་ཆེན་གྱི་བསྟན་པ་ཉི་མ་ལྟར་མཛད། དྲིལ་བུ་བྲག་དང་བྱང་ཕྱོགས་དྷིང་ཀོ་ཊ་སོགས་རི་མང་པོ་གསེར་དུ་བསྒྱུར་བར་བཞེད་པ་ལ། རྗེ་བཙུན་མ་སྒྲོལ་མས་མ་འོངས་པ་ན་རྩོད་པར་འགྱུར་གསུངས་པས་བཟློག འོན་ཀྱང་གསེར་གྱི་འབྱུང་ཁུངས་མང་པོ་བྱུང༌། རྡོ་རྣམས་གསེར་མདོག་ཏུ་གྱུར་པ་ཙམ་ཡོད་གསུང༌། དེ་ནས་ལམ་གཅིག་ན་བྱིས་པ་མང་པོ་རྩེ་བ་ལ་གཅིག་རྒྱལ་པོར་འགྱུར་བར་ལུང་བསྟན་ནས། བྱང་སྒྲ་མི་སྙན་དུ་བཞུད། གླིང་གཞན་དང་མི་མ་ཡིན་གྱི་གནས་སུ་ལོ་བཅུ་གཉིས་ཙམ་སོང༌། སླར་འཛམ་བུ་གླིང་དུ་ཕེབས་ཙམ་ན་སྔར་གྱི་བྱིས་པ་དེ། རྒྱལ་པོར་གྱུར་པ་བདེ་སྤྱོད་ཅེས་བྱ་བར་སོང༌། སློབ་དཔོན་ལ་གུས་པས་མཆོད། རྒྱལ་པོའང་སློབ་དཔོན་གྱི་གདམས་པ་


TNT17_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་བཅུད་ལེན་དང་གནོད་སྦྱིན་གྱི་མངག་གཞུག་གྲུབ། དགེ་འདུན་བཞུགས་པའི་གཙུག་ལག་ཁང་ལྔ་བརྒྱ་བཞེངས་སོ། །ཕྱིས་དཔལ་གྱི་རིར་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་ཏེ། སྔགས་ཀྱི་སྤྱོད་པས་བཞུགས། མཚན་བཟང་པོ་སོ་གཉིས་ཀྱང་སྐུ་ལ་འགྲུབ། ཕྱིས་དབུ་སྦྱིན་པར་བཏང་བའི་རྐྱེན་གྱིས་ལོ་ཕྱེད་ལོའི་ལོ་དྲུག་བརྒྱར་བདུན་ཅུ་དོན་གཅིག་གིས་མ་ཚང་སྐད་དེ། དེ་ཡང་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ཆུང་ངུ་སུ་ཤཀྟ། རྒྱལ་བུ་རབ་ནུས་སམ། རྒྱལ་བུ་ནུས་ལྡན་ཡང་ཟེར་ཏེ་དེ་རྒྱལ་སྲིད་ལ་དགའ་བས་ལ་མ་ན་རེ། ཡབ་སློབ་དཔོན་དང་སྐུ་ཚེ་མཉམ་པར་བྱིན་གྱིས་རླབས་འདུག སློབ་དཔོན་རྡོ་རྗེའི་སྐུ་ཡིན་པས་འགྲོང་པ་མེད། རྒྱལ་པོའི་སྲས་པོ་སྔ་མ་རྣམས་ཀྱང་རྒྱལ་སྲིད་མ་ཐོབ་པ་འདས་ཤིང༌། །བུ་དང་ཚ་བོའི་བར་ཡང་འདས་ཟེར་བས། ཤིན་ཏུ་ཡིད་མི་དགའ་བ་ལ། མ་ན་རེ། འོ་ན་ཐབས་ཡོད། སློབ་དཔོན་བྱང་ཆུབ་སེམས་དཔའ་ཡིན་པས་དབུ་བསླངས་ན་སྟེར་བས། སློབ་དཔོན་འདས་པའི་ཚེ་ཡབ་ཀྱང་འདའ་བས་ཁྱོད་ལ་རྒྱལ་སྲིད་འབྱུང་ཟེར། རྒྱལ་བུས་དཔལ་གྱི་རིར་ཕྱིན་དབུ་བསླངས་པས། མཚོན་ཆས་མ་ཆོད་པར་སྔོན་རྩྭ་སྔོན་པོས་སྲོག་ཆགས་ཀྱི་སྐེ་བཅད་པའི་ལས་གཟིགས་ནས། ཀུ་ཤས་བཅད་ནས་གནང༌། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། ཞེས་སྒྲ་བྱུང༌། དེར་ས་གཡོས། མུ་གེ་ལོ་བཅུ་གཉིས་ཀྱི་བར་དུ་བྱུང་སྐད།


TNT17_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བུས་སློབ་དཔོན་བཅུད་ལེན་གྲུབ་པས། སླར་འགྲིག་གི་དོགས་ནས་དབུ་དཔག་ཚད་མང་པོས་ཆོད་པའི་སར་ཁྱེར། དེར་གནོད་སྦྱིན་མོས་ཕྲོགས། དབུ་ཕ་བོང་གི་ཁར་བཞག་པས་ཕ་བོང་གས་པའི་ས་དེར་འཕགས་པ་སྤྱན་རས་གཟིགས་ལྷ་ལྔའི་རྡོ་སྐུ་རང་བྱོན་དུ་བྱོན། དབུ་དང་སྐུ་ལུས་གཉིས་ལ་ཡོན་བདག་གནོད་སྦྱིན་མོས་སོ་སོར་ལྷ་ཁང་བརྩིགས། དེ་གཉིས་ཀྱི་བར་དུ་སྔོན་དཔག་ཚད་བཞི་ཙམ་ཡོད་སྣང་བ། ད་ལྟར་རྒྱང་གྲགས་གཅིག་ཀྱང་བར་མི་སྣང་གསུང༌། དེ་ནི་བདག་གི་བླ་མས་ཀྱང་མཇལ་ཏེ། རྡོའི་རྩིག་པ་རྣམས་འབྲེལ་ཏེ་བྲག་ལྟ་བུར་སོང་པའི་ལྷ་ཁང་ཆོ་འཕྲུལ་དང༌། གཉན་ཆ་ཆེ་བ། སྒོ་ནི་མེད། དཀར་ཁུང་ནས་བལྟས་པ་ལ། གཉིས་ཀའང་ཁྲིའི་སྟེང་ན་རྡོ་སྐུའི་དུམ་བུ་འདྲ་བ་རེ་འདུག་གསུང༌། དེའི་སློབ་མ་གྲུབ་ཆེན་ཤཱ་བཱ་རི་ཡིན་ཏེ། ཤར་ཕྱོགས་ན་གར་མཁན་མིང་སྲིང་གསུམ་གྱིས། ཀླུ་སྒྲུབ་བྷ་ག་ལར་བཞུགས་པ་ལ་རོལ་མོ་ཕུལ་བས། ནང་དུ་བོས་སྐལ་བ་དང་ལྡན་པར་མཁྱེན་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ཀྱི་སྐུ་གཅིག་བསྟན་པས་ངས་ཀྱང་འདི་མཐོང་བ་ཅིག་ཞུ་ཟེར། མེ་ལོང་ཞིག་བསྟན་པས་ཁོ་རང་དམྱལ་བ་ན་མེ་ལ་འཚེད་པ་མཐོང༌། ཤིན་ཏུ་བྲེད་ནས་འདི་ལས་ཐར་བའི་ཐབས་གཅིག་ཀྱང་ཞུ་བྱས་པས། བདེ་མཆོག་ཏུ་དབང་བསྐུར། བསྒོམས་པས་སྙིང་པོའི་དོན་མངོན་དུ་གྱུར། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་ཞལ་མཐོང༌། ཟུང་འཇུག་གྲུབ་ནས་ཁྱོད་ལྷོ་ཕྱོགས་ཀྱི་རི་ལ་རི་དྭགས་བཤོར་


TNT17_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་གྱིས་ལ་སེམས་ཅན་གྱི་དོན་གྱིས་གསུང༌། ལྕམ་གཉིས་ལ། ལོ་གི་དང༌། གུ་ནི་ཟེར་བ། ཕྱིས་མཁའ་འགྲོ་མ་པདྨ་ཝརྟི་དང༌། ཛྙཱ་ན་ཝརྟི་ཡིན་ཅེས་ཕྱག་ཆེན་བརྡ་སྐོར་བ་དང༌། དོ་ཧ་འཆད་མཁན་བོད་རྣམས་ཟེར་ཏེ། ལྕམ་གཉིས་དང་ལྷན་ཅིག་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས། རྔོན་པའི་བྱ་བ་བྱེད་པ་ལྟར་མཛད་དོ། །རྡོ་རྗེ་འཆང་གི་གོ་འཕང་བརྙེས་པས། གྲུབ་ཆེན་ཤཱ་བཱ་རི་པ་ཞེས་གྲགས། རི་དྭགས་བཤོར་བ་ལ་སོགས་པ་འདི་དག་ནི་འཕགས་པའི་སྤྱོད་པ་དང༌། ཟུང་འཇུག་གི་སྤྱོད་པ་ཡིན་གྱ། གཞན་རྟོགས་པ་མཐོ་ཡང་མི་རུང་བ་ཡིན་ནོ། སློབ་དཔོན་འདི་ལ་ས་ར་ཧ་ཆུང་བ་ཟེར། དེའི་སློབ་མ་ནི་ལཱུ་ཡི་པ་སྟེ། དེའི་སློབ་མ་ཌེཾ་གི་པ། དེའི་སློབ་མ་ཏིལ་ལོ་པ། དེའི་སློབ་མ་ནཱ་རོ་པ། དེའི་སློབ་མ་ཌོཾ་བྷི་པ་ཆུང་བ། དེའི་སློབ་མ་ཀུ་ས་ལ་བྷ་ད། འདི་ཡང་བརྒྱུད་པའི་ལུགས་གཅིག་ཡིན། ལཱུ་ཡི་པ། དཱ་རི་ཀ་པ། ཨནྟར་པ། ཏིལ་ལོ་པ་ནས་བརྒྱུད་པའང་ཡོད། དེ་ལ་ལཱུ་ཡི་པ་ན། ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོའི་ཡིག་མཁན་ཀུན་ཏུ་དགེ་བ་ཞེས་བྱ་བ་ཞིགལན་ཅིག་གྲུབ་ཐོབ་ས་ར་ཧ་ཆུང་བ་ཤཱ་བཱ་རི་པ་དེ་དོ་ ་གླུར་ལེན་དང་མཇལ། དབང་བསྐུར་དང་གདམས་ངག་གནང༌། དེ་བསྒོམ་ཞིང་ཡིག་མཁན་ཡང་བྱེད་ཅིང་ཡོད་ next hit་ལ། རེས་ཅིག་དུར་ཁྲོད་དུ་ཕྱིན་པས། མཁའ་འགྲོ་མའི་ཚོགས་གྲལ་དུ་སླེབ། སྐྱེ་བ་བདུན་པ་ཞིག་གི་ཤ་འགྱེད་པའི་ལག་བདེ་བ་ཡང་བྱས། རྡོ་རྗེ་ཕག་


TNT17_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མོས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང༌། རྐང་པ་བརྐྱང་པ་སྤངས་ནས་སུ། །འཁོར་བའི་མངག་གཞུག་དོར་ནས་ཀྱང༌། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །ཞེས་གདམས་པས། གཡེང་བ་མེད་པར་བསྒོམ་དགོས་པར་ཤེས་ཏེ། སྔར་གྱི་ལས་བྱས་ན་གཡེང་བས་འཁྱེར། ཤིང་ཏོག་སོགས་ལའང་འབད་རྩོལ་དགོས། བསོད་སྙོམས་ཀྱང་ཆགས་སྡང་སྐྱེ། འཚོ་བ་གང་ལས་བསྒྲུབ་དགོས་དགོངས་རིགས་གསངས་ནས། ཤར་ཕྱོགས་བྷང་ག་ལར་སོང༌། གང་གཱའི་འགྲམ་ན་ཉའི་རྒྱུ་ལྟོ་རི་ལྟར་སྤུངས་པ་གཟིགས་པས། དེར་ཉ་ལྟོ་གསོལ་ཞིང་ལོ་བཅུ་གཉིས་བསྒོམས་པས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཨོ་ཌི་བི་ཤའི་རྒྱལ་པོ་དང༌། བློན་པོ་སོགས་འདུལ་བའི་དུས་ཡིན་པར་མཁྱེན་ནས། རྒྱལ་པོ་དེ་ལ་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཞིག་མཇལ་དུ་བྱུང་བ་ལ། སྐྱེད་མོས་ཚལ་དུ་ཁྲི་སོགས་བཤམས། ལམ་སྲང་ཐམས་ཅད་མཆོད་རྫས་སྣ་ཚོགས་ཀྱིས་བཀང༌། རྒྱལ་པོ་རང་གི་སྔོན་དུ་ཤིས་བརྗོད་ཀྱི་བྲམ་ཟེ་རྣམས་འོངས་པས། ཁྲིའི་སྟེང་ན་མི་སྔོན་པོ་ཉི་ལྷག་ཀྱིས་ཁྱེར་བ་སྐྲ་འཛིངས་པ་ཞིག་ཉལ་ནས་འདུག་པ་ལ། ཁྱོད་ལོངས་བྱས་པས་ལན་མེད། བྲམ་ཟེ་སུམ་ཅུས་འཐེན་པས་གཡོ་འགུལ་མ་བྱུང༌། དེར་བྲམ་ཟེ་རྣམས་རང་སྟོབས་མེད་པ་ལ་གད་མོ་ཤོར་བས། སློབ་དཔོན་ན་རེ། མ་ལུས་ས་འདི་ཇི་ཙམ་ཡིན་ཏེ་འཇིག་རྟེན་གསུམ་འདི་ཇི་ཙམ་ཡིན། དེ་ཆ་ཉིད་ཀྱིས་གཅིག་ནི་མི་བདག་གཞན་ནི་དེ་ཡི་གཡོག་ཡིན་ན།


TNT17_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་དེ་ཡང་གཞན་གྱི་དམ་པའི་སྤྱོད་ལ་བཞད་གད་བྱེད་པ་ན། ཨེ་མ་འཁོར་བ་ངོ་མཚར་རེ་ཆེ་འདི་ལ་སྨྲ་མང་ཅི་ཞིག་དགོས་གསུང༌། དེ་རྒྱལ་པོ་ལ་བརྗོད་པས། དེ་ཆོམས་ཤིག་ཟེར། དམག་རྣམས་འོངས་པས་སློབ་དཔོན་གྱིས་ཧ་ཧ་ཧི་ཧི་ཞེས་བཞད་པས། དམག་མི་ཐམས་ཅད་རེངས། དེར་གཅིག་གིས་གྲུབ་ཐོབ་ཏུ་ཤེས་ནས་གུས་པ་བྱས་པས་རེངས་པ་ལས་གྲོལ། དེས་བསྟན་ཏེ་གཞན་ཀུན་ཀྱང་གྲོལ། རྒྱལ་པོ་ངོ་མཚར་སྐྱེས་ནས་འོངས་ཏེ། ཁྱོད་སུ་ཡིན་བྱས་པས། ཁྱོད་ཀྱང་སུ་ཡིན་གསུང༌། ང་རྒྱལ་པོ་ཡིན་བྱས་པས། ང་ཡང་རྒྱལ་པོ་ཡིན་གསུང༌། ཁྱོད་ལ་རྒྱལ་པོའི་ཡོ་བྱད་མི་འདུག་བྱས་པས། ས་གཞི་མལ་སྟན་ཆེན་པོ་ཡིན་ཏེ་བྱིན་པའི་སྟན་བཏིང་ལག་ངར་གློ་སྟན་འབོལ་བ་འཁྲིལ། ཟླ་བའི་འོད་ཟེར་སྒྲོན་མེ་རབ་གསལ་བསིལ་ཡབ་རྗེས་སུ་མཐུན་པའི་རླུང༌། རྒྱ་ཆེན་ནམ་མཁའི་བླ་རེ་ཆགས་བྲལ་སྟེང་པའི་བུད་མེད་ལ་སྤྱོད་དེ། ཨ་རེ་རྒྱལ་ལྟར་སྲིད་ན་འཇིགས་མེད་བདེར་ཉལ་རྣལ་འབྱོར་རྒྱལ་པོ་ཡིན། བྱས་པས་རྒྱལ་པོ་དང༌། རྒྱལ་བློན་གཉིས་ལ་བདེ་མཆོག་ཏུ་དབང་བསྐུར། གདམས་པ་གནང༌། དཔལ་མངོན་རྟོགས་ཀྱང་མཛད། རྒྱལ་པོ་ལ་ཁྱོད་ལྷོ་ཕྱོགས་ཀུ་མ་ར་ཀྵེ་ཏྲ་ན། སྨད་འཚོང་མ་འདི་ལྟ་བུ་ཡོད་པས་དེའི་གཡོག་གྱིས་གསུང༌། བློན་པོ་བྲམ་ཟེ་ལ་ཁྱོད་ཤར་ཕྱོགས་པ་ན་བཀན་ན་ག་ར་ན་ཆང་འཚོང་མ་འདི་ལྟ་བུ་ཞིག་ཡོད་པས་དེའི་གཡོག་གྱིས་ཁྱེད་གཉིས་ཀྱིས་དེ་ལྟར་ན་ལོ་བཅུ་གཉིས་ནས་མཆོག་གི་


TNT17_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་གསུང༌། དེ་གཉིས་ཀྱིས་ཀྱང་སྲིད་སྤངས་ནས་དེ་བཞིན་བྱས། རྒྱལ་པོས་སྨད་འཚོང་མའི་གཡོག་བྱས་ཏེ། དེར་འོངས་པའི་སྐྱེས་པ་རྣམས་ཀྱི་རྐང་པ་བཀྲུ་བ་སོགས་བྱེད་ཅིང་ཏིང་ངེ་འཛིན་བསྒོམས་པས། ལན་གཅིག་ནམ་ཕྱེད་ན་སྐྱེས་པ་གཅིག་གིས་ལྡོག་ཕྱིན་པས། ཁོལ་པོའི་སྤྱིལ་པོ་ན་མེ་འབར་བར་མཐོང༌། བལྟས་པས། དེའི་ལུས་ཀྱི་འོད་དུ་འདུགགྲུབ་པ་ཐོབ་པར་ཤེས། དེ་དང་སྨད་འཚོང་མས་ཀྱང་བཟོད་པར་གསོལ། དེར་སློབ་དཔོན་གྱིས་ཡུལ་དེར་རྡོ་རྗེ་ཐེག་པ་རྒྱ་ཆེར་བཤད། ལན་གཅིག་དྲིལ་བསྒྲགས་ཏེ་ཚོགས་ཀྱི་འཁོར་ལོ་མཛད། འཁོར་བུད་མེད་སྟོང་ཕྲག་བཅུ་དྲུག་དང་བཅས་པ་ཐམས་ཅད་མཁའ་ལ་གཤེགས་ཤིང༌། མཆོག་གི་དངོས་གྲུབ་ཐོབ་བོ། །སྔར་གྱི་སྐྱེས་པ་དེས་གསོལ་བ་བཏབ་པས། གྲོང་ཁྱེར་གྱི་ཤར་ཕྱོགས་ན་རྡོ་རིང་ཞིག་ཡོད། དེའི་སྟེང་ན་གླང་པོ་ཆེའི་གཟུགས་ཁ་ཤར་བསྟན་ཅིག་ཡོད། ལོ་རེ་ལ་ཡུངས་ཀར་གྱི་ཚད་རེ་ཆུགས་ཀྱིན་ཡོད་ནམ་ཁ་ནུབ་ཏུ་བསྟན་པ་ན་གྲུབ་པ་ཐོབ་པར་ལུང་བསྟན། གྲུབ་ཐོབ་དཱ་རི་ཀ་པའམ་དཱ་རི་པ་སྟེ་སྨད་འཚོང་མའི་གཡོག་ཅེས་བྱ་བ་ཡིན་ནོ། །བླཽན་པོས་ཀྱང་ཆང་འཚོང་མའི་གཡོག་བྱས་པ་ལ་འབྲས་སྦྲུ་བའི་རྐྱེན་གྱིས་རང་སེམས་ཀྱི་གནས་ལུགས་མངོན་སུམ་དུ་མཐོང༌། དེར་ཏིང་ངེ་འཛིན་གྱི་ངང་དུ་བག་ཙམ་ཞིག་འབྱམས་པའི་སྐབས། འབྲས་རྣམས་ཕུག་རོན་གྱིས་ཟོས་པས། ཆང་འཚོང་མས་འཐབས། ཡང་དུས་གཞན་ཞིག་ན། རྡོ་རྗེའི་གླུ་བླངས་པས། སྐྱེ་བོ་ཐམས་ཅད་ཀྱིས་གྲུབ་པ་ཐོབ་པར་ཤེས། རྡོ་རྗེ་ཐེག་པ་


TNT17_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བཤད་པས། སྐྱེ་བོ་དཔག་ཏུ་མེད་པ་ཡང་གྲོལ་ལོ། །འབྲས་བརྡུང་བའི་ཌེངྒི་ལ་སེམས་ཟིན་པས་ཌེངྒི་བར་གྲགས་སོ། །ཡང་ཤཱ་བཱ་རིའི་སློབ་མ་དུས་ཕྱིས་བྱུང་བ་ན། མངའ་བདག་ཆེན་པོ་མཻ་ཏྲི་པ་སྟེ། མཚན་ནི་མཻ་ཏྲི་གུཔྟའོ། །དེ་ཡང་བྲམ་ཟེ་མུ་སྟེགས་ཀྱི་པཎྜི་ཏ། ཕྱིས་ནཱ་རོ་པ་དང་མཇལ་ནས་ནང་པར་གྱུར་ཏེ། དབང་དང་གདམས་ངག་ཞུས། ནཱ་ལནྡྲར་རབ་ཏུ་བྱུང་སྟེ་རཏྣ་ཨཱ་ཀ་ར་ཤནྟི་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་པས་པཎ་ཆེན་དུ་སོང་ནས། བི་ཀྲ་མ་ལ་ཤཱི་ལ་རྣམ་གནོན་ཚུལ་གྱི་གཙུག་ལག་ཁང་དུ་བཞུགས། པཎྜི་ཏའི་བྱ་བ་དང་སྒྲུབ་པ་སྤེལ་མར་མཛད་ཅིང་ཡོད་པ་ལས། རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས་ཤིང༌། ཏིང་ངེ་འཛིན་གྱི་གྲོགས་སུ་འགྲོ་བའི་དུས་ཡིན་པར་མཁྱེན་ནས། ནང་གི་ཀུན་ཏུ་སྤྱོད་པ་གསང་ཞིང་སྤྱོད་པ་ཡིན་པ་ལས། དགེ་ཚུལ་ཞིག་གིས་སློབ་དཔོན་བུད་མེད་དང་ལྷན་ཅིག་ཆང་གསོལ་བ་མཐོང་ནས། ཚོགས་སུ་རྒོལ་དུ་བྱུང་བ་ལ། སློབ་དཔོན་གྱིས་འོ་མ་སྐྱུགས་དགེ་ཚུལ་དེ་རང་ལ་ཆང་སྐྱུག་པའི་སྦྱོར་བ་བྱས་པས། ཆང་སྐྱུགས་རེ་ཞིག་གླེང་བ་མེད། ཡང་ལན་ཅིག་དགེ་བསྐོས་ལ་སོགས་པས་རིག་ནས་བརྫིར་འོངས་པ་ན། ཆང་འོ་མར་བསྒྱུར་བུད་མེད་མི་སྣང་བར་བྱས་སམ་དྲིལ་བུར་བསྒྱུར་ཟེར་བའང་ཡོད། ཡང་ཕྱིས་ལན་ཅིག་འཇབས་ནས་བརྫིས་པས། སྔགས་ཀྱིས་བསྒྱུར་ལོང་མ་བྱུང་བས། དགེ་འདུན་གྱིས་གནས་དབྱུང་བྱས། ཆུ་བོ་གངྒཱ་ལ་ལྤགས་གདན་བཏིང་ནས་བཞུད། དེ་དུས་དགེ་བསྐོས་ཇོ་བོ་རྗེ་ཡིན་སྐད། དེའི་སྒྲིབ་


TNT17_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་ལ་མངའ་བདག་རང་ལ་ཆོས་གསན་པ་དང༌། བོད་དུ་བྱོན་ཡང་ཟེར། སཱ་ཚ་འཆག་མེད་མཛད་ཀྱང་ཟེར། དེར་ནུས་པ་ནི་དཔག་ཏུ་མེད་པ་བརྙེས་ཀྱང༌། དེ་ཁོ་ན་ཉིད་ཅུང་ཟད་མ་རྟོགས་པ་ལ། ཡི་དམ་གྱི་ལུང་བསྟན་བྱུང་ནས། དཔལ་གྱི་རི་ལ་ཤཱ་བཱ་རི་པ་འཚོལ་དུ་བཞུད་པ། ལྷོ་ཕྱོགས་ཀྱི་ལམ་དུ་རྒྱལ་བུ་ས་ཀ་ར་དང་འཕྲད། དེ་དང་ལྷན་ཅིག་དཔལ་གྱི་རིར་ཕྱིན་པས། དེ་དང་ཉེ་བའི་མི་རྣམས་ན་རེ། ཤཱ་བཱ་རི་པ་སྔོན་གྱི་གྲུབ་ཐོབ་ཡིན། ད་ལྟ་ག་ལ་རྙེད་ཟེར་ཡང༌། རྩེ་གཅིག་ཏུ་གསོལ་བ་བཏབ་པས། ཟླ་བ་དྲུག་ན་མཇལ་ཏེ། ཤཱ་བཱ་རིའི་དབུའི་རལ་པ་བཤིག་པས། སྲོ་ཤིག་ཉིལ་གྱི་བྱུང་བ། ཡུམ་གཉིས་ཀྱིས་གསོལ་བར་འདུག་པས་མཻ་ཏྲི་བ་ཅུང་ཟད་ཐུགས་མ་དད། རྒྱལ་བུ་དེས་ཞབས་ལ་ཕྱག་བྱས་པས། ཨ་ཡ་ཛ་ར་ཝ་ལ་ཧུ་གསུངས་པས་དེ་ཉིད་དུ་གྲོལ་ཞིང་འཇའ་ལུས་སུ་གྱུར་པས་ཐུགས་དད་པ་འཁྲུངས། ཡང་བཙུན་མོ་གཉིས་ཀྱིས་ཕག་དང་རི་དྭགས་དང་རྨ་བྱ་གསོད་པ་གཟིགས་པས་ཅུང་ཟད་མ་དད་པ་སེ་གོལ་ཏོགས་པས། དེར་མི་སྣང་བར་གྱུར། འོན་ཀྱང་དབང་བསྐུར་ཞིང་གདམས་པ་དང་རྗེས་སུ་གདམས་པས་གནས་ལུགས་གཟིགས་པའི་ཡེ་ཤེས་སྐྱེས། དཔའ་བོ་མཁའ་འགྲོ་མཐའ་ཡས་པའི་གཙོ་བོར་གྱུར། ད་ནི་རལ་གྲི་ལ་སོགས་པ་གྲུབ་པ་བརྒྱད་བསྒྲུབས་ནས། ཚེ་བསྐལ་པར་གནས་པའི་རིག་པ་འཛིན་པ་བྱ་སྙམ་རྫས་བསྒྲུབས་པས་གྲུབ་པའི་ལྟས་བྱུང་བ་ན། ཤཱ་བཱ་རིས་སྡིགས་འཛུབ་མཛད་པས་ཐལ་བར་སོང༌། ད་ཁྱོད་སྒྱུ་མ་དེས་ཅི་བྱ་གནས་ལུགས་ཀྱི་དོན་རྒྱ་ཆེར་ཤོད་ཅེས་གསུང་བ་བཞིན།


TNT17_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡུལ་དབུས་སུ་བྱོན་ནོ། །བོད་རྣམས་དེ་རྗེས་ཤཱནྟི་པ་དང་རྩོད་པ་བྱས་པ་སོགས་ཀྱི་ལོ་རྒྱུས་འཆད་པ་ནི་དོན་ལ་ཡང་མི་རིགས་པར་སྣང་ཞིང༌། འཕགས་པའི་ཡུལ་ན་ཁ་སྐད་ཙམ་ཡང་མེད་གསུང༌། བོད་ན་དེ་ལྟར་གྲགས་ཞུས་པས། བྷོཊྚ་སྭ་ན་བཱཀྟྱསཱ་མ་ཡ་ཚོ་ཌེ་ཀ་སིདྡྷི་སཱ་དྷ་ཀ་ཀྱཱ། ཞེས་གསུངས་ཏེ་བོད་པ་ཁྱིའི་ལབ་དམ་ཚིག་སྤངས་པའི་གྲུབ་ཐོབ་དང་སྒྲུབ་པ་པོ་གང་ཞེས་པའོ། །དེས་ན་དེ་ནི་བོད་བླུན་པོ་རྣམས་ཀྱི་བརྫུན་ཕལ་ཀ་སྒྲིགས་སུ་ཤེས་པར་བྱའོ། །སློབ་དཔོན་འདིས་ཡུལ་དབུས་སུ་ཡིད་ལ་མི་བྱེད་པ་གསུངས་པས། འགའ་ཞིག་ཡིད་མ་ཆེས་པ་ལ། གཞུང་གི་ཁུངས་གྲུབ་རྙིང་གི་སྐོར་རྒྱ་ཆེར་གསུངས། རྒྱུད་ཀྱི་དགོངས་པ་མིན་ཟེར་བ་དགྱེས་རྡོར་དང་འདུས་པ་གཙོ་བོར་གྱུར་པའི་ལུང་གིས་བསྒྲུབས་སུ་ལས་ཐོབ་དྲིས་པ་ལ། དབང་ངེས་བསྟན་བརྩམས་ཏེ་རི་ཁྲོད་པའི་མན་ངག་ཉམས་སུ་མྱོང་བར་བསྟན་ཞེས་བོད་རྣམས་ཟེར། དུར་ཁྲོད་བསིལ་བ་ཚལ་དུ་གྲོང་འཇུག་གི་ཚུལ་མང་པོ་བསྟན། ཇི་ལྟར་བཞེད་པ་ཐམས་ཅད་ནག་པོ་ཆེན་པོ་བསྒྲུབས་པས། དཔག་ཚད་བརྒྱ་ཕྲག་མང་པོའི་ཕ་རོལ་ནས་བརྟན་གཡོའི་དངོས་པོ་ནམ་མཁའ་ལས་ཁྱེར་འོངས་ཏེ། མ་ལ་བའི་རྒྱལ་པོའི་བུ་མོ་ནམ་མཁའ་ལས་ཁྱེར་འོངས་པ། ཕྱིས་མཁའ་འགྲོ་གཾ་ག་དྷ་ར་ཞེས་པར་གྲགས། ཕལ་ཆེར་ནི་ཤར་ཕྱོགས་ཀུ་ས་ལའི་ནགས་སུ་གཙོ་བོར་བཞུགས། མཁའ་འགྲོ་ལྕེ་སྤྱང་དུ་སྤྲུལ་ནས་གཏོར་མ་ལེན་པ་དང༌། ལྟ་སྟངས་གྲུབ་པ་དང༌། སྐུ་ལུས་གཟུགས་སྣ་ཚོགས་སུ་སྤྲུལ་པ་སོགས་ངོ་མཚར་དཔག་ཏུ་མེད་


TNT17_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པ་མངའ། སྔོན་ཤཱ་བཱ་རི་པ་ལ་མ་དད་པ་གཉིས་པོ་དེས་སྐུ་ལུས་གནས་མ་གྱུར། དགུང་ལོ་བདུན་ཅུ་ཙམ་ན་སྐུ་འདས་ཏེ། བར་དོར་ཕྱག་རྒྱ་ཆེན་པོ་མཆོག་འགྲུབ་བོ། །ཇོ་བོ་ནཱ་རོ་པ་སྐུ་འདས་པ་ཙམ་ན། སློབ་དཔོན་འདིའི་འགྲོ་དོན་འགོ་ཚུགས་པ་ཡིན། ནཱ་རོ་པ་ཙམ་རང་གི་སྙན་གྲགས་དང་སློབ་མ་འདུ་འཚོགས་ནི་བག་ཙམ་མ་བྱུང་མོད། ཐོག་མཉམ་ལ་གཞན་ཕན་ཆེ་ཤོས་ཡིན། འཕགས་ཡུལ་རང་དུ་དེ་དུས་རྗེས་འབྲང་མང་ཡང་ཕྱིས་མང་རྒྱུ་མེད། བལ་པོ་དང་བོད་སོགས་བྱང་ཕྱོགས་ན་ཆེས་དར་བར་གྱུར་ཏོ། །མཻ་ཏྲི་པའི་སློབ་མ་ལ། སྔར་གྱི་བོད་རྙིང་པ་རྣམས། ཆེ་བཞ། འབྲིང་བདུན། ཆུང་བ་བཅུ་ཟེར། འབྲིང་དང་ཆུང་གི་ངོས་འཛིན་གྲངས་ངེས་རྒྱ་གར་བ་ལ་མ་གྲགས། སྤྱིར་རྣལ་འབྱོར་པའི་སློབ་མ་མཁས་པ་དང་ནུས་པ་ཐོབ་པ་མང་ངོ༌། །ཆེ་བ་བཞི་པོ་དེ་ཀུན་ནས་གྲགས་པ་ཡིན། ལྷན་སྐྱེས་རྡོ་རྗེ། སྟོང་ཉིད་ཏིང་འཛིན། རཱ་མ་པཱ་ལ། བཛྲ་པཱ་ཎིའོ། །དང་པོ་ལ་ན་ཊེ་ག་ན་ཟེར། དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པ་དང་གནས་པ་བསྡུས་པ་མཛད། གཉིས་པ་དེ་བ་ཨཱ་ཀ་ར་ཙནྡྲ་ཟེར། ཤེས་རབ་ཡེ་ཤེས་གསལ་བའི་གཞུང་བརྩམས། བཞི་པ་རྒྱ་གར་ཕྱག་ན་རུ་གྲགས་པ་དེ་ཡིན་རྡོ་རྗེའི་ཚིག་བསྡུས་མཛད། དེ་གསུམ་སྐུ་ལུས་ཀྱི་རིག་འཛིན་མ་ཐོབ། འདིར་རཱ་མ་པཱ་ལ་སྟེ་དགའ་བ་སྐྱོང་ངམ། དགའ་བྱེད་སྐྱོང་ལ་བརྒྱུད་པ་སྟེ་དབང་ངེས་བསྟན་གྱི་འགྲེལ་པ་མཛད་མཁན་དེ་ཡིན་ནོ། །རིག་མ་ནུས་པ་ཐོབ་པ་རྣལ་འབྱོར་མ་རིན་ཆེན་ལྷ་མོ་མངའ་བདག་ཉིད་དང་མཁྱེན་རྟོགས་མཉམ་པར་གྲགས། གདྒ་དྷ་རི་ཕྱེད་ཀྱི་གོ་འཕང་


TNT17_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་པར་གྲགས་སོ། །དེ་ནི་རིགས་རྒྱལ་རིགས་ལྷོ་ཕྱོགས་ཀརྞ་ཊ་ཀར་འཁྲུངས། ཆུང་ངུ་ནས་རིག་པའི་གནས་མང་པོ་མཁྱེན། མངའ་བདག་མཻ་ཏྲི་པ་ལོ་བཅུ་གཉིས་སུ་བསྟེན། མཻ་ཏྲི་པ་སྐུ་གཤེགས་ནས། མཆོད་རྟེན་དཔལ་ཡོན་ཅན་དུ་ལོ་གསུམ་བླ་མའི་མྱ་ངན་བྱེད་ཅིང་གཏམ་ཡང་མི་གསུང༌། རྩེ་གཅིག་ཏུ་སྒྲུབ་པ་མཛད་ཅིང་བཞུགས། དེ་ནས་སྙིང་པོའི་དོན་ཐམས་ཅད་མངོན་དུ་གྱུར་ནས། ལྷོ་ཕྱོགས་སུ་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ནག་པོ་ཆེན་པོས་རལ་གྲིའི་དངོས་གྲུབ་བྱིན་ཏེ། སྐུ་ལུས་དེ་ཉིད་མ་སྤངས་པར་ས་འོག་ཏུ་དཔལ་གྱི་སྒོར་བཞུད་ནས། ལྷ་མ་ཡིན་གྱི་གནས་ན་ད་ལྟ་ཡང་བཞུགས་ཟེར། དེ་ལ་ནི་སློབ་དཔོན་ཀུ་ས་ལ་བྷ་དྲ་ཆུང་བ་དང༌། ཨ་སི་ཏ་གྷ་ནས་ཀྱང་ཕྱག་རྒྱ་ཆེན་པོའི་གདམས་ངག་རྣམས་ཞུས་སོ། ཁྱད་པར་ཡེ་ཤེས་བཤེས་གཉེན་གྱིས་གསན་ནོ། །སློབ་དཔོན་ཆེན་པོ་ཞི་བའི་བརྒྱུད་འཛིན་རྣམས་མཻ་ཏྲི་ཉིད་ལ་བསྔགས་པ་ཆེ། ཨ་མ་ན་སི་ལ་མཆོག་དམན་གྱི་དབྱེ་བ་བག་ཙམ་མཛད་དོ། །རིན་པོ་ཆེ་འབྱུང་ཁུངས་ལྟ་བུའི་གཏམ་ལས། ཕྱག་རྒྱ་ཆེན་པོའི་བརྒྱུད་པའི་སྐབས་ཏེ་དང་པོའོ། །བཀའ་བབས་གཉིས་པ་ནི་གཏུམ་མོ་ཡིན་ཏེ། དེ་ཡང་སྔ་རོལ་ནས་ཀྱང་གཏུམ་མོའི་གདམས་པ་མེད་པ་ནི་ག་ལ་ཡིན། བི་རཱུ་བས་ཀྱང་བླ་མ་གཞན་ལ་མ་གསན་པར་མ་ངེས་མོད། འདི་པའི་ལུགས་ཀྱིས་རེ་ཞིག་སློབ་དཔོན་བི་རཱུ་བས་རྡོ་རྗེ་རྣལ་འབྱོར་མ་ལ་མངོན་སུམ་དུ་ཞུས་པ་ཡིན་ནོ། །སློབ་དཔོན་དེ་ནི་ནཱ་ལནྡྲའི་པཎྜི་ཏ་དགེ་སློང་


TNT17_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡིན་པ་ལས། དེར་ཆང་ཡང་གསོལ་བ་དང༌། བུད་མེད་དང་ལྷན་ཅིག་སྤྱོད་པས་དགེ་འདུན་གྱིས་གནས་ནས་ཕྱུང༌། དེ་ནས་གངྒཱའི་འགྲམ་དུ་གྲུ་པ་ལ་གྲུ་གཏོང་དགོས་བྱས་པས། གླ་དགོས་ཟེར་བ་ལ་གླ་སྟེར་རྒྱུ་མེད་དེ་གངྒཱ་ལ་སྡིག་འཛུབ་བསྟན་པས། གངྒཱ་གྱེན་དུ་བཟློག་ནས་ཕ་རོལ་ཏུ་སོང༌། དེ་ནས་ཨོ་ཌི་ཤར་ཆང་འཚོང་མ་གཅིག་ལ་ཆང་ཉོ་བྱས་པས་རིན་དགོས་ཟེར། ཉི་གྲིབ་མཚམས་ལ་རི་མོ་བྱས་ཏེ་འདི་ལས་མ་འདས་གོང་དུ་སྦྱིན་བྱས་ནས། ཉི་མ་ལ་མཛུབ་མོ་བསྟན་ནས་བཏོད་ལ་མནན་ཏེ་ཆང་གསོལ། དེ་ནས་གཏོང་མ་འདོད་དེ་དབྱུག་ཚོད་དང་མེལ་ཚོ་ཐམས་ཅད་འཆུགས། རྣལ་འབྱོར་པས་ནུས་པ་བསྟན་པར་ཤེས་ཏེ། རྒྱལ་པོས་ཆང་རིན་བྱིན་ནས་བཏང་བར་ཞུས་པས། ཞག་གསུམ་གྱི་ཐོ་རངས་སུ་སོང་ཡང་ཟེར། དེ་ནས་ཏྲི་ལིངྒའི་རྒྱལ་པོའི་མཆོད་གནས་བྱས། མུ་སྟེགས་ཀྱི་མཆོད་པ་ཀུན་གྱི་ཕུད་ཟོས། ཕྱག་མི་འཚལ་བས། རྒྱལ་པོ་སོགས་ཀྱིས་རྒོལ་བ་ལ། སློབ་དཔོན་གྱིས་ཕྱག་བྱས་པས་མུ་སྟེགས་ཀྱི་ལྷ་ཐམས་ཅད་གས། ལྷའི་གཙོ་བོ་ནི་བི་ཤྭ་ནཱ་ཐ་བྱ་བ་འཇིག་སྡེས་བཞེངས་པ་ལིང་ག་གདོང་བཞིས་མཚན་པ་གཅིག་ཡོད་པ་དེ་བཞི་ཚལ་དུ་གས་ཡོད་གསུང༌། དེ་ནས་ཌཱ་ཀི་ནཱི་པ་ཊར་མུ་སྟེགས་པའི་ཚོགས་ཁང་དུ་བྱོན། དེར་མི་ཕལ་པ་སུ་བྱུང་བ་ལ་ཏྲི་ཤུ་ལ་རང་ཟུག་སྟེ་ཤི་བའི་ཤ་ལ་ཕྲ་མེན་མ་རྣམས་ཚོགས་བྱེད་པ་ཡིན་པ་ལ། སློབ་དཔོན་གྱིས་ཐལ་མོ་བརྡབས་པས་ཏྲི་ཤུ་ལ་ཆགཙནྜི་ཀའི་རྡོ་སྐུ་རང་བྱུང་གུལ་གུལ་བྱེད་པ་ལ། མགོ་ལྕག་བསྣུན་པས་མགོ་བྲང་ན་མར་སླེབ། རྣ་བ་ཡ་གར་ལུས་པས་ཀྲོང་ངཻ་བ་ད་


TNT17_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའང་འདུག་གསུང༌། ཕྱིན་ཆད་སེམས་ཅན་ལ་གནོད་པ་མི་བྱེད་པར་བཀའ་བསྒོས། ཌཱ་ཀི་ནཱི་པ་ཊ་ཞེས་པ་འདི་བོད་རྣམས་ལྷོ་ཕྱོགས་ཡིན་ཟེར་ནའང༌། ཡོད་ནི་ཤར་ཕྱོགས་ན་ཡོད་པར་གདའོ། །ཡང་ལྷ་མོ་འདི་འདུལ་བ་པོ་གོ་རཀྵ་ཡིན་ཟེར་བའང་ཡོད། དེ་ནས་སཽ་རཥྟར་བྱོན་ནས་སོ་བ་ནཱ་ཐ་ཞེས་བྱ་བ། ལྷ་དབང་ཕྱུག་ཆེན་པོའི་རྡོ་སྐུ་རང་བྱུང་གཅིག་ཡོད། ཆོ་འཕྲུལ་ཤིན་ཏུ་ཆེ། དེ་ལ་སྡིགས་འཛུབ་བསྟན་ཀྱང་འགས་སུ་མ་འདོད་ནས། ཅི་ཡིན་བརྟགས་པས། སྟེང་ན་སྤྱན་རས་གཟིགས་ཀྱི་སྐུ་ཞིག་སྣང་སྐད། ཁ་ཅིག་འོད་ཟེར་ཅན་མའི་སྐུ་ཡིན་ནམ་ཡང་ཟེར། དེ་བསལ་བས་དངོས་སུ་གཟུགས་བསྟན་ནས་བཀའ་བཞིན་བྱེད་པར་ཞུས་པ་ལ། སློབ་དཔོན་གྱིས་ཁྱོད་ཀྱི་མཆོད་གནས་སུ་དགེ་འདུན་བརྒྱ་རྩ་ཞིག་མཆོད་ཅིགསྲོག་བཅད་པའི་མཆོད་པ་མ་ལེན། ཕུད་ཀྱིས་ངའི་སྐུ་ལ་མཆོད་པ་གྱིས་གསུང༌། ཁོ་ན་རེ། སངས་རྒྱས་ཀྱི་བསྟན་པ་མྱུར་དུ་འཇྀག་ལ། ང་ལ་མཆོད་པ་རྟག་ཏུ་འོང་མོད། འོན་ཀྱང་བསྟན་པ་ནམ་གནས་ཀྱི་བར་དགེ་འདུན་མཆོད་ཟེར། སློབ་དཔོན་རང་རྡོ་སྐུ་གསེར་འགྱུར་རྩི་ཕྱག་ཏུ་བསྣམ་པ་ཅིག་ཏུ་སོང་ཟེར། རེ་ཤིག་དངོས་སུ་མི་སྣང་བར་ཐལ། ཉིན་རེ་བཞིན་རྡོ་སྐུའི་ཕྱག་གི་གསེར་འགྱུར་རྩི་དེ་བླངས་ཏེ། ལྕགས་ཟངས་མང་པོ་ལ་རེག་པ་ཙམ་གྱིས་གསེར་དུ་འགྲོ་བས། དེ་ལ་བརྟེན་ཏེ་དགེ་འདུན་གྱི་འཚོ་བ་སྦྱོར། ཕྱི་ཞིག་ན་ཛོ་ན་གྷ་ཊའི་རྒྱལ་པོ་ཞིག་གིས། གསེར་སྲང་ཁྲི་ཕྲག་གཉིས་ཞུས་ནས། ད་དུང་ཞུ་སྙམ་པ་ལ་རྡོ་སྐུའི་སྤར་བ་བསྡམས།


TNT17_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྲམ་ཟེ་དབུལ་པོ་ཞིག་གིས་ས་ཐེ་བཙུགས་ནས་གསོལ་བ་བཏབ་པས། གསེར་འགྱུར་རྩི་གནང༌། ཞག་བདུན་ནས་ཁྱེར་ཤོག་གསུང༌། དེས་ཞག་གསུམ་གྱི་བར་དུ་ཡོ་བྱད་གསེར་དུ་ཅི་འགྱུར་བྱས་པས། རྒྱལ་པོའི་མི་གཉིས་བྱུང་ནས་ལེན་པར་བརྩམས་པ་ལ། བྲམ་ཟེས་རྡོ་སྐུའི་ཕྱག་ཏུ་ཕུལ་བས། ཡང་སྤར་བ་བསྡམས། རྒྱལ་པོའི་མི་གཅིག་གིས་ཕྱག་ལ་དབྱུག་པ་བསྣུན་པས་རང་ལག་པ་ཆད་ནས་ཤ། གཅིག་གིས་ལག་པ་ཆོག་བྱས་པས་ཁ་ལྐུགས། རྒྱལ་པོ་ཡང་སེམས་སྨྱོ་བྱུང་ནས་འདས་པས། ཤིན་ཏུ་གཉན་པར་གྲགས། ད་ལྟ་དེ་ན་དགེ་འདུན་ནི་མེད། ནགས་ཚལ་དགྲོད་དཀའ་བ་ཅིག་གི་དཀྱིལ་ན་རྡོ་སྐུ་སྨུག་ནག་ཞལ་གདངས་པ་ཟིལ་ཆེ་བ་ཅིག་ཡོད་གསུང༌། ཡང་བར་སྐབས་རྒྱལ་པོ་རཱ་མ་པཱ་ལའི་དུས་སུ་རྣལ་འབྱོར་པ་སི་རོ་པ་ཞེས་པར་མཚན་བཏགས་ནས་ཀྱང༌། ཡུལ་དབུས་སུ་འགྲོ་བའི་དོན་ཅི་རིགས་མཛད། ཞབས་བཀྲུས་པའི་ཁུ་བ་རྒྱལ་པོ་རཱ་མ་པཱ་ལའི་གླང་པོ་ཆེ་བྷ་ནཱ་ད་ལ་བླུད་ནས་གཡུལ་འཐབ་པས་ཀླ་ཀློའི་རྒྱལ་པོ་བརྒྱད་ཙམ་ཐུལ། དུས་ཕྱིས་ཤར་ཕྱོགས་གཽ་རའི་ཡུལ་དུ་སྟག་གཟིག་གི་རྒྱལ་པོ་ཞིག་གཉིད་སད་པའི་རྔས་མགོ་ན། རྣལ་འབྱོར་པ་ཞིག་འདུག ཆུ་བོ་ལ་བསྐུར་བས་ཡང་ཡང་ལྡོག མེ་ལ་བསྲེགས་པས་ཀྱང་མ་ཚིག མཚོན་ཆ་སྣ་ཚོགས་བསྣུན་ཀྱང་མ་བསྣད་ཅིང་མཚོན་ཆ་རྣམས་ཆག དུག་ཁལ་དྲུག་གསོལ་དུ་བཅུག ཉིན་ཞག་ཕྲུགས་ཅིག་མི་མང་པོས་བསྲུངས་པས། སློབ་དཔོན་སྟོབས་དང་མདངས་རྒྱས་པར་མཐོང་ནས། གྲུབ་པ་ཐོབ་པར་ཤེས་ཏེ། སུ་ཡིན་


TNT17_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པས། བི་རཱུ་པ་ཡིན་ཞེས་གསུང༌། དེར་ཡང་སྐལ་ལྡན་འགའ་ལ་གདམས་ངག་གནང་བ་དང༌། གུས་པར་བསྟེན་པ་ལ་བདེན་ཚིག་ཙམ་བརྗོད་པས། ཐུན་མོང་གི་དངོས་གྲུབ་ཐོབ་པ་མང་དུ་བྱུང༌། བྷ་ག་ལར་ཟླ་བ་བཞི་ཙམ་དངོས་སུ་ཀུན་གྱིས་མཇལ་དུ་རུང་བར་བཞུགས། ཕྱིས་གར་གཤེགས་ཆ་མེད། རྒྱ་ནག་ཏུ་དངོས་སུ་བྱོན་པའང་འདི་སྐབས་ཀ་ཡིན། བི་རཱུ་པ་མི་ཡུལ་དུ་ལན་གསུམ་འབྱོན་པར་གྲགས་པ། གསུམ་ཆར་སྔར་སོང་ངོ༌། །སློབ་དཔོན་འདི་ལ་ཤྲཱི་དྷརྨ་པཱ་ལ་ཟེར་ཡང༌། གནས་བརྟན་དྷརྨ་པཱ་ལ་ཞེས་བྱ་བ་ནཱ་ལནྡྲའི་མཁན་པོ་མཛད་པ་དེ་དང་མི་གཅིག་གོ །དེའི་སློབ་མ་ནི་ཨོ་ཌི་ཡ་ཎར་བྱུང་བའི་ནག་པོ་བི་རཱུ་པ་ཡིན་ཏེ། དེ་ནི་བྲམ་ཟེའི་རིགས་བཙས་ཙམ་ན་བྲམ་ཟེ་ལྟས་མཁན་རྣམས་ཀྱིས་སྡིག་པ་བཞི་བྱེད་པར་ལུང་བསྟན་སྐད། མིང་ནི་ནག་པོ་ཞེས་བྱའོ། །དེར་ལོ་བདུན་ཙམ་ན། སྡིག་པ་བཞི་པོ་མི་འབྱུང་བར་བྱ་བའི་ཕྱིར། ཡུལ་གཞན་དུ་འཁྱམས་སུ་བཏང་བ་ལས། དུས་ཡུན་རིང་མོ་འདས་ཏེ་མ་བྲམ་ཟེ་མོ་ལཀྵྨི་ཞེས་པ་དེ་ཡང་ཁྱིམ་ཐབ་དང༌། གྱོས་རྒྱུག་རྣམས་ཤི་བས། ཡུལ་གཞན་དུ་འཁྱམས་ཤིང་སོང་བ་རིགས་ཉམས་ཏེ། ཤར་ཕྱོགས་ཨོ་ཌི་བི་ཤའི་ཡུལ་དུ་ཆང་འཚོང་ཞིང་ཡོད་པ་ལས། ཕྱི་ཞིག་ན་བུ་ཡང་ཨོ་ཌི་བི་ཤར་སླེབ། མའི་ཁྱིམ་དུ་ཕྱིན་པ་ན། ཕན་ཚུན་མ་དང་བུ་ངོ་མ་ཤེས་པའི་སྐྱོན་གྱིས་མ་དང་འདུས། རྫིའུ་ནས་ཆུ་འདོད་པས་སྐོམ་འཐུངས་པ་མྱོས་བྱེད་དུ་འདུག ཁྲོས་ཏེ་རྫིའུ་ཤོད་དུ་འཕངས་པས་བ་ཞིག་ལ་ཕོག་སྟེ་ཤ། དེ་གསང་བར་བསམས་ཏེ། མཚན་


TNT17_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཡང་ཐོག་ནས་ཅེ་སྤྱང་གི་བཟར་འཕངས་པས། སྲང་ཀ་ན་བྲམ་ཟེ་ཞིག་རྒྱུ་བའི་མགོ་ལ་ཕོག་བྲམ་ཟེ་ཤི །དེར་ཐེ་ཚོམ་ཟོས་ནས་གཏམ་དྲིས་པས་ཆང་འཚོང་མ་དེ་རང་གི་མ་ཡིན་པར་ཤེས། དེ་ཡང་སྔོན་ལུང་བསྟན་པའི་སྡིག་པ་བཞི་ན། བྲམ་ཟེ་གསོད་པ། བ་གླང་གསོད་པ། མ་དང་འདུས་པ། ཆང་འཐུང་བ་སྟེ་རིག་ཕྱེད་ནས་བཤད་པའི་བྲམ་ཟེ་ཉམས་བྱེད་ཀྱི་སྡིག་པར་གྲགས་པ་བཅུ་དྲུག་གི་ནང་ནས་བཞི་པོ་དེ་ཡིན་ལ། དེ་རྣམས་ནུབ་གཅིག་ལ་བྱུང་བས་སྡིག་པ་དེ་སྦྱང་བའི་དོན་དུ། ཕྱི་ནང་གི་གནས་ཐམས་ཅད་དུ་སོང་ནས་དྲིས་ཀྱང་གཞན་ཡིད་ཆེས་པ་མ་བྱུང༌། སློབ་དཔོན་ཛ་ལནྡྷ་ར་པ་དང་མཇལ། རྡོ་རྗེ་ཕག་མོའི་གདམས་ངག་ཅིག་གནང་སྟེ། དེས་སྡིག་པ་འབྱང་གསུང༌། དེ་ནས་ཀོངྐུ་ནའི་ཡུལ་དུ་ཆུ་ནང་དུ་མགྲིན་པ་མན་ཆད་ནུབ་པར་བྱས་ནས། ཟླ་བ་དྲུག་ཏུ་བསྒྲུབས་པས། རྟགས་ཅི་ཡང་མ་བྱུང་སྟེ། འཕྲེང་བ་བཅད་དེ་ཆུ་ལ་དོར། སློབ་དཔོན་ལ་དྲིར་སོང་བས། ད་དུང་སྒྲུབས་ཤིགདངོས་གྲུབ་མྱུར་དུ་འོང་གསུང༌། དེར་སྔ་མ་བཞིན་དུ་བསྒྲུབས་པས། ཞག་བདུན་སོང་བའི་ཐོ་རངས། རྡོ་རྗེ་རྣལ་འབྱོར་མ་མིའི་བུ་མོའི་རྣམ་པར་བྱུང་སྟེ། ཨཥྟ་སཻ་ཁ་ཊ། ན་བ་སཻ་ཛ་ལ་ན། ཀཾ་ཨཱ་ཡི་བུ་ཏྲ། ཏུཾ་ཧི་ཀོངྐུ་ན་མཱ་ར་ཎ། དེ་ཡང་རྒྱ་མཚོའི་ལག་བརྒྱད་བརྒྱ་དང༌། ཆུ་བོ་དགུ་བརྒྱ་འདས་ཏེ་བུ་ག་ནས་འོངས། ཀོངྐུའི་ཡུལ་དུ་ཁྱོད་འཆི་བར་བྱེད་དམ་ཞེས་པ་ཡིན་པ་ལ། ཚིག་དང་པོ་གཉིས་འདྲ་བ་ལ། ཨ་ཡི་མཱ་ཏ་བཛྲ་ཡོ་གི་ནཱ། ཏེ་རི་ས་ར་ཎ། ཡུམ་རྣལ་འབྱོར་མ་ཁྱོད་ལ་སྐྱབས་སུ་མཆིར་འོངས་ཞེས་པའོ། །དེ་ཉིད་དུ་ཕྱག་སྤྱི་


TNT17_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བཞག་པས། ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཐོབ་ཅིང༌། ཁྱོད་ཀྱི་སྐྱེ་བ་མང་པོར་ལས་ཀྱི་འབྲེལ་བ་ཡོད་པ་ནི་བི་རཱུ་པ་ཡིན་པས། དེ་མ་ར་ཧ་ཊ་ན་ཡོད་ཀྱི་དེར་སོང་གསུང༌། དེར་ཡང་བི་རཱུ་པས་རྡོ་རྗེ་ཐོད་བཅིངས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། དུར་ཁྲོད་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པས་རྒྱུ་ཞིང་གཤེགས་སོ། །རྡོ་རྗེ་ཐོད་བྱས་ཀྱང་ཞྭ་ཆུང་སྔོན་པོ་གཅིག་ཡོད་དོ། །ད་ལྟ་ཡང་སྐུ་ལུས་མ་སྤངས་པར་ཨོ་རྒྱན་གྱི་གནས་ན་བཞུགས་པར་གྲགས། བི་རཱུ་པ་ཆེ་ཆུང་འདི་གཉིས་གཤིན་རྗེ་གཤེད་དང༌། ཕག་མོའི་ལམ་ལ་བརྟེན་ནས་གྲུབ་པ་བརྙེས་པར་བྱེད་གསུང༌། བི་རཱུ་པ་ཆུང་བ་ལ་བྱ་དཱ་ལི་པས་ཞུས་ཏེ། དེ་ནི་སྔོན་བྱ་གསོད་པའི་རིགས་ཡིན་པ་ལ། ལན་ཅིག་ནེ་ཙོ་ཞིག་ཤིང་ཏོག་ཁར་ཐོགས་ནས་ནམ་མཁའ་ལ་འཕུར་བ་མཐོང་སྟེ། དེར་ཁྱོད་ཅི་ཞིག་བྱེད་དྲིས་པ་ན། ཕྱོགས་འདི་ན་གྲུབ་ཐོབ་བི་རཱུ་པ་བཞུགས་པས། དེ་ལ་མཆོད་པ་བྱེད་དུ་འགྲོ་ཞེས་ཟེར་བས་དེས་བསམ་པ། དུད་འགྲོ་འདི་ལྟ་བུ་ཡང་དགེ་བའི་སེམས་དང་ལྡན་ན། ཁོ་བོ་ཅག་མིར་གྱུར་པ་དགེ་བ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་སྟེ། ཤིང་ཏོག་འགའ་ཟུང་དེ་ལ་བསྐུར་ཏེ། ཁྱོད་ཀྱིས་འདི་ཡང་གྲུབ་ཐོབ་དེ་ལ་ཕུལ་ཞིག་ཅེས་བྱས་སོ། །ནེ་ཙོས་ཀྱང་རྔོན་པའི་ཤིང་ཏོག་ཕུལ་བ་ན། བི་རཱུ་པས་དེ་མ་བླངས་ཏེ། ཀྭ་ཡེ་ནེ་ཙོ། ཕྱིན་ཆད་ཀྱང་སྡིག་པ་ཅན་དེ་ལྟ་བུའི་ཡོ་བྱད་ཁུར་མ་འོང་ཞེས་གསུང་ངོ༌། །དེ་ནས་ནེ་ཙོ་དེས་ཤིང་ཏོག་སླར་ཁོ་རང་ལ་གཏད། དེ་ལ་ཁྱོད་ཀྱིས་ཅིའི་ཕྱིར་མ་ཕུལ་ཞེས་དྲིས་པས། གྲུབ་ཐོབ་དེ་འདི་ལྟར་གསུང་ཞེས་སྔ་


TNT17_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟར་བསྙད་དོ། །དེ་ནས་ཤིན་ཏུ་འགྱོད་པར་གྱུར་ནས་སྡིག་པ་བཤགས། ནགས་ཚལ་དེ་ཉིད་དུ་ཡང་དང་ཡང་དུ་འཁོར་ཞིང་འཚོལ་དུ་སོང་བ་ན། ཕྱི་ཞིག་ན་མཇལ། དབང་བསྐུར་གདམས་པ་ཡང་གནང་བས། དེ་ཉིད་བསྒོམ་བཞིན་དུ་རྩེ་གཅིག་ཏུ་འདུག་པ་ན། བྱ་རྔོན་པའི་བྱ་བ་ལ་སེམས་ཡེངས་ཏེ། བླ་མ་ལ་ཞུས་པས། ཤིན་ཏུ་དགག་དཀའ་བའི་རྣམ་རྟོག་འདི་བཀག་ཀྱང་ཏིང་ངེ་འཛིན་སྐྱེ་མི་ཐུབ་ཀྱ། དེ་བས་ན་འཇིམ་པ་དང༌། ཟན་དག་ལ་བྱའི་གཟུགས་ཆོས་ལ། དེ་དག་གི་སྐེ་ཆོད་ཅིང་ཏིང་ངེ་འཛིམ་སྒོམས་ཤིག་ཅེས་གསུངས། དེས་ཀྱང་དེ་བཞིན་དུ་བྱེད་ཅིང་བསྒོམས་པས། མཐར་གྱི་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་ཐོབ་ཅིང༌། གྲོང་ཁྱེར་རྣམས་སུ་བྱ་སྣ་ཚོགས་གསོད་པའི་སྤྲུལ་པ་སྟོན། ཤ་ཡང་གསོལ། དེར་མི་རྣམས་ཀྱིས་རྣལ་འབྱོར་པའི་གཟུགས་བཟུང་ནས། སེམས་ཅན་ལ་གནོད་པ་འདི་ལྟ་བུ་བྱས་སོ་ཞེས་འཕྱ་བར་བྱས་པ་ན། སྔར་བསད་པ་ཐམས་ཅད་སླར་གསོས། དེ་ལྟར་ལོ་བཅུ་གཉིས་སུ་བྱ་རྔོན་པའི་བྱ་བ་བྱེད་པར་སྤྲུལ་ནས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པ་ན། མཚན་ཡང་གྲུབ་ཐོབ་བྱ་དཱ་ལི་པ་ཞེས་གྲགས་ཏེ། བྱ་དཱ་ལི་པ་ནི་བྱ་རྔོན་པ་ཞེས་བྱ་བ་ཡིན་ནོ། །དེས་ཀུ་ས་ལི་བྷ་དྲ་ལ་བཤད་དེ། གཏུམ་མོའི་བརྒྱུད་པ་ལུགས་གཅིག་གོ །ཡང་བི་རཱུ་པས་ཌོམྦི་ཧེ་རུ་ཀ་ལ་གདམས་ཏེ་སློབ་དཔོན་དེ་ནི་ཀོ་མཁན་ཡིན་པར་བོད་ན་གྲགས་ཀྱང༌། ཤར་ཕྱོགས་ཏི་པུ་རིའི་ཡུལ་གྱི་རྒྱལ་པོ་ཞིག་ཡིན་གསུང༌། དེར་སློབ་དཔོན་བི་རཱུ་པ་བྱོན་ཏེ།


TNT17_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དེ་ཡང་ལྷག་པར་དད་ནས་རྗེས་སུ་འཛིན་པར་ཞུས་པས་དབང་བསྐུར་ཞིང་གདམས་པ་ཡང་གནང་ངོ༌། །རྒྱལ་པོས་ཀྱང་དེ་ཉིད་བསྒོམ་བཞིན་དུ་འདུག་པ་ན། རིམ་པ་གཉིས་ཀྱི་རྟོགས་པ་ཡང་རྒྱ་ཆེར་སྐྱེས་པས། སྤྱོད་པ་བྱ་བའི་དུས་ཡིན་པར་མཁྱེན་ནས་གསངས་ཏེ་སྤྱོད་པ་ཅུང་ཟད་སྤྱད་པ་ན། ཕྱག་རྒྱ་མོ་ལུང་བསྟན་པ་བྱུང་སྟེ། གཡུང་མོའི་རིགས་ཀྱི་བུ་མོ་པདྨ་ཅན་དུ་གྱུར་པ་ཞིགའཇིག་རྟེན་པའི་མངོན་དུ་བསྟེན་པས། རྒྱལ་པོའི་རིགས་ཉམས་ཞེས་བླཽན་པོ་ལ་སོགས་པའི་འབངས་རྣམས་ཀྱིས་རྒྱལ་སྲིད་ལས་བཏོན་ཏེ་ཕྱིར་བསྐྲད་དོ། །དེ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང༌། ཡུལ་དང་ནགས་ཚལ་རྣམས་སུ་རྒྱུ་བ་ན། རྒྱལ་པོ་ཌོམྦི་པ་ཞེས་གྲགས་སོ། །དེ་ཡང་ཌོམྦི་ཞེས་པ་ནི་གཡུང་པོ་སྟེ། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་གནས་པ། ཉ་དང་བྱ་དང་རི་དྭགས་གསོད་ཅིང་ཟ། ཤ་འཚོང་དུ་མེད། གླུ་གར་བྱེད། རྩ་བ་འབྲས་བུ་འཚོང་བ་ལ་སོགས་པ། ངན་པའི་ལས་གཅིག་ཏུ་མ་ངེས་པ་སྤྱོད་པའི་རིགས་ངན་གྱི་ཁྱད་པར་ཟུར་བ་ཞིག་ཡིན་ནོ། སློབ་དཔོན་རང་ཌོམྦི་མིན་ཡང༌། བཙུན་མོ་ཌིམྦི་ནཱི་ཡིན་པས་ཌོམྦི་པར་ཐོགས། ཌོམྦི་ཞེས་པ་ནི་གཡུང་མོ་ཅན་ཞེས་པ་ཡིན་ནོ། །སློབ་དཔོན་འདི་ནི་ཤིན་ཏུ་དབངཔོ་རྣོ་བས། སྔོན་བི་རཱུ་པས་དབང་བསྐུར་ནས། དེ་བར་དུ་ལོ་དྲུག་ལས་མ་ལོན་སྐད། དེ་ནས་ཡུལ་སྣ་ཚོགས་སུ་སྤྱོད་ཅིང༌། རིང་ཞིག་ལོན་པ་ན་སྔར་གྱི་ཡུལ་དེར་ནད་ཡམས་དང་མུ་གེ་ལ་སོགས་པ་སྣ་ཚོགས་པས་སྡུག་བསྔལ་བར་གྱུར། ལྟས་མཁན་རྣམས་ཀྱིས་བརྩིས་པས། རྒྱལ་པོ་བསོད་ནམས་


TNT17_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡུལ་གཞན་དུ་བསྐྲད་པས་ཡིན་པར་ཤེས་ནས། སླར་ཡང་སྤྱན་དྲངས་པ་ན། སློབ་དཔོན་རིག་མ་དང་བཅས་པ་སྟག་མོ་གྲུས་མ་ལ་ཆིབས། དུག་སྦྲུལ་ཕྱག་ཏུ་བསྣམས་ཏེ་བྱོན་པ་ན། ཐམས་ཅད་ཀྱིས་རྒྱལ་པོ་གྲུབ་པ་ཐོབ་པ་ཡིན་པར་ཤེས། ཞབས་ལ་ཕྱག་བཙལ། ཡུལ་གྱི་གནོད་པ་ཐམས་ཅད་ཀྱང་ཞ། ཡུལ་མི་སྐལ་བ་དང་ལྡན་པ་རྣམས་ཀྱིས་རྗེས་སུ་བཟུང་བར་ཞུས་ཏེ། གདམས་པ་མཐའ་དག་གིས་ཉེ་བར་གདམས་པས། དེར་ཡང་དངོས་གྲུབ་ཐོབ་པ་དང༌། སྒྲུབ་པ་པོ་མཆོག་ཏུ་གྱུར་པ་མང་དུ་བྱུང༌། དེ་ནས་ཡུལ་ར་དྷ་ཞེས་པའམ་ཕལ་སྐད་དུ་རར་ཞེས་བྱ་བའི་རྒྱལ་པོ་དེ་ན། སངས་རྒྱས་པའི་བསྟན་པ་ལ་གནོད་པ་བྱེད་པ་ཞིག་སྟེ། འོན་ཀྱང་སྟག་དང་སྦྲུལ་ལ་ནི་ཤིན་ཏུ་སྐྲག་པ་ཞིག་ཡོད། དེ་འདུལ་བའི་དོན་དུ་སློབ་དཔོན་གྱིས་དེའི་ཕོ་བྲང་དང་ཉེ་བའི་ནགས་ཚལ་ཞིག་ཏུ་བཞུགས་པ་ན། རྒྱལ་པོས་རྣལ་འབྱོར་པ་ངན་པ་དེ་མ་འདུག་ཟེར། དེ་ནས་སློབ་དཔོན་གྱིས་ཆོ་འཕྲུལ་གཞན་སྔ་མ་དང་འདྲ་བ་ལ། སྦྲུལ་རེག་པའི་དུག་ཅན་གྱིས་རྒྱན་མཛད། མཐོང་དུག་ཅན་ནི་ལྕག་གི་ཚུལ་དུ་བསྣམས། ཁ་རླང་གི་དུག་ཅན་བདུན་གྱིས་དབུ་ལ་གདེངས་ཀ་བྱས། རྒྱལ་པོའི་མདུན་ན་ཕར་གཤེགས་པ་ན། རྒྱལ་པོ་གྲོང་ཁྱེར་གྱི་མི་དང་བཅས་པ་འཇིགས་ཤིང་སྐྲག་ནས། གསེར་དང་དངུལ་གྱི་མེ་ཏོག་གཏོར་ཏེ། སློབ་དཔོན་གཞན་དུ་གཤེགས་པར་ཞུ་ཞུས་པས། སློབ་དཔོན་ཉིད་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་གྱུར། སྟག་མོ་ཡང་མི་གང་ཙམ་གྱི་ས་ལ་མ་རེག་པར་ནམ་མཁའ་ལ་འགྲོ་ཞིང༌། ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་མི་འཇུག་ན།


TNT17_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གདུག་པ་ཅན་འདི་རྣམས་གཏོང་ངོ་ཞེས་བསྡིགས་པས། ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས། ར་རའི་ཡུལ་དུ་རེ་ཞིག་མུ་སྟེགས་རྒྱུན་ཆད་སྐད། དེ་ནས་ལྷོ་ཕྱོགས་ཀརྞ་ཊ་ཀའི་ཡུལ་དུ་བྱོན་ནས། ནགས་ཚལ་ཞིག་ཏུ་འཁོར་མང་པོ་དང་བཅས་ཤིང་ཏིང་ངེ་འཛིན་དུ་བཞུགས། རེ་ཞིག་ན། ཨཊྚ་ཊྚ་ཧཱ་ས་ཞེས་བྱ་བའི་དུར་ཁྲོད་ཅིག་ཏུ་རྒྱལ་པོ་ས་མུཙྪ་ཡ་ཞེས་བྱ་བས་སྦྱིན་བདག་བྱས་ཏེ། རྣལ་འབྱོར་ཕོ་མོ་ལྔ་བརྒྱའི་འཁོར་གྱིས་བསྐོར་ནས། ཟླ་བ་དྲུག་ཏུ་ཚོགས་ཀྱི་འཁོར་ལོ་བསྐོར་བ་ན། བྲམ་ཟེའི་དགེ་སློང་སུ་སིདྡྷ་ཀ་ར་ཞེས་བྱ་བ་ཚོགས་ཀྱི་སྤྱོད་པ་ལ་མ་དད་ནས། སློབ་དཔོན་ལ་གནང་བ་མ་ཞུས་པར་ཕྱིར་སོང་ངོ༌། །དེ་ཉིད་ནི་བཀའི་ཆད་པས་ཤ། གཞན་ལྔ་བརྒྱ་པོ་ཐམས་ཅད་ཀྱི་དངོས་གྲུབ་སྣ་རེ་མ་ཐོབ་པ་མ་བྱུང་སྐད། དེ་དང་ཉེ་བ་ན་མུ་སྟེགས་ཀྱི་རྒྱལ་པོ་ཞིག་གིས། མུ་སྟེགས་པའི་ལུགས་ཀྱི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། རལ་པ་ཅན་ཁྲི་ཙམ་འཚོགས་ནས་རབ་གནས་བྱེད་པ་ན། སྲོག་ཆགས་སྣ་ཚོགས་བསད་པའི་སྙིང་གི་ཕུང་པོ་འབའ་ཞིག་རང་ལ་ཡང་མི་འགྲེང་གསུམ་ཙམ་གྱི་དཔངས་ཡོད་པའི་གཏོར་མ་བྱས་སོ། །དེར་སློབ་དཔོན་གྱི་གཡོག་མོ་ཞིག་སོང་བ་དེ་རྣམས་ཀྱིས་བརྡུངས་པས། སློབ་དཔོན་གྱིས་དགོངས་པ་བཏང་བས་ནུབ་མོ་མཆོད་རྟེན་ཐམས་ཅད་མགོ་གཞུག་ལོག གཏོར་མ་སོགས་མཆོད་པ་ཐམས་ཅད་ཕྱོགས་བཅུར་འཐོར། ནང་པར་མུ་སྟེགས་རྒྱལ་པོ་དང་བཅས་པ་འཇྀགས་ཤིང་སྐྲག་ནས་སློབ་དཔོན་གྱི་དྲུང་དུ་བྱུང་སྟེ་བཟོད་པར་གསོལ། མཆོད་རྟེན་རྣམས་རྣལ་དུ་གནས་པར་ཞུས། དེར་སློབ་དཔོན་གྱིས་ཁྱེད་རྣམས་


TNT17_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་ལྷ་མཆོད་པའི་དོན་དུ་སྲོག་ཆགས་གཅིག་ཀྱང་མ་གསོད་ཅིག གལ་ཏེ་གསོད་ན་མཆོད་རྟེན་ཐམས་ཅད་འགས་པར་འགྱུར་རོ། །སངས་རྒྱས་པའི་ནུས་པ་བསྟན་པའི་ཕྱིར། མཆོད་རྟེན་གཅིག་མིན་པ་ཐམས་ཅད་རྣལ་དུ་གནས་པར་འགྲོ་གསུང༌། དེ་རྣམས་ཀྱིས་སླར་ལྡོག་སྟེ་བལྟས་པ་ན་དེ་བཞིན་དུ་སོང༌། དུས་ཕྱིས་ཡུལ་དེའི་རྒྱལ་པོ་ཞིག་གིས་སྲོག་གི་མཆོད་པ་བྱས་པས། མཆོད་རྟེན་བརྒྱ་དང་བདུན་པོ་ཐམས་ཅད་ཉིས་ཚལ་གསུམ་ཚལ་དུ་གས། ད་ལྟ་ལྕགས་ཀྱིས་བསྡམས་ནས་འདུག མུ་སྟེགས་ཀྱི་མཆོད་རྟེན་ཟེར་ཡང་ལིང་གའི་རིགས་ཅན་ཞིག་ཡིན་གསུང༌། དེར་ཡུན་རིང་དུ་འགྲོ་བའི་དོན་མཛད་ནས། སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །དེའི་སློབ་མ་གྲུབ་པ་བརྙེས་པའི་གཙོ་བོ་ན། ཌོམྦི་རིགས་ཀྱི་རྣལ་འབྱོར་མ། སློབ་དཔོན་ཨ་ལ་ལ་བཛྲ། ཧེ་མ་ལ་བཛྲ་སྟེ་གསེར་འཆང་རྡོ་རྗེ། ཡུལ་དབུས་ཀྱི་ར་ཏ་བཛྲ་སྟེ་བཞིའོ། །གཞན་ཡང་ནགས་ཁྲོད་པ་དང༌། སློབ་དཔོན་གརྦ་རི་པ་དང༌། ཛ་ཡ་ཤྲཱི་དང༌། མི་ཐུབ་ཟླ་བ་དང༌། སྒྲ་གཅན་འཛིན་རྡོ་རྗེ་ལ་སོགས་པ་ཡང༌། སློབ་དཔོན་འདིའི་ཞབས་ལ་རེག་པས་དངོས་གྲུབ་ཕྲ་མོ་ཐོབ་པ་ཡིན་ནོ། །དེ་ལ་གྲུབ་ཐོབ་ཆེན་པོ་ཌོམྦི་པས་གཡུང་མོ་རྣལ་འབྱོར་མ་ལ་གདམས། དེས་ར་ཏ་བཛྲ་ལ། དེས་ནག་པོ་སྤྱོད་པ་ལ་གདམས་ཏེ་བརྒྱུད་པའི་ལུགས་གཅིག་གོ །ཡང་གཡུང་མོ་རྣལ་འབྱོར་མས། སྤྱོད་པ་པ་ལ་གདམས་པའང་ལུགས་གཅིག་ཡིན་མོད་ཀྱ། གཏུམ་མོའི་བཀའ་བབས་ནི་བར་པ་གཙོ་ཆེ་བ་ཡིན་ནོ། །དེའི་གཡུང་མོ་རྣལ་འབྱོར་མ་ནི་ལྟ་སྟངས་བཞིས་འགྲོ་བའི་མཛད་པ། ལས་བཞིའི་སྔགས་དང་སྦྱོར་བ་མང་པོ་


TNT17_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ཉིད་ཀྱིས་མཛད་པ་ཤིན་ཏུ་ནུས་པ་ཆེ་བ་མང་པོ་ད་ལྟ་ཡང་ཡོད་གསུང༌། དེས་རྡོ་རྗེའི་གླུ་མང་དུ་བླངས་ཤིང་སེམས་ཅན་གྱི་དོན་བྱས་ཏེ། མཁའ་སྤྱོད་དུ་བཞུད་དེ། ཌོམྦི་པ་ཉིད་ལ་ཧེ་རུ་ཀས་ལུང་བསྟན་པའི་ཕྱག་རྒྱ་དེ་ཡིན་ནོ། །དེ་ལ་མི་ཐུབ་ཟླ་བས་ཞལ་གཟིགས་ཀྱི་སྒོ་ནས་ཞུས་སོ། །དེ་ནི་པཎྜི་ཏ་ཤིན་ཏུ་མཁས་པ་ཡིན། ཌོམྦིའི་སློབ་བརྒྱུད་མང་པོ་ལ་ཐོས་པ་མཛད། ཕྱིས་ཌོམྦི་རྣལ་འབྱོར་མའི་སློབ་བརྒྱུད་གཅིག་ལ་གདམས་ངག་ཞུས། ཨོ་རྒྱན་དུ་རྩེ་གཅིག་ཏུ་བསྒོམས་པས་ཌོམྦི་པ་ཡུམ་དང་བཅས་པ་མཇལ། གདམས་པ་སྩལ། དེར་དུར་ཁྲོད་དུ་ཐོད་སྐམ་གྱི་སྤྱིལ་བུ་ཆུང་ངུ་བརྩིགས། རྣལ་འབྱོར་མ་གཅིག་གིས་སྒྲུབ་གཡོག་བྱས། སློབ་མ་གཅིག་གིས་འཚོ་བ་བསྐྱལ་གྱིན་བསྒྲུབ་པས། མཐར་རྟོགས་པ་ཁྱད་པར་ཅན་སྐྱེས། ཧེ་རུ་ཀའི་ཞལ་མཐོང༌། ཐུན་མོང་གི་དངོས་གྲུབ་ཐོབ། དེ་ནས་ལན་ཅིག་ཚོགས་འཁོར་ཆེན་པོ་བྱས། མཁའ་འགྲོ་མ་དང་ཕྲ་མེན་མ་ཀུན་ཚོགས་ལ་བཀུག །ལ་ཧོར་གྱི་ཡུལ་ན་གཟུགས་ཅན་མ་གཅིག ཁྱིམ་གྱི་ཤིང་འབྲས་བུ་ཅན་ཐམས་ཅད་རྩ་བ་བཏོན་ནས་ཁྱེར་ཚོགས་འཁོར་ལ་ཡང་ཕྱིན་པ་ན། དེའི་ཁྱོས་ནུབ་མོ་མི་སྡོད་པར་ཤེས། སྐྱེད་ཚལ་གྱི་ཨ་མྲའི་ཡལ་གའི་ཕག་ཏུ་གབ་ནས་བསྡད་པས། ཤིང་དེ་རང་ཡང་རྩ་བ་ནས་བཏོན་ནས་ཁྱེར། དེ་ལྟར་ཚོགས་གྲལ་དུ་ཤ་ཆེན་སོགས་བཟའ་བ་དང༌། རྣལ་འབྱོར་ཅན་རྣམས་དང་ལྷན་ཅིག་སྤྱོད་པར་ཤེས་ནས། མི་དེ་ཁྱིམ་ཐབ་དང༌། ཚོགས་པ་ལ་མ་མགུ། སློབ་དཔོན་ན་རེ། རང་རེའི་ཚོགས་འདི་ན་གསང་བ་ལ་འཁུ་བ་ཡོང་པས་སྒྲོལ་དགོས་གསུང༌།


TNT17_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་རངས་མོས་ཤིང་ཁྱེར་ནས་རང་གནས་སུ་བཙུགས། ནང་པར་བདག་པོ་ལ་ཁྱོད་ལ་སློབ་དཔོན་སུ་དུརྫ་ཡ་ཙནྡྲའི་བཀའ་གཅིག་ཡོད་དེ་ཁྱོད་བསྒྲལ་ཟིན་བྱས་པས་དེར་ཤ། དེ་སོགས་ནུས་པ་དཔག་ཏུ་མེད། དེ་ལ་དེའི་རིག་མ་སུ་བྷོ་གས་ཞུས། དེ་ལ་དཱ་ན་ཤྲཱིས་ཞུས། དེ་ལ་རྡོ་རྗེ་གདན་པ་བར་པས་ཞུས། དེ་ལ་ཀུ་ས་ལིས་ཞུས་པའང་ཡོད་མོད། ཚིག་བརྒྱུད་གཙོ་ཆེ། ཡང་སྤྱོད་པ་བས་སིང་ག་ལའི་རྣལ་འབྱོར་མ་ལ་བཤད། དེ་ལ་མི་ཐུབ་ཟླ་བས་ཞུས། དེ་ལ་རཱ་ཧུ་ལ་བཛྲ་གྱིས་ཞུས་པའང་ཡིན། དེ་ནི་ཆུང་ངུ་ནས་ཡི་དམ་ཞལ་གཟིགས་རིགས་རྒྱལ་རིགས། བི་ཀྲ་མའི་དགེ་སློང་པཎྜི་ཏ་ཡིན། དེར་གསང་སྔགས་སྒོམ་ཞིང༌། བླ་མས་ཀུན་སྤངས་གྱིས་ཤིག་གསུང༌། འོན་ཀྱང་ང་རྒྱལ་གྱི་དབང་ལས་བཀའ་བཅག་སྟེ་རེ་ཞིག་ཀུན་སྤངས་མ་མཛད། ཕྱིས་དེའི་སྡིག་པ་སྤྱོད་པ་ལ་རྩེ་གཅིག་ཏུ་བསྒྲུབས་ཀྱང་ཅང་མ་འགྲུབ། བླ་མ་གུ་ཎ་ཨ་ཀ་ར་ན་རེ། ལྕེ་དང་ཡན་ལག་ཆོད་གསུང༌། ལྗགས་དང་ཡན་ལག་བཞི་བཅད་པས། སྤྱན་རས་གཟིགས་དང་རྡོ་རྗེ་རྣལ་འབྱོར་མ། ནག་པོ་ཆེན་པོ། སྒྲོལ་མ་སྟེ་བཞིས་དངོས་སུ་ཞལ་བསྟན། བྱིན་གྱིས་བརླབས། དེ་ནས་བླ་མ་ཛྙ་ནས་ག་ར་ན་རེ། ཁྱོད་ཆུ་འདིར་ཞག་བདུན་ལུས་སྤྱིངས་ལ་སྡོད་གསུང༌། དེ་ལྟར་བྱས་པས། ལུས་ཀྱི་ཁྲག་སྲིན་བུ་པད་པ་མང་པོས་འཇིབས་ནས། འཆི་ལ་ཁད་པར་སོང༌། དེ་གཉིས་ཀྱིས་བླ་མའི་བཀའ་བཅག་པའི་སྒྲིབ་པ་དག་སྐད། དེ་ནས་ལྷོ་ཕྱོགས་སུ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཤིང་གི་རི་ཟེར་བ། རི་ནག་པོའི་ཁོང་སེང་ན་བཞུགས་སྐད། ཤིང་གི་རི་ཞེས་པ་མོན་མཚམས་ཀྱི་འདི་མིན་ལྷོ་ཕྱོགས་


TNT17_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད་དོ། །དེ་ལ་དཱ་ན་ཤྲཱིས་ཞུས་པས་ན་གོང་བཞིན་ཡིན་མོད། འདི་དགྱེས་རྡོར་གྱི་གཏུམ་མོ་ཁོ་ན་ཡིན་ཡང་གསུང༌། ད་ཏ་བཛྲ་ནི་ནཱ་ལནྡའི་པཎྜི་ཏ་ཅིག་ཡིན་སྣང་ཡང༌། རྣམ་ཐར་རྒྱས་པར་མི་གསུང༌། ཡང་ཙརྱ་པ་ཁ་གཅིག བི་རཱུ་པ་ཆུང་པ། ནག་པོ་སྤྱོད་པ། ཌོམྦི་ཧེ་རུ་ཀ མི་ཐུབ་ཟླ་བ། ཀུ་ས་ལི་བྷ་དྲ་ཞེས་བརྒྱུད་པ་འདེད་པའང་ཡོད་མོད་ཀྱ། དེ་ནི་མ་དག་གསུང༌། རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། གཏུམ་མོ་བརྒྱད་པའི་གཏམ་གྱི་སྐབས་ཏེ་གཉིས་པའོ།། །།གསུམ་པ་ནི་ལས་ཀྱི་ཕྱག་རྒྱའི་བཀའ་བབས་ཡིན་ནོ། །དེ་ཡང་སངས་རྒྱས་དངོས་ཀྱི་ཞལ་མཐོང་བའི་རྒྱལ་པོ་ཨིནྡྲ་བྷུ་ཏི་ཆེན་པོ་དེ་ན། ངོ་བོ་གསང་བདག་ཕྱག་ན་རྡོ་རྗེ་ཡིན་གསར་བརྙེས་དང་གདོད་མ་གང་ཡིན་བསམ་པར་མི་ནུས། བསྟན་པ་འདི་ལ་གསང་སྔགས་པ་ཐམས་ཅད་ཀྱི་གཙོ་བོ་ཡིན། དེ་ཡང་ཨོ་རྒྱན་གྱི་རྒྱལ་པོ་སྟེ་རྒྱལ་སྲིད་འབྱོར་ཞིང་བདེ་བར་ཡོད་པའི་སྐབས། སྟོན་པའི་འཁོར་དགྲ་བཅོམ་པ་རྣམས་གླིང་གཞན་ལ་འཕུར་ཏེ་འགྲོ་འོང་བྱེད་པ་རྒྱལ་པོ་ཨིནྡྲ་བྷུ་ཏིས་གཟིགས་པ་ན་ཐག་རིང་པས་ཆ་མ་ཕྱེད་དེ། བློན་པོ་རྣམས་ལ་བྱ་དམར་པོའི་ཁྱུ་འདི་རྣམས་ཅི་ཡིན་དྲིས་པས། བློན་པོ་རྣམས་ན་རེ། ལྷ་ཅིགའདི་ནི་བྱ་མ་ལགས། དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ་བྱས་པས། རྒྱལ་པོ་སངས་རྒྱས་ལྟ་འདོད་པ་ལ། བློན་པོ་རྣམས་ཀྱིས་ཐག་རིང་བས་མི་འབྱོན་ཟེར་བ་ན། རྒྱལ་པོས་གསོལ་བ་བཏབ་པས། ནང་པར་གདུགས་ཚོད་ལ་སངས་རྒྱས་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་བྱོན་པ་ལ་རྒྱ་ཆེར་མཆོད་ནས། སངས་རྒྱས་ཐོབ་པའི་


TNT17_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཞུས་པས། རྒྱལ་པོ་འདོད་ཡོན་སྤངས་ལ་བསླབ་པ་གསུམ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ཅིག་གསུངས་པས། རྒྱལ་པོས་བདག་བུད་མེད་ཀྱི་ཚོགས་དང་ལྷན་ཅིག་འདོད་པ་ལྔ་ལ་ལོངས་སྤྱད་པས་སངས་རྒྱས་ཐོབ་པའི་ཐབས་ཅིག་འཚལ་ལོ། །ཛམྦུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ཀྱང་བླའ། །འདོད་ཡོན་སྤངས་པའི་ཐར་པ་ན། །ནམ་ཡང་མི་འདོད་གཽ་ཏ་མ། །ཞེས་ཞུས་པས། དེར་ཉན་ཐོས་ཀྱི་ཚོགས་རྣམས་མི་སྣང་བར་ཐལ་ཏེ། འདི་ན་གང་ཟག་བརྒྱད་མེད་ཅིང༌། །ཉན་ཐོས་རང་རྒྱལ་འགའ་ཡང་མེད། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །དེ་དག་དེ་ཡི་གཟུགས་སུ་སྤྲུལ། །ཞེས་ནམ་མཁའ་ནས་སྒྲ་ཡང་བྱུང༌། དེར་དཀྱིལ་འཁོར་ཆེན་པོ་མཐའ་ཡས་པར་གྱུར། རྒྱལ་པོ་ལ་དབང་བསྐུར་བས། དེ་ཉིད་དུ་ཟུང་འཇུག་གི་སྐུ་འགྲུབ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུད་ཐམས་ཅད་གཏད་དོ། །དེས་ཀྱང་ཨོ་རྒྱན་གྱི་སྐྱེ་བོ་ཐམས་ཅད་ལ་རྒྱ་ཆེར་བསྟན། རྒྱུད་རྣམས་གླེགས་བམ་དུ་བྱས། མཐར་བཙུན་མོའི་ཚོགས་དང་ལྷན་ཅིག་མི་སྣང་བར་གྱུར་ཏེ། ལོངས་སྤྱོད་རྫོགས་པའི་སྐུར་གྱུར་མོད། སངས་རྒྱས་ཀྱི་ཞིང་ནས་ཞིང་དུ་སྤྱོད་ཅིང་གསང་སྔགས་ཐམས་ཅད་ཀྱི་སྡུད་པ་པོའི་ཚུལ་མཛད་དོ། །དེའི་དུས་རྒྱལ་པོ་འཁོར་བཅས་སུ་མ་ཟད་ཨོ་རྒྱན་གྱི་ཡུལ་མི་དང༌། འབྱུང་པོ་དང༌། སྲོག་ཆགས་དུད་འགྲོར་གྱུར་པ་འབུ་སྲིན་ཡན་ཆོད་ཐམས་ཅད་བདེ་བ་ཆེན་པོའི་ལམ་གྱིས་དངོས་གྲུབ་ཐོབ་ཅིང་འཇའ་ལུས་སུ་སོང་ངོ༌། །དེ་དངོས་ཀྱི་ཞལ་མཐོང་བའི་མཁའ་འགྲོ་མ་ཕྱིས་བཞུགས་པ་ནི་དཔལ་ལྡན་བདེ་བའི་རོལ་པ་མོ་ཡིན། དེ་ཡང་ས་ཧཱ་ཛ་སིདྡྷི་ལྷན་ཅིག་སྐྱེས་གྲུབ་ཀྱི་རོལ་པ་མོ་གཅིག་


TNT17_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསུང༌། འོན་ཀྱང་བརྒྱུད་པའི་ཁྱད་པར་མི་འདྲ་བ་ན། བྱིན་རླབས་ཀྱི་བརྒྱུད་པ་ཐ་དད་པ་དང༌། གདམས་ངག་མི་གཅིག་པས་ཡིན་གསུང༌། དེ་ལ་རྣལ་འབྱོར་མ་དེའི་ལོ་རྒྱུས་ན། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་བ་ལྟར་ན། དེ་ནི་ཨོ་རྒྱན་གྱི་ཡུལ་ཕྱོགས་ཞིག་གི་རྒྱལ་པོའི་བུ་མོ་སྟེ། དེ་ཡང་ཆེར་སྐྱེས་པ་ན། འཁོར་བུ་མོ་ལྔ་བརྒྱ་དང་ལྷན་ཅིག་ནགས་ཚལ་རྣམས་སུ་རྒྱུ་བ་ན། ཨོ་རྒྱན་གྱི་ཕྱོགས་ཞིག་ན། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དེ་དྲང་སྲོང་འགྲོ་བ་དབུགས་འབྱིན་པ་ཞེས་བྱ་བར་སྤྲུལ་ཏེ་བཞུགས་པ་ལས། བུ་མོ་རྣམས་ཀྱིས་དེ་མཐོང་བ་ན། དྲང་སྲོང་སྐྲ་འཛིངས་པ་འཇྀགས་འཇྀགས་ལྟར་འདུག་ནས། འདྲེ་ཡིན་ནོ་སྙམ་ཕྱིར་བྲོས་པ་ན། རོལ་པ་མོས་ཁྱེད་རྣམས་མ་འཇིགས་ཤིག འདི་ནི་མཐོང་བ་ཙམ་གྱིས་ངའི་ཡིད་ལ་དགའ་བ་དེའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པས་ན་འདི་ནི་བདག་ཉིད་ཆེན་པོ་ཞིག་གོ །དེ་ནས་འཁོར་ལྔ་བརྒྱ་དང་བཅས་ཏེ་དེའི་ཞབས་ལ་ཕྱག་བྱས་ཏེ། དྲང་སྲོང་དེས་ཀྱང་བུ་མོ་བདེ་བའི་རོལ་བ་མོའི་མགོ་བོར་ཕྱག་བཞག་པས། སྔོན་སྐྱེ་བ་གཞན་དུ་དབང་བསྐུར་བའི་ཡེ་ཤེས་ཀྱང་དྲན། རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པ་མངོན་སུམ་དུ་རྟོགས་ཏེ། རང་གི་འཁོར་རྣམས་ལ་ཡང་བསྟན་པས། དེ་ཐམས་ཅད་ཀྱང་རྣལ་འབྱོར་མ་ཆེན་མོར་གྱུར་ཅེས་འབྱུང་སྟེ། དེ་ཐམས་ཅད་མཐོང་པའི་ཆོས་དེ་ཉིད་ལ་ས་བཅུ་གང་རུང་རེ་ཐོབ་པ་ཡིན་ཏེ། དེས་པདྨ་བཛྲ་ཆེན་པོ་ལ་བཤད། དེས་ཡན་ལག་མེད་པའི་རྡོ་རྗེ་ཕག་ཚངས་པ་ལ་བཤད་དོ། །དེས་པདྨ་བཛྲ་བར་བ་མཚོ་སྐྱེས་ལ་བཤད། དེས་ཨིནྡྲ་བྷུ་ཏི་འབྲིང་པོ་ལ་བཤད། དེས་ཛ་ལནྡྷ་རི་པ་ལ་བཤད། དེས་ནག་


TNT17_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྤྱོད་པ་བ་ལ་བཤད། དེས་དགེ་བའི་མགོན་པོ་ལ་བཤད། དེས་དཔག་མེད་རྡོ་རྗེ་ལ་བཤད། དེས་ཀུ་ས་ལ་བྷ་དྲ་ལ་བཤད་དོ། །དེ་ལ་པདྨ་བཛྲ་ཆེན་པོ་ན། ནུབ་ཕྱོགས་མ་རུའི་ཡུལ་དུ་རིགས་བྲམ་ཟེར་འཁྲུངས། སྡེ་སྣོད་གསུམ་དང་བསྟན་བཅོས་ཐམས་ཅད་ལ་ཤིན་ཏུ་མཁས་པར་སྦྱངས་པ་ཞིག་ཡིན་ལ། ཨོ་རྒྱན་གྱི་ཡུལ་དུ་སོང་ནས། གསང་སྔགས་ཕྱིའི་རྒྱུད་མང་དུ་བསླབས་ཤིང་མཁས་པར་མཁྱེན་པ་ལ། དེ་རྣམས་བསྒོམས་པས། གནོད་སྦྱིན་མོ་དང་བཅུད་ལེན་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐོབ་ཀྱང༌། དེ་ཁོ་ན་ཉིད་མ་ཤེས་པར། ཨོ་རྒྱན་གྱི་ཕྱོགས་ཤིག་ཏུ་སོང་ནས། དེ་འབའ་ཞིག་སེམས་པར་བྱེད་པ་ལ། རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཐོང་བའི་སློབ་དཔོན་ཞིག་གིས་དབང་བསྐུར་པས། རང་བཞིན་གྱི་གནས་ཚུལ་མཐོང་ནས། ཕྱག་རྒྱའི་དབང་གི་ཡེ་ཤེས་ནི་དེ་ཁོ་ན་ཉིད་མཚོན་པར་བྱེད་པར་མཁྱེན་མོད་ཀྱ། འོན་ཀྱང་འདི་ཉིད་གཙོ་བོར་སྟོན་པར་བྱེད་པའི་སྡེ་སྣོད་ཅིག་མཐོང་ན་ཅི་མ་རུང་སྙམ་དུ་དེ་ཉིད་སེམས་པར་བྱེད་པ་ན། བུ་མོ་བདེ་བའི་རོལ་པ་མོ་འཁོར་རྣལ་འབྱོར་མ་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་སློབ་དཔོན་གྱི་དྲུང་དུ་བྱོན་ཏེ། ཕྱག་རྒྱ་བཞིའི་མན་ངག་དང༌། གསང་བ་འདུས་པ་གཙོ་བོར་གྱུར་པའི་བླ་མེད་ཀྱི་རྒྱུད་སྡེ་དུ་མ་བཤད་པས། དེ་རྣམས་ཀྱི་དོན་མངོན་སུམ་དུ་རྟོགས་ཏེ། དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིང༌། མཐར་གྱི་ཟླ་བ་བཅུ་གཉིས་ན། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་པ་ཡིན་གསུང༌། དེས་ཀྱང་གདམས་ངག་བསྟན་པས་ཨོ་རྒྱན་གྱི་ཡུལ་དུ་སྐྱེ་བོ་དཔག་ཏུ་མེད་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་བཀོད། གསང་བ་


TNT17_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་དོ། །ཡན་ལག་མེད་པའི་རྡོ་རྗེ་ན། རིགས་ངན་སྐལ་བ་དང་ལྡན་པ་ཞིག་ཡིན་པ་ལ། སློབ་དཔོན་པདྨ་བཛྲ་གྱིས་ལེགས་པར་གདམས་པ་བཞིན་ལོ་བཅུ་གཉིས་སུ་གོ་ཏཾ་པའི་རི་ལ་བསྒོམས་པས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉམས་སུ་ཆུད་ཀྱང་བདག་ཉིད་ཀྱི་བྱ་བ་སློབ་དཔོན་ལ་ཞུ་དགོས་པར་ཤེས་ཏེ། ཞུས་པས། ཁྱོད་ཕག་རྫི་མོ་བསྟེན་ཅིང༌། ཕག་རྫིའི་སྤྱོད་པས་རིམ་གྱིས་རྡོ་རྗེ་སེམས་དཔར་འགྱུར་གསུང༌། དེ་ནས་ཨོ་རྒྱན་གྱི་བྱང་ཕྱོགས་གྲོང་ཁྱེར་ཞིག་ཏུ་ཕག་རྫིའི་སྤྱོད་པས་སེམས་ཅན་གྱི་དོན་མཛད་ཅིང༌། སྐལ་བ་དང་ལྡན་པ་རྣམས་ལ་དབང་བསྐུར་ནས། ཕྱག་རྒྱ་བཞིའི་གདམས་ངག་བསྟན་པས་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ནོ། །དཔལ་ཕག་ཚང་པ་ཞེས་གྲགས་སོ། དེའི་སློབ་མ་ནི་སློབ་དཔོན་ས་རོ་རུ་ཧ་ཞེས་པ་བོད་སྐད་མཚོ་སྐྱེས་ཞེས་པ་ཡིན་ཏེ། དེ་ཡང་རིགས་རྒྱལ་རིགས། རིག་པའི་གནས་ཐམས་ཅད་ལ་མཁས་པའི་པཎྜི་ཏ་ཆེན་པོ་གསང་སྔགས་ཀྱི་རྒྱུད་མང་པོ་མཁྱེན་པ་ཞིག་ཡིན། དེ་རྒྱལ་པོའི་མཆོད་གནས་མཛད། འཁོར་མཐའ་ཡས་པ་ལ་ཆོས་སྟོན་ཅིང་ཡོད་པ་ལ། ཤིང་ཐུན་རྒན་མོ་ཞིག ཕྱོགས་དེར་ཤིང་འཐུ་བའི་ཞར་ལ་འོང་བས། རེས་དགོད། རེས་ངུ་བ་ཞིག་མཐོང༌། ཕྱི་ཞིག་ན་སློབ་དཔོན་གྱིས་དེའི་ཁྱིམ་དུ་སོང་སྟེ་དྲིས་པས། རྒོད་པ་ནི་ཁྱོད་ཆོས་སྟོན་པ་རྡོ་རྗེ་འཆང་ཆོས་གསུང་བ་འདྲ་བས་རྒོད་པ་ཡིན། ངུ་བ་ནི་རྡོ་རྗེ་འཆང་གི་དགོངས་པ་ལྟར་མི་འཆད་པས་ངུ་བ་ཡིན་ཞེས་ཟེར་བ་ལ། འོ་ན་བདག་གི་ཐེ་ཚོམ་


TNT17_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པར་ཞུ་ཞུས་པས། ངས་གཅོད་པར་མི་ནུས་ཀྱ། དཔལ་ཕག་ཚང་པ་ལ་ཞུས་གསུང༌། དེ་ག་ན་བཞུགས་དྲིས་པས། བྱང་ཕྱོགས་ཀྱི་གྲོང་ཁྱེར་ངན་པ་ཞིག་ན་ཡོད་གསུང༌། དེར་སློབ་དཔོན་གྱིས་འཚོལ་དུ་བཞུད་པས། བྱང་ཕྱོགས་ཀྱི་གྲོང་ཁྱེར་རེ་རུལ་ཞིག་ནས། དཔལ་ཕག་ཚོང་པ་དེ་ཕག་གི་ཁྱུ་ཆེན་པོ་གཅིག་གདོང་དུ་དེད། རིགས་ངན་མོ་དང་ལྷན་ཅིག་ཏུ་ཤིང་ཁུར་ཆེན་པོ་གཅིག་ཁུར་ནས་བྱུང་བ་དང་མཇལ་ནས། དེ་དག་ཀྱང་བརྡ་རུ་ཤེས་ཏེ། ཤིང་ཁུར་ཐོགས་པ་ནི་ཞེ་སྡང་མ་སྤངས་རང་གནས་སུ་དག་པའི་བརྡ། རིག་ངན་མོ་དང་བཅས་པ་ནི་འདོད་ཆགས་དག་པ་དང༌། ཕག་ཁྱུ་བདས་པ་ནི་གཏི་མུག་དག་པའི་བརྡར་གོ་སྟེ། རྗེས་སུ་བཟུང་བར་ཞུ་ཞུས་པས། ང་རིགས་ངན་ཀློག་ཀྱང་མི་ཤེས་པ་ལ། གདམས་ངག་དགོས་ཞེས་སྨྲ་བ་སྙད་འཚོལ་བ་ཡིན་ཞེས་གསུང༌། ཁྲོ་ཞིང་བརྡེག་གོ །གྲོང་ཁྱེར་བའི་ཕག་ཀུན་འཇུག་པའི་ར་བའི་ཕུག་བཙོག་བཙོག་ལྟར་སྣང་བ་ཞིག་ཏུ་བཞུད་དོ། །དེར་མཚན་མོ་ཐེམ་པ་ལ་མགོ་བརྟད་ནས། སྒོ་དྲུང་དུ་ས་ཐེ་བཙུགས་ཏེ་འདུག་པ་ན། ནུབ་ཀྱི་རིང་ལ་ཕག་རྣམས་འཐབ་པ་དང༌། སློབ་དཔོན་གྱི་ཆུ་ལ་གནོད་པ་བསྐྱལ་བས། ཕག་རྣམས་བརྡུངས། ཇོ་མོ་རིགས་ངན་རྒན་མོས་བཟློག་པར་བྱེད་ཅིང༌། ཤིན་ཏུ་དམན་པའི་སྤྱོད་པ་ལྟར་བཅོས་པས་སོ་མ་སོད་དོ། དེར་ཉིན་ཞག་མང་པོའི་བར་དུ་འདུག་པ་ན། ལན་ཅིག་ཐོ་རངས་ཀྱི་ཚེ་སློབ་དཔོན་ན་རེ། སྒོ་དྲུང་ན་ཡོད་པའི་མི་འདི་ཅི་ཞིག་དོན་དུ་གཉེར། ཇོ་མོ་ན་རེ། དེ་ཁོ་ན་ཉིད་ཀྱིས་རྗེས་སུ་བཟུང་བར་ཞུ་ཟེར་གྱིན་འདུག་ཟེར་


TNT17_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། སློབ་དཔོན་གྱིས། འདི་ཀུན་པཎྜི་ཏ་བྱ་བ་ང་རྒྱལ་ཆེ་བས་དེ་ཁོ་ན་ཉིད་ཀྱི་སྣོད་དུ་མི་རུང་གསུང༌། དེར་བདག་གི་དོན་རྣམས་ངེས་པར་གྲུབ་པོ་སྙམ་སྟེ། ཡང་དང་ཡང་དུ་གསོལ་བ་བཏབ་པས་དབང་བསྐུར་ཞིང༌། གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་རྩལ། སློབ་དཔོན་ཉིད་ཀྱི་སྲས་མོ་ངན་ངོན་ལྟར་སྣང་བ་ཞིག་སྩལ་ནས་འདི་རིག་མར་གྱིས་ལ་སྒོམས་ཤིག་གསུང༌། དེ་ནས་སློབ་དཔོན་ཡང་སྔར་གྱི་རྒྱལ་པོའི་མཆོད་གནས་ཀྱི་བྱ་བ་ཡང་མཛད་ཅིང༌། ཡིད་གཞན་དུ་མ་གྱུར་པར་རྩེ་གཅིག་ཏུ་བསྒོམ་པས། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་དོ། །དེ་ཡན་ཆད་དུ་གསང་སྟེ་སྤྱོད་པས་གནས་པ་ལ། དེ་ཕྱིན་ཆད་འཇྀག་རྟེན་པའི་མངོན་དུ་ཡང་སྤྱོད་པས། སྐྱེ་བོ་ཀུན་གྱིས་རིགས་ངན་མོ་བསྟེན་པས་སློབ་དཔོན་མ་དག སློབ་དཔོན་མ་དག་ན་རྒྱལ་པོ་མ་དག་པར་འགྱུར། དེས་ཡུལ་ཕྱོགས་ཐམས་ཅད་མ་དག་ཅིང་ཉམས་པར་འགྱུར་བས། གང་མ་དག་པ་འབྱུང་བའི་གཞི་སློབ་དཔོན་རང་དང་རིགས་ངན་མོ་མེ་ལ་བསྲེགས་ན་དག་པར་འགྱུར་ཞེས། རྒྱལ་པོ་ལ་ཡང་དང་ཡང་དུ་ཞུས། དུས་ལན་གཅིག་ཁང་བཟང་གི་རྩེ་མོ་ནས་བལྟས་པས། སློབ་དཔོན་ཁང་པ་ནས་རིགས་ངན་གྱི་བུ་མོ་དང་བཅས་པ་ཕྱིར་བྱུང་བ་མཐོང༌། དེར་རྒྱལ་པོས་ཆད་པ་བྱེད་པར་བརྩམས་ཏེ། ཤིང་གི་ཕུང་པོ་ཆེན་པོ་ཡང་བྱས། དེ་ལ་སློབ་དཔོན་ཡབ་ཡུམ་བཞག སླར་ཡང་ཤིང་སྤུངས་ཏེ་མེ་བུས་པས། ཞག་བདུན་དུ་མེ་ལྕེ་འབར་བ་རྒྱུན་མ་ཆད་ཅིང༌། བརྒྱད་པའི་ཉིན་པར་ཐལ་བའི་ཕུང་པོ་གྱུར་པ་མི་རྣམས་ཀྱིས་ཐལ་བ་


TNT17_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བས་དབུས་ན་མཚོ་ཆུང་ངུ་ཞིག་གི་གུང་དུ་པདྨ་ཤིན་ཏུ་རྒྱས་པ་ལ། སློབ་དཔོན་ཡབ་ཡུམ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གཟི་བརྗིད་དང་ལྡན་པར་མཐོང༌། དེར་ཐམས་ཅད་ངོ་མཚར་དུ་གྱུར་ཅིང༌། ཨོ་ཌི་ཡ་ཎའི་ཡུལ་གྱི་མི་དེ་དག་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པ་ལ་བཀོད་དེ། རྒྱལ་པོ་འཁོར་ལྔ་བརྒྱ་དང་བཅས་པས་ཀྱང་དངོས་གྲུབ་ཐོབ་ཅེས་གྲགས་སོ། །དུས་གཞན་ཅིག་ན་མ་རུའི་ཡུལ་གྱི་ཕྱོགས་ཤིག་ཏུ་བྱོན་ཏེ། དེར་མི་ཞིག་གིས་ཉིན་གུང་བྱེ་ཚན་གྱི་ཐང་ལ་རི་དྭགས་ཤིན་ཏུ་གྲང་བས་ཉེན་པ་མཐོང་བས། དེར་ཙནྡན་ས་མཆོག་ཡོད་པར་ཤེས་ནས་གྲུས་པས། ཙནྡན་གྱི་སྡོང་དུམ་ཆེན་པོ་བྱུང་བ་སློབ་དཔོན་ལ་ཕུལ་བས། དེ་ལ་ཧེ་རུ་ཀའི་སྐུ་ཞིག་བྱས་ན་ལེགས་པར་མཁྱེན་ནས། དེ་བརྡར་བ་དང༌། བརྡུང་བའི་ལས་བྱེད་པ་ཡང༌། བུད་མེད་པདྨ་ཅན་གྱི་རིགས་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་དགོས་པ་ལས། དེ་ཡང་གཞན་ན་མེད་དེ། ཡུལ་དེའི་རྒྱལ་པོ་མུ་སྟེགས་ཀྱི་ལུགས་འཛིན་པ་ཞིག་གི་ཀླས་ཀྱི་བཙུན་མོ་ཞིག་ཁོ་ན་ལ་ཡོད་པར་མཁྱེན་ནས། དེ་མཚན་རེ་བཞིན་ཏིང་ངེ་འཛིན་གྱིས་བཀུག་ནས། ཙནྡན་བརྡར་དུ་བཅུག་པ་ན། ལན་ཅིག་རྒྱལ་པོས་དེའི་ལག་པ་གས་པར་མཐོང་ནས། ཁྱོད་སྐྱིད་དེ་བར་འདུག་པ་ལ། ལུས་ཀྱང་རིད་ལག་པ་སེར་ཀར་སོང་བ་ཅི་ཡིན་དྲིས་པས་རྒྱལ་པོས་མི་ཤེས་སམ། ནུབ་རེ་བཞིན་རེའི་ཕུག་ཅིག་ཏུ་བཙུན་པ་ཞིག་གིས་ཙནྡན་གྱི་སྡེ་གུའི་ལས་ཁོ་ན་ལ་བཀོལ། ནམ་ལངས་སུ་ཉེ་བ་ན། སླར་འདི་ཉིད་དུ་སྐྱེལ་ཟེར། དེ་ཕྱོགས་གང་ན་ཡོད་དྲིས་པས། མགོ་འཁོར་ཏེ་ཕྱོགས་ནི་མི་ཤེས་ཟེར། དེར་རྒྱལ་པོས་ཀྱང་བརྟགས་པས། མུན་


TNT17_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྲོས་ཙམ་ན་རྒྱལ་པོ་ཉིད་ཀྱང་སེམས་མྱོས་ཤིང་མགོ་འཁོར་བ་ལྟར་འདུག་པ་ལ། བཙུན་མོ་དེ་ནི་མཁའ་ལ་ཡེར་གྱིས་སོང་ནས། ནང་པར་གང་ནས་བྱུང་མེད་པར་ཁྱིམ་དུ་སླེབ་པོ། །ཕྱི་ནུབ་སིནྡྷུ་རའི་རྐྱལ་པ་ཞིག་ལག་ཏུ་གཏད་ནས། ཅི་ལྕོགས་ལྕོགས་ལམ་དུ་གཏོར་ཅིག་བྱས་གཏོར་པས། ནང་པར་རྒྱལ་པོས་སིནྡྷུ་རའི་རྗེས་བཅད་པས། སློབ་དཔོན་གྱི་དྲུང་དུ་སླེབ། རྒྱལ་པོ་ཁྲཽས་ཏེ་འཁོར་དང་བཅས་པ་ཆད་པ་གཅོད་དུ་འོངས། དེར་སློབ་དཔོན་གྱིས་རྡོ་རྗེ་གྲི་གུག་གི་སྦྱོར་བ་བྱས་པས། རྫའི་སྤྱི་བླུགས་ཀྱི་མགྲིན་པ་བསྐོར་བ་ན། རྒྱལ་པོ་འཁོར་བཅས་ཀྱི་གདོང་ལྟག་པར་བལྟ་བར་སོང༌། དེར་འཇྀགས་ནས་ཞབས་ལ་ཕྱག་བཙལ་བས། སློབ་དཔོན་གྱིས་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིག ཅི་སྟེ་མི་འཇུག་ན། ཁྱེད་རྣམས་ཀྱི་མགོ་བོ་བཅད་པར་བྱའོ་ཞེས་གསུངས་པས། རྒྱལ་པོ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས། ཧེ་རུ་ཀའི་ལྷ་ཁང་བཞེངས་པ་གཉན་ཅིང་བྱིན་རླབས་ཆེ་བར་གྲགས་པ། དམ་ཚིག་ཉམས་པས་སྐུ་དེའི་ཞལ་རས་མཐོང་ན་ཁྲག་སྐྱུགས་ཏེ་འཆི་བ་དང༌། དུས་ཕྱིས་རང་སྟག་གཟིག་གི་དམག་གིས་བཤིག་པར་བརྩམས་པས། སྟག་གཟིག་གི་རྟ་བ་བཅུ་གཉིས་དུས་གཅིག་ཏུ་ཤི་བས། ད་ལྟ་ཡང་ཤིན་ཏུ་གཉན་གསུང༌། སློབ་དཔོན་དེས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་དེ། ཧེ་བཛྲ་དངོས་ཀྱི་གོ་འཕང་ཐོབ་པ་ཡིན་གསུང༌། དེའི་སློབ་མ་རྒྱལ་པོ་ཨིནྡྲ་བྷུ་ཏི་བར་པ་ན། གོང་དུ་བཤད་མ་ཐག་པའི་སློབ་དཔོན་ཉིད་མེ་ལ་སྲེག་མཁན་དེ་ཡིན་ཏེ། འོན་ཀྱང་འདིའི་ལོ་རྒྱུས་རྒྱས་པར་མི་གསུང༌། ཟུར་


TNT17_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་གསུངས་པ་ལྭ་བ་པའི་སྐབས་སུ་འཆད། ཡང་བརྒྱུད་པ་ལུགས་གཅིག་ལ། ཨིནྡྲ་བྷུ་ཏི་དེས་ཞལ་བསྟན་ཏེ་པདྨ་ཀ་ར་ལ་གདམས། དེ་ལ་སློབ་དཔོན་ཀུ་ས་ལས་ཞུས། འདི་ལ་ནི་ཀུ་ས་ལ་བྷ་དྲ་ཆུང་བས་ཞུས་པ་ཡིན་ནོ། །འོན་ཀྱང་བརྒྱུད་པ་དེའི་ལོ་རྒྱུས་ན། འོག་ཏུ་ཤེས་པར་བྱའོ། །རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། ལས་རྒྱ་བརྒྱུད་པའི་གཏམ་གྱི་སྐབས་ཏེ་གསུམ་པའོ།། །། བཀའ་བབས་བཞི་པ་ན། འོད་གསལ་གྱི་གདམས་ངག་ཡིན་ཏེ། དེ་ཡང་སློབ་དཔོན་རྡོ་རྗེ་དྲིལ་བུ་པས། ཨོ་རྒྱན་དུ་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་དངོས་སུ་ཞུས་པ་དང༌། ཡང་རིང་བརྒྱུད་ཀྱི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་རྟ་མཆོག་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ། འོད་གསལ་བསམ་མི་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་ཞིང་ཨོ་རྒྱན་གྱི་གྲོང་ཁྱེར་ཞིག་གི་སྒོ་དྲུང་དང་ཉེ་བར་སྤྱིལ་པོ་བྱས་ནས་བཞུགས་པ་ལ། རྒྱལ་པོའི་མི་རྣམས་ཀྱིས་ཐོ་ཅོའི་སྤྱོད་པས་ཡང་ཡང་བརྙས་པས། དུས་ལན་ཅིག་ཨོ་རྒྱན་གྱི་ཡུལ་དེ་ཙམ་དུ་ཆེ་བ་ཡང་རི་ཀླུང་མེད་པ་རྟས་ཁྱབ་ནས། ཞིང་དང་སྐྱེད་མོས་ཚལ་ཐམས་ཅད་ཟོས་པས། རྒྱལ་པོའི་མི་རྣམས་ཀྱིས་རྟ་རྣམས་དེད་པས། ཟིན་དུ་ཉེ་བ་ཉེ་བ་ལ་མི་ཟིན་པ་འབའ་ཞིག་བྱུང༌། མཐར་རྟ་འགའ་ཞིག་ཡོད་པ་ཡང༌། སློབ་དཔོན་གྱི་སྤྱིལ་པོར་ཞུགས་པ་མཐོང་ནས་སྤྱིལ་པོ་ལ་བལྟར་སོང་བ་ན་རྟ་གཅིག་ཀྱང་མེད་དེ། དེར་སྤྲུལ་པ་ཡིན་པར་ཤེས། སློབ་དཔོན་གྲུབ་པ་ཐོབ་པར་ཡང་ཤེས་མོད་ཀྱ། འོན་ཀྱང་སློབ་དཔོན་དེ་རྫུ་འཕྲུལ་གྱིས་མི་མ་ཡིན་གྱི་གནས་སུ་འཕུར་ནས་བཞུད་དོ། །འོན་ཀྱང་རྒྱལ་པོ་ལ་སོགས་པས་དེའི་


TNT17_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བི་ནཱ་བ་སྟེ་པི་ཝཾ་ཞབས་ལ་གདམས་ངག་ཞུས། སློབ་དཔོན་དེ་ན། དང་པོ་རྒྱལ་རིགས་ཡིན་པ། སློབ་དཔོན་རྟ་མཆོག་གིས་དབང་བསྐུར་ཞིང་གདམས་པ་གནངབ་ན། བདག་གིས་རྒྱལ་རིགས་ཀྱི་བྱ་བ་ནི་སྤངས་པར་ནུས་ན། འོན་ཀྱང་པི་ཝཾ་གི་སྒྲ་སྤང་བར་མི་ནུས་པས། ཇྀ་ལྟར་བགྱི་ཞུས་པས། པཾ་ཝཾ་གི་སྒྲ་ཉིད་ལ་སེམས་འཛིན་པའི་གདམས་ངག་གནང་སྟེ། དེས་ཀྱང་བསམ་མི་ཁྱབ་ཀྱི་དངོས་གྲུབ་ཐོབ་པ་ཡིན་སྐད། དེའི་སློབ་མ་ནི་ཆང་འཚོང་མ་བི་ལ་སྱ་བཛྲ་ཡིན་ཏེ། བོད་སྐད་དུ། སྒེག་མོ་རྡོ་རྗེ་ཞེས་བྱའོ། །དེ་ནི་ཨོ་རྒྱན་ཡུལ་གྱི་རྒྱལ་པོ་ཞིག་གི་ཆང་སྦྱོར་མཁན་ཡིན་པས། དེས་ལོ་བཅུ་དྲུག་ལོན་པའི་ཚེ། སློབ་དཔོན་ཌོམྦི་ཧེ་རུ་ཀ་ཕྱོགས་དེར་བྱོན་ནས་ཆོས་གསུང་བ་ན། རྒྱལ་པོ་དེ་མུ་སྟེགས་ལ་དགའ་བས་ཐུལ་བར་མ་གྱུར་པ་ལ། སློབ་དཔོན་གྱིས་ཆང་འཚོང་མ་དེའི་སར་བྱོན་དེ་ལ་དྲིས་པས། སྦྲུལ་གྱིས་བསྡིགས་ན་ཐུལ་ཟེར། དེར་སློབ་དཔོན་གྱིས་དགོངས་པ་བཏང་བས། སྦྲུལ་གདུག་རེག་པ་དུག་ཅན་གྱིས་རྒྱལ་པོའི་ཁྱིམ་བསྐོར་བ་ན། རྒྱལ་པོ་འཇིགས་ཏེ་སྐྱབས་གཞན་མེད་པ་ལ། ཆང་འཚོང་མ་ན་རེ། མུ་སྟེགས་ཀྱི་སློབ་དཔོན་འདི་རྣམས་ཀྱིས་སྐྱོབ་པར་མི་ནུས་ཀྱ། ཌོམྦི་པ་ལ་གསོལ་བ་ཐོབ་ཅེས་སྨྲས། རྒྱལ་པོས་ཀྱང་སྙིང་ནས་གསོལ་བ་བཏབ་པས། སློབ་དཔོན་དེར་བྱོན་པ་ན། སྦྲུལ་གདུག་པ་ཐམས་ཅད་ས་འོག་ཏུ་སོང༌། རྒྱལ་པོ་འཁོར་དང་བཅས་ལ་ཡང་སངས་རྒྱས་པ་ལ་དད་པར་གྱུར། སློབ་དཔོན་ལ་ཡང་ཡུན་རིང་དུ་མཆོད་པ་བྱས་སྐད། དེར་ཆང་འཚོང་མ་དེ་སྣོད་དང་ལྡན་པར་གཟིགས་ནས། ཌོམྦི་པ་དང༌།


TNT17_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཱི་ན་པ་གཉིས་ཀྱིས་དབང་བསྐུར་ཞིང་གདམས་པ་ཡང་གནང༌། ནུས་པ་ཐོབ་པའི་རྣལ་འབྱོར་མར་གྱུར་པ་ན། ལྕམ་ལཀྵྨི་ཀ་རས་བདེ་བ་ཆེན་པོའི་གདམས་ངག་བསྟན། སློབ་དཔོན་བཱི་ན་པས་བསམ་མི་ཁྱབ་ཀྱི་གདམས་ངག་བསྟན་པས། འོད་གསལ་རྡོ་རྗེའི་སེམས་དང་ལྡན་པའི་རྣལ་འབྱོར་མ་རྣམས་ཀྱི་གཙོ་མོར་གྱུར། འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་དེ། རྣལ་འབྱོར་མ་ཙིནྟོ་ཞེས་ཀྱང་གྲགས་སོ། །དེས་ནི་རྡོ་རྗེ་དྲིལ་བུ་པ་ལ་གདམས་པ་ཡིན་ཏེ། སློབ་དཔོན་དེ་ནི་ཨོ་ཌི་ཤ་དང་ཉེ་བའི་རྒྱལ་རིགས་ཤིག་ནཱ་ལནྡར་རབ་ཏུ་བྱུང༌། བློ་གྲོས་སྙིང་པོའི་དཔལ་ཞེས་མཚན་བཏགས། ཕྱིས་མཁས་པ་ཆེན་པོར་གྱུར་ནས། མུ་སྟེགས་ཀྱི་རྒོལ་བ་ཚར་བཅད་པས། དགྲ་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་གྲགས། ནཱ་ལནྡའི་མཁན་པོར་ཡང་ལན་ཅིག་མངའ་གསོལ་སྐད། དེ་ནས་གྲུབ་ཐོབ་དཱ་རི་ཀ་པ་དང་མཇལ། དབང་བསྐུར་དང་དེ་ཁོ་ན་ཉིད་ཞུས་ནས་བསྒོམ་ཞིང་ཡོད་པ་ལ། ཨོ་རྒྱན་དུ་སོང་དངོས་གྲུབ་འབྱུང་ཞེས་ལུང་བསྟན་པ་བྱུང་ནས། ཨོ་རྒྱན་དུ་སོང་བས། དེར་རྣལ་འབྱོར་མ་བི་ལ་སྱ་བཛྲ་ཕག་རྫི་མའི་ཚུལ་བཟུང་བ་དང་མཇལ་ནས། དེས་ཀྱང་ཕྱག་ཆེན་པོ་བསམ་གྱིས་མི་ཁྱབ་པ་འདོད་ཆགས་ཆེན་པོའི་ཚུལ་བསྟན་པས། དེ་ཁོ་ན་ཉིད་ཐམས་ཅད་ཁོང་དུ་ཆུད་ནས། ཤར་ཕྱོགས་ཨོ་ཌི་ཤིའི་ནགས་ཁྲོད་དུ་བསྒོམས་པས། རིམ་པ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེས་པ་ན། ཡུལ་གྱི་རྒྱལ་པོ་དེ་ནགས་ལ་རི་དྭགས་བཤོར་དུ་འོངས་པས་མཐོང་སྟེ། དགེ་སློང་འཚོ་བ་མེད་པ་སྙིང་རེ་རྗེ་སྙམ་ནས་གྲོང་ཁྱེར་དུ་འབྱོན་པར་ཞུས་པས། དངོས་རྣམས་རབ་ཏུ་ཤེས་པའི་མཁས་པ་དག་ལ་བརྙས་པར་


TNT17_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་སྟེ། །དེ་ནི་རྩྭ་རྩེ་ཆུང་ངུ་བས་ཀྱང་ཆུང་བའི་འབྱོར་བས་འཆིང་བར་ནུས་མ་ཡིན། །རྒྱུན་མི་འཆད་པར་ཆང་འཛག་པ་ཡི་འགྲམ་ལང་ནག་པོར་གྱུར་པ་ཡ། །གླང་ཆེན་རྣམས་ནི་པདྨའི་སྐུད་པ་ཕྲ་མོས་འཁྱིག་པར་མི་ནུས་བཞིན། །ཞེས་སློབ་དཔོན་གྱིས་བརྗོད་པ་ལས། དེར་རྒྱལ་པོས་དགེ་སློང་འདིས་ང་ལ་བརྙས་སོ། །འདི་ལ་ལན་དམའ་དབབ་པོ་སྙམ་ནས་གྲོང་ཁྱེར་དུ་དྲིལ་བསྒྲགས་ཏེ། ནགས་སེབ་ཀྱི་དགེ་སློང་འདི་ལྟ་བུ་སུ་ཞིག་གིས་འབེབས་པར་ནུས་པ་དེ་ལ་བྱ་དགའ་ཆེན་པོ་སྟེར་བྱས་པས། དེར་ཆང་འཚོང་མ་ཞིག་གིས་ཁས་བླངས་སོ། །དེ་ནས་དེས་སློབ་དཔོན་ལ་རྟག་ཏུ་འཚོ་བ་སྐྱེལ་བར་བྱེད། དུས་གཞན་ཞིག་ན། ཆང་འཚོང་མའི་བུ་མོ་པདྨ་ཅན་ཞིང་སྐྱེས་ཀྱི་མཚན་ཉིད་ཐམས་ཅད་ཚང་བ་ཞིག་ཡོད་པ་ཕྱག་རྒྱ་མོར་བཟུང་སྟེ་བསྒོམས་པས། ལོ་བཅུ་གཉིས་ན་སློབ་དཔོན་དེ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་བོ། །དེར་གྲོང་ཁྱེར་པ་རྣམས་མ་མོས་པ་བཟློག་པའི་ཕྱིར་དང༌། མ་འོངས་པའི་སེམས་ཅན་གྱི་བསོད་ནམས་ཀྱི་ཞིང་དུ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་རང་བྱུང་བཞག་པ་དང༌། གསང་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་ཕྱིར། ལན་གཅིག་ཁྱེའུ་གཅིག་དང་བུ་མོ་ཞིག་ཀྱང་སྤྲུལ་ལོ། །རྒྱལ་པོས་གཏམ་དེ་ཐོས་ནས་ཆང་འཚོང་མ་ལ་སློབ་དཔོན་གྲོང་ཁྱེར་དུ་བོས་ཤིག་ཅེས་བསྒོས། གྲོང་ཁྱེར་གྱི་ཤར་སྒོར་སྐྱེ་བོ་མང་པོ་བསགས། སློབ་དཔོན་ནགས་ཚལ་ནས་གྲོང་ཁྱེར་དུ་བྱོན་པ་ན། ལམ་དུ་ཆང་བུམ་མང་པོ་བསྟར་དུ་བཅུགཡུམ་གྱིས་དེ་ནས་རྭ་བཤོར་དུ་འདྲེན་གྱིན། སྤྲུལ་པའི་ཁྱེའུ་ནི་གཡས་ནས་རྒྱུག བུ་མོ་ནི་གཡོན་ནས་རྒྱུག་གོ །


TNT17_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གྲོང་ཁྱེར་གྱི་ཤར་སྒོར་སླེབ་པ་ན། ཡུལ་མི་རྣམས་ཀྱིས་སྔོན་རྒྱལ་པོ་ལ་བརྙས་པའི་ཚིག་དེ་གླུར་བླངས་ཤིང༌། རྒྱལ་པོས་སྤྱན་དྲངས་ན་མི་འོང༌། ཆང་འཚོང་མས་བོས་པ་ན་འོང་བ་འདི་ཅི་ཟེར་གྱི་ཐལ་མོ་བརྡབས་པས། དེར་སློབ་དཔོན་གྱིས་རྭའི་བཤོར་ཞལ་ས་ལ་འཕངས་པས། ས་འོག་བདུན་ཕུག་སྟེ་ཆུ་ཆེན་པོ་བྱུང་ངོ༌། །སློབ་དཔོན་ཡབ་ཡུམ་ནི་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར། ཁྱེའུ་དང་བུ་མོ་ནི་རྡོ་རྗེ་དང་དྲིལ་བུར་གྱུར་པ་ཕྱག་ཏུ་བསྣམས་ཏེ་ནམ་མཁའ་ལ་བཞུད། སྐྱེ་བོ་རྣམས་ཀྱང་ཆུས་ནུབ་པ་ཙམ་དུ་སོང་བ་ན། སློབ་དཔོན་ལ་གསོལ་བ་བཏབ་པས། སྤྱན་རས་གཟིགས་ལ་གསོལ་བ་ཐོབ་གསུང༌། སྐྱེ་བོ་ཐམས་ཅད་ཀྱིས་ན་མོ་ལོ་ཀེ་ཤྭ་རཱ་ཡ། ཞེས་བརྗོད་པ་ན། ཆུའི་དབུས་སུ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་རང་བྱུང་དུ་བྱུང༌། ཆུ་ཡང་དེ་ལ་ལན་བདུན་དུ་བསྐོར་བ་བྱས་ནས་ས་འོག་ཏུ་སོང་ངོ༌། །དེར་སློབ་དཔོན་གྱིས། ཡུལ་དེ་ན་གནས་པ་རྣམས་ལ་རྡོ་རྗེ་ཐེག་པ་རྒྱ་ཆེར་བཤད་དེ། དངོས་གྲུབ་ཐོབ་པའི་སློབ་མ་ཡང་དཔག་ཏུ་མེད་པ་བྱུང་ངོ༌། །དེས་ནི་ལྭ་བ་པ་ལ་གདམས་པ་ཡིན་ཏེ། སློབ་དཔོན་དེ་ནི་རྒྱལ་པོའི་སྲས་ཤིག་ཡིན་པ། འདིའི་ཡུལ་ཡང་ཨོ་རྒྱན་གྱི་ནང་ཚན་ཞིག་ཡིན་གསུང༌། འགའ་ཞིག་ཨོ་ཌི་བི་ཤ་ཡིན་ཡང་ཟེར། ཆེར་སྐྱེས་པ་ན། གཙུག་ལག་ཁང་ཞིག་ཏུ་རབ་ཏུ་བྱུང་ཞིང༌། སྡེ་སྣོད་གསུམ་ལ་ཡང་མཁས་པར་གྱུར། ཕྱི་ཞིག་ན་ཤར་ཕྱོགས་སུ་འོངས་པས། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང་མཇལ་ཏེ། འཁོར་ལོ་སྡོམ་པ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར། ཇི་ལྟར་གདམས་པ་བཞིན་དུ་བསྒོམས་པས། ཡེ་ཤེས་མཆོག་ཐོབ་པར་གྱུར་ནས། ནུབ་ཕྱོགས་ཨོ་རྒྱན་གྱི་


TNT17_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མའི་གནས་སུ་སོང་བ་ན། མུ་སྟེགས་ཀྱི་མཁའ་འགྲོ་རྣམས་ཀྱིས། མེ་ཏོག་གི་འཕྲེང་བ་ཞིག་ལག་ཏུ་གཏད་དེ། དེ་བླངས་པ་ན། སངས་རྒྱས་པའི་མཁའ་འགྲོ་མ་རྣམས་བྱུང་སྟེ། བུ་མེ་ཏོག་བླངས་པ་མ་ལེགས། དེ་མུ་སྟེགས་ཀྱི་རྣལ་འབྱོར་མ་ཡིན། གང་མེ་ཏོག་བླངས་པ་དེའི་རྗེས་སུ་འཇུག་དགོས་ཟེར། འོ་ན་ཁྱེད་རྣམས་ཀྱི་སྲུང་བ་བྱེད་དགོས་བྱས་པས། གནས་འདི་ན་ཕྱི་རོལ་པ་དང༌། ནང་པའི་མཁའ་འགྲོ་མ་རྣམས་མེ་ཏོག་ཕོག་པ་སུ་སྔ་བ་དེའི་རྗེས་སུ་འཇུག་དགོས་པའི་ཆད་མདོ་བྱས་པ་ཡིན་ཟེར། དེར་སློབ་དཔོན་གྱིས་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས་པས། ནམ་ཕྱེད་ཀྱི་དུས་ན། ཐུག་ཆཽམ་གྱི་སྒྲ་ཆེན་པོ་བྱུང་ནས་བལྟས་པ་ན། མུ་སྟེགས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཕ་བོང་གི་ཆར་ཆེན་པོ་ཕབ། བསྐྱེད་རིམ་བསྒོམས་པས་བསྲུང་འཁོར་ཇི་ཙམ་བསྒོམ་པའི་བར་གནོད་པ་མ་བྱུང་པས། བསྐྱེད་རིམ་གྱི་མཐུ་ཡང་འདི་འདྲ་ན། རྫོགས་པའི་རིམ་པའི་མཐུ་བསྟན་པར་བྱའོ་སྙམ་སྟེ། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། རྡོ་ཐམས་ཅད་ནམ་མཁའ་ལ་ཆགས་སོ། །ནམ་མཁའ་ལ་རྟེན་མེད་པར་ཕ་བོང་ཞིག་དང༌། བྲག་མེ་ལོང་ལྟར་འཇམ་པའི་ངོས་ལ་རྡོ་དམ་དུམ་མང་པོ་རྟེན་མེད་པར་ཆགས་པ་ད་ལྟའང་ཡོད། དེར་མཁའ་འགྲོ་མ་རྣམས་ཀྱི་བར་ཆད་ཀྱིས་མ་ཚུགས་སོ། །དེ་ནས་བསོད་སྙོམས་སྤྱོད་ཅིང་བཞུགས་པ་ན། གྲོང་ཁྱེར་གྱི་སྒོ་དྲུང་དུ་ཡང་ཡང་རྒྱལ་པོ་དང་འཕྲད་པ་ན། འཕྲད་རེས་བཞིན་རྒྱལ་པོས་དྲི་བ་རེ་བྱས་པ་ལ། སློབ་དཔོན་གྱིས་ལན་ཅི་ཡང་མ་བཏབ་བོ། །ལན་ཅིག་


TNT17_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་དགེ་སློང་བླུན་པོ་མི་ཤེས་པ་ཁྱོད། ཡང་ཡང་འགྲོ་ཞིང་འདུག་པས་ཅི་བྱེད། དེ་བས་རིང་དུ་གཉིད་ལོག་ན་རུང་བྱས་པ་ན། སློབ་དཔོན་གྱིས་རྒྱལ་པོའི་སྒོ་དྲུང་དུ་ལོ་བཅུ་གཉིས་སུ་གཉིད་ཐུན་གཅིག་གིས་འཁྱོངས་པ་ལོག་བཞིན་འདུག་པ་ན། དེར་འགྲོ་བའི་མི་ཀུན་ཡང་སློབ་དཔོན་ལ་ཕྱག་མ་བྱས་ན་བྱིན་པ་རེངས་འགྲོ་བས། རྒྱལ་པོ་ལ་སོགས་པ་ཐམས་ཅད་ཕྱག་འཚལ་ཞིང་འགྲོ་འོང་བྱེད་དོ། །ལོ་བཅུ་གཉིས་ན་སད་དེ། རྒྱལ་པོས་སློབ་དཔོན་དེ་ཙམ་ཅིའི་ཕྱིར་གཉིད་ལོག སློབ་དཔོན་ན་རེ། ལྷ་ཉིད་གསུང་ངོ་ཞེས་གསུང༌། དེ་ནས་རྒྱལ་པོ་ཡང་ཤིན་ཏུ་དད་པར་གྱུར་ཅིང༌། ཡུལ་གྱི་སྐྱེ་བོ་མང་པོ་རྡོ་རྗེ་ཐེག་པ་ལ་བཀོད། རྒྱལ་པོ་དེ་ནི་ཨིནྡྲ་བྷུ་ཏི་བར་པ་ཡིན་གསུང༌། དེ་ནས་སློབ་དཔོན་དུར་ཁྲོད་ན་ཀུན་ཏུ་སྤྱོད་པའི་ཚེ། ཨོ་རྒྱན་གྱི་ཡུལ་གྱི་སྔགས་འཆང་མའི་གཙོ་མོ་ལྔ་བརྒྱ་དུར་ཁྲོད་ཉུལ་དུ་སོང་ངོ༌། །དེ་ལ་སྔགས་འཆང་མ་ཞེས་པ་ནི་མནྡྲ་བཱ་དི་ཏེ། ལྷན་ཅིག་སྐྱེས་པ་དང༌། བྱིན་གྱིས་བརླབས་པའི་སྔགས་ཀྱི་མཐུ་ཅན། དམོད་པ་གྲུབ་པའི་ཕྲ་མེན་མ་ཡིན་ནོ། །དེས་ན་དེ་རྣམས་ཀྱིས་སློབ་དཔོན་ལ་བར་ཆད་བྱེད་པར་འདོད་ནས་སློབ་དཔོན་བཙལ་བ་ན། སློབ་དཔོན་གྱི་ཤུལ་ན་ན་བཟའ་ལྭ་བ་གཅིག་མ་གཏོགས་གཞན་མ་མཐོང་ནས། ཀྱེ་མ་དགེ་སློང་འདིའི་སྒྱུ་མ་ལ་ལྟོས། རང་གི་ལུས་ལྭ་བར་སྒྱུར་རོ། །དེ་བས་ན་འདི་གཏུབས་ནས་སོ་སོར་བཟའ་བར་བྱའོ་ཞེས་ཟེར་ཏེ། ལྭ་བ་དུམ་བུ་ལྔ་བརྒྱར་བགོས་ནས་སོ་སོར་མིད་དོ། །དེར་སློབ་དཔོན་གྱིས་ལུས་སྣང་བར་བྱས་ཏེ་དེ་རྣམས་ལ་དམོད་པ་བོར་བས། སྔགས་འཆང་མོ་ལྔ་བརྒྱ་པོ་ལུག་མ་མོ་ལྔ་བརྒྱར་སོང་ངོ༌། །དེར་ལུག་མ་མོ་རྣམས་


TNT17_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་དྲུང་དུ་སོང་སྟེ། དགེ་སློང་དུར་ཁྲོད་པས་བདག་ཅག་འདི་ལྟར་དུ་བྱས་པས། རྒྱལ་པོས་སྒྲོལ་བའི་ཐབས་མཛོད་ཅེས་ཟེར་རོ། །དེར་རྒྱལ་པོས་སློབ་དཔོན་ལ་ཞུས་པས་སློབ་དཔོན་གཅེར་བུར་བྱུང་ཞིང༌། རྒྱལ་པོ་ཁྱོད་ཀྱི་ཡུལ་གྱི་སྔགས་འཆང་མ་རྣམས་ཀྱིས། དགེ་སློང་གི་ནོར་ལྭ་བ་ཅིག་ཡོད་པའང་ཟོས་སོ། དེ་བས་ན་སྔགས་འཆང་མ་རྣམས་ཁུག་ཅིག་གསུང༌། དེར་གསུམ་མ་གཏོགས་ཐམས་ཅད་བཀུག་ནས། རེ་རེ་བཞིན་ཐམས་ཅད་ལ་སྡིགས་འཛུབ་རེ་བྱས་པས། མགོ་བརྙན་སྣ་ཚོགས་སུ་སོང་ནས། ལྭ་བའི་དུམ་བུ་སོ་སོར་སྐྱུགས། དེ་དག་ཚེམ་བུ་བྱས་པས། ཅུང་ཟད་མ་འགྲིག་སྟེ། ད་དུང་གསུམ་ཡོད་པས་ཁུག་ཅིག་གསུང༌། དེར་བཙུན་མོའི་འཁོར་གྱི་ནང་ན་གསུམ་ཡོད་པ་ཡང་དེར་འོངས་པ་ལ། སྔ་མ་ལྟར་ལྭ་བ་སྐྱུག་ཏུ་བཅུག དེ་ཉིད་སྐུ་ལ་གསོལ་བས་རྗེ་བཙུན་ལྭ་བ་པ་ཞེས་ཡོངས་སུ་གྲགས་སོ། །དེར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་དབང་བསྐུར་ཏེ། དེའི་གདམས་པ་བསྒོམས་པས་རྒྱལ་པོའང་དངོས་གྲུབ་ཐོབ། དེ་ནས་སློབ་དཔོན་བྲག་ཕུག་གཅིག་ཏུ་ལོ་བཅུ་གཉིས་སུ་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒོམ་བཞིན་དུ་འོད་གསལ་གྱི་ལམ་གྱིས་འགྲོ་བའི་དོན་མཛད་པ་ན། སྐྱེ་བོ་རྣམས་སྨོད་པར་བྱེད་དེ། གཏི་མུག་ཆོས་སུ་སྨྲ་བ་ཞེས་ཟེར། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དེ་ཞག་རེ་བཞིན་བུད་མེད་ལྔ་བརྒྱ་དང་ལྷན་ཅིག་སྤྱོད་པས། མི་རྣམས་སྨོད་པར་བྱེད་པ་ལ། དུས་གཞན་ཞིག་གི་ཚེ། རྒྱལ་པོས་བཙུན་མོ་ཞིག་གི་ལག་ཏུ་ཚོད་མ་ཀུ་བ་གང་གཏད། འདི་མ་གྲང་པ་ལ་སློབ་དཔོན་ལྭ་བ་པ་ལ་ཕུལ་ཞིག་བྱས་པ་ན། དེས་ཉི་མ་མང་པོ་ཆོད་པའི་ལམ་དུ་ཚོད་མ་མ་གྲང་པ་ག་ལ་འོང་བྱས་པས།


TNT17_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ན་རེ་དེ་ལ་ནི་སྔགས་ཡོད་དེ། ཁྱོད་མིག་ཚུམ་ལ་འདི་སྐད་སྨོས་ཤིག སློབ་དཔོན་ལྭ་བ་པ་གཉིད་སྤངས་པའི་དཀའ་ཐུབ་ལ་གནས་པ་འདི་བདེན་ན། ད་ལྟ་ཉིད་དུ་ཀོ་ཏཾ་བྷ་རིའི་བྲག་ཕུག་ཏུ་ཕྱིན་པར་གྱུར་ཅིག །ཅེས་བརྗོད་ཅིག་གསུང༌། དེས་ཀྱང་དེ་བཞིན་བྱས་པས། མིག་གདངས་ཙམ་ན། སློབ་དཔོན་གྱི་མདུན་དུ་སླེབ་འདུག་སྐད། དེར་སློབ་དཔོན་ནི་སློབ་མ་འགའ་ལ་ལུང་འབོགས་པའི་བྱ་བས་གཡེངས་ནས་ཡུན་རིང་རབ་ཅིག་འདྲེན་རྒྱུ་མ་བྱུང༌། སླར་དྲངས་པ་ཕལ་ཆེར་གསོལ་ནས། ལྷག་མ་ཅུང་ཟད་དྲོད་ཡོད་པ་ཉུང་ཤས་ཤིག་གཏད་ནས། འདི་དྲོད་མ་ཡལ་བ་རྒྱལ་པོ་ལ་ཐེངས་པ་གྱིས་གསུང༌། དཔག་ཚད་བཅུ་གཉིས་ཀྱི་ལམ་ཡོད་པས་མ་གྲང་བ་ག་ལ་འོང་བྱས་པས། སློབ་དཔོན་ན་རེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཚངས་པར་སྤྱོད་པའི་མཆོག་ཡིན་པ་བདེན་ན། ད་ལྟ་ཉིད་དུ་རྒྱལ་པོའི་དྲུང་དུ་ཕྱིན་པར་གྱུར་ཅིག །ཅེས་བརྗོད་ཅིག་དང་མྱུར་དུ་སླེབ་འོང་གསུང༌། དེས་བསམས་པ། སློབ་དཔོན་འདི་ཡང་རྫུན་དུ་སྨྲ་བ་ཞིག་སྟེ། འདི་ལྟར་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དང་འགལ་བའི་ཚིག་འདི་ལ་སུ་ཞིག་ཡིད་ཆེས་སྙམ་མོ། །འོན་ཀྱང་དེ་བཞིན་དུ་བྱས་པས། ཡུད་ཙམ་གྱིས་ལམ་རྣམས་ཆོད་འགྲོ་ཡིན་འདུག་ནས། ངན་རྟགས་རྣམས་ཁྱེར་ཞིང་འོངས་ནས། རྒྱལ་པོ་མདུན་ཁང་དུ་སྐྱེ་བོ་བརྒྱ་སྟོང་གི་དབུས་ན་ཡོད་པའི་དྲུང་དུ་སླེབ་སྟེ། ཚོད་མའི་ལྷག་མ་གཏད། དེར་སྔར་གྱི་ལོ་རྒྱུས་བྱས། ཀོ་ཏཾ་བྷཾ་རིའི་བྲག་ཕུག་གི་བཙག་དང༌། གྲུབ་པའི་ཆུ་བོ་ཞེས་བྱ་བ་ཆུ་དམར་སེར་འབབ་པ་ཅིག་ཡོད་པ་ལས་རྐང་གདུབ་གང་དང༌། ཨི་ལོའི་རི་ལ་ཡོད་པའི་གྲུབ་པའི་སྨན་སྣ་ཚོགས་པ་དང༌། གཱ་ཛ་ཁ་ཛུ་རའི་ནགས་ནས་འབྲས་བུ་གསུམ།


TNT17_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུ་རུ་རའི་ནགས་ནས་ཀྱང་འབྲུ་གསུམ། གྲུབ་པའི་མཚོའི་ནང་ནས་མེ་ཏོག་པདྨ་གཅིག་རྣམས་བདེན་པའི་རྟགས་ཅན་དུ་ཁྱེར་བའང་སྐྱེ་བོ་རྣམས་ལ་བསྟན་པས། ཐམས་ཅད་ངོ་མཚར་དུ་གྱུར་ཅིང༌། སྡོད་རྒྱལ་པོ་ཡང་དངོས་གྲུབ་ཐོབ་པར་ཤེས་སོ། །སླད་ཀྱིས་རྒྱལ་པོ་དང་སློབ་དཔོན་གཉིས་ཀྱིས་ཨོ་རྒྱན་གྱི་མི་རྣམས་ལ་གདམས་པ་བསྟན་པས། དངོས་གྲུབ་ཐོབ་པ་དང་རྣལ་འབྱོར་ཅན་ཤ་སྟག་ཏུ་གྱུར་ཏེ། ཨོ་རྒྱན་གྱི་ཡུལ་དེ་ཙམ་དུ་ཆེ་བ་ཡང་སྟོངས་སུ་ཉེ་བར་གྱུར་སྐད། གཏམ་འདི་ས་ཧ་ཛ་སིདྡྷི་འགྲེལ་པ་བོད་ན་ཡོད་པ་འདིའི་གཏམ་རྒྱུད་དང་ཅུང་ཟད་མི་མཐུན་མོད། དཔེར་ན་མདོ་ལས་ཐམས་ཅད་སྒྲོལ་གྱི་ལོ་རྒྱུས་འདྲ་མིན་མང་པོ་འབྱུང་བ་བཞིན། ཨིནྡྲ་བྷཱུ་ཏི་ལྭ་བ་པར་གྱུར་པ་མཛད་སྤྱོད་ཕྱོགས་མཐུན་པ་གཞན་ཅིག་བྱུང་ན་ནི་མི་འགལ་ལོ། །ཡང་བོད་རང་ན་ཡོད་པ་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པའི་དཔེ་འགའ་ན། གཏམ་རྒྱུད་དེ་མེད་པའང་སྣང་བས། རྒྱ་དཔེ་ལ་ལ་ན་ཡང་མེད་པར་སྣང་ཞིང༌། ལར་རྒྱ་གར་ན་ཡང་བསྟན་བཅོས་ཁ་འཕངས་དང༌། ཚིག་སྣ་རིང་ཐུང་འདྲ་མིན་མང་བས་དེབ་ཐེར་སྔོན་པོ་སོགས་ན་དགག་སྒྲུབ་ཡོད་དེ་སྙིང་པོ་མེད་དོ། །རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། འོད་གསལ་བརྒྱུད་པའི་གཏམ་གྱི་སྐབས་ཏེ་བཞི་པའོ།། །།སློབ་དཔོན་ཨིནྡྲ་བྷཱུ་ཏི་དང༌། ལྭ་བ་པ་སྟེ་སློབ་དཔོན་དེ་གཉིས་ཅར་ལ། གྲུབ་ཐོབ་ཛ་ལནྡྷ་རི་པས་འོད་གསལ་དང་བདེ་བ་ཆེན་པོའི་གདམས་ངག་ཞུས་ཏེ། སློབ་དཔོན་དེ་གང་དུ་འཁྲུངས་པའི་ཡུལ་ན། ནུབ་ཕྱོགས་སིནྡྷུའི་གྲོང་ཁྱེར་ན་ག་ར་ཐ་ཋ་ཞེས་བྱ་བ་ཞིག་ཏུ་རིགས་དམངས་རིགས་སུ་སྐྱེས་ཏེ། འོན་ཀྱང་བསོད་ནམས་ཀྱི་མཐུས་


TNT17_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཆེན་པོ་དང་ལྡན་ནོ། །ཕྱི་ཞིག་ན་གཙུག་ལག་ཁང་ཞིག་ཏུ་དགེ་སློང་བྱས། སློབ་དཔོན་ལྭ་བ་པ་ལ་གདམས་ངག་ཞུས་ནས་བསྒོམ་ཞིང་ཡོད་པའི་ཚེ། ནམ་མཁའ་ལས་སྒྲ་བྱུང་སྟེ། ཁྱོད་ཨོ་རྒྱན་དུ་སོང་ལ་སྒོམས་ཤིག དེར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་འབྱུང་པས། ཨོ་རྒྱན་དུ་སོང་སྟེ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང༌། ལྕམ་ལཀྵྨི་ཀ་ར་དང༌། སློབ་དཔོན་ཀཙྪ་པཱ་ད་རྣམས་ལ་རྒྱུད་ཐམས་ཅད་ཀྱི་གདམས་ངག་ཐོས་ཤིང༌། དེར་བསྒོམས་པའི་ཚེ། ཚེས་བཅུའི་དུས་ཤིག་ན་དུར་ཁྲོད་དུ་སོང་བས། དེར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་ཞིང༌། རྡོ་རྗེ་མཁའ་འགྲོ་མ་མང་པོས་དབང་བསྐུར་བས། དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་བོ། །དེ་ནས་རིང་ཞིག་ཏུ་ཡུལ་དེ་ཉིད་དུ་འདུག་ནས་སེམས་ཅན་གྱི་དོན་ཅི་རིགས་པར་མཛད་དོ། །ལན་ཅིག་ཀོ་ཏཾ་བྷ་ར་ཞེས་པའི་གྲོང་ཁྱེར་ཞིག་ན་ཡོད་པ་ན། གྲོང་ཁྱེར་གྱི་མི་རྣམས་ཀྱིས་སློབ་དཔོན་ལ་ཡང་ཅོ་དྲིས་པས། ཡུན་རིང་པོའི་བར་དུ་སློབ་དཔོན་ཁྲོ་བར་མི་བྱེད། དུས་གཞན་ཞིག་ན། གྲོང་ཁྱེར་གྱི་རིགས་ཀྱི་གཙོ་བོ་གསུམ་ཞིག་བཞི་མདོར་སོང༌། སློབ་དཔོན་ཏིང་ངེ་འཛིན་ལ་བཞུགས་པ་མཐོང་བ་ན། གཅིག་ན་རེ། རྣལ་འབྱོར་བ་འདི་ལོང་བ་ཞིག་ཟེར། གཞན་གཅིག་ན་རེ། འདི་ནི་རྣལ་འབྱོར་པ་མ་ཡིན་ལྐུགས་པ་ཞིག་གོ །ཡང་གཅིག་ན་རེ། འདི་ནི་ཤི་བའི་རོ་ཞིག་གོ་ཟེར་བ་ལ། སློབ་དཔོན་གྱིས་ཁྱེད་རྣམས་དེ་བཞིན་དུ་གྱུར་ཅིག་ཅེས་དམོད་པ་བོར་བས། གཅིག་ནི་མིག་ལོང༌། གཅིག་ནི་ངག་ལྐུགས། གཅིག་དེ་ཉིད་དུ་ཤིའོ། །དེར་སྐྱེ་བོ་ཐམས་ཅད་འཇྀགས་ཤིང༌། གྲུབ་པ་ཐོབ་པར་གྲགས་སོ། །དེ་རྣམས་ཀྱི་གཉེན་རྣམས་འོངས་


TNT17_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གསོལ་བ་བཏབ་པས། སླར་ཡང་གསོལ། དེ་ནས་སློབ་དཔོན་ཡུལ་ཛ་ལནྡྷ་ར་རྡོ་དང་ཆུ་ལ་མེ་འབར་བའི་གནས་སུ་བཞུགས་ཏེ། ཡུན་རིང་པོ་ལོན་པ་ན་མཚན་ཡར་ཡུལ་གྱི་མིང་ཐོགས་ཏེ། གྲུབ་ཐོབ་ཛ་ལནྡྷ་རི་པ་ཞེས་ཟེར་རོ། །དུས་གཅིག་ན་རང་བྱུང་གི་མཆོད་རྟེན་དང་ཉེ་བའི་བལ་ཡུལ་གྱིས་ཕྱོགས་ཤིག་ན། དབང་ཕྱུག་གི་ལིང་ག་ཆོ་འཕྲུལ་ཤིན་ཏུ་ཆེ་བ། ཞག་བདུན་དུ་ས་ཐེ་བཙུགས་ནས་གསོལ་བ་བཏབ་ན། མིག་མཐོང་གི་མངོན་ཤེས་དང༌། དབང་དང་རྒྱས་པའི་ལས་ཕྲ་མོ་མང་པོ་དང༌། ཁྱད་པར་དྲག་ཤུལ་སྤྱོད་པའི་ལས་འཕྲལ་དུ་འགྲུབ་པ་ཞིག་ཡོད་པས། སངས་རྒྱས་ཀྱི་བསྟན་པ་ལ་བར་དུ་གཅོད་པ་ཞིག་བྱུང་བ། དེ་འདུལ་བའི་དོན་དུ་ས་ཕྱོགས་དེར་བྱོན། རེས་གཅིག་ཙ་ན་ལིང་ག་དེ་མཆོད་པ་ལ་རྒྱལ་པོ་ཡང་གསུམ་ཙམ་འདུས་ཤིང༌། སྐྱེ་བོ་བརྒྱ་སྟོང་དུ་མ་ཚོགས་པའི་དབུས་སུ། སློབ་དཔོན་ཡང་བྱོན་ཏེ། ལིང་ག་ལ་སྡིགས་འཛུབ་བསྟན་པས་མགོ་ཞབས་ལོག ཕུས་བཏབ་པས་ཆ་དུ་མར་ཞིག་གོ །དེར་ཡང་སྐྱེ་བོ་ཐམས་ཅད་ཀྱིས་གྲུབ་པ་ཐོབ་པར་ཤེས་ཏེ་ཞབས་ལ་ཕྱག་བྱས། དེ་ནས་ལན་ཅིག་ཡུལ་ཙམ་པཱརྞར་བཞུད་དེ། དེ་ན་སྡིག་སྤྱོད་ཀྱི་རྒྱལ་པོ་ཞིག་གིས། གཙུག་ལག་ཁང་མང་པོ་བཤིག་པར་བརྩམས་པ་ན། རྒྱལ་པོའི་སྒོ་དྲུང་ན་པི་ཝཾ་མཁན་མཁས་པ་ཞིག་བྱུང༌། པི་ཝཾ་མཁན་ཞིག་རྒྱལ་པོ་ལ་སེམས་ཤིང་འདུག་ཅེས་བསྒོ་བས་རྒྱལ་པོ་ལ་སྦྲན་པས། ནང་དུ་བོས་པ་ན། གླུ་དང་པི་ཝཾ་གི་སྦྱོར་པ་མང་པོ་བྱས་པས། རྒྱལ་པོ་འཁོར་བཅས་དགའ་བར་གྱུར་པ་ལ། པི་ཝཾ་མཁན་དེ་ནི་རྣལ་འབྱོར་པར་འགྱུར་ནས་སོང་ངོ༌། །དེར་རྒྱལ་པོས་སངས་རྒྱས་པ་འདི་


TNT17_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྒྱུ་མས་སླུ་བར་བྱེད་ཅིང༌། ཞེས་སྨྲས་པ་ལ། སློབ་དཔོན་གྱིས་སངས་རྒྱས་པའི་བསྔགས་པ་བརྗོད། མུ་སྟེགས་པ་རྣམས་དང༌། ཁྱད་པར་རྒྱལ་པོ་དེ་རང་ལ་སྨད་པས། རྒྱལ་པོས་འཁོར་རྣམས་ལ་འདི་མགོ་ཆོད་ཅེས་བྱས་སོ། །དེར་མཚོན་ཆ་སྣ་ཚོགས་བསྣུན་པས། སློབ་དཔོན་གྱི་སྐུ་ལ་གཅིག་ཀྱང་མ་གནོད། མི་ལྔ་བརྒྱས་འཆིང་བར་བརྩམས་པས་ཀྱང༌། སྐུ་འགུལ་པ་ཡང་མ་བྱུང༌། སློབ་དཔོན་གྱིས་ཐལ་མོ་བརྡབས་པས། རྒྱལ་པོའི་ཕོ་བྲང་ཕྱེད་མར་གས། རྒྱལ་པོའི་འཁོར་རྣམས་ཀྱང་ལྟ་སྟངས་ཀྱིས་རེངས་པར་བྱས་པས་ཤིན་ཏུ་འཇིགས་ཤིང༌། རྒྱལ་པོ་ཉིད་ཀྱིས་སློབ་དཔོན་གྱི་ཞབས་ལ་ཕྱག་བཙལ་ཏེ། བདག་གིས་ཅི་ཞིག་བགྱི་ཞེས་ཞུས་པས། སྔར་གྱི་སྡིག་པ་བཤགས་པའི་དོན་དུ་གཙུག་ལག་ཁང་སྔར་བས་ཉིས་འགྱུར་དུ་གྱིས། དེར་གནས་པའི་དགེ་འདུན་ཡང་ཉིས་འགྱུར་གྱི་ལྷག་པ་ཚུགས། མ་ཤི་བར་དུ་དགེ་འདུན་ལ་མཆོད་པ་གྱིས། བུ་ལ་སོགས་པ་བདུན་བརྒྱུད་ཀྱི་བར་དུ་དགེ་འདུན་ལ་མཆོད་པ་གྱིས་ཤིག །ཅེས་ཟངས་ཀྱི་གླེགས་བུ་གྱིས་གསུང༌། དེས་ཀྱང་དེ་བཞིན་དུ་བྱས་སོ། །ཡང་ལན་ཅིག་ཡུལ་མ་ལ་བ་ན། རྒྱལ་པོ་ལེགས་སྦྱར་ལ་བྷརྟཱ་ཧ་རི་ཞེས་བྱ། ད་ལྟ་འཕྲལ་སྐད་བྷར་ཐཱ་རི་ཞེས་བྱ་བ། རྟ་འབུམ་ཕྲག་བཅོ་བརྒྱད་དང༌། བུད་མེད་སྟོང་དང་བཅས་པ་འབྱོར་ཞིང་རྒྱས་པར་གནས་པ་ལ། དེ་འདུལ་བའི་དུས་ཡིན་པར་མཁྱེན་ནས། གྲོང་ཁྱེར་དང་མི་རིང་བའི་ཕྱོགས་ཤིག་ཏུ་བཞུགས་པ་ན། མཚན་མོའི་དུས་ཤིག་ཆོམ་རྐུན་པ་མང་པོ་བྱུང༌། དེ་རྣམས་ཀྱིས་སློབ་དཔོན་ལ་བསྐོར་བ་བྱས། གྲོང་ཁྱེར་འཇོམས་པ་ལ་སོང་


TNT17_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བས། ནོར་མང་པོ་ཐོབ། དེ་རྣམས་ཕན་ཚུན་དུ་དེང་གནོད་པ་མེད་པར་ནོར་མང་པོ་ཐོབ་པ་ན། རྣལ་འབྱོར་པ་དེའི་མཐུ་ལས་ཡིན་གྱི་དེ་བས་ན་ཐམས་ཅད་ཀྱིས་མཆོད་པ་བྱའོ་ཞེས་མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་རི་བ་ལ་སོགས་པ་མཆོད་པ་དུ་མས་མངོན་པར་མཆོད་ནས་སོང་ངོ༌། །དེར་མི་རྣམས་ཀྱིས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་ཀྱང་རྟོག་པའི་མི་བཏང་བས། སློབ་དཔོན་ནོར་མང་པོ་དང་བཅས་པ་མཐོང་བས། སློབ་དཔོན་རྐུན་པོ་ཡིན་ནོ་སྙམ་ནས་རྒྱལ་པོ་ལ་ཕུལ། དེས་ཀྱང་མ་བརྟགས་པར་ཤིང་གི་གསལ་ཤིང་ལ་བསྐྱོན་ནོ། །དེར་ཉིན་བར་ནི་སྐུ་ལུས་གསལ་ཤིང་གིས་ཕུག་པའི་ཚུལ་དུ་འདུག མཚན་མོ་ནི་དེ་ལས་བབས་ཏེ་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས། དེ་ལྟར་ཞག་བདུན་ཐལ་བ་ན། རྒྱལ་པོ་ཡང་དེའི་དྲུང་དུ་སོང་ངོ༌། །དེར་གསལ་ཤིང་གིས་ཕུག་བཞིན་པ་ལ་གསལ་ཤིང་བཅག་ནས་ཆུ་ཀླུང་གི་འགྲམ་དུ་ཁྲུས་མཛད་དུ་བྱོན་པས། རྒྱལ་པོའང་ངོ་མཚར་སྐྱེས་ཏེ། བཟོད་པར་གསོལ་ནས་རྗེས་སུ་བཟུང་བར་ཞུས་པས། རྒྱལ་སྲིད་སྤོངས་ལ་ཨ་ཝ་དྷཱུ་ཏཱི་གྱིས་ཤིག དེའི་ཚེ་གདམས་ངག་བྱིན་པར་བྱའོ་གསུང་བ་བཞིན་དུ་རྒྱལ་སྲིད་ཀྱང་ཡོངས་སུ་སྤངས་ཏེ། སློབ་དཔོན་གྱི་ཕྱི་བཞིན་དུ་འབྲང་སོང་བ་ན། དུས་གཞན་ཞིག་ན་སློབ་དཔོན་གྱིས་གདམས་ངག་ཀྱང་གནང་སྟེ་བསྒོམས་པས་རིང་པོ་མི་ཐོགས་པར་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར་ཏེ། ཕྱིས་འཁོར་ལྔ་བརྒྱ་དང་བཅས་ནས་མཁའ་སྤྱོད་དུ་གཤེགས་སོ། །སྔར་གྱི་འཕྲོས་ལ། སློབ་དཔོན་ཛ་ལནྡྷ་རི་པ་ནི་ཕལ་ཆེར་བྱིས་པ་ལྟ་བུའི་སྤྱོད་པ་མཛད་པས། བཱ་ལི་བཱ་ཏ་ཏེ། བྱིས་པའི་ཞབས་ཞེས་གྲགས་སོ། །དེ་ནས་


TNT17_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཕྱིས་ཤར་ཕྱོགས་པ་རྣམས་འདུལ་བར་བཞེད་ནས། བྷང་ག་ལའི་ཙཱ་ཊི་གྲ་མ་ཞེས་པའི་གྲོང་ཁྱེར་གྱི་སྲང་ཁ་འཆག་པའི་ཧ་ཌི་བའི་ཚུལ་བཟུང་ཞིང་ཡོད་པ་ལས། ཡུལ་དེའི་རྒྱལ་པོ་གཞོན་ནུ་གོ་བི་ཙནྡྲ་ཞེས་བྱ་བ་རྒྱལ་སྲིད་ལ་འཁོད་ནས་རིང་པོ་མ་ལོན་པ་ཞིག་ཡོད་པ། རང་གི་གཟུགས་མཛེས་པ་ལ་ཡོངས་སུ་ཆགས་ཏེ། མེ་ལོང་ལ་བལྟ་ཞིང་བྱི་བྱད་འཆོས་པ་ལ། ལན་ཅིག་གི་ཚེ། རྒྱལ་པོ་དེའི་མས་ཐོ་རངས་བལྟས་པ་ན། སློབ་དཔོན་རྒྱལ་པོའི་བཟའ་ཤིང་གི་ར་བར་སོང་ནས། ཤིང་རྣམས་ཀྱི་རྩ་བར་འདུག་ནས། ན་རི་ཀེ་ལ་བྷིཀྵ་ཨ་ཝོ་ཞེས་བརྗོད་པས། ཤིང་འབྲས་རྣམས་སློབ་དཔོན་གྱི་དྲུང་དུ་བྱུང༌། ཁུ་བཅུད་གསོལ་ཟིན་པ་ན། ན་རི་ཀེ་ལ་ཨུ་པ་ར་ཛ་ཧ། ཞེས་གསུངས་པས། ཤིང་འབྲས་རྣམས་སྔ་མ་བཞིན་དུ་འབྱར་ནས་འགྲོ་བ་ཡང་ཡང་མཐོང་བས། རྒྱལ་པོའི་མས། གྲུབ་པ་ཐོབ་པར་ཤེས་ནས། འདིས་རྒྱལ་པོ་འདུལ་བར་འགྱུར་རོ་སྙམ་སྟེ། ལན་ཅིག་བུའི་དྲུང་དུ་མཆི་མ་ཕྱུང་བ་ན། རྒྱལ་པོས་སྨྲས་པས་ཡུམ་ཅི་ཞིག་ཉེས། དེས་སྨྲས་པ། ཁྱོད་ཀྱི་ཕ་གཟུགས་དང་སྟོབས་དང་བློ་གྲོས་ཐམས་ཅད་ཁྱོད་པས་བཅུ་འགྱུར་གྱིས་ལྷག་ཀྱང༌། མི་རྟག་པའི་རང་བཞིན་བསྟན། ཁྱོད་ཀྱང་འཆི་བའི་ཆོས་ལས་མ་འདས་ཟེར། རྒྱལ་པོས་སྨྲས་པ། འོ་ན་མི་འཆི་བའི་ཐབས་མ་མཆིས་སམ། མས་སྨྲས་པ། རང་རེའི་ཧ་ཌི་བ་འདི་ལ་ཡོད་ཅེས་སྨྲས་སོ། །རྒྱལ་པོ་ཧ་ཌི་བའི་དྲུང་དུ་སོང་སྟེ་ཁྱོད་ཀྱིས་ང་ལ་མི་འཆི་བའི་གདམས་པ་སྟེར་དགོས་བྱས་པ་ན། དེས་གདམས་པ་ཡོད་དེ། རྒྱལ་སྲིད་མ་སྤངས་ན་མི་འགྲུབ་ཅེས་གསུང༌། དེར་རྒྱལ་པོས་སྨྲས་པ། འོ་ན་ཐོག་མར་གདམས་ངག་ཞུས་ལ་ཕྱིས་རྒྱལ་སྲིད་སྤོང་ངོ་


TNT17_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱས་ནས། ནགས་ཚལ་དབེན་པ་ཞིག་ཏུ། རྒྱལ་པོ་དང་སློབ་དཔོན་གཉིས་ཁོ་ན་སོང་སྟེ། སློབ་དཔོན་གྱིས་རྒྱལ་པོ་ལ་རྫའི་བུམ་པ་སྟོང་པ་ཞིག་གཏད་དེ། དེར་ལག་པ་ཆུག་གསུང་བཅུག་པ་ན། ཅི་འདུག་མྱུར་བ་མྱུར་བ་སྨྲོས་གསུང༌། དེར་རྒྱལ་པོས་ཅང་མི་འདུག་བརྗོད་པ་ན། དེ་ཁོ་ན་འཆི་བ་མེད་པའི་ལམ་ཡིན་གསུང༌། ལན་གསུམ་དུ་རྒྱལ་པོས་དྲིས་པས་ཀྱང༌། དེ་བཞིན་དུ་གསུངས་ནས། རྒྱལ་པོ་ཡིད་མ་ཆེས་པར་འདི་ནི་གཡོ་ཅན་ཞིག་གོ །ཞེས་སའི་དོང་གཏིང་རིང་པོ་བཅུག ཚེར་མའི་ཤིང་གིས་བསྐོར། གླང་པོ་ཆེའི་ལྕི་བ་དང༌། རྟའི་སྦངས་ཀྱིས་བཀངས་ཏེ་སྦས་ནས་བཞག་གོ །དེ་ཡང་སློབ་དཔོན་གྱི་སྐུའི་བཀོད་པ་གཉིས་བསྟན་པ་ཡིན་ཏེ། ཡུལ་ཛ་ལནྡྷ་ར་ན་ཡང་ཀུན་སྤངས་ཀྱི་སྤྱོད་པས་སེམས་ཅན་གྱི་དོན་མཛད། བྷང་ག་ལར་ཡང་དེ་ལྟར་བསྟན་པ་ཡིན་ནོ། །དེ་ནས་ཕྱི་ཞིག་གི་ཚེ། སློབ་དཔོན་ནག་པོ་སྤྱོད་པ་ལྷོ་ཕྱོགས་ཀ་ཏ་ལི་ཀྵེ་ཏྲ་ཆུ་ཤིང་གི་ཞིང་ཞེས་བྱ། ཕལ་སྐད་དུ་ཀ་ཙ་ལི་ཞེས་ཟེར་བར་བྱོན་པ་ན། སློབ་དཔོན་ནག་པོ་སྤྱོད་པའི་སློབ་མ་རྣམས་ཀྱིས། ལམ་དུ་རྣལ་འབྱོར་པ་མང་པོ་འདུག་པ་རྣམས་ལ། ལོངས་ལོངས་གྲུབ་ཐོབ་ནག་པོ་སྤྱོད་པ་པ་ཕེབས་ཀྱི་ཡོད་བྱས་པས། གཞན་རྣམས་ཀྱིས་ལངས། གྲུབ་ཐོབ་གཽ་རཀྵ་ནི་ལྡང་བ་མི་མཛད་དོ། །དེར་སློབ་དཔོན་ཡང་བྱོན་ཏེ། གཽ་རཀྵ་དང་གཏམ་མཛད་པ་ན། ཇི་ཞིག་ན་གཽ་རཀྵས། ཁྱེད་ཀྱི་བླ་མ་གང་ཡིན་དྲིས་པས། ཛ་ལནྡྷ་རི་པ་ཡིན་གསུང༌། གཽ་རཀྵས། འོ་ན་ཛ་ལནྡྷ་རི་པ་ནི་རྒྱལ་པོ་གོ་བི་ཙནྡྲས་ས་དོང་དུ་བསྐྱུར་ནས་ལོ་བཅུ་གཉིས་ལོན་ཞེས་གསུངས་པས། སྤྱོད་པ་པ་འཁོར་


TNT17_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བཞི་བརྒྱ་དང་བཅས་པ་ཤར་ཕྱོགས་སུ་སོང་ནས། གོ་བི་ཙནྡྲའི་སྒོ་དྲུང་དུ་ཁྲོས་ནས་བཞུགས་སོ། །དེར་རོལ་མོ་རྣམས་ལ་ཡང་སྒྲ་མ་བྱུང༌། རྟ་དང་གླང་པོ་ཆེ་ཡང་རྩྭ་ཤིང་མི་ཟ། བུ་ཆུང་རྣམས་ཀྱང་འོ་མ་མི་འཐུང་ངོ༌། །དེ་སློབ་དཔོན་གྱི་མཐུ་ཡིན་པར་ཤེས་ནས། རྒྱལ་པོ་བཅོམ་ཆུང་དུས་ཕྱིར་ཕྱུང་ནས། སློབ་དཔོན་འཁོར་དང་བཅས་པ་ནང་བར་ཟས་ལ་འབྱོན་པར་ཞུ་ཞུས་པས། སློབ་དཔོན་ན་རེ། ང་ལ་འཁོར་སྟོང་དང་བཞི་བརྒྱ་ཡོད་པས་ཚིམས་པར་བྱ་མི་ནུས་གསུང༌། རྒྱལ་པོ་ན་རེ། ངས་དམག་མི་འབུམ་ཕྲག་དུ་མ་ལ་རྟག་ཏུ་འཚོ་བ་སྦྱོར་ནུས་ན། སློབ་དཔོན་འཁོར་བཅས་ལ་ཅིའི་ཕྱིར་མི་ནུས། སློབ་དཔོན་ན་རེ། འོ་ན་ངའི་སློབ་མ་མ་ཧི་ལ་དང༌། བྷ་ད་ལ་གཉིས་སྔོན་ལ་གཏོང་གི་ཚིམས་པར་གྱིས་ཤིགདེ་ཚིམས་ན་ཕྱིས་ཁོ་བོ་ཅག་ཀྱང་འོང་ངོ་ཞེས་གསུངས་པས། རྒྱལ་པོས་ཀྱང༌། འབྲས་ཁལ་ལྔ་བརྒྱ་ཙམ་བྱན་དང་བཅས་པར་སྦྱར་རོ། །དེར་མ་ཧི་ལ་དང༌། བྷ་ད་ལ་གཉིས་བྱོན། ཟས་དེ་དག་ཐམས་ཅད་ཁོང་གཉིས་ཀྱི་ཀུ་བར་བླུག་ཀྱང་མ་ཁེངས་པས། རྒྱལ་པོ་ངོ་མཚར་སྐྱེས་ཏེ། སློབ་དཔོན་གྱི་དྲུང་དུ་སོང་ནས། འཆི་བ་མེད་པའི་ལམ་འཚལ་ལོ་ཞུས་པས། དེར་སློབ་དཔོན་གྱིས་གླང་པོ་ཆེ་བཅུ་གཉིས་ཀྱི་རྒྱབ་ཁལ་ནོན་པའི་དཀྱིལ་འཁོར་གྱི་ཡོ་བྱད་བླངས་ཏེ། རྒྱལ་པོ་ལ་དབང་བསྐུར་བའི་ཐ་མར། སྔར་ཧ་ཌི་པས་བསྟན་པའི་གདམས་ངག་དེ་ཉིད་བསྟན་པས། རྒྱལ་པོས་འདི་ནི་བདག་གིས་སྔར་ཡང་ཐོས་ཞེས་སྔར་གྱི་ལོ་རྒྱུས་བཤད་དོ། །དེར་སློབ་དཔོན་ན་རེ། འོ་ན་ཁྱོད་ལ་འཆི་བ་མེད་པའི་གྲུབ་ཐོབ་ག་ལ་འོང༌། དེ་ནི་ངའི་བླ་མ་ཛ་ལནྡྷ་རི་བ་ཡིན་ནོ་


TNT17_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གསུང༌། དེར་རྒྱལ་པོ་གྲུབ་ཐོབ་ཀྱིས་དམོད་པ་འོང་ཟེར་ཤིན་ཏུ་འཇིགས་པས། སློབ་དཔོན་གྱིས་ཐབས་བྱའོ་གསུང༌། རིན་པོ་ཆེ་སྣ་བརྒྱད་བསྲེས་པའི་འཇོན་དམར་ལ། རྒྱལ་པོའི་གཟུགས་བརྙན་གསུམ་བྱས་སོ། །དེར་ནག་པོ་སྤྱོད་པའི་སློབ་མ་རྣམས་ཀྱིས། ས་སོགས་ཉལ་ཉིལ་ཐམས་ཅད་བསལ། རྒྱལ་པོའི་གཟུགས་དོང་གི་ཁར་ཁྱེར་ནས། གྲུབ་ཐོབ་ཧ་ཌི་པའི་ཞབས་ལ་ཕྱག་འཚལ་དུ་བཅུག་པས། བླ་མའི་ཞལ་ནས་འདི་སུ་ཡིན་གསུང༌། རྒྱལ་པོ་གོ་བི་ཙནྡྲ་ཡིན་ཞུས་པས། ཕི་ཊུ་མ་རོ་ཐལ་བར་གྱུར་ཅིག་གསུངས་པས། གཟུགས་དེ་ཐལ་བར་སོང༌། ཡང་གཟུགས་གཉིས་པ་ཕྱག་འཚལ་དུ་བཅུག་པས་ཀྱང༌། སྔ་མ་ལྟར་སོང་ངོ༌། །དེ་བཞིན་དུ་གསུམ་པ་ཡང་སོང་ངོ༌། །དེར་རྒྱལ་པོ་འཇིགས་ཏེ་འཁོར་དང་བཅས་པ་སྙིང་འགས་པ་ཙམ་དུ་གྱུར་སྐད། སླར་སློབ་དཔོན་གྱིས་རྒྱལ་པོ་ཁྲིད་དེ། བཟོད་པ་གསོལ་དུ་བཅུག་གོ དེར་གྲུབ་ཐོབ་ཛ་ལནྡྷ་རི་པའི་གསུང་གིས། བུ་ཀ་ཧྣི་པ་ཁྱོད་ལ་སློབ་མ་དུ་ཡོད་གསུང༌། སྟོང་དང་བཞི་བརྒྱ་ཡོད་ཞུས་པས། འོ་ན་ང་ལ་ཚ་བོ་མང་དུ་ཡོད་པ་འདུགང་ལོ་བཅུ་གཉིས་སུ་མ་ཟོས་མ་འཐུངས་བཀྲེས་ཤིང་སྐོམ་པས་ན་ནང་པར་གཉིས་ཁྲུས་ཀྱི་ལ་ཤོག་ཟ་བ་ཡིན་གསུང༌། ནང་པར་སློབ་མ་གསར་པ་བདུན་ཅུ་ཙམ་ཁྲུས་བྱེད་དུ་བཅུག་པ་ལས། གཞན་རྣམས་ཁྲུས་ཐོན་པ་ན་བྲོས། དྷ་མ་པ་དང་དྷུ་མ་པ་གཉིས་འདུག་པ་ལས། དེ་གཉིས་ཛ་ལནྡྷ་རི་པའི་དྲུང་དུ་ཁྲིད་དེ་མདུན་དུ་སྡོད་དུ་བཅུག་ནས། ཆུ་གྲིས་ཡན་ལག་གི་ཤ་རྣམས་གཅོད་པར་བཟས་ཏེ། བླ་མ་གང་ནས་གསོལ་ཞུས་པས། གྲུབ་ཐོབ་ཛ་ལནྡྷ་རི་པ་རྒྱ་ཆེར་


TNT17_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་དེ། ཧ་ཧ་ང་སྡོམ་བརྩོན་མི་ཤ་ཅི་ལ་ཟ། མིག་འཕྲུལ་མཁན་འདྲ་བ་ཀུན་བཞུད་ཅིག་གསུང༌། དེར་ཕྱག་གཉིས་དྷ་མ་དྷུ་མའི་མགོ་བོར་བཞག་པས། དེ་གཉིས་ཀྱིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་བོ། །དེ་ནས་རྒྱལ་པོས་སློབ་དཔོན་དཔོན་སློབ་གཉིས་ཡུན་རིང་དུ་བསྟེན་ཅིང༌། རང་གི་སེམས་རྒྱུད་ཀྱི་དྲི་མ་ཡང་རིམ་གྱིས་བྱང༌། ཟླ་བ་དྲུག་ཏུ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་མཐར། གྲུབ་ཐོབ་ཛ་ལནྡྷ་རི་པས། རྒྱལ་པོ་ལ་དོ་ཧ་རྡོ་རྗེའི་གླུས་གདམས་པས། རྒྱལ་པོ་འཁོར་སྟོང་དང་བཅས་པ་སེམས་རྣལ་དུ་གནས་པ་མཚོན་ནས། ཐམས་ཅད་ཀྱང་སྲིད་བོར་ཏེ་ཀུན་སྤངས་ཀྱི་སྤྱོད་པས་རྒྱུ་ཞིང་རྣལ་འབྱོར་པ་ཆེན་པོར་གྱུར་ཏོ། །དེ་ལ་རྒྱལ་པོ་བྷ་རྟ་ཧ་རི་ནི་རྒྱལ་པོ་གོ་བི་ཙནྡྲའི་ཞང་པོ་ཡིན་ནོ། །དེ་ནས་རེ་ཞིག་ན་ཛ་ལནྡྷ་རིའི་ཕུག་པ་ཞིག་ཏུ་སློབ་མ་རྣམས་ལ་ཞལ་མི་སྟོན་པར་བཞུགས། ལན་ཅིག་གི་ཚེ། སློབ་མ་བླུན་པོ་མང་པོ་ཕུག་དེར་འཚངས་ནས་འོངས་པ་ལ། སློབ་དཔོན་ཧཱུཾ་ཞེས་གསུང་བཞིན་ཕུག་གི་སྟེང་ཕུག་སྟེ་མི་སྣང་བར་བཞུད། ནམ་མཁའ་ནས་སླར་ཡང་མིའི་ཡུལ་དུ་ལན་དྲུག་འབྱུང་ངོ་ཞེས་པའི་སྒྲ་བྱུང་ངོ༌། །ཕུག་དེ་ད་ལྟ་ཡང་བྱིན་རླབས་ཆེ་གསུང༌། ཡང་དུས་ཕྱིས་ཤིག ལྷོ་ཕྱོགས་རསྨི་ཤྭ་ར་དང་ཉེ་བའི་ནགས་ཚལ་ཞིག་ཏུ། མ་མོའི་རྟེན་རང་བྱུང་ཞིག་བྱུང་བ། དེར་མཁའ་འགྲོ་མ་དང་ཤ་ཟ་མང་པོ་འདུས་ཏེ། ཕྱོགས་དེའི་ལམ་ལ་འགྲོ་བའི་སྐྱེ་བོ་ཐམས་ཅད་ཀྱི་བླ་ཚེ་རྐུ་བར་བྱེད་པ་ལ། ལན་ཅིག་གི་ཚེ། ཚོང་པ་ལྔ་བརྒྱ་རྣལ་འབྱོར་པ་གཅིག་དང་བཅས་པ་ཕྱོགས་དེར་སོང་བ་ན། བུད་མེད་དང་བྲམ་ཟེ་འགའ་ཞིག་བྱུང་ནས་ཁྱེད་རྣམས་དོ་ནུབ་གཞན་དུ་མི་སླེབ་ཀྱ། ནགས་ཚལ་འདིར་འདུག་ན་རྩྭ་དང་ཤིང་འཛོམ་ལ། གཅན་


TNT17_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་དང་སྦྲུལ་གྱི་གནོད་པ་ཡང་མེད། དེ་བས་ན་འདི་དང་འདིར་འདུག་ཅེས་མི་རེ་ཤིང་རེའི་རྩར་བཞག་གོ །དེ་རྣམས་དེ་ན་ཡོད་པའི་ཚེ། ཡང་བུད་མེད་གཞན་གཉིས་བྱུང་ནས། ཁྱེད་རྣམས་འདིར་སྡོད་ཅེས་སྟོན་པ་དེ་མི་ཤེས་སམ། མི་ཤེས་བྱས་པས། དེ་དག་ནི་མཁའ་འགྲོ་མ་དང་སྲིན་པོ་ཡིན་ཏེ། དེས་ཁྱེད་རྣམས་བཅིངས་སོ། །དེ་བས་ན་དོ་ནུབ་ཟ་བར་འགྱུར་བས། དེའི་ཐབས་སོམས་ཤིག་ཅེས་དེ་ཉིད་དུ་མི་སྣང་བར་སོང་ངོ༌། །དེར་རྣལ་འབྱོར་པ་གཅིག་པོ་དེ་ཛ་ལནྡྷ་རི་པའི་སློབ་བརྒྱུད་ཡིན་པས། དེས་སློབ་དཔོན་ཛ་ལནྡྷ་རི་པ་ལ་སྐད་ཕྱུང་ཞིང་གསོལ་བ་བཏབ་པས། ནམ་ཞིག་ན་ཕྱོགས་དེར་འགྲོན་བཙུན་ཤིག་བྱུང་ངོ༌། །དེ་ཡང་དེར་འདུག་པ་ལ། ཁོང་རྣམས་ཀྱིས་སྔར་གྱི་ལོ་རྒྱུས་བཤད་པས། རེ་ཞིག་འགྲོན་བཙུན་དེ་ཅང་མི་སྨྲའོ། །ནམ་སྲོད་པ་ན་ཤ་ཟའི་མཁའ་འགྲོ་མ་དང་སྲིན་པོ་རྣམས་མངོན་དུ་བྱུང་བས། རེ་རེས་མི་རེ་བཅིངས་ནས་ཁྲིད་ནས་མ་མོའི་གནས་སུ་བཞག་སྟེ་ཟ་བར་བརྩམས་པ་ན། འགྲོན་བཙུན་དེས་ཕཱ་ཊ་ཞེས་ཟེར་ཞིང་གར་བྱས་པས། མཁའ་འགྲོ་མ་དང་སྲིན་པོ་རྣམས་བརྒྱལ་ཞིང་འགྱེལ། མ་མོའི་རྟེན་ཡང་དུམ་བུ་གསུམ་དུ་གྱེས་ཏེ། དེར་སློབ་དཔོན་གྱིས་ཕྱིན་ཆད་སེམས་ཅན་ལ་གནོད་པ་མི་བྱེད་པར་བཀའ་བསྒོས། འགྲོན་བཙུན་དེ་ནི་གྲུབ་ཐོབ་ཛ་ལནྡྷ་རི་པར་སྣང་སྟེ། ཚོང་པ་ལྔ་བརྒྱ་པོ་དེ་ཐམས་ཅད་ཀྱང་རྣལ་འབྱོར་པ་བྱས་ཏེ་བསྒོམས་པས། མཐར་ལྔ་བརྒྱ་པོ་ཐམས་ཅད་དངོས་གྲུབ་ཐོབ་པ་ཡིན་ཟེར་སྐད། དེར་སློབ་དཔོན་གྱིས་ལོ་གསུམ་ཙམ་དུ་ལྷོ་ཕྱོགས་ཀྱི་ཡུལ་དུ་འགྲོ་བའི་དོན་མཛད་པར་གྲགས། དུས་དེར་


TNT17_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་གདམས་ངག་ཀྱང་མང་དུ་ཡོད་པར་སྣང་ངོ༌། །ཡང་དུས་ཕྱིས་ཤིག་ནུབ་ཕྱོགས་མ་རུའི་ཡུལ་དུ་སློབ་དཔོན་ཛྙཱ་ན་གུ་པ་ཏ་ཞེས་བྱ་བ། འཁོར་མང་པོ་ལ་ཆོས་གསུང་ཞིང་ཡོད་པའི་སྐབས་ཤིག དེར་རྣལ་འབྱོར་པ་ངོ་མཚར་ཅན་ཞིག་བྱུང་ནས། སུ་ཡིན་དྲིས་པས། ཛ་ལནྡྷ་རི་པ་ཡིན་གསུང༌། ཡིད་ཀྱིས་དྲི་བ་མང་པོ་བྱས་པས། དེ་ཐམས་ཅད་ཀྱི་ལན་ཤར་ཤར་བཏབ་བྱུང་བས། ཡིད་ཆེས་ནས་རྗེས་སུ་གཟུང་བར་ཞུས་པས། ཐོད་པ་རྣམ་སྣང་གིས་གང་བ་ཞིག་གནང་བ། སློབ་དཔོན་ཛྙཱ་ན་གུ་པ་ཏས་རྣམ་རྟོག་མེད་པར་གསོལ་བས། དེ་ཉིད་དུ་མི་སྣང་བར་ཡལ། དེར་དགེ་འདུན་རྣམས་ཀྱིས་ཡང་དང་ཡང་དུ་གསོལ་བ་བཏབ་པས། ཟླ་བ་གསུམ་ཙམ་དུ་དེ་ཉིད་དུ་བཞུགས་ཏེ། དེ་རྣམས་ལ་རྗེས་སུ་གདམས་པ་བསྟན། དེ་ནས་རབ་ཏུ་བྱུང་བ་དང་དགེ་བསྙེན་ཕོ་མོ་ཡན་ཆད་ཡོ་བསྡོམས་པས་སྟོང་ཙམ་ཡོད་པ་ལས། ཐམས་ཅད་རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་པ་ཡིན་པས། དེ་རྣམས་ལ་ཁྱོད་རྣམས་ལོ་གསུམ་དུ་གསང་སྟེ་ཉམས་སུ་ལོང༌། ལོ་གསུམ་ནས་ཐམས་ཅད་ཀྱང་སྔགས་ཀྱི་སྤྱོད་པ་སྤྱོད་བཞིན་འཚོ་བ་ཅི་བདེ་བར་སོང་ཞིག ཐམས་ཅད་ཀྱང་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །དེར་ཤར་ཕྱོགས་ནས་རྣལ་འབྱོར་པ་དྲུག་གིས་སློབ་དཔོན་ཛ་ལནྡྷ་རི་པ་དངོས་སུ་བཞུགས་ནས་ཆོས་སྟོན་ཞེས་ཐོས་པས། གཙུག་ལག་ཁང་དེར་འོངས་པའི་ཚེ། སློབ་དཔོན་གཤེགས་ནས་མི་འདུག ཡང་དེར་ས་ཐེ་བཙུགས་ཏེ་གསོལ་བ་བཏབ་པས། ཟླ་བ་དྲུག་ནས་དངོས་སུ་ཞལ་བསྟན་ནས་གདམས་པ་དང་རྗེས་སུ་གདམས་པ་སྩལ་ཏེ། ཞག་བདུན་སོང་བ་ན་ཉན་ཐོས་སེནྡྷ་པ་ཞིག་


TNT17_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འོངས། གང་ཞིག་རྟོག་གེ་ལ་དགའ་བ། །གང་དག་དགེ་སློང་དངོས་གནས་དང༌། །མི་གང་རྒན་པོར་གྱུར་པ་སྟེ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་གསུངས་ནས་མི་སྣང་བར་གྱུར་སྐད། གཙུག་ལག་ཁང་དེར་ཉན་ཐོས་སེནྡྷ་པ་མང་དུ་འོངས་ཤིང་གནས་པ་ལ། སྔར་གྱི་དགེ་འདུན་རྣམས་ལོ་གསུམ་འདས་པའི་རྗེས་སུ། སྔགས་ཀྱི་སྤྱོད་པས་ཕྱོགས་གཞན་དུ་རྒྱུ་ཞིང་སོང་བ་ན། ཉན་ཐོས་རྣམས་ཀྱིས་ཡོངས་སུ་སྨོད་པར་བྱེད་དོ། །འོན་ཀྱང་རིང་པོ་མི་ཐོགས་པར་ཐམས་ཅད་ཀྱིས་དངོས་གྲུབ་སྣ་རེ་ཐོབ་པས། གྲགས་པ་མ་ཡིན་པ་སངས་སྐད། རྣལ་འབྱོར་པ་དྲུག་པོ་དེས་འཆི་བ་མེད་པའི་དངོས་གྲུབ་ཐོབ། རྒན་ཤོས་ནི་བི་བྷཱུ་ཏི་དཱ་ས་ཡིན་གསུང༌། འདིས་བོད་ལ་ཡང་བྱོན་ཏེ། བུ་སྟོན་རིན་པོ་ཆེས་ཀྱང་ཆོས་ཞུས་སོ། །ད་དུང་སློབ་དཔོན་མིའི་འཇིག་རྟེན་དུ་ལན་བཞི་འབྱོན་པར་གྲགས། སློབ་དཔོན་འདིའི་སློབ་མ་གྲུབ་པ་བརྙེས་པ་ན། ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དང་པོར་བྱུང་བ་ནག་པོ་སྤྱོད་པ་དང༌། ཕྱིས་བྱོན་པ་སངས་རྒྱས་ཡེ་ཤེས་ཞབས་གཉིས་ཡིན། གཞན་ཡང་གྲུབ་ཆེན་ཏནྟི་པ། བི་རཱུ་པ་ཆུང་བ། རྒྱལ་པོ་བྷར་ཐཱ་ར། གོ་བི་ཙནྡྲ་སོགས་ཡོངས་སུ་གྲགས་པ་མཐའ་ཡས་པ་ཞིག་ཡོད་དོ། །སྐབས་འདིར་སློབ་དཔོན་དེ་ཉིད་ཀྱི་སློབ་མའི་མཆོག དུས་འཁོར་རྒྱུད་ཕྱི་མར། ཁ་ཊྭཱཾ་ག་དང་རུས་པའི་རྒྱན་ཆ་ཆང་སྣོད་ཅང་ཏེ་ཐོགས་པ་ནག་པོའི་མིང་ཅན་ནོ། །ཞེས་པ་ལུང་བསྟན་པ། ནག་པོ་སྤྱོད་པ་པའི་ལོ་རྒྱུས་ན། སྔོན་གྱི་བོད་རྣམས་ཡུལ་ཀརྞར་འཁྲུངས་པ་ཡིན་ཞེས་གསུང་པ་དང༌། ད་ལྟ་ཡང་རྒྱ་གར་བའི་རྣལ་འབྱོར་པ་རྣམས་ཀྱི་ཁ་སྐད་ལ། བཱི་དྱ་


TNT17_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ན་ག་རར་འཁྲུངས་ཞེས་ཟེར་ཏེ། དེ་ཡང་བཱི་དྱ་ན་ག་ར་དང༌། ཀརྞ་ནི་འཁྲིས་ནས་འཁྲིས་ཀྱི་ཡུལ་ཡིན་པས། སྔ་རབས་ཀྱི་གཏམ་དེ་དེ་ཡང་རྒྱ་གར་བའི་ཁ་སྐད་ཙམ་ཡིན་ནོ། །གསུང་ལས་རིགས་བྲམ་ཟེ་ཡིན་གསུང་ཞིང༌། རྒྱ་གར་ལ་ཁ་སྐད་ཀྱང་དེ་བཞིན་དུ་གྲགས། བོད་སྔ་མ་རྣམས་རྗེ་རིགས་ཡིན་ཟེར་ཡང༌། སློབ་དཔོན་ཉིད་ཀྱི་དོ་ཧ་ལས། རེག་གིན་རེག་གིན་འགྲོ་སྟེ་བྲམ་ཟེའི་བུ། །ཞེས་བྲམ་ཟེའི་རིགས་སུ་གསལ་དེ་ནང་དོན་ལ་སྦྱོར་ཡང་ཕྱི་དང་མཐུན་པའི་བརྡ་མཛད་པ་ཡིན་པས་སོ། སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་ཡང་ཡུལ་ཨུ་རུ་བི་ཤ་ཡིན་ལ། ཁོ་བོའི་བླ་མ་གསུང་པ་ཡང་ཡུལ་ཨུ་རུ་བི་ཤ་དེ་ནི་བྷང་ག་ལ་དང་ཉེ་བར་ཡོད་གསུང༌། ལུང་བསྟན་ནི་ནག་པོ་ཆེན་པོའི་རྒྱུད། མགོན་པོ་མངོན་འབྱུང་རྩོལ་བྲལ་རྭ་ཆོས་རབ་ཀྱིས་བསྒྱུར་བ་ལས། དེ་ལྟར་ཡུལ་ཨུ་རུ་བི་སར་ཡང་མཚུངས་པར་ངེས་པའོ། །དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོའི་སྦྱོར་བ་དང་ལྡན་པ། རཱ་མ་ཎའི་བཀའ་དང་མཚུངས་པ། སྡེ་ཚན་དང་པོའི་དང་པོ་ལ་དབྱངས་ཡིག་དང་པོས་བརྒྱན་པ། སྡེ་ཚན་བདུན་པའི་བཞི་པ། ཅུང་ཟད་ན་ལ་ཞོན་པའི་མིང་ཅན་རྣལ་འབྱོར་དབང་པོ་གཅིག་པུ་འདིས་དངོས་གྲུབ་བརྒྱད་ཐོབ་པར་འགྱུར་རོ། །ཛམ་བུའི་གླིང་དུ་མ་བྱུང་ཞིང་འབྱུང་བར་མི་འགྱུར་རོ། །དེའི་སློབ་མ་དྲུག་གིས་ལུས་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་ཡུལ་དང་མཚན་དང་དངོས་གྲུབ་དང་སློབ་མ་རྣམས་ཞིབ་པོར་གསུངས་པའོ། །སློབ་དཔོན་ཆེན་པོ་འདིའི་ལོ་རྒྱུས་ནི་རྣམ་ཐར་ལོགས་སུ་འབྱུང་བ་ལས་བལྟ་བར་བྱའོ། །སློབ་དཔོན་དེ་ལ་སངས་རྒྱས་ཀྱིས་ལུང་བསྟན་


TNT17_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་མ་དྲུག་ན། བཟང་པོའི་ཞབས། མ་ཧི་ལ། བྷ་ད་ལ། དགེ་ཚུལ་ཚིམ་བུ་པ། དྷ་མ་པ། དྷུ་མ་པ་རྣམས་སོ། ཁ་ཅིག་བྷ་ད་ལ། བྷ་དྲ་པ་བཟང་པོ་པ་དང་གཅིག་ཟེར་ནས་ལོགས་སུ་མི་བགྲོང༌། འདིར་བགྲོང་རྒྱུ་ཨེ་ཡ་ལ་པར་འདོད། རྣལ་འབྱོར་མ་ཡང་མེ་ཁ་ལ་དང༌། ཀ་ན་ཁ་ལ་དང༌། བན་དྷེ་པ་ལ་སོགས་པ་དེ་རྣམས་ན། སློབ་དཔོན་ཉིད་བཞུགས་པའི་དུས་སུ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་གསུང༌། བློན་པོ་ཀུ་ཤ་ལ་ནཱ་ཐ། རྒྱལ་པོ་ལི་ལ་ཙནྡྲ་དང༌། དཔག་མེད་རྡོ་རྗེ། རྒྱལ་བུ་ལ་བ་ཡི་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་བསམ་གྱིས་མི་ཁྱབ་པ་བྱུང༌། བྲམ་ཟེ་དཔལ་འཛིན་ལ་སོགས་པ་དུས་ཕྱིས་མཇལ་བའི་དངོས་གྲུབ་བརྙེས་པ་ཡང་བྱུང་ངོ༌། །སློབ་དཔོན་བྷ་དྲ་པས་ཨནྟར་པ་ལ་གདམས། དེས་ནག་པོ་སྤྱོད་པ་ཆུང་བ་ཞེས་ཀྱང་གྲགས་པ་ལ་གདམས། དེས་བྷུ་བ་རི་པ་ལ་གདམས། དེས་བོད་དུ་འཁྲུངས་པ་བྷུ་བ་བློ་ལྡན་ལ་གདམས། དེས་ཀུ་ས་ལི་བྷ་དྲ་ཆུང་བ་ལ་གདམས་པའི་ལུགས་ཀྱང་ཡོད། ཡང་ནག་པོ་སྤྱོད་པས་གུ་ཧྱ་པ་ཞེས་གྲགས་པ་བཟང་པོའི་ཞབས་ལ་གདམས། སློབ་དཔོན་འདིས་བླ་མ་ལ་བར་ཆད་བྱེད་པའི་མཁའ་འགྲོ་མ་བཱ་ཧུ་རཱི་ཞེས་པ་དེ་ཞིང་ཐམས་ཅད་དུ་མངོན་ཤེས་ཀྱིས་བཙལ་ཡང་རེ་ཞིག་མ་རྙེད། ཕྱི་ཤིག་ན་དེ་ཝཱི་ཀོ་ཊ་ཉིད་ན་ཤིང་ཤིམ་པི་ལའི་སྡོང་པོ་ཞིག་གི་ཁོག་ནང་ན། རྡུལ་གཅིག་ཏུ་བརྫུས་ནས་འདུག་པ་མཁྱེན་ནས། དེའི་ཅོ་ཏོ་ནས་བཟུང༌། ཤིང་སྡོང་གི་ནང་ནས་ཕྱིར་ཕྱུང་སྟེ་གྲུབ་པའི་རལ་གྲིས་བསྣུན་ནས་ཚར་བཅད་དོ། །དེས་སློབ་དཔོན་ཏིལླི་པ་ལ་


TNT17_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་གསུང༌། བོད་ན་སྔར་གྲགས་པ་ལ་གུ་ཧྱ་པས་ཨནྟ་རྦ་ལ་གདམས། དེས་ཏིལླི་པ་ལ་གདམས་པར་འདོད། སྐབས་འདིར་མི་གསུང་ཡང༌། སྤྱིར་གྱི་དུས་བསྒྲིགས་པ་དང་བརྒྱུད་པའི་བབས་ལ་དེ་ངོས་འཐད་པར་སྣང་ངོ༌། །ཡང་སྤྱོད་པ་པས་དགེ་བའི་མགོན་པོ་ལ་བཤད་དེ། དེ་ནི་རེ་ཞིག་བློན་པོའི་བྱ་བ་བྱེད་ཅིང་བསྒོམས་པས། མངོན་ཤེས་ཅུང་ཟད་ཐོབ་སྟེ། རྒྱལ་པོའི་དྲུང་དུ་འདུག་པའི་ཚེ། རང་གི་ལྷ་ཁང་དུ་ཞོའི་རྫིའུ་ཞིག་བཞག་པ། བྱི་ལས་ལྡགས་པ་མངོན་ཤེས་ཀྱིས་མཐོང་ནས་དེ་སྐྲོད་པའི་བརྡའ་བྱས་པ། རྒྱལ་པོས་ཅི་ཡིན་དྲིས་པ་ན། དྲང་པོར་སྨྲས་པས། དངོས་གྲུབ་ཐོབ་པར་ཤེས་ཏེ། མཆོད་གནས་སུ་བཀུར། རིངཔོར་མི་ཐོགས་པ་རྒྱལ་པོས་ཀྱང་མངོན་ཤེས་ལྔ་གྲུབ། བློན་པོ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཏོ། །དེས་ཀྱང་ཏིལླི་པ་ལ་བཤད་དོ། །སློབ་དཔོན་ཏིལླི་པ་ན། ཤར་ཕྱོགས་ཙ་ཊི་གྷ་པོ་ཞེས་བྱ་བའི་གྲོང་ཁྱེར་དུ་བྲམ་ཟེའི་རིགས་སུ་སྐྱེས་ཏེ། ཆེར་སྐྱེས་པ་ན་བྲམ་ཟེའི་ལུགས་ཀྱི་བསྟན་བཅོས་ཐམས་ཅད་ཤེས་ཤིང༌། ཡུལ་འགའ་ཞིག་ཏུ་སློང་མོ་ལ་ཕྱིན་པའི་ཚེ། མཐར་གཙུག་ལག་ཁང་ཞིག་ན། དགེ་འདུན་རྣམས་སྤོང་བས་གནས་པ་མཐོང་ནས། དེར་དད་དེ་རབ་ཏུ་བྱུང༌། སྡེ་སྣོད་གསུམ་གྱི་ཚུལ་ཡང་ཤེས། སྔར་སྨོས་པའི་སློབ་དཔོན་གཉིས་ལ་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གདམས་པ་མཐའ་དག་མནོས་ནས་བསྒོམས་པས་རིང་པོ་མི་ཐོགས་པར་ཡེ་ཤེས་ཁྱད་པར་ཅན་སྐྱེས་ཏེ། གྲུབ་པའི་སྐྱེས་བུ་མཐའ་ཡས་པའི་ཞལ་ཡང་མཐོང༌། དེ་རྣམས་


TNT17_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏམ་འདྲེ་ཞིང་རྗེས་སུ་གདམས་པ་ཡང་ཐོབ། དཔལ་ཧེ་རུ་ཀ་དང་མཁའ་འགྲོ་མའི་ཚོགས་རྟག་ཏུ་ཞལ་མཐོང་བས། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྐྱེན་གྱིས་ཀྱང༌། ཡེ་ཤེས་གོང་ནས་གོང་དུ་འཕེལ་བར་གྱུར་ཏེ། ཞིང་གི་རྣལ་འབྱོར་མ་ཏིལ་བརྡུང་མཁན་གྱི་བུ་མོ་ཞིག་དང་ལྷན་ཅིག་ཏུ་སྤྱོད་པས། དགེ་འདུན་རྣམས་ཀྱིས་གནས་གཞི་ནས་བསྐྲད། གྲོང་ཁྱེར་དུ་ཏིལ་བརྡུང་གི་བྱ་བ་མཛད་པས། སྔར་བྲམ་ཟེའི་པཎྜི་ཏ་དགེ་སློང་དུ་གྱུར་པ་ཡིན་པས། རྙེད་བཀུར་ཆེན་པོ་ཡོད་པ་ཡང་ཉམས་ཏེ། ཏིལ་བརྡུང་མའི་བདག་པོར་གྱུར་པས་ཏིལླི་པ་སྟེ། ཏིལ་བརྡུང་མཁན་ཞེས་མིང་ཡང་འགྱུར་རོ། །དེ་ནས་ཞིང་སྣ་ཚོགས་སུ་སྤྱོད་ཅིང་གནས་པས། ཨོ་རྒྱན་ལ་སོགས་པའི་ཡུལ་རྣམས་སུ་མཁའ་འགྲོ་མ་རྣམས་ཀྱི་གདམས་པ་ཐམས་ཅད་ཐོབ། དེས་ན་ཏིལ་བརྡུང་བའི་བྱ་བ་མཛད་པས། ཏིལ་ལ་མར་ཁུ་འབྱུང་བ་བཞིན། བླ་མའི་མན་ངག་གིས་ལུས་ལ་གནད་དུ་བསྣུན་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བར་མཁྱེན་པ་སོགས་བྱ་བ་ཐམས་ཅད་ཀྱིས་ཀྱང་རང་ལ་ངོ་སྤྲད་པར་སོང་སྟེ་མཆོག་གི་དངོས་གྲུབ་ཐོབ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞལ་ཡང་གཅིག་ཅར་མཐོང་ངོ༌། །དེར་རང་གི་རྟོགས་པ་དེ་གཞན་ལ་སྟོན་པར་བཞེད་ནས། དུས་གཞན་ཅིག་ན། གྲོང་ཁྱེར་གྱི་ཚོང་འདུས་རྣམས་སུ་རྟོགས་པ་གླུར་བླངས་པས། སྐྱེ་བོ་ཐམས་ཅད་ཐེ་ཚོམ་དུ་གྱུར། ལན་ཅིག་བྷང་ག་ལའི་གྲོང་ཁྱེར་ཅིག་ཏུ་སྐྱེ་བོ་བརྒྱ་སྟོང་དུ་མ། སློབ་དཔོན་ལ་བལྟར་འོངས་


TNT17_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། སློབ་དཔོན་རིག་མ་དང་ལྷན་ཅིག་མི་གང་ཙམ་གྱི་ནམ་མཁའ་ལ་ཏིལ་བརྡུང་བཞིན་འདུག་གོ །མི་རེས་དྲི་བ་རེ་བྱས་པ་ལ། ལན་དུ་རྟོགས་པའི་གླུ་རེ་བླངས་པས། དེར་འཚོགས་པའི་སྐྱེ་བོ་ཕལ་ཆེར་གྱིས་ཀྱང་དོན་རྟོགས་ནས་དངོས་གྲུབ་ཐོབ་པ་ཡིན་སྐད། དེར་གྲུབ་ཐོབ་ཏིལླི་པ་ཞེས་གྲགས་ཤིང༌། ཡུན་རིང་པར་འགྲོ་བའི་དོན་མཛད་ནས། སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བཞུད་པ་ཡིན་ནོ། །འདིའི་སློབ་མ་ནི་རོལ་པའི་རྡོ་རྗེ་དང༌། ནཱ་རོ་པ་གཉིས་ཡིན། སྔ་མའི་གཏམ་རྒྱུད་འདིར་མི་གསུང་སྟེ། མི་ཏྲ་ཛོ་གིའི་ཆོས་སྐོར་ན་འདུག་པ་དེ་ཡིན་པར་མངོན། མར་དོ་དང༌། པུ་རངས་ལོ་ཆུང་གི་ལུགས་ཀྱི་བདེ་མཆོག་གི་ལོ་རྒྱུས་དང༌། དཔྱལ་པའི་དགེས་རྡོར་ལོ་རྒྱུས་ན། གཽ་ཏ་མ་ཤི་ཥྱ་ཡང་སློབ་མ་མཆོག་ཏུ་བཤད་དོ། །ནཱ་རོ་པ་ནི་ཁ་ཆེའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་ངུ་ནས་མུ་སྟེགས་ཀྱི་པཎྜི་ཏར་གྱུར་པ་ལ། དེར་མུ་སྟེགས་པའི་གསང་སྔགས་པ་བྱས་ནས། བྲམ་རིགས་ཀྱི་སྤྱོད་པ་བོར། ཨ་བ་དྷུ་ཏི་བྱས་སོ། ལན་ཅིག་ཆང་འཚོང་མ་ཞིག་གི་ནང་དུ་ཕྱིན་པས། དེ་ན་སངས་རྒྱས་པའི་བཎ་ཆུང་ཞིག་ཡོད་པ། ནཱ་རོ་པའི་ཟིལ་མ་བཟོད་པར་བྲོས་སོང་བ། དེའི་ཤུལ་དུ་མདོའི་དཔེ་ཞིག་ལུས་འདུག་པ་གཟིགས་པས། ཆོས་ལ་ཤིན་ཏུ་མོས་ཏེ། ཡུལ་དབུས་སུ་སོང་ནས། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། པཎྜི་ཏ་ཆེས་ཆེན་པོར་གྱུར་པ་ན། ནཱ་ལེནྡྲ་དང༌། བི་ཀྲ་མ་ཤཱི་ལའི་བྱང་སྒོ་བསྲུང་བ་མཛད། དེར་མུ་སྟེགས་རྣམས་ཚར་བཅད་ཀྱིན་ཉན་བཤད་རྒྱ་ཆེར་མཛད་པ་ལས། རང་སེམས་བ་འཇོ་བའི་


TNT17_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་ཙམ་ཡང་མི་གནས་པར་འདུག་ནས། མཚན་རེ་བཞིན་འཁོར་ལོ་བདེ་མཆོག་རྟག་ཏུ་བསྒོམས་པས། མཁའ་འགྲོ་མ་མང་པོས་ཞལ་བསྟན་ཏེ། ཤར་ཕྱོགས་ན་སློབ་དཔོན་ཏིལླི་པ་ཞེས་བྱ་བ་ཡོད་པས་དེའི་དྲུང་དུ་སོངས་ཤིགདངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྐུལ། ཤར་ཕྱོགས་སུ་སོང་ནས་ཕྱོགས་ཐམས་ཅད་དུ་ཏིལླི་པ་བཙལ་བས་མ་རྙེད། ལན་ཅིག་གཙུག་ལག་ཁང་ཞིག་ན་དགེ་འདུན་རྣམས་ཟས་ལ་འདུས་ཏེ་སྒོ་ནང་ནས་བསྡམས། ནཱ་རོ་པ་རུང་ཁང་ན་ཡོད་ཙ་ན། མི་སྔོན་པོ་བཙོག་བཙོག་འདྲ་བ་ཞིག་བྱུང་ནས། ཉ་གསོན་པོ་མང་པོ་མེ་མདག་ལ་བསྲེག་གིན་འདུག་ནས། དེར་ནཱ་རོ་པས་བཟློག་མ་ཐུབ། དེ་རྗེས་དགེ་འདུན་རྣམས་བྱུང་ནས་གཤེ་བ་ལ། དེ་ན་རེ། ཁྱེད་རྣམས་མི་དགའ་ན་སླར་ཡང་ཆུ་ལ་བཏང་བས་ཆོག་གསུང་སྟེ། ཉ་མེས་ཚོས་པ་རྣམས་ཆུ་ལ་ཕོ་བས་འཕྱོང་ཞིང་སོང་སྐད། ནཱ་རོ་པས་དེ་གྲུབ་ཐོབ་ཡིན་པར་ཤེས་ནས། ཕྱི་བཞིན་སོང་སྟེ་ཞབས་ལ་ཕྱག་བྱས་གསོལ་བ་བཏབ་པས། ཁྲོ་ཞིང་བརྡེག་པ་ལས། ཚིག་རྣལ་མ་ཙམ་ཡང་མི་གསུང༌། ཏིལླི་པ་ཡིན་ནམ་སྙམ་པའི་ཚེ་ཡིན་ཡིན་གསུང༌། མིན་ནམ་སྙམ་པའི་ཚེ་མིན་མིན་གསུང༌། དེར་གཞན་སེམས་མཁྱེན་པ་དང༌། ཏིལླི་པ་ཡིན་པར་ཤེས། ཡང་རེས་འགའ་རྣལ་འབྱོར་པའི་སྤྱོད་པ་ལྟར་སྟོན། རེས་འགའ་སྨྱོན་པར་བརྫུ་ཡིན་སྣང༌། དེར་ཡང་ནཱ་རོ་པ་ལ་རྣམ་རྟོག་མ་སྐྱེས། ལན་ཅིག་གྲོང་ཁྱེར་ན་བག་མ་ལེན་པའི་ས་ཤིག་ནས་ཚོད་མ་མང་པོ་བླངས་ཏེ། སློབ་དཔོན་ལ་དྲངས་པ་ན། སློབ་དཔོན་དེ་ལ་ཞེན་ཞེན་ལྟར་མཛད་ཅིང་འདུག་པས།


TNT17_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འདི་ལ་མཉེས་སོ་སྙམ་སྟེ། སླར་ཡང་སྔར་གྱི་སར་སོང༌། དེ་ཡང་རྒྱ་གར་ན་ཉི་མ་གཅིག་ལ་མགྲོན་དུ་ལན་གཉིས་སྐྲུ་བའི་སྲོལ་མེད་པས། ཚོད་མའི་སྣོད་བརྐུས་ཏེ་ཁྱེར་འོངས་པ། མི་རྣམས་ཀྱིས་དེད་པས། དབྱུགས་པ་དང་རྡོ་མང་པོ་ལུས་ལ་ཕོག་ཀྱང༌། སྣོད་མ་ཤོར་བར་ཚོད་མ་རྣམས་བླ་མ་ལ་དྲངས། ཡང་ལན་ཅིགསྲིན་བུ་ཛ་ལུ་ཀ་སྟེ་པད་པ་མང་པོ་ཡོད་པའི་ཆུ་ཁ་ཞེང་ཆུང་ངུ་ཞིག་གི་འགྲམ་ན། བླ་མ་ཕར་ཙམ་ཚུར་ཙམ་མཛད། དེར་ནཱ་རོ་པས། བདག་ཆུའི་དབུས་སུ་ཞུགས་ནས་ཟམ་པ་བགྱིའམ་ཞུས་པས། རུང་གསུང༌། དེ་ལྟར་བྱས་པས། ནཱ་རོ་པའི་མགོ་བོར་ཞབས་བཞག་ནས་མཆོངས་ཏེ་ཕར་བྱོན། ང་མྱུར་དུ་ལྡོག་འོང་བས་དེ་ཁར་སྡོད་ཅིག་གསུང༌། བླ་མ་ཡུན་རིང་རབ་མ་བྱུང༌། ཚུར་ལམ་ཡང་བླ་མས་སྔ་མ་བཞིན་བྱོན། དེར་སྲིན་བུ་པད་པས་ལུས་ཀྱི་ཁྲག་ཐམས་ཅད་འཇིབས་ཏེ་འཆི་བ་ལ་ཐུག་པར་སོང༌། ཡང་རིམ་གྱིས་གསོས་ནས། བླ་མའི་ཕྱི་བཞིན་སོང་བ་ན། ལམ་དུ་རྒྱལ་པོའི་བུ་མོ་མདོ་ལི་ལ་བཏེགས་ནས་བྱུང་བ་དང་འཛོམ་པས། ཏིལླི་པ་ན་རེ། རྒྱལ་པོའི་བུ་མོ་འདི་ཕྲོགས་ཤིག་གསུང༌། ན་རོ་པས་བྲམ་ཟེར་བརྫུས་ཏེ། ཤིས་པ་བརྗོད་པ་ལྟར་བྱས་ནས། བུ་མོའི་མགོ་བོར་མེ་ཏོག་བཞག་སྟེ། སྟོབས་ཀྱིས་ཁྲིད་ནས་བྲོས་པས། གཡོག་རྣམས་ཀྱིས་ནཱ་རོ་པ་བརྡུངས་ཏེ་ལྡང་མི་ཐུབ་པར་ས་ལ་རོ་བཞིན་སོང༌། དེ་སློབ་དཔོན་གྱི་ཐབས་ཀྱིས་གསོས་ནས། ཡང་ལམ་དུ་སོང་བ་ལས། བློན་པོའི་ཆུང་མ་འགྲོ་བ་དང༌། བག་མ་ཞིག་འགྲོ་ཡིན་འདུག་པ་ལ་ཡང་སྔ་མ་ལྟར་གསུང་ནས། གསོས་


TNT17_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་གོང་བཞིན། དེར་བླ་མ་བུད་མེད་བཞེད་པར་འདུག་སྙམ་སྟེ། རིགས་མཐོ་བའི་བུ་མོ་ཞིག་ཕ་མ་ལ་རིན་སྦྱིན་ཏེ་ནཱ་རོ་པ་རང་གིས་བླངས་ནས། ནང་པར་བླ་མ་ལ་འབུལ་སྙམ་སྟེ། དེ་ནུབ་རང་གིས་བསྟེན་པས། ནང་པར་བླ་མས་ནཱ་རོ་པའི་རྟགས་རྡོའི་བར་དུ་བཅེར། དེར་ཉིན་ཞག་མང་པོར་ཤིན་ཏུ་ན་པར་གྱུར་པ་ན། བླ་མས་སྔགས་བཏབ་པས་གསོས། དེར་བུད་མེད་དེ་སློབ་དཔོན་ལ་ཕུལ་པ་ལས། ལན་ཅིག་བུ་མོ་དེ་ནཱ་རོ་པ་ལ་བལྟ་རྒོད་བྱེད་པ་ལ། བླ་མས་ཁྱོད་ང་ལ་མི་དགའ་བར་འདི་ལ་དགའ་བ་ཞེས་དེ་དང་ནཱ་རོ་པ་གཉིས་ཅར་བརྡུངས་སོ། །དེ་དག་ཀྱང་ནཱ་རོ་པའི་དད་པ་བརྟན་མི་བརྟན་བརྟགས་པ་ཡིན་པ་ལས་ནཱ་རོ་པ་མ་དད་པ་མ་སྐྱེས་པར་མ་ཟད་དད་པ་ཕྱིར་ཞིང་འཕེལ་ལོ། །ཡང་ལན་ཅིག་དཔོན་སློབ་གཉིས་ཁང་བཟང་གི་རྩེ་མོ་ཞིག་ན་ཡོད་པ་ལ། འདི་ན་མར་མཆོངས་ནུས་པ་གཅིག་བྱུང་ན་ང་དགའ་སྟེ་གསུང་པ་ལ། བླ་མའི་ཐབས་ཀྱིས་མྱུར་དུ་གསོས་འོང་སྙམ་སྟེ། ནཱ་རོ་པས་མཆོངས་པས་ཡན་ལག་རྣམས་ཆགདེར་བླ་མ་ཉིན་ཞག་མང་པོར་བྱོན་མ་བྱུང༌། ད་ཡོངས་འཆི་བ་ལས་འོས་མེད་སྙམ་པ་ལ། བླ་མ་བྱོན་ཏེ་སྔགས་བཏབ་པས་གསོས། དེ་ལྟར་ལོ་བཅུ་གཉིས་སུ་དཀའ་བ་དཔག་ཏུ་མེད་པས་བླ་མ་བསྟེན་ཀྱང༌། ཐ་ན་ཚིག་ལེགས་པ་གཅིག་ཀྱང་མ་གསུངས་སྐད། དེ་ནས་ལན་ཅིག་ཐང་སྟོང་པ་ཅིག་ཏུ། ད་ངས་གདམས་ངག་བསྟན་གྱི་མཎྜལ་ཕུལ་གསུང༌། འདི་ན་ཆུ་དང་མེ་ཏོག་མི་འདུག་ཞུས་པས། ཁྱོད་ཀྱི་ལུས་ལ་ཁྲག་དང་སོར་མོ་ཡང་མེད་དམ་གསུང༌། ཁྲག་གཏར་ཏེ་ཁྲག་གིས་ཆག་ཆག་བཏབ། སོར་མོ་


TNT17_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཅད་དེ་ཚོམ་བུར་བཀོད། དེར་ཏིལླི་པས། ནཱ་རོ་པའི་སོར་མོ་རྣམས་བསྡུས་ནས། འཇིམ་པ་དང་མཆིལ་ལྷམ་ན་རོ་པའི་གདོང་ལ་རྒྱབ་པས། ཡུག་ཅིག་དྲན་མེད་དུ་སོང༌། །སངས་ཙ་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང༌། སོར་མོའང་གསོས་སོ། །སླར་ཡང་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་སྩལ། དེར་ནཱ་རོ་པ་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར་པ་ལ། ཏིལླི་པ་ན་རེ། ད་ཁྱོད་རྩོད་པ་མ་བྱེད། སློབ་མ་མ་བསྟེན། བཤད་པ་མ་བྱེད། དེ་ལྟར་ན་མྱུར་དུ་མཆོག་ཐོབ་པར་འགྱུར་གསུང༌། དེ་ནས་ཕུ་ལཱ་previous hit ་རིར་སྤྲོས་མེད་ཀྱི་ཏིང་ངེ་འཛིན་ལ་གནས་པའི་ཚེ། ལན་ཅིག་མུ་སྟེགས་དང་རྩོད་བྱེད next hit་དགོས་བྱུང་སྟེ། དེ་ཡང་དགེ་འདུན་གྱི་སྡེ་ཅིག་ཏུ་མུ་སྟེགས་ཀྱི་རྒོལ་བ་མཁས་པོ་ཞིག་རྩོད་པར་བྱུང༌། དེ་དང་རྩོད་ནུས་པ་མ་བྱུང་པའི་སྐབས་རྒན་མོ་ཞིག་ན་རེ། དཔལ་སྙན་གྲགས་བཟང་པོ་གཾ་ཡོ་ན་འདུག་པ་ལ་ཟེར་བ། དགེ་འདུན་རྣམས་ཀྱིས་བཙལ་པས་རྙེད། རྩོད་པར་ཞུས་པས་སངས་རྒྱས་པའི་བསྟན་པ་ལ་ཕན་པར་དགོངས་ནས། དེའི་ནང་པར་རྩོད་པ་མཛད་ཙ་ན། རྩོད་པ་ཅུང་ཟད་ཕམ་པས། ང་ལྟ་བུའི་སྨྲ་བའི་དབང་ཕྱུག་ཅི་ཕྱིར་ཕམ་སྙམ་བསམས་པས། བླ་མའི་བཀའ་དྲན་ཏེ། བླ་མ་ལ་གསོལ་བ་བཏབ་པས། དེ་མ་ཐག་རྩོད་པ་ཡང་རྒྱལ། ཏིལླི་པ་མི་ཐོད་ཁྲག་འཛག་པ་ཐོགས་ནས་འཇིགས་འཇིགས་འདྲ་བ་སྤྲང་པོའི་རྣམ་པར་མངོན་སུམ་དུ་བྱོན། ནཱ་རོ་པས་ཞབས་ལ་ཕྱག་བྱས། མུ་སྟེགས་ན་རེ། ཁྱོད་སངས་རྒྱས་པ་སྙིང་རྗེ་ཅན་ཡིན་ཟེར་ཡང༌། སྙིང་རྗེ་མེད་པའི་སྲིན་པོ་འདི་ལ་ཕྱག་འཚལ་བ་


TNT17_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་ཁྱོད་ཕམ་པ་ཡིན་བྱས་པས། ཏིལླི་པས་མུ་སྟེགས་པའི་ལྷ་ཁང་ལ་སྡིགས་འཛུབ་མཛད་དེ། ཕམ་མོ་ཕམ་མོ་ཞེས་བྲོ་བརྡུངས་པས། ལྷ་ཁང་ཞིག་སྟེ། དེར་རྩོད་པ་དང་ནུས་པ་གཉིས་ཀ་སངས་རྒྱས་པ་རྒྱལ་ལོ། །བླ་མའི་བཀའ་ཅུང་ཟད་བཅག་པ་དེས། སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་མ་ཐོབ། སྐུ་ལུས་བོར་མ་ཐག་ཏུ་སངས་རྒྱས་པ་ཡིན་གསུང༌། སློབ་དཔོན་འདི་ནི་ཕལ་ཆེར་ཕུལླ་ཧ་རི་ཉིད་དུ་བཞུགས། སྐབས་སྐབས་སུ་ཡུལ་སྣ་ཚོགས་སུ་རྒྱུ་ཞིང་དབང་བསྐུར་བ་དང༌། རྒྱུད་དང་གདམས་ངག་གསུང་པ་དང༌། མུ་སྟེགས་ཅན་རྩོད་པས་ཚར་གཅོད་པ་ལ་སོགས་པ་མཁས་པའི་བྱ་བ་མང་པོའང་མཛད། གཙོ་བོར་ལས་ཆེན་བཅུ་གཉིས་ཐོགས་མེད་དུ་གྲུབ་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད། ཡི་དམ་གྱི་ལྷ་ཐམས་ཅད་ཀྱི་ཞལ་རྟག་ཏུ་གཟིགས་པ། ཐུན་མོང་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པའི་སྒྲུབ་པ་པོ་ཆེན་པོ་ཡིན་ནོ། །སློབ་དཔོན་འདིའི་སློབ་མ་ན། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པ་ལ་སོགས་པ་སྒོ་བསྲུངས་ཀྱི་པཎྜི་ཏ་དང༌། ཇོ་བོ་རྗེ་ཨ་ཏི་ཤ་ལ་སོགས་པ་བསྟན་པའི་མངའ་བདག་མང་པོ་ཡོད། ཐུན་མོང་མ་ཡིན་པའི་སློབ་མའང༌། བཤད་རྒྱུད་འཛིན་པ་ལ་ཕ་རྒྱུད་ལ་མཁས་པ་བཞ། མ་རྒྱུད་ལ་མཁས་པ་བཞི་སྟེ་བརྒྱད་དོ། །དང་པོ་བཞི་ན། ནག་པོ་འཇིགས་མེད་རྡོ་རྗེ། པི་ཊོ་ཧ་དུ། ཛ་ཡཱ་ཀ་ར། ཁ་ཆེ་ཨ་ཀ་ར་སིདྡྷིའོ། །ཕྱི་མ་བཞི་ན། མ་ན་ཀ་ཤྲཱ། དྷརྨ་མ་ཏ། ཕཾ་ཏིང་པ་ཆེན་པོ། པྲཛྙཱ་རཀྵི་ཏའོ། །དེ་རྣམས་ཀྱང་ནུས་པ་ལ་མངའ་བརྙེས་པ་ཤ་སྟག་གོ


TNT17_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁ་ཅིག་པི་ཊྭ་ཧ་དུ། དྷརྨ་མ་ཏི་དང་གཅིག སྔ་མ་བཞི་ལ། ཛྙཱ་ན་གརྦྷ་བགྲོང་ཟེར། གྲུབ་པ་བརྙེས་པའི་སློབ་མ་བཞི་སྟེ། དཔལ་མཆོག་ཌོཾ་བི་པ། རི་རི་པ། ཀནྡྷ་པ། ཀ་སོ་རི་པ་སྟེ་ཐམས་ཅད་ཀྱང་དངོས་གྲུབ་ཐོབ་པའོ། །སློབ་མ་བཞི་གསུམ་བཅུ་གཉིས་འདི་བོད་ན་སྔར་གྲགས་པ་ལྟར་བཀོད་པ་ཡིན་ནོ། །དཔལ་མཆོག་ཌོཾ་བི་པ་ན། དང་པོ་རྒྱལ་པོའི་བ་གླང་མང་པོའི་རྫི་བོ་ཡིན་ཏེ། ཀློག་ཀྱང་མི་ཤེས་པ་ཡིན་པ་ལ། ནཱ་རོ་པ་དགོན་པ་ཞིག་ན་བཞུགས་པ་ལ་མོས་པ་སྐྱེས་ནས། ཡང་ནས་ཡང་དུ་འོ་མ་དང་མར་དྲངས་སོ། །དེ་ནས་སློབ་དཔོན་ནཱ་རོ་པས། སེམས་བསྐྱེད་པ་ཞིག་ཀྱང་བསླབས། དགེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ནས་སྒོམ་ཐབས་ཤིག་ཀྱང་བསླབས། དེས་ཀྱང་བསྒོམ་བཞིན་ཡོད་པའི་ཚེ། ལན་ཅིག་ཆུས་ཁྱེར་པས། ཉ་ཞིག་གིས་མིད། ཉའི་ཁོག་ནང་དུ་ཧེ་རུ་ཀའི་དཀྱིལ་འཁོར་ཞལ་མཐོང་སྟེ་གནོད་པ་མེད་པར་ཕྱིར་ཕྱུང༌། དེ་ནས་སློབ་དཔོན་གྱི་དྲུང་དུ་ཀུན་སྤངས་ཀྱི་སྤྱོད་པ་བྱས་ཏེ། རྩེ་གཅིག་ཏུ་བསྒོམས་པས། མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་དེ། ཆོས་ཐམས་ཅད་དང༌། ཁྱད་པར་རྡོ་རྗེའི་ཐེག་པ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་རྒྱས། སློབ་མ་མང་པོ་ལ་ཡང་བཤད་པས། དངོས་གྲུབ་ཐོབ་པ་བྱུང༌། དེར་བསྟན་བཅོས་མང་པོ་རྩོམ་དགོས་པ་བྱུང་ནས། ཡི་གེ་སླར་བསླབས་པས་མུ་སྟེགས་དང༌། ནང་པའི་པཎྜི་ཏ་ཐམས་ཅད་ཅོ་འདྲི་བ་ཆོས་ཀྱི་གཏམ་གྱིས་ཚར་བཅད། ཕྱོགས་ཐམས་ཅད་དུ་སྙན་པའི་གྲགས་པས་ཁྱབ། ཨ་ཏི་ཤའི་ཡང་བླ་


TNT17_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། བོད་རྣམས་ཇོ་བོས་དངོས་སུ་མ་མཇལ་ཟེར་ཡང༌། མི་གཡོ་བ་དོན་དམ་པ་སྒྲུབ་པ་ཞེས་པ་ཇོ་བོས་མཛད་པར་ཡང༌། ཌོམྦི་པ་ལ་དངོས་སུ་གསན་པར་བཤད་ཅིང༌། དེས་མཛད་པའི་བསྟན་བཅོས་དེ་ཉིད་བཞི་པ་ལ། ཇོ་བོས་མཛད་པའི་འགྲེལ་པ་ཡང་སྣང་བ་དེར་ཡང་ཆོས་དེ་དག་དངོས་སུ་ཐོབ་པའི་ཚིག་སྣང་བ་དང༌། རྒྱ་གར་མཁས་པ་རྣམས་མཇལ་བར་མཛད་ཀྱིན་འདུགའགྲེལ་པ་དེའི་གླེགས་བམ་གྱི་རྒྱ་དཔེ་ཡང༌། སློབ་དཔོན་ནིརྦཱ་ཎ་ཤྲཱིའི་ཕྱག་ན་འདུག་པ་ཁོ་བོས་ཀྱང་མཐོང་ངོ༌། །སློབ་དཔོན་ཌོམྦི་ཆུང་བ་དེ་ལ་ཀུ་ས་ལ་བྷ་དྲ་ཆུང་བས་ཞུས་པ་ཡིན་ནོ། །སློབ་དཔོན་དེ་ནི་རྒྱ་གར་ནུབ་ཕྱོགས་མེ་བར་ཞེས་བྱ་བར་འཁྲུངས། ཆུང་ངུ་ནས་རིག་པའི་གནས་མང་པོ་མཁྱེན། མུ་སྟེགས་ཀྱི་བླ་མ་ཆེན་པོ་ཅིག་ལ་རབ་ཏུ་བྱུང་བར་ཞུས་པས། དེས་མ་ཁྲིད། འོ་ན་མུ་སྟེགས་འདི་རྣམས་ཐམས་ཅད་སུན་ཕྱུང་དགོས་སྙམ་ནས། དཔལ་རྡོ་རྗེའི་གདན་པའི་དྲུང་དུ་རབ་ཏུ་བྱུང༌། སྡེ་སྣོད་ཐམས་ཅད་ལ་ཤིན་ཏུ་མཁས་པར་སྦྱངས། སླར་ཀ་མ་རུའི་ཡུལ་དུ་བྲམ་ཟེར་བརྫུས་ཏེ་ཕྱིན་ནས། མུ་སྟེགས་ཀྱི་པཎྜི་ཏ་དང་བྲམ་ཟེ་དྲུག་ཙམ་ལ། མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་མཁས་པར་བསླབས། ཀ་མ་རུའི་ཡུལ་གྱི་སྒྱུ་མ་དང༌། བི་ཛེ་གི་རི་པའི་ལུགས་ཀྱི་སྔགས་མང་པོ་དང༌། མཁའ་འགྲོ་མའི་ངན་སྔགས་མང་པོ་དང༌། ཤྱང་ང་རའི་སྔགས་ཀྱི་རིགས་མང་པོ་བསླབས་ཤིང་གྲུབ་པར་བྱས། སྔར་གྱི་ནུབ་ཕྱོགས་ན་ཡོད་པའི་མུ་སྟེགས་ཀྱི་པཎྜི་ཏ་རྣམས་ཀྱི་རྩ་རུ་སོང༌། རྒྱལ་པོ་ཀརྞ་ཞེས་བྱ་བ་གཅིག་ཡོད་པས། དཔང་


TNT17_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཞག སངས་རྒྱས་པའི་རྣལ་འབྱོར་པ་དང་པཎྜི་ཏ་ནི་ཉིས་སྟོང་ཙམ་འདུས། མུ་སྟེགས་ནི་བརྒྱད་སྟོང་ཙམ་འདུས་ནས་རྩོད་པ་བྱས་པས། སློབ་དཔོན་རིག་པ་བཟང་ཞིང་མུ་སྟེགས་ཀྱི་རྒྱུས་ཡོད་པས། རེ་རེ་བཞིན་དུ་ཐམས་ཅད་སུན་ཕྱུང༌། དེར་ཆོ་འཕྲུལ་འགྲན་པར་བྱས་པས། མུ་སྟེགས་པའི་རྣལ་འབྱོར་པ་ཞིག་གིས་ནམ་མཁའི་སྐར་མ་གཉིས་ས་ལ་ཕབ་པ་ལྟར་སྣང་བ་ན། མི་མགོའི་གཟུགས་ཅན་ཁང་པ་ཙམ་ནག་པོ་གཉིས་འདུག་སྐད། དེ་ནི་སློབ་དཔོན་གྱིས་མིག་འཕྲུལ་ཡིན་པར་ཤེས་ནས། དེ་བཤིག་པའི་སྔགས་བཟླས་པས། དེ་གཉིས་སོལ་བ་རྡོག་པོ་གཉིས་སུ་སོང༌། མི་ཐམས་ཅད་ཀྱིས་མིག་འཕྲུལ་དུ་གོ །མུ་སྟེགས་འགའ་རེས་ལུས་ལ་མེ་འབར་བ་སོགས་སྟོན་པ་ལ། དེར་ཆུ་ཕབ་པས་མེ་རྣལ་བ་སོགས་རེ་རེ་ནས་སུན་ཕྱུང་སྟེ་ཐམས་ཅད་སྒྱུ་མས་སྒྱུ་མ་བཅོམ་པ་ཡིན་གསུང༌། མཐར་མུ་སྟེགས་ཀྱི་གཙོ་བོ་བཞི་སློབ་དཔོན་གྱིས་སྔགས་བཏབ་པས་བྱི་ལར་སོང༌། ཤྱང་ང་རིའི་སྔགས་ཀྱིས་དེར་ཚོགས་པའི་མུ་སྟེགས་ཐམས་ཅད་ཀྱི་ཁྱིམ་གྱི་ཡོ་བྱད་ཐམས་ཅད་ས་རྡོར་བཏང༌། དེར་མུ་སྟེགས་རྣམས་ཕམས་ཏེ། རེ་ཞིག་ཡུལ་དེར་སངས་རྒྱས་པ་ཤིན་དུ་དར་བར་བྱུང༌། ད་ལྟར་ཡང་མང་བར་ཡོད་གསུང༌། དེར་སློབ་དཔོན་གྱིས་བསམས་པ། ངའི་འདི་ཀུན་རྫུ་འཕྲུལ་ནི་མ་ཡིན། རིག་སྔགས་སྣ་ཚོགས་ཀྱིས་མི་རྣམས་ཀྱི་མགོ་བསྐོར་བ་ཡིན་པས་ཉེས་པ་ཆེ་ཞིང༌། སྔོན་ཆད་ཐོས་བསམ་ཐམས་ཅད་ཆགས་སྡང་གི་དབང་དུ་གྱུར་པས། ད་ནི་ཀུན་སྤངས་བྱའོ་སྙམ་ནས་ཙར་ཡ་པའི་རྣལ་འབྱོར་པ་བྱས་ཐུགས་དམ་མཛད་ཀྱིན་ཡོད་པ་ལས། སློབ་དཔོན་དཔལ་མཆོག་


TNT17_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཌོམྦི་པ་དང་མཇལ། བདེ་དགེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། གདམས་ངག་ཐམས་ཅད་ཀྱང་ཐོབ་པར་བྱས། དེ་བཞིན་དུ་གོང་དུ་བརྒྱུད་པ་སོ་སོའི་སྐབས་སུ་སྨོས་པའི་བླ་མ་ཐམས་ཅད་ཀྱི་དྲུང་དུ་སོང་སྟེ། སྔ་མ་བཞིན་དུ་བླ་མ་ཐམས་ཅད་མཉེས་ཤིང༌། གདམས་ངག་ཀྱང་ཐོབ་ཡུན་རིང་དུ་བསྒོམས་པས། གྲུབ་ཆེན་ནག་པོ་སྤྱོད་པ་དང༌། བི་རཱུ་པ་དང༌། བྱཱ་ད་པ་ལ་སོགས་པ། སྔོན་བྱོན་གྱི་གྲུབ་ཆེན་མང་པོ་དང་ཡང་མཇལ་ཏེ། དེ་རྣམས་ཀྱིས་ཀྱང་གདམས་པ་རེ་ཡང་གནང༌། ཁོང་ཉིད་ཀྱིས་ལོ་བཅུ་གཉིས་སུ་ཤར་ཕྱོགས་ས་ར་བྷང་གའི་ནགས་ཚལ་དུ་འདུག་སྟེ་ཁ་ཟས་ཀྱི་འཁྲི་བ་བཅད་ནས་ཆུ་ཁོ་ན་གསོལ་ཞིང་བསྒྲུབས་པས། རྟོགས་པ་ནམ་མཁའ་དང་མཉམ་པ་སྐྱེས། གཡང་ས་ལ་བྱ་བཞིན་དུ་བཞུད་པ་དང༌། ཟླ་བ་ཙམ་གྱི་ལམ་ཆུ་ཚོད་གཅིག་གིས་བགྲོད་པ་དང༌། གཅན་གཟན་གཏུམ་པོ་རྣམས་ཀྱིས་རྙེད་བཀུར་བྱེད་པ་དང༌། འབྱུང་པོ་བྲན་དུ་འཁོལ་པ་དང༌། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་པ་དང༌། སེམས་ཅན་རྣམས་ཀྱི་བསམ་པ་ཤེས་པས། དེ་དང་མཐུན་པར་ཆོས་སྟོན་པ་ཡིན་ནོ། །དུས་དེ་ཙམ་ན་རྒྱ་གར་ཙམ་ན་ཡང་གདམས་ངག་ཆེ། གྲུབ་པ་ཐོབ་པར་གྲགས། ལན་ཅིག་སློབ་དཔོན་ནག་པོ་སྤྱོད་པ་དང་དངོས་སུ་མཇལ་ནས། ཁྱོད་སྤྲོས་བཅས་ཀྱི་སྤྱོད་པ་གྱིས། ངའི་རྗེས་སུ་འབྲང་བ་ཙརྻ་པ་ཐམས་ཅད་ཀྱི་གཙོ་བོར་འགྱུར། ངས་བྱིན་གྱིས་རློབ་པོ་ཞེས་ལུང་བསྟན། འཁོར་རིག་མ་ཉི་ཤུ་ཙམ་དང་བཅས་ཏེ་ཡུལ་སྣ་ཚོགས་སུ་སྤྲོས་བཅས་ཀྱི་སྤྱོད་པ་ལོ་བཅུ་གསུམ་མཛད། ཙརྻ་པའི་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཞབས་ལ་གཏུགས། མཐར་དེ་ཝཱི་ཀོ་ཊའི་དགོན་


TNT17_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལོ་བདུན་ཅུ་དོན་གཉིས་བཞུགས། སླར་སློབ་དཔོན་འདིས་ལོ་བརྒྱ་ལྔ་བཅུ་རྩ་བདུན་བཞུགས་པ་ཡིན་གསུང༌། ཕྱིས་ཀྱི་ཙརྻ་པ་རྣམས་ཀྱི་སྡེ་སྒྲིགས་བཀོད་ཅན་འདི་འཛུགས་མཁན་སློབ་དཔོན་འདི་ཡིན་ནོ། །དེའི་སློབ་མ་ནི་མང་ཡང༌། འདིར་སློབ་དཔོན་ཨ་སི་ཏ་གྷ་ན་ཡིན་ཏེ། དེ་ཡང་ཐོག་མ་མུ་སྟེགས་ཀྱི་རྣལ་འབྱོར་པ་ཞིག་ཡིན། ཡུལ་ནི་པྲ་ཡ་ག་ར་འཁྲུངས། སྒྲ་དང་རྟོག་གེ་ལ་མཁས། ལྷ་དབང་ཕྱུག་ཆེན་པོ་བསྒྲུབས་པས་གྲུབ་པའི་དངུལ་ཆུ་བྱིན། དེས་མི་མ་ཡིན་གྱི་གནས་མང་པོར་འགྲོ་བ་དང༌། ལུས་མི་རྒས་པ་ལ་སོགས་པ་བྱུང༌། མ་མོ་དང་འབྱུང་པོའི་སྔགས་མང་པོས་དྲག་ཤུལ་སྤྱོད་པ་གྲུབ། དེར་ང་རྒྱལ་ཆེ་བར་ཡོད་པ་ལ། ཙརྻ་པའི་རྣལ་འབྱོར་པ་ཞིག་དང་ནུས་པ་འགྲན་པས། དངུལ་ཆུའི་དངོས་གྲུབ་ཀྱང་ནུས་པས་ཕྲོགས། ཁོང་གི་དྲག་ཤུལ་སྤྱོད་པའི་མཐུ་གཅིག་ཀྱང་མ་སོང་བས་དེར་སངས་རྒྱས་པ་ལ་མོས་ནས། པཎྜི་ཏ་པྲ་བྷ་བར་མ་དང། སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ་དང༌། བི་བྷུ་ཏི་ཙནྡྲ་དང༌། དེ་ཝ་ཨཱ་ཀ་ར་ལ་སོགས་པ་མང་པོ་ལ་གདམས་ངག་ཞུས། རྒྱུད་ཀྱང་བདེ་དགེས་འཇིགས་བྱེད་གདན་བཞི་འདུས་པ་སྡེ་ལྔ་ཞུས་ཤིང་མཁྱེན། སླར་སློབ་དཔོན་ཀུ་ས་ལི་བྷ་དྲ་ཆུང་བ་དང་མཇལ། བཀའ་བབས་ཀྱི་གདམས་ངག་ཐམས་ཅད་ཀྱང་གནང༌། རྩེ་གཅིག་ཏུ་བསྒོམས་པས། འདོད་ཡོན་གྱིས་སེམས་ལ་གནོད་པར་བྱུང་ནས། ནགས་སུ་ལོ་བདུན་དཀའ་བ་སྤྱོད་ཅིང་བསྒོམས། དེར་ལཱུ་ཡི་པ་དང༌། བྱཱ་ད་ལི་པ་ལ་སོགས་པ་སྔོན་གྱི་གྲུབ་ཐོབ་མང་པོ་དང་དངོས་སུ་མཇལ་ཏེ་གདམས་པ་ཡང་ཐོབ། ཁྱོད་གྲོང་ཁྱེར་དུ་སོངས་ཤིག་འདོད་པའི་དོན་འགྲུབ་པར་འགྱུར་


TNT17_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་གསུངས་ཏེ། ནང་པར་གྲོང་ཁྱེར་དུ་སོང་བས། དེ་ན་གླུ་གར་མཁན་མང་པོ་གླུ་གར་རྩེ་བ་མཐོང་བས་རྐྱེན་བྱས་ཏེ། སེམས་རྒྱུད་ཡོངས་སུ་གྲོལ་ནས་དངོས་གྲུབ་ཐོབ། དེར་རྫུ་འཕྲུལ་གྱིས་བཞུད་ནས་སྐྱེ་བོ་རྣམས་ལ་ཆོས་མང་དུ་བསྟན། དེ་ནས་ཡུལ་སྣ་ཚོགས་སུ་སྐལ་བ་དང་ལྡན་པ་རྣམས་ལ་ངོ་མཚར་བའི་ལྟས་ཅུང་ཟད་སྟོན་ཅིང་སྙིང་པོའི་དོན་བཤད་པས། སྐྱེ་བོ་རྒྱུད་གྲོལ་བ་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །ལོ་ཉིས་བརྒྱ་ཙམ་སྐུ་ལུས་དེ་ཀས་བཞུགས། སློབ་དཔོན་འདིས་རྟོགས་པ་དོན་གྱི་གླུ་བླངས་པ་དང༌། རྒྱུད་སྡེའི་བསྟན་བཅོས་ཆུང་ངུ་མཛད་པ་ཡང་མང་དུ་སྣང་ངོ༌། །དེས་ཡེ་ཤེས་བཤེས་གཉེན་ལ་གདམས་ཏེ། པཎྜི་ཏ་མཁས་བརྒྱུད་བྱས་ན་རྣམ་གྲངས་མང་མོད་ཀྱང་ཞིབ་པར་མི་གསུང༌། བྱིན་རླབས་བཀའ་བབས་ཀྱི་བརྒྱུད་པ་འདིའི་དབང་དུ་བྱས་ན། སློབ་དཔོན་ཀུ་ས་ལི་ཆུང་བ་དང༌། ཨ་སི་ཏ་གྷ་ན་དང༌། ཡེ་ཤེས་བཤེས་གཉེན་གསུམ་གྱི་རིང་ལ་པཎྜི་ཏའི་བརྒྱུད་པ་དེད་ན། བླ་བརྒྱུད་བཅོ་ལྔ་ཉི་ཤུ་ཡོང་བར་སྣང་ངོ༌། །སློབ་དཔོན་དེ་ནི་རིགས་དམངས་རིགས། ཡུལ་ཏི་པུ་ར། ཤར་ཕྱོགས་ཛ་གད་ད་ལའི་གཙུག་ལག་ཁང་དུ་རབ་ཏུ་བྱུང༌། སྡེ་བ་ནི་མང་པོས་བཀུར་བ་ཡིན། དེའི་ལུགས་ཀྱི་འདུལ་བ་དང༌། མངོན་པའི་སྡེ་སྣོད་ཀྱང་མཁྱེན། ཐེག་པ་ཆེན་པོའི་གཞུང་ལུགས་ཀྱང་མང་དུ་མཁྱེན། ཁྱད་པར་གསང་སྔགས་ལ་མཁས་པའི་སློབ་དཔོན་མང་པོ་ལ་ཐུགས་ནས། འདུས་པ་གཤིན་རྗེ་གཤེད། བདེ་དགྱེས། ཟླ་གསང་ཐིག་ལེ། ཕྱག་ཆེན་ཐིག་ལེ། དུས་ཀྱི་འཁོར་ལོ་རྣམས་མཁས་པར་མཁྱེན། ཡང་དྷརྨ་པའི་སློབ་བརྒྱུད་ཀྱང་ཡིན། ཙརྻ་པ་ཡང་ཡིན་པ་


TNT17_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་མཧཱ་མཱ་ཡ་དང་གདན་བཞི་ཞུས། དེ་རྣམས་ཅི་རིགས་རིགས་བསྒོམ་ཞིང་ཡོད་པའི་ཚེ། གྲུབ་ཐོབ་ཨ་སི་ཏ་གྷ་ན་དང་མཇལ། བཀའ་བབས་གསུམ་གྱི་གདམས་ངག་མ་ལུས་པ་གནང༌། དེར་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེས་ཤིང་བླ་མ་ལ་ཞུས་པས། ད་སྟེ་ལོ་བཅུ་གཉིས་ན་ཡེ་ཤེས་གྲུབ་པའི་སློབ་དཔོན་ཞིག་ཟླ་བའི་གླིང་དུ་འབྱུང༌། ངའི་གདམས་ངག་གིས་རྒྱུ་བྱས། དེའི་གདམས་ངག་གིས་རྐྱེན་བྱས་ཏེ། ཁྱོད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་གསུངས་ནས། སློབ་དཔོན་ནི་ཨོ་རྒྱན་དུ་འགྲོ་གསུང་སྟེ་ནམ་མཁའ་ལ་གྱ་གྱུར་བཞུད་དོ། །བར་དེར་ལོ་བཅུ་གཉིས་བསྒོམས་པས་རྟོགས་པ་བཟང་པོ་སྐྱེས་ཏེ། ད་ནི་སྤྱོད་པ་ཅིག་བྱ་སྙམ་པ་ལ་ད་ལྟ་མུ་སྟེགས་མང་བས་མི་ཀུན་གྱིས་ཐོ་ཅོར་མཐོང་ན་བསྟན་པ་ལ་གནོད་སྙམ་སྟེ་རེ་ཞིག་བཤོལ། དེར་ལན་ཅིག་ཟླ་བའི་གླིང་དུ་བྱོན་པ་ཞིག་ལ། སློབ་དཔོན་དགའ་བྱེད་སྐྱོང་དེ་ས་འོག་དཔལ་གྱི་སྒོ་ནས་ཐོན་ཏེ་གླིང་དེར་བྱོན་པ་དང་མཇལ། དེར་ཕྱག་རྒྱ་བཞིའི་གདམས་ངག་ཞུས་པས། ཕྱག་རྒྱ་གཞན་གསུམ་གྱི་སྐབས། གདམས་ངག་ང་རང་ཆེ་སྙམ། དེ་ནས་ཕྱག་རྒྱ་ཆེན་པོ་བཤད་པས། བླ་མ་དེ་ཡེ་ཤེས་ཀྱི་སྐུར་གཟིགས། སེམས་རང་བཞིན་གྱི་ལྷན་སྐྱེས་བདེ་ཆེན་གྱི་དོན་མངོན་སུམ་དུ་མཐོང༌། ཐེ་ཚོམ་ཐམས་ཅད་ཆོད་ཅིང་ཆོས་ཐམས་ཅད་ཀྱི་གཏིང་སླེབ། སློབ་དཔོན་དགའ་སྐྱོང་དཔལ་གྱི་སྒོར་བཞུད་ནས། ལོ་ཕྱེད་དང་ཉིས་བརྒྱ་ན་ཤར་ཕྱོགས་སུ་འཐོན། ཨ་སི་ཏ་གྷ་ན་དང་མཇལ། དེ་ནས་ལོ་ཉིས་བརྒྱར་ཉེ་བའི་མཚམས་སུ་སློབ་དཔོན་འདི་དང་མཇལ་བ་ཡིན། དེ་ནས་སློབ་


TNT17_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འདི་སྤྱོད་པ་སྤྱོད་པར་བཞེད་དེ། སྔར་གྱི་དགེ་འདུན་གྱི་གནས་དེར་མ་བཞུགས། ཙརྻ་པའི་གནས་རྣམས་སུ་སྤྱོད་ཅིང་རབ་ཏུ་བྱུང་བའི་རྟགས་ནི་མ་བསྒྱུར། སྤྱོད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པ་གཙོ་བོར་ལོ་གསུམ་མཛད་ཅིང༌། སྤྲོས་མེད་ཀྱི་སྤྱོད་པ་ཡུལ་སྣ་ཚོགས་སུ་རྒྱུ་བ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་བསྲེས་ཀྱིན་ལོ་དྲུག་ཙམ་མཛད་དེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕངས་གྲུབ། ལན་ཅིག་ཨོ་ཌི་ཤ་ན། མུ་སྟེགས་ཀྱི་ལྷ་ཁང་ཛ་གད་ནཱ་ཐ་ཞེས་བྱ་བ། ལྷ་ཁྱབ་འཇུག་གི་རྡོ་སྐུ་རང་བྱོན་ཆོ་འཕྲུལ་ཤིན་ཏུ་ཆེ་བ་ཡིན་པ་ལ། སློབ་དཔོན་རྣལ་འབྱོར་མ་བཞི་དང་བཅས་ནས་ལྷ་ཁང་གི་སྒོ་དྲུང་ན་བཞུགས་ནས། དཀོན་གཉེར་ལ་ལྷ་ཁང་མཇལ་བར་ཞུས་པས། དེས་ཀྱང་གནས་གཞིའི་བདག་པོ་མུ་སྟེགས་ཀྱི་བླ་མ་ཞིག་ལ་སྨྲས་པས། དེ་ན་རེ། སངས་རྒྱས་པ་འདི་ཀུན་འོ་སྐོལ་གྱི་ལྷ་ལ་མ་དད་མོད་ཀྱ། དེ་ཁྱིམ་བཙུན་ཞིག་ཡིན་སྣང་བས་ཡུལ་ལྷའི་འདུ་ཤེས་ཀྱིས་མཇལ་བ་ཡིན་ཡོང༌། དེ་ཐོང་ཟེར། དེར་སློབ་དཔོན་ལྷ་ཁང་དུ་བྱོན་པ་ན། སློབ་དཔོན་རི་མོ་ལ་བལྟ་བཞིན་དུ་ཡུན་རིང་དུ་འདུག་གོ །དཀོན་གཉེར་བས་དབྱུག་པ་བརྡེགས་པས། དེར་སློབ་དཔོན་གྱིས་རྭ་དུང་བུས་པ་ན། ཛ་གད་ནཱ་ཐ་ལ་སོགས་པ་ལྷ་ཁང་དེའི་རྡོ་སྐུ་ཐམས་ཅད་ཡན་ལག་དང་དབང་པོ་ཐམས་ཅད་བྲུལ་ཏེ། སྔར་གྱི་ཆོ་འཕྲུལ་རྣམས་ཆུང་དུ་སོང༌། སྔོན་གྱི་སངས་རྒྱས་པའི་སྡེ་ཞིག་པ་རྣམས་ཀྱང་སླར་གསོར་བཏུབ་པ་བྱུང་སྟེ། བར་སྐབས་སུ་རྒྱལ་པོ་གསུམ་ཙམ་གྱི་བར་ལ། ལོ་བརྒྱ་ཙམ་དུ་ཨོ་ཌི་ཤར་སངས་རྒྱས་


TNT17_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྟན་པ་ཤིན་ཏུ་དར་བར་བྱུང༌། ད་ལྟ་ཡང་ཐོ་རེ་བ་ཡོད་གསུང༌། སློབ་དཔོན་འདི་ཡང་ལྟ་སྟངས་བཞི་ཐོགས་པ་མེད་པར་གྲུབ་ནས་སེམས་ཅན་གྱི་དོན་མཛད་ཅིང༌། ཁྱད་པར་གནས་ལུགས་ཀྱི་དོན་མངོན་སུམ་དུ་གཟིགས་ནས་རྒྱ་ཆེར་བཤད་པས་རྩོད་པའི་དུས་ཀྱི་ཐ་མར་གྱུར་པ་ཡིན་ཀྱང༌། ནམ་མཁའ་ལྟ་བུའི་རྟོགས་པ་བརྙེས་པ་སྟོང་དུ་ལོངས་བ་བྱུང་སྐད། ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡང་མང་དུ་བྱུང༌། མཆོག་གི་དངོས་གྲུབ་མངོན་གྱུར་དུ་ཐོབ་པ་ནི་སློབ་དཔོན་དྷརྨ་ཀ་ར་ཞེས་བྱ་བ་ཟངས་གླིང་དུ་འཇའ་ལུས་ཐོབ་པ་ཞིག་དང༌། རྣལ་འབྱོར་མ་ཟླ་འོད་ཅེས་བྱ་བ་དང༌། རྣལ་འབྱོར་མ་བྷ་ཛ་རུ་རུ་ཞེས་བྱ་བ་སྟེ་སྔ་སློབ་གསུམ་མོ། ཕྱི་སློབ་གྲུབ་ཆེན་ཞི་བ་སྦས་པ་སྟེ་བཞིའོ། །རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། འོད་གསལ་ལ་སོགས་པ་བཀའ་བབས་བཞི་གཅིག་ཏུ་འདྲེས་པའི་གཏམ་གྱི་སྐབས་ཏེ་ལྔ་པའོ། །བཀའ་བབས་ལྔ་པ་ན། བསྐྱེད་པའི་རིམ་པ་འཕྲིན་ལས་དང་བཅས་པ་ཡིན་ཏེ། དེ་ཡུལ་དབུས་ཁ་བི་ཞེས་པའི་ནང་ཚན། གྲོང་ཁྱེར་རྡོ་འཇོག་ཅེས་པར། བྲམ་ཟེའི་སློབ་དཔོན་ཤིན་ཏུ་མཁས་པ་ཞིག་ཡོད་པ། སངས་རྒྱས་ཀྱི་བསྟན་པ་ལ་ལྷག་པར་དད་དེ། ནཱ་ལེནྡར་དགེ་འདུན་ཕལ་ཆེན་པོའི་སྡེ་ལ་རབ་ཏུ་བྱུང་སྟེ། བུདྡྷ་ཤྲཱི་ཛྙཱ་ན་ཞེས་བྱ་བ་སངས་རྒྱས་དཔལ་ཡེ་ཤེས་ཞེས་མཚན་བཏགས་སོ། ཁ་ཅིག་ན། སློབ་དཔོན་འདི་རྒྱལ་རིགས་ཀློག་པ་པོ་ཅིག་ཡིན་ཟེར་བའང་འདུགདེར་སློབ་དཔོན་སེང་གེ་བཟང་པོ་ལ་ཐེག་པ་ཆེ་ཆུང་གི་ཆོས་མཐའ་དག་ལེགས་པར་བསླབས། གུ་ཎ་མི་ཏྲཱ་ཞེས་བྱ་བས་གསོལ་བ་བཏབ་སྟེ།


TNT17_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུད་པའི་འགྲེལ་པ་སོགས་བསྟན་བཅོས་ཀྱང་མང་དུ་བྱས། གུ་ཎ་མི་ཏྲཱ་འདི་བོད་པའི་ཕར་ཕྱིན་གྱི་ཆོས་བརྒྱུད་ལ་བཞུགས། དགེ་སློང་མ་ཡིན་པར་ཞལ་ལུང་འགྲེལ་པ་ལས་བཤད་དོ། །དེ་ནས་ནུབ་ཕྱོགས་ཨོ་རྒྱན་དུ་སོང༌། སློབ་དཔོན་སྒེག་པའི་རྡོ་རྗེ་དང༌། རྣལ་འབྱོར་མ་གུ་ནེ་རུ་ཞེས་བྱ་བ་ལ་གསང་སྔགས་ཕྱི་ནང་གི་ཆོས་མང་དུ་ཞུས། ཏིང་ངེ་འཛིན་བཟང་པོ་ཐོབ། ཨོ་རྒྱན་གྱི་བྱང་ཕྱོགས་ན་གདོལ་པའི་བུ་མོ་ཛཱ་ཏི་ཛ་ལ་ཞེས་བྱ་བ། ལྕམ་དཔལ་མོ་དང་རྒྱུད་གཅིག་པ་ཞིག་ལ་ཟླ་བ་བརྒྱད་བརྟེན། ཛམ་བྷ་ལའི་ལུང་ཐོབ་པ་ཙམ་གྱིས་རིག་སྔགས་གྲུབ། ཡུལ་ཛ་ལནྡྷ་རར་སློབ་དཔོན་བྱིས་པའི་ཞབས་ཏེ། བཱ་ལི་པ་ད་ཞེས་བྱ་བ་ལ་ཤེས་རབ་ཀྱི་རྒྱུད་ཞུས། འདི་གྲུབ་ཐོབ་ཛ་ལནྦྷ་རི་པའི་སྐུའི་རྣམ་འགྱུར་ཀ་ཡིན་པར་གྲགས། དེར་ཤེས་རབ་བརྒྱུད་ལ་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། དེ་ནས་ལྷོ་ཕྱོགས་ཀོང་ཀ་ན་ཞེས་བྱ་བ་ཤིང་ནམ་མཁའ་ན་སྐྱེ་བ་ཞིག་ན། སློབ་དཔོན་པཱ་ལི་ཏ་པ་ད་སྟེ། སློབ་དཔོན་བསྲུང་བའི་ཞབས་ཞེས་བྱ་བ། རྫུ་འཕྲུལ་དང་ལྡན་པའི་སློབ་མ་རྣལ་འབྱོར་ཕོ་མོ་བཅོ་བརྒྱད་ཙམ་དང་བཅས་པ་ལ། ཡོ་བྱད་ཐམས་ཅད་ནི་ནོར་རྒྱུན་མས་སྦྱོར། དེ་ལ་གསང་བ་འདུས་པ་ཞུ་ཞིང་ལོ་དགུ་བསྟེན། རྒྱུད་ཚར་བཅོ་བརྒྱད་ཉན། འོན་ཀྱང་དེ་ཁོ་ན་ཉིད་ཅུང་ཟད་མ་རྟོགས་ནས། བླ་མ་ལ་ཞུས་པས། ཁོ་བོས་ཀྱང་མ་རྟོགས་གསུང༌། དེར་མཱ་ལ་མོ་དི་ཞེས་བྱ་བའི་ཕྱག་རྒྱ་ཞིག་ཡོད་པ་འདུས་པའི་གླེགས་བམ་དུ་བསྒྱུར་ཏེ་མགུལ་དུ་བཏགས་ནས། རྡོ་རྗེ་གདན་གྱི་རྒྱབ། ཀུ་པའི་ཚལ་


TNT17_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་སྒྲུབ་པ་ལན་གསུམ་སྤྱད་པས་ཟླ་བ་བཅོ་བརྒྱད་དང༌། དྲག་ཤུལ་སྤྱོད་པ་ཟླ་བ་དྲུག་ཏུ་བསྒྲུབས་པས། ལུང་བསྟན་པ་བྱུང་སྟེ། འཕགས་པ་འཇམ་དཔལ་ལ་ཐེ་ཚོམ་ཆོད་ཟེར། འོ་ན་འཇམ་དཔལ་རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་པས་དེར་འགྲོ་དགོངས་ཏེ། དཔག་ཚད་བཅུ་ཙམ་བྱང་ཤར་དུ་སོང་བ་ན། ཉི་མ་མ་ཕྱེད་ཙམ་གྱི་དུས་ཤིག་ཏུ་ཁང་པ་དཀར་པོ་ཞིག་གི་དྲུང་ན། ཁྱིམ་བཙུན་རྒན་པོ་ཤམ་ཐབས་བྱེ་བ། ཆོས་གོས་ཀྱི་ཐོད་བྱས་པ་ཞིག་བུད་མེད་ངན་མ་གཅིག་དང་ལྷན་ཅིག་ཞིང་རྨོད་པ་མཐོང་སྟེ་ཅུང་ཟད་མ་དད། དེ་དང་ཉེ་བ་ནི་ཁྱི་མོ་དཀར་མོ་ངན་མ་གཅིག་ཀྱང་ཉལ་ནས་འདུག་གོ །དེར་ཉིན་མོའི་དུས་ཚོད་བསོད་སྙོམས་ཀྱི་དུས་ལ་བབས་པས་ན། ཁ་ཟས་བསླངས་པས། ཡུར་བ་ནས་ཉ་ཞིག་བཟུང་ཁྱི་མོ་ལ་བྱིན། དེར་སྐྱུགས་པ་སློབ་དཔོན་ལ་དྲངས་པས་རྣམ་རྟོག་གིས་མ་གསོལ། དེར་ཁྱིམ་བཙུན་ན་རེ། འཛམ་བུ་གླིང་པ་རྣམ་རྟོག་ཆེ། ཟས་བཟང་པོ་དྲོངས་ཟེར་ནས་གཞན་ཞིག་ཏུ་སོང་ངོ༌། །དེར་བུད་མེད་དེས་འབྲས་ཆན་དང༌། ཞོ་བཟང་པོ་དྲངས་པ་གསོལ་ནས་འབྱོན་པར་ཆས་ཙ་ན། དེ་རིང་གྲོང་དུ་མི་སླེབ་ནང་བར་སོང་ཟེར་བས་དེར་བཞུགས་ཏེ། གསང་བ་འདུས་པའི་རྒྱུད་བཏོན་པས། ཐེ་ཚོམ་གྱི་གནས་གང་ཡིན་པ་དེར། བུད་མེད་དེ་མི་དགའ་བའི་རྣམ་འགྱུར་རེ་བྱེད་ཀྱིན་འདུག་ནས། འདི་གཞན་སེམས་ཤེས་པའོ་དགོངས་ནས། བདག་གི་ཐེ་ཚོམ་གཅོད་པ་ཞུ་བྱས་པས། ངས་མི་ཤེས། ད་ཅིའི་ཁྱིམ་བཙུན་དེ་འདུས་པ་ལ་ཤིན་ཏུ་མཁས། ཉི་མ་ཕྱི་ཕྲཻད་ན་སླེབ་འོང་དེ་ལ་ཐེ་ཚོམ་ཆོད་ཟེར་བ་ལྟར། ཕྱི་ཕྲེད་


TNT17_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཆང་གིས་བཟི་ནས་འཁྱོར་བཞིན་བྱུང༌། དེར་སྔགས་ཀྱི་སྤྱོད་པ་ཅན་དུ་ཤེས་ཏེ་མ་དད་པ་སྤངས་ཏེ་ཞབས་ལ་ཕྱག་བཙལ་ནས་ཐེ་ཚོམ་རྣམས་ཞུས་པས། དབང་བསྐུར་དགོས་གསུང༌། སྔར་གཞན་ལ་ཐོབ་ཞུས་པས་ངའི་ཆོས་སྟོན་པ་ལ་ང་རང་གིས་དབང་བསྐུར་དགོས་གསུང༌། དཀྱིལ་འཁོར་ཁང་པ་ཞིག་ཏུ་ཞུགས་སོ། །ནམ་སྲོད་ཀྱི་དུས་སུ་སློབ་དཔོན་ནང་དུ་བོས་པ་ལ། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པའི་དྲུང་ན། སྔར་གྱི་སྤྲུལ་པའི་དགེ་སློང་བུད་མེད་དང་ཁྱི་མོར་བཅས་པ་ཡང་སྣང་སྟེ། སུ་ལ་དབང་ལེན་གསུང༌། དེ་རྣམས་ངོ་བོ་གཅིག་པར་ཤེས་ཀྱང༌། རྣམ་པ་དཀྱིལ་འཁོར་ལ་མོས་ནས། དཀྱིལ་འཁོར་ལས་འཚལ་ཞུས་པས། འོ་ན་ལོང་གསུང་སྟེ། དེ་གསུམ་ཁང་ཆུང་གཞན་ཞིག་ཏུ་སོང༌། དཀྱིལ་འཁོར་ཡང་མི་སྣང་བར་གྱུར། དེར་སློབ་དཔོན་ཐུགས་སྐྱོ་བས་ཐོ་རངས་ཀྱི་དུས། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཞེས་སོགས་གསོལ་བ་བཏབ་པས། དཀྱིལ་འཁོར་སྔ་མ་བཞིན་དུ་སྤྲུལ་ཏེ་དབང་བསྐུར་ནས། འཇམ་དཔལ་ཞལ་ལུང་བཤད། དེར་སློབ་དཔོན་དགོངས་པ་ནི་ནམ་མཁའ་དང་མཉམ་པར་གྱུར། ཆོས་ཐམས་ཅད་ཀྱི་གཏིང་སླེབ། དང་པོར་ཟས་ཉ་ཤ་ཁྱིས་སྐྱུགས་པ་དང༌། ཁྱིམ་བཙུན་གྱི་སྤྱོད་པ་གཉིས་དང༌། རྗེས་སུ་རྣམ་པ་ཁྱིམ་བཙུན་རྒན་པོ་ལ་མ་དད་པས་འཇའ་ལུས་མ་གྲུབ། བར་དོར་དངོས་གྲུབ་མཆོག་བརྙེས་པར་འགྱུར་བའོ། དེ་ནས་རང་གི་རྟོགས་པ་ཐབས་རིམ་གཉིས་ཁྱད་པར་ཅན་དང་བཅས་པ་རྒྱ་ཆེར་སྤེལ་བར་བཞེད་ནས། ཆོས་ཀྱི་མྱུ་གུ་ཞེས་བྱ་བའི་གནས། སྐྱེ་བོ་


TNT17_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་འདུ་བར་རུང་ལ། བསམ་གཏན་ཡང་མཐུན་པ། སྔོན་གྱི་བྱང་ཆུབ་སེམས་དཔས་བསྟེན་པ་ཞིག་ཡོད་དེ། དེར་ཛམ་བྷ་ལས་ཡོན་བདག་བྱས། སྣོད་དང་ལྡན་པ་མང་པོ་ལ་ཆོས་བཤད་པས། ཕྱོགས་བཞིའི་མཁས་པ་པཎྜི་ཏ་ལ་སོགས་པའི་སློབ་མ་མང་དུ་འདུས་པ་ལ། འཇམ་དཔལ་གྱི་དགོངས་པ་རྒྱ་ཆེར་བཤད་པས། སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ། ལུང་དང་མཐུན་པའི་ཆོས་བཅུ་བཞི་མཛད། སློབ་དཔོན་པཱ་ལི་པ་དེས་ཀྱང༌། འཇམ་དཔལ་གྱི་ལུང་གི་གདམས་ངག་རྣམས་ཞུས་པས་མཆོག་གི་དངོས་གྲུབ་ཐོབ་བོ། །རྡོ་རྗེ་གདན་མཆོད་པའི་ལོ་རྒྱུས་ན། ལན་ཅིག་སློབ་དཔོན་རྡོ་རྗེ་གདན་དང་ཉེ་བ་ན་སྤྱིལ་པོ་མཛད་ནས་བཞུགས་པའི་ཚེ། རྒྱལ་པོ་དྷརྨ་པཱ་ལ་རྡོ་རྗེ་གདན་ལ་མཆོད་པ་ལ་འོངས་པས། སངས་རྒྱས་པའི་སློབ་དཔོན་གཞན་ཐམས་ཅད་མཆོད་པ་ལ་བྱོན། སློབ་དཔོན་འདི་མཆོད་པ་མི་བྱེད་པར་མཐོང་ནས་ཆད་པས་གཅོད་དགོས་སྙམ་སྟེ། སློབ་དཔོན་གྱི་སྤྱིལ་པོར་ཞུགས་པས། དེ་ན་སློབ་དཔོན་མི་བཞུགས་པར་འཕགས་པ་འཇམ་དཔལ་གྱི་སྐུ་ཞིག་མཐོང༌། ཕྱིར་འོངས་ཏེ་འཁོར་རྣམས་ལ་དྲིས་པས། འདི་ཉིད་ན་ཡོད་ཟེར། ཡང་ནང་དུ་འོངས་པས་སློབ་དཔོན་དུ་སྣང༌། དེར་ཁྱོད་མཆོད་པ་མི་བྱེད་པ་ཅི་ཡིན་དྲིས་པས། ང་འདི་ཉིད་ནས་མཆོད་པའི་འབུལ་གསུང༌། དེས་ཇི་ལྟར་འབུལ་དྲིས་པས། སློབ་དཔོན་གྱི་དགོངས་པ་ལ་མཉམ་པར་བཞག་པས། རྡོ་རྗེ་གདན་གྱི་ལྷ་སྐུ་ཐམས་ཅད་མངོན་སུམ་དུ་སློབ་དཔོན་གྱི་དྲུང་དུ་མགྲོན་དུ་བོས་པ་ལྟར་བྱུང་སྟེ། སློབ་དཔོན་གྱིས་དེ་ལ་རྒྱ་ཆེན་པོའི་མཆོད་པ་བྱེད་པར་མཐོང༌།


TNT17_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རྒྱལ་པོ་ཡིད་ཆེས་ནས། དབང་བསྐུར་བ་ཞུས་ཏེ་ཡོན་གཞན་མེད་ནས། རང་ཉིད་བཙུན་མོ་དང་བཅས་པ་འབངས་སུ་ཕུལ། ནང་པར་ཕོ་བྲང་ནས་ཁོང་རང་ཐམས་ཅད་ཀྱི་ལུས་ཚད་དང་མཉམ་པའི་གསེར་བསླུས་མར་ཕུལ་ལོ། །བི་ཀྲ་མ་ཤཱི་ལའི་རབ་གནས་ཀྱི་ལོ་རྒྱུས་ན། ཡང་བི་ཀྲ་མ་ཤཱི་ལ་དང༌། ཨོ་ཏནྟ་པུ་རི་དང༌། ཤྲཱི་ནཱ་ལནྡ་དང༌། སོ་མ་པུ་རི་སྟེ། གཙུག་ལག་ཁང་བཞི་པོ་དེ། སོ་སོའི་བར་བར་ན་ཉིན་ལམ་མང་པོས་ཆོད་པ་ཡིན་ཅིང༌། བི་ཀྲ་མ་གསར་བཞེངས་ཡིན། སོ་མ་པུ་རི་ཞིག་གསོས་ཡིན་ཟེར། གཞན་གཉིས་ནའང་རྒྱལ་པོས་ལྷ་ཁང་གསར་དུ་བཞེངས་པ་མང་དུ་ཡོད་པ་རྣམས་ལ་རབ་ཏུ་གནས་པར་ཞུས་པས། སློབ་དཔོན་གྱིས་སྐུའི་བཀོད་པ་བཞི་སྤྲུལ་ཏེ། གཙུག་ལག་ཁང་བཞི་ཅར་ལ་རབ་ཏུ་གནས་པ་དུས་གཅིག་ཏུ་མཛད། དེ་སྐབས་བི་ཀྲ་མ་ཤཱ་ལར། རབ་གནས་ཀྱི་ཞལ་བསྲོ་ཆེན་པོ་ཡོད་པའི་སྐབས། མུ་སྟེགས་ཀྱི་རྣལ་འབྱོར་མ་དཔོན་གཡོག་གཉིས་ཀྱིས་སྐྲུར་འོངས་པས། དགེ་ཚུལ་མ་རུངས་པ་རྣམས་ཀྱིས་བརྡུངས་སོ། །གཡོག་མོས་འདི་ལ་ནུས་པ་སྟོན་དགོས་ཞེས་ཡང་ཡང་གསོལ་བ་བཏབ་པས། དཔོན་མོས་སྔགས་བཟླས་པས། རབ་གནས་ཀྱི་དཀྱིལ་འཁོར་གྱི་འོག་ནས་ཆུ་བརྡོལ། དེར་སློབ་དཔོན་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཏེགས་པས། དེས་ཆར་དྲག་པོ་ཕབ་བོ། །དེ་ཡང་སློབ་དཔོན་གྱིས་ཕྱག་བཀབ་སྟེ་བསྲུངས་པས། དཀྱིལ་འཁོར་ལ་གནོད་པ་ནི་མ་བྱུང་ཞིང༌། རབ་གནས་ལེགས་སོ། །ཕྱིས་ཀྱང་ལོ་རེའི་དུས་ལ་དེའི་ཉིན་པར་མུ་སྟེགས་ཀྱི་གནོད་པ་རེ་ཡོང༌། ཚུགས་ནི་མི་ཚུགས་སོ། །


TNT17_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ལེནྡྲ་བཏུལ་བའི་ལོ་རྒྱུས་ན། དེར་སློབ་དཔོན་ཆེན་པོ་དེས། ནཱ་ལེནྡྲ་དང༌། བི་ཀྲ་མ་ལ་ཤཱི་ལའི་གནས་ཀྱི་བདག་པོ་ཡང་མཛད། དེ་སྐབས་ཨོ་ཏནྟ་པུ་རི་ན་གནས་པའི་ཉན་ཐོས་སེནྡྷ་པ་རྣམས་དང༌། རྣམ་པར་རྟོག་པས་གཡེངས་པའི་དགེ་སློང་རྣམས་ཀྱིས་ངན་དུ་ཟེར་ཞིང༌། སློབ་དཔོན་ནཱ་ལེནྡྲར་བཞུགས་པའི་སྐབས་ཤིག་ན། དགེ་སློང་དེ་རྣམས་ཀྱིས། སངས་རྒྱས་ཡེ་ཤེས་ཚུལ་ཁྲིམས་དང་མི་ལྡན་པས་དགེ་འདུན་གྱི་མཁན་པོར་རུང་པ་མ་ཡིན་ཞེས་ཡང་ཡང་རྒོལ་བ་དང༌། གསང་སྔགས་ལ་གཤེ་ཞིང༌། རྡོ་རྗེ་གདན་གྱི་སེནྡྷ་པ་སིང་གྷ་ལ་པ་མང་པོས། ཧེ་རུ་ཀའི་སྐུ་བརྙན་དངུལ་ལས་བསྒྲུབས་པ་བཤིག་སྟེ་རྙེད་པར་བྱས་སོ། །རྒྱལ་པོས་རྡོ་རྗེ་གདན་གྱི་སིང་གྷ་ལ་པ་མང་པོ་བསད། སེནྡྷ་པ་གཞན་རྣམས་ལའང་ཆད་པ་གཅོད་པར་བརྩམས་པ་ན། སློབ་དཔོན་གྱིས་ཐུགས་རྗེ་ཆེན་པོས། དེ་རྣམས་རྒྱལ་པོའི་གནོད་པ་ལས་ལེགས་པར་བསྐྱབས་སོ། །མ་དད་པ་བཟློག་པའི་ཕྱིར་དུ། ས་འོག་ཏུ་རྫུ་འཕྲུལ་གྱིས་གཤེགས་པ་དང༌། ཡང་སྐབས་འགར། མི་མ་ཡིན་མང་པོ་སློབ་དཔོན་ལ་མཆོད་པ་དང༌། ཡ་མ་ཟུང་གི་ཆོ་འཕྲུལ་མང་དུ་བསྟན། དེར་སྔགས་ཀྱི་སྤྱོད་པ་མཆོག་གི་བསྟན་བཅོས་ཀྱང་མང་དུ་མཛད་པ་ལས། ཉན་ཐོས་ཀྱི་སྡེ་སྣོད་དང་ཡང་མི་འགལ་བ་བསྒྲུབས་སོ། །སྔོན་འཇམ་དབྱངས་སྤྲུལ་པ་ཨ་བ་དྷུ་ཏིའི་སྤྱོད་པ་ཅན་དེ་ལ། མ་དད་པ་གཏན་ནས་མ་སྐྱེས་ན། དེ་ཉིད་དུ་འཇའ་ལུས་རྡོ་རྗེའི་སྐུར་གནས་འགྱུར་བ་ཡིན་པ་ལས། དེར་མ་གུས་པའི་རྣམ་པར་རྟོག་པ་ཅུང་ཟད་སྐྱེས་པས། དགུང་ལོ་བརྒྱད་ཅུ་ལྷག་ཅིག་བཞེས་པ་ན། རྣམ་པར་སྨིན་པའི་སྐུ་ལུས་བོར་


TNT17_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཟུང་འཇུག་གི་སྐུ་བརྙེས་པ་ཡིན་ནོ། །དེའི་སློབ་མ་ན། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་སློབ་མ་བཞ། རྒྱལ་ཚབ་ཀྱི་ས་ལ་གནས་པ་ཞེས་བྱ་བ་སྐྱེ་བ་གཅིག་གིས་ཐོགས་པ་དང༌། བར་དོར་སངས་རྒྱ་བའི་རིགས་ཅན་བཅོ་བརྒྱད། མཁས་པ་པཎྜི་ཏ་དང༌། རྣལ་འབྱོར་པ་ཀུ་ས་ལི་གྲངས་ལས་འདས་པ་བྱུང་ངོ༌། །སློབ་དཔོན་འདིའི་རྡོ་རྗེའི་སྤུན་གྲོགས་སློབ་མར་གྱུར་པ་ནི་ཀོང་ཀ་ནའི་ཆོས་ཀྱི་འབྱུང་གནས་དང༌། རི་བོ་ས་ཧྱ་ཀྱི་གཙུག་ཏོར་རྡོ་རྗེའོ། །ཞེས་དཔལ་འབྲས་རྡོ་རྗེས་བཤད། སློབ་མའི་མཆོག་བཞི་པོ་ན། མར་མེ་མཛད་བཟང་པོ། རབ་ཞི་བཤེས་གཉེན། བདེ་བ་ཆེན་པོར་པདྨ་ཀ་ར། རྒྱལ་རིགས་སྒྲ་གཅན་འཛིན་ནོ། །སློབ་དཔོན་ཆེན་པོ་འདིའི་དངོས་སློབ། ཡང་སློབ། ཉིད་སློབ་ཀྱི་བར་དུ་ཛམ་བྷ་ལ་གྲུབ་པས་ཡོ་བྱད་སྦྱོར་བ་དང༌། ནོར་རྒྱུན་མས་ཡོ་བྱད་སྦྱོར་བ་དང༌། རྒྱུད་ལས་འབྱུང་བ་ལྟར་ཁྱེའུ་དང་བུ་མོ་ལ་ཡེ་ཤེས་ཕེབ་ནས་དཀྱིལ་འཁོར་འབྲི་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་དངོས་སུ་སྟོན་ནུས་པ་དང༌། བདེན་སྟོབས་བརྗོད་པས་རྡུལ་ཚོན་གང་དགོས་སུ་འཕེལ་བ་སོགས་ཡོད་དོ། །དེ་རྗེས་རྒྱལ་པོ་མཧཱ་པཱ་ལའི་གཞུག་གཅིག་ལ་དགེ་སློང་གི་རྟེན་དང་ཆ་བྱད་ཅན་ལ། སྔགས་སྤྱོད་མངོན་གྱུར་པ་བཀག་པས་དེ་ཕྱིན་ཆད་དེ་འདྲ་མང་པོ་མ་བྱུང་ངོ༌། །དེ་ལ་མར་མེ་མཛད་བཟང་པོ་ནི་རྒྱ་གར་ནུབ་ཕྱོགས་སུ་སྐུ་འཁྲུངས། རིགས་པའི་གནས་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་བརྙེས། རྟེན་ནི་དགེ་སློང༌། སྡེ་པ་ནི་འདི་ཡང་དགེ་འདུན་ཕལ་ཆེན་པ་ཡིན་གསུང༌། དེ་ཡང་དཔལ་ནཱ་


TNT17_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལེནྡྲར་མཁས་པ་ཐམས་ཅད་ཀྱིས་བཀུར་བ་ཡིན། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་དང་མཇལ་ནས། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས། རྒྱུད་སྡེ་ཡང་མཐའ་ཡས་པ་གསན། འོན་ཀྱང་མན་ངག་ཐོབ་དཀའ་བར་བྱུང་ནས། རེ་ཞིག་ལྷོ་ཕྱོགས་ཀྱི་ཡུལ་དུ་བྱོན་ནས་ལོ་གཉིས་གསུམ་དུ་སྔགས་རྒྱུད་སྦྱོར་བས་སེམས་ཅན་ལ་ཕན་བཏགས། དེར་འདུ་བ་དང་ལོངས་སྤྱོད་རྒྱ་ཆེན་པོ་བྱུང་བ། དེ་ཐམས་ཅད་སློབ་དཔོན་ལ་མཆོད་པའི་ཡོ་བྱད་དུ་དྲིལ་ནས། སློབ་དཔོན་གྱི་དྲུང་དུ་ལྷ་འབངས་ཀྱི་ཁྱིམ་དྲུག་ཅུ་དང༌། གསེར་སྲང་སྟོང༌། མུ་ཏིག་གི་དོ་ཤལ་སུམ་བརྒྱ་ལ་སོགས་པ་ཡོ་བྱད་དཔག་ཏུ་མེད་པས་མཆོད་ཅིང༌། ཁྱད་པར་བདག་ཉིད་སློབ་དཔོན་གྱི་བྲན་དུ་ཁས་བླངས་ཏེ། སློབ་དཔོན་གྱི་དྲུང་དུ་ལོ་གསུམ་ཙམ་དུ་ཐ་ན་གྲོང་ཁྱེར་ནས་དམ་རྫས་ཤ་ཆང་ལེན་པ་ཚུན་ཆད་ཀྱི་བྱ་བའང་མཛད། དེར་སློབ་དཔོན་གྱིས་མན་ངག་ཐམས་ཅད་ཀྱང་གནང༌། ཕྱོགས་གཞན་ཞིག་ཏུ་སོང་ནས་བསྒོམས་པས། རྟོགས་པ་ཁྱད་པར་ཅན་སྐྱེས་ཏེ་སློབ་དཔོན་གྱི་དྲུང་དུ་འོངས་པ་བླ་མས་ཀྱང་དབང་བསྐུར་བས། དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་སྟེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལས་ཀྱང་རྟོགས་པ་མཐོ་བ་ཡིན་ནོ་སྐད། སློབ་དཔོན་འདིས་དྲག་པོའི་ལས་ཀྱི་སྒོ་ནས་མུ་སྟེགས་ཀྱི་རྒྱལ་པོ་ཚར་བཅད་པའི་གཏམ་རྒྱུད་སྣང་སྟེ། རྒྱ་གར་མཐའ་འཁོབ་སིནྡྷུའི་ཡུལ་དུ་བཞུགས་པའི་སྐབས་ཤིག ཡུལ་དེའི་རྒྱལ་པོས་སློབ་དཔོན་གྱི་སློབ་མ་རྣམས་ལ་རྟག་ཏུ་འཚེ་བ་བྱེད་པ་ཞིག་ཡོད། གཞན་ཡང་རྒྱལ་


TNT17_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེས་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གནོད་པ་བྱེད་པ་ཞིག་ཡོད་པ། ལན་ཅིག་སློབ་དཔོན་དང་ལམ་གཅིག་ཏུ་མཇལ་བས། རྒྱལ་པོས་སློབ་དཔོན་ལ་མདུང་ཐུང་འཕངས་པས་སྐུ་ལ་མ་གནོད། སློབ་དཔོན་གྱིས་སྡིགས་འཛུབ་མཛད་པས། རྒྱལ་པོ་ཡོ་བྱད་དང་བཅས་པ་ཐུལ་གྱིས་ཚིག་ནས་ཐལ་བར་སོང༌། དེར་རྒྱལ་པོའི་མི་མུ་སྟེགས་ལ་དགའ་བ་ཐམས་ཅད་འཇིགས་ཏེ། དགེ་སློང་མགོ་བྲེགས་འདི་ཀུན་ནུས་པ་འདི་ཙམ་ཞིག་ཅེས་ཕྱིན་ཆད་མི་རབས་མང་པོར་ནང་པའི་གཙུག་ལག་ཁང་རྣམས་ལ་འཚེ་བ་མི་བྱེད་དོ། །ལོ་རྒྱུས་འགའ་ལས་རྒྱལ་པོ་དེ་ཏུ་རུཥྐའི་རྒྱལ་པོ་བྷཱུ་ཥཱ་ན་ཞེས་པ་ཡིན་ཏེ། དེ་དུས་ཡུལ་དབུས་ན་ཏུ་རུཥྐ་མེད་པས། ལྟ་བ་ལོག་པ་རྣམས་ལ་མུ་སྟེགས་ཞེས་ཟེར་བའི་སྟབས་ནས་མུ་སྟེགས་ཀྱི་རྒྱལ་པོ་ཟེར་བ་བྱུང་བ་ཡིན་གསུང༌། ཡང་ནུབ་ཕྱོགས་མ་ལ་བའི་ཡུལ་ན། མུ་སྟེགས་ཀྱི་རྒྱལ་པོ་ཁྱབ་འཇུག་ཆེན་པོ་ལ་ལྷར་འཛིན་པ་ཞིག་ཡོད་པ། དེས་སངས་རྒྱས་པའི་ལྷ་ཁང་མང་པོ་བཤིག དགེ་སློང་རྣམས་ཡུལ་དབུས་སུ་བསྐྲད། དགེ་བསྙེན་རྣམས་ལ་ཡང་སྡུག་བསྔལ་སྣ་ཚོགས་པ་སྟེར་བས། ལན་ཅིག་སློབ་དཔོན་ཡང་དེའི་ཡུལ་དུ་བྱོན་པ་ཞིག་ལ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བྱིན་རླབས་མཛད་པའི་ལྷ་ཁང་ཞིག་ཡོད་པ་དེར་བཞུགས། དེར་སློབ་དཔོན་ལ་རྒྱལ་པོ་དེས་སྙད་མང་པོ་བཏགས། སློབ་དཔོན་གྱིས་ཕྱིས་ཉིན་པར་དགོངས་པ་ཞིག་བཏང་བས་རྒྱལ་པོ་ཆུང་མར་བཅས་པ་ནད་ཀྱིས་བཏབ། ཡང་བློན་པོ་མུ་སྟེགས་ལ་དགའ་བ་ཞིག་དང༌། སློབ་དཔོན་ལམ་དུ་མཇལ་བས། བློན་པོ་ན་རེ། རྒྱལ་པོ་


TNT17_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངན་ཐབས་བྱས་པས་ཁྱོད་ལ་ཆད་པས་གཅོད་ཟེར་བ་ལ། སློབ་དཔོན་གྱིས་མཆན་ཁུང་ནས་རས་ལ་བྲིས་པའི་ལིང་ག་ཞིག་བཏོན་ཏེ། ངན་པ་དེ་ད་རུང་མ་ཤིའམ་གསུང་ནས་ལིང་ག་དེ་ཕྱེད་མར་བཤགས་པས། རྒྱལ་པོ་ལུས་ཚལ་པར་གས་ནས་ཤ། བློན་པོ་དེ་ལ་སྔགས་བཏབ་པས་རེངས། ཡང་མུ་སྟེགས་ཀྱི་སློབ་དཔོན་ས་ག་ར་ནནྡ་ཞེས་བྱ་བ་ཞིག་ཡོད་པ་ལས། དེས་ཕྲ་མེན་མའི་རིག་སྔགས་མང་པོ་བསྒྲུབས་ཏེ། སངས་རྒྱས་པ་མང་པོ་ལ་གནོད་པ་བྱེད་པ་ཞིག་ཡིན་པ་ལས། ལན་ཅིག་ལམ་སྲང་དོག་པོ་ཞིག་ཏུ་སློབ་དཔོན་དང་འཕྲད་པས། ལམ་བཟུར་རེས་མ་བྱུང༌། དེར་མུ་སྟེགས་ན་རེ། ནང་པར་ཁྱེད་རྣམས་མ་ཤི་ན་ཁོ་བོ་ཅག་གི་ལུགས་མི་བདེན་ཞེས་ངན་སྔགས་ཀྱི་དུས་བཏབ་ནས་སོང༌། ནམ་སྲོད་ཀྱི་དུས་སུ་སོང་བ་ན། སློབ་དཔོན་གྱི་གནས་རྣམས་སུ་ཐུག་ཚོམ་ཆེན་པོ་བྱུང༌། སློབ་དཔོན་གྱིས་དགོངས་པ་ལ་མཉམ་པར་བཞག་པས། མུ་སྟེགས་དེ་རྣམས་ཉིད་ཀྱི་ལྷ་ཁང་སྤྱིལ་པོ་དང་བཅས་པ་ཐམས་ཅད་ཞིག་སྟེ། དེར་ས་ག་ར་འཁོར་དང་བཅས་པ་ཡང་དེ་ཉིད་དུ་དུས་གཅིག་ལ་ཤ། དུས་དེའི་ཚེ་ས་ག་ར་ནི་མུ་སྟེགས་ཀྱི་སྔགས་མཁན་ཐམས་ཅད་ཀྱི་གཙོ་བོ་ཡིན་ནོ། །སློབ་དཔོན་དེས་སྨན་པ་ཞབས་ལ་གདམས་ཏེ། སློབ་དཔོན་དེ་ནི་མཐའ་འཁོབ་ཞིག་ཏུ་བྲམ་ཟེའི་རིགས་སུ་སྐྱེས་ནས། མུ་སྟེགས་ཀྱི་ཆོས་ལུགས་ལ་མཁས་ཤིང་ནུས་པ་ཡང་གྲུབ་པ་ཡིན་པ་ལ། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས། ཡུལ་དབུས་ནཱ་ལེནྡྲར་སློབ་དཔོན་མར་མེ་མཛད་བཟང་པོ་དང༌། མར་མེ་མཛད་བཟང་པོའི་ཡང་བླ་མ་དཔལ་སངས་རྒྱས་ཡེ་ཤེས་གཉིས་ལ་ཕ་རོལ་ཏུ་ཕྱིན་པ་ནས་བརྩམས་ཏེ།


TNT17_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཕྱི་ནང་གི་བར་གྱི་ཐོས་པས་རྒྱུད་སྦྱངས། དབང་བསྐུར་ཞིང་གདམས་པ་མཐའ་དག་གནང༌། ཁྱད་པར་འདུས་པ་དང་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ། མེ་ཏོག་ཁྲོ་བོ་ཧཱུཾ་མཛད་ལ་ཕོགཡུན་རིང་དུ་བསྒོམས་པས་རིམ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། ཁྱད་པར་ཟླ་བ་དྲུག་ཏུ་སྒྲུབ་པ་བྱས་པས་དངོས་གྲུབ་ཐོབ་པར་ཤེས་ནས། དེའི་སྒྲུབ་པའི་རྟེན་དུ་གདོལ་བའི་བུ་མོ་ཨུཏྤལ་སྔོན་པོའི་ཁ་དོག་ལྟ་བུ་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་མཚན་ཉིད་ཚང་བ་ཞིག་དགོས་པ། ཕྱོགས་ཞིག་ནས་བཙལ་བས་རྙེད་ནས། ཕ་མ་ལ་བསླངས་པས། དེ་རྣམས་ན་རེ། བྲམ་ཟེའི་སློབ་དཔོན་ཁྱོད་སྨྱོ་བ་ཡིན་ནམ། ངེད་གདོལ་པའི་རིགས་ཡིན་པས། ཁྱོད་ཉིད་དང་ངེད་རྣམས་ལ་ཡང་ཆད་པ་མི་འོང་ངམ་ཟེར་བ་ལ། ང་ལ་སྒྲུབ་པའི་རྟེན་དུ་དགོས་པས། ཐ་མལ་གྱི་རིགས་ཉམས་པ་སོགས་ཀྱི་ཆད་པ་མི་འོང་བྱས་པས། འོ་ན་བུ་མོའི་ལུས་དང་མཉམ་པའི་གསེར་དང་དངུལ་དགོས་ཟེར། དེར་སློབ་དཔོན་གྱིས་སྐད་ཅིག་ལ་ས་འོག་གི་གཏེར་ཕྱུང་སྟེ། དེ་རྣམས་ལ་བྱིན། དེ་ནས་སློབ་དཔོན་ཕྱག་རྒྱར་བཅས་པ་རི་ཕུག་ཅིག་ཏུ་ཟླ་བ་དྲུག་སྒྲུབ་པ་བྱས་པས་ཡར་ངོའི་ཚེས་བརྒྱད་ཀྱི་ཐོ་རངས་ཀྱི་དུས་སུ་ནམ་མཁའ་ལ་ཧཱུཾ་གི་སྒྲ་ཆེན་པོ་གྲགས། དཔལ་ཧེ་རུ་ཀ་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཀྱང་མངོན་སུམ་དུ་མཐོང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཡང་ཐོབ། འདུས་པ་གཙོ་བོར་གྱུར་པའི་ལམ་གྱིས་འགྲོ་བ་མང་པོ་ལ་ཕན་བཏགས། བསྟན་བཅོས་ཀྱང་མང་དུ་མཛད་ནས། མཐར་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་མི་འཁྲུགས་པའི་ཞིང་དུ་ཁྱུང་གི་རྒྱལ་པོ་འཕུར་བ་


TNT17_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཞུད་དོ། །འདི་རྙིང་མ་བ་ལ་གྲགས་པའི་སློབ་དཔོན་ཧཱུཾ་ཀ་ར་དང་གཅིག་པར་གྲགས། དེ་ལྟ་ན་འཁྲུངས་ཡུལ་བལ་པོ་ཡིན། རྒྱལ་པོ་སད་ན་ལེགས་ཀྱི་དུས་བོད་དུ་ཡང་བྱོན་པར་རིག་གོ །དེ་ལ་སློབ་དཔོན་ཨ་བ་དྷུ་ཏི་པ་ཞེས་བྱ་བ་ཞིག་གིས་ཞུས། དེ་ལ་རཏྣ་ཨཱ་ཀ་ར་ཤཱནྟི་པས་ཞུས། དེ་ལ་རྡོ་རྗེ་གདན་པ་ཆེན་པོས་ཞུས། དེ་ལ་ཀུ་ས་ལི་པས་ཞུས་པའི་བརྒྱུད་པའང་ཡོད་གསུང༌། འོན་ཀྱང་བཀའ་བབས་གཙོ་བོར་གྱུར་པ་ན། སྨན་པ་ཞབས་ལ་ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་དཔལ་ཞི་བས་ཞུས། དེ་ལ་རྡོ་རྗེ་གདན་པ་ཆེན་པོས་ཞུས། དེ་ལ་རྡོ་རྗེ་གདན་པ་ས་སཽ་རི་པ་ཡང་ཟེར། རཏྣ་ཨཱ་ཀ་ར་གུཔྟ་ཡང་ཟེར། རྡོ་རྗེ་གདན་པ་བར་པས་ཞུས། ཡང་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བཤད། འདི་ལ་པདྨ་བཛྲ་ཕྱི་མའམ་ཆུང་བར་གྲགས། རྣམ་ཐར་རྒྱས་པ་ལོགས་སུ་ཡོད་པ་ལས་ཤེས་སོ། །པདྨ་པ་ཆེ་ཆུང་དུ་གྲགས་པ་ནི་དུས་སྔ་ཕྱི་ལ་བཏགས་པ་ཡིན་ནོ། །སློབ་དཔོན་དེས་ཀཱ་མ་རུའི་ཡུལ་གྱི་ཨ་བ་དྷཱུ་ཏཱིའི་རྣལ་འབྱོར་པ་རཏྣ་ཤཱི་ལ་ཞེས་བྱ་བ་ལ་གདམས། དེ་ལ་ཀ་ཡསྠ་བྲིདྡྷ་སྟེ། ཡིག་མཁན་རྒན་པོ་ཞེས་བྱ་བས་ཞུས་ཏེ། སློབ་དཔོན་ཀ་ཡསྠ་བགྲེས་པོ་དེ་ན། རྒྱལ་པོ་དྷརྨ་པཱ་ལའི་ཡིག་མཁན་ཡིན་པ་ལ། ལོ་བརྒྱད་ཅུ་ལོན་ནས་ནཱ་ལེནྡྲར་རབ་ཏུ་བྱུང༌། གསུང་རབ་བསླབས་པས། དེ་དང་ཉེ་བ་ན་རྒྱལ་པོ་མ་ཧི་པཱ་ལས་ལམ་དུ་འགྲོ་བ་མཐོང་སྟེ། ཤིང་གི་ཡལ་ག་སྐམ་པོ་ཞིག་སློབ་དཔོན་ལ་བསྟན་ཏེ། ཁྱོད་ཀྱི་སྡེ་སྣོད་རྣམས་ཤེས་པའི་ཚེ། ཤིང་འདི་ལའང་མེ་ཏོག་འབྱུང་ངེས་ཞེས་དཔྱས་སོ། །སློབ་དཔོན་གྱིས་བསམས་པ།


TNT17_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སྒྲུབ་པ་བྱའོ་སྙམ་ནས། ཀཱ་མ་རུའི་ཨ་བ་དྷཱུ་ཏཱི་པ་ལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཞུས་ནས་བསྒོམས་པས། ལོ་གསུམ་ནས་བསྐྱེད་རིམ་གྱི་ལམ་མཐའ་དག་རྫོགས། ཆུ་གླིང་ཞིག་ཏུ་མཎྜལ་བྱས་ནས་སྒྲུབ་པ་མཛད་པས། ཞག་བདུན་སོང་བའི་ཐོ་རངས་འཇམ་པའི་རྡོ་རྗེ་རྨ་བྱ་ལ་ཆིབས་པ་མངོན་སུམ་དུ་ཞལ་བསྟན་ནས་བྱིན་གྱིས་བརླབས་པས། ཆོས་ཐམས་ཅད་ཀྱང་སྐད་ཅིག་གིས་ཤེས། དངོས་གྲུབ་ཀྱང་ཐོབ་པར་གྱུར། རྒྱལ་པོའི་དྲུང་དུ་སོང་སྟེ། ངས་ནི་སྡེ་སྣོད་གསུམ་ཤེས་ན། རྒྱལ་པོས་སྔར་གྱི་ཤིང་དེ་ལ་མེ་ཏོག་སྟོན་དགོས་བྱས་པས། རྒྱལ་པོ་ཡང་ངོ་མཚར་སྐྱེས་ནས་བླ་མར་བཟུང༌། སློབ་དཔོན་དེས་གསང་སྔགས་ཀྱི་ལྷ་ཁང་ཡང་མང་དུ་བཞེངས། གཙོ་བོར་བསྐྱེད་རིམ་དང་སྒྲུབ་ཐབས་བཤད། ཀྱཻ་རྡོ་རྗེའི་འགྲེལ་པ་ཁ་སྦྱོར་དྲི་མེད་མཛད་མཁན་དེ་ཡིན་ནོ། །འགྲེལ་པ་འདི་ལ་སྔ་འགྱུར་ཁྱུང་པོ་རྣལ་འབྱོར་གྱིས་ཞུས་ནས། གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་ལ་མཛད་བྱང་ལ་ཡང་ཀ་ཡསྠ་བགྲེས་པོས་མཛད་ཅེས་འབྱུང་ལ། ཤོང་བློ་བརྟན་གྱི་འགྱུར་ལ་ནི་ཌཾ་ག་ད་ཤས་མཛད་ཅེས་འབྱུང་སྟེ། སློབ་དཔོན་གཅིག་པོ་དེའི་མཚན་གྱི་རྣམ་གྲངས་ཡིན་པར་སེམ་མོ། འགྲེལ་པ་དེ་ནི་སློབ་དཔོན་དེའི་གསུང་རྒྱུན་སློབ་མས་བཀོད་པ་ཡིན་ནམ་སེམས། འདི་དང་སློབ་དཔོན་བྷ་བ་སྐནྡྷ་གཅིག་པར་གྲགས་སོ། །སློབ་དཔོན་དེས་དུར་ཧ་རི་ཞེས་བྱ་བ་ལ་བཤད། དེས་རྡོ་རྗེ་གདན་པ་སྔ་མ་ལ་བཤད། དེ་ལ་རྡོ་རྗེ་གདན་པ་བར་བས་ཞུས་སོ། །སློབ་དཔོན་རྡོ་རྗེ་གདན་པ་ཆེན་པོ་ན། ཡུལ་མ་ལ་བར་སྐུ་འཁྲུངས།


TNT17_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བྲམ་ཟེ་རིག་པའི་གནས་ཐམས་ཅད་ལ་ཤིན་ཏུ་མཁས། ཕྱིས་ནཱ་ལེནྡྲར་རབ་ཏུ་བྱུང༌། གསང་སྔགས་ཕྱི་ནང་ཐམས་ཅད་ལ་མཁས་ཤིང༌། ཁྱད་པར་གདམས་ངག་ཤིན་ཏུ་ཆེ། བྱང་ཆུབ་ཀྱི་ཐུགས་འབྱོངས་པས། མ་ག་ཏ་པ་ལ་ཤིན་ཏུ་བཀྲ་ཤིས་ཤིང་འགྲོ་དོན་ཆེ་བ་བྱུང༌། ཨ་ཏི་ཤ་བཞུགས་པའི་དུས་ཙམ་ན་རྡོ་རྗེ་གདན་གྱི་མཁན་པོར་མངའ་གསོལ་བ་ཡིན་ནོ། །ཕྱིས་བི་ཀྲ་མ་ཤཱི་ལའི་མཁན་པོ་ཡང་མཛད། དེའི་སློབ་མ་རྡོ་རྗེ་གདན་པ་པར་པ་རཏྣ་ཨཱ་ཀ་ར་གུཔྟ་ན། ཤར་ཕྱོགས་གཽ་རའི་ཡུལ་དུ་འཁྲུངས། རིགས་ནི་བྲམ་ཟེ། ཆུང་ངུ་ནས་མདོ་སྔགས་ཐམས་ཅད་ལ་མཁས་ཤིང༌། བསྙེན་པ་ཡང་གྲུབ་པས། རྡོ་རྗེ་སློབ་དཔོན་དུ་བྱེད་ཅིང༌། རྟེན་དགེ་བསྙེན་ཡིན་ཡང༌། དགེ་སློང་མང་པོས་མཐའ་བསྐོར་ཏེ་ཆོས་སྟོན་ཅིང་ཡུལ་དབུས་སུ་འོངས་པས། རྒྱལ་པོའི་བློན་པོ་དད་པ་ཅན་ཞིག་ན་རེ། ཁྱེད་དགེ་སློང་གྱིས་ཤིག །གཞན་དུ་ན་དགེ་སློང་སྡེ་སྣོད་གསུམ་པས་དགེ་བསྙེན་ལ་ཕྱག་འཚལ་བ་འད། བསྟན་པ་ལ་གནོད་པ་ཡིན་ཟེར། ང་ལ་མ་རྒན་མོ་ཞིག་གསོ་དགོས་པ་ཡོད་པས། དགེ་སློང་མི་བྱེད་བྱས་པས། དེས་མའི་འཚོ་བ་ལ་གསེར་སྲང་དྲུག་ཅུ་བྱིན། དེ་ནས་སློབ་དཔོན་བི་ཀྲ་མ་ལ་ཤཱི་ལར་དགེ་སློང་མཛད། དེར་པཎྜི་ཏ་དང་རྣལ་འབྱོར་པ་གདམས་ངག་ཆེ་ཚད་ལ་གཏུགས། སློབ་དཔོན་རྡོ་རྗེ་གདན་པའི་དབང་རྒྱུད་གདམས་ངག་ཐམས་ཅད་ཀྱང་ཐུགས་སུ་ཆུད། ཕྱིས་རྡོ་རྗེ་གདན་གྱི་མཁན་པོ་རྒྱུན་རིང་དུ་མཛད། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་འབྱོན་པར་བཞེད་ནས། དཔོན་སློབ་སུམ་ཅུ་ཙམ་གྱིས་སཽ་རིར་བྱོན། སཽ་རིའི་རྒྱལ་པོའི་རྨི་ལམ་དུ་རྡོ་རྗེ་གདན་གྱི་མཧཱ་


TNT17_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྷིའི་ཞལ་ནས། ངའི་བསྟན་པ་ལྷོ་ཕྱོགས་སུ་མ་གཏོང་ཞེས་གསུང་བ་རྨིས་པ་ལ། ནང་བར་སློབ་དཔོན་འཁོར་བཅས་ལྷོ་ཕྱོགས་སུ་འབྱོན་པའི་པོ་ཏི་དང༌། སྐུ་གཟུགས་སོགས་གདན་འདྲེན་པའི་འུ་ལག་དགོས་ཞེས་བྱུང་བས། རྨི་ལམ་གྱི་དོན་གོ་ནས། དེར་རྒྱལ་པོས་བཞུགས་པར་ཡང་ཡང་གསོལ་བ་བཏབ་པས། སློབ་དཔོན་ཤིན་ཏུ་ཐུགས་རྗེ་ཆེ་བས་སཽ་རི་ཉིད་དུ་བཞུགས་པས་མཚན་ཡང་སཽ་རི་པར་གྲགས། སློབ་དཔོན་འདི་ཡང་བསྐྱེད་རིམ་མཐར་ཕྱིན། ཡི་དམ་གྱི་ལྷ་མང་པོའི་ཞལ་མཐོང༌། ཁྱད་པར་རྒྱ་གར་གྱི་ཡུལ་རང་ན་གདམས་ངག་ཆེ་བར་བྱེད། དེས་སློབ་དཔོན་འཇིགས་མེད་འབྱུང་གནས་ལ་གདམས་པ་ཡིན། དེས་ཤུ་བྷཱ་ཀ་ར་གུཔྟ་ལ། དེས་ད་ཤཱ་པཱ་ལ་ལ། དེས་རྣལ་འབྱོར་པ་བཛྲ་ཤྲཱི་ལ། དེས་རྩོད་པའི་དུས་ཀྱི་སློབ་དཔོན་ཐམས་ཅད་མཁྱེན་པར་གྲགས་པ་ཆོས་འབྱུང་དཔལ། དེས་སངས་རྒྱས་གྲགས་པ་ལ། དེས་རིན་ཆེན་གྲགས་པ། དེས་རཱ་ཏི་གུཔྟ་ལ་གདམས་ཏེ། དེ་དག་གི་བར་གྱི་ལོ་རྒྱུས་རྒྱས་པར་མི་གསུང༌། རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། བསྐྱེད་རིམ་བརྒྱུད་པའི་གཏམ་གྱི་སྐབས་ཏེ་དྲུག་པའོ།། །། བཀའ་བབས་དྲུག་པ་ནི་ཚིག་གི་བརྒྱུད་པ་ཡིན་ཏེ། དེ་ཡང་ཚིག་གི་བརྒྱུད་པ་བྱས་ཀྱང༌། རྒྱུད་ཀྱི་བཤད་པའི་བརྒྱུད་པ་ཡིན་གསུང༌། དེ་ལ་རྒྱུད་མང་པོ་ཞིག་གི་བཤད་བཀའ། ནཱ་རོ་པ་དང༌། མཻ་ཏྲི་པ་གཉིས་ལ་བཞུགས། ཡང་འགའ་ཞིག་ནི་ཀླུ་སྒྲུབ་ཀྱིས་ཨཱརྱ་དེ་བ་ལ་བཤད། དེས་སྒྲ་གཅན་འཛིན་ལ་བཤད། དེས་ཟླ་བ་གྲགས་པ་ལ་བཤད། དེས་འོད་ཟེར་


TNT17_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ལ་བཤད། དེས་ཡེ་ཤེས་གྲགས་པ་ལ་བཤད། དེས་ཤཱནྟི་པ་ལ་བཤད། ཡང་རྒྱུད་ཀྱི་བཤད་པ་མང་པོ་ཞིག་ནི་འཇམ་དཔལ་བཤེས་གཉེན་གྱིས། བྲམ་ཟེ་ཡེ་ཤེས་རྡོ་རྗེ་ལ་བཤད་ནས་དེ་ལས་བརྒྱུད་པ་དང༌། བྱང་ཆུབ་རྡོ་རྗེ་ལས་བརྒྱུད་པ་དང༌། ཡང་དཔལ་ཡེ་ཤེས་ཞབས་ཀྱིས་རབ་ཞི་བཤེས་གཉེན་ལ་བཤད། དེས་དཔལ་སྡེ་དང༌། ཙི་ལུ་བ་དང༌། ནག་པ་སྐྱེས་དང༌། སྨན་པ་ཞབས་ཏེ་བཞི་ལ་བཤད། དེ་ལ་བཞི་ལ་འཇམ་དཔལ་ཡེ་ཤེས་ཀྱིས་ཞུས། དེ་ལ་དོན་ཡོད་རྡོ་རྗེ་ཆེན་པོས་ཞུས། དེ་ལ་སིདྡྷི་བི་རས་ཞུས། དེ་ལ་ཨ་ཏི་ཤས་ཞུས། དེ་ལ་བཤེས་གཉེན་གསང་བས་ཞུས། དེ་ལ་རྡོ་རྗེ་གདན་པ་ཆེ་བས་ཞུས་པའི་སྐོར་དང༌། ཡང་མང་པོ་ཞིག་ན། ཙི་ལུ་པ། ཐ་ག་ན། ཤནྟི་པ། ཛྙཱ་ན་ཤྲཱི་མི་ཏྲ། ཇོ་བོ་རྗེ། རྡོ་རྗེ་གདན་པ་སྔ་ཕྱི་རྣམས་ནས་བརྒྱུད་པའང་ཡོད་ལ། ཡང་སློབ་དཔོན་ལ་ལི་ཏ་བཛྲ་སྟེ་རོལ་བའི་རྡོ་རྗེས་ཨོ་རྒྱན་ནས་རྒྱུད་མང་པོ་སྤྱན་དྲངས། སློབ་དཔོན་ལི་ལ་བཛྲ་ལ་བཤད། དེས་འཇམ་དཔལ་ཡེ་ཤེས་ལ་བཤད། སློབ་དཔོན་འདིས་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱིས་བརྡུང་སྟངས་བྱས་པས་སྟག་གཟིག་གི་རྒྱལ་པོ་གླང་པོ་ཆེ་དང་བཅས་པ་ཕྱེད་མར་སོང་བའི་གཏམ་རྒྱུད་ཡོད། དེས་ནི་དོན་ཡོད་རྡོ་རྗེ་ཆེན་པོ་ལ་གདམས་པ་ཡིན་ནོ། །ཡང་སློབ་དཔོན་སྤྱོད་པ་པ་དང༌། སློབ་དཔོན་བྲམ་ཟེ་དཔལ་འཛིན་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ། ལྷོ་ཕྱོགས་བཻ་དརྦྷ་ན་དགེ་སློང་སྡེ་སྣོད་གསུམ་པ་ཆོས་སྨྲ་བ་ཆེན་པོ་ཞིག །མུ་སྟེགས་ཀྱི་རྒྱལ་པོ་གཅིག་གིས་མགོ་གཅོད་པར་རྩོམ་པ་


TNT17_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སློབ་དཔོན་རྒྱལ་པོའི་དྲུང་དུ་བྱོན་ཏེ། འདི་མགོ་མ་གཅོད་བྱས་པས། འོ་ན་ཁྱོད་རང་གི་མགོ་སླུས་མར་ཐོང་ཟེར་བས། སློབ་དཔོན་གྱིས་དབུ་བཅད་ནས་བྱིན། དེར་མ་ཧའི་མགོ་ཅིག་བསླན་པས་འབྱར་བའི་ཆོ་འཕྲུལ་བསྟན། སློབ་དཔོན་མ་ཧེའི་དབུ་ཅན་དུ་གྲགས་སོ། །དེས་ཧ་རི་ཀེ་ལ་ལ་གདམས། འདིས་ནི་ཕྱག་རྒྱ་བྱི་ལར་བསྒྱུར་བས། བྷི་ར་ཌི་བ་ཞེས་གྲགས། དེས་ཀྱང་འཇམ་དཔལ་ཡེ་ཤེས་ལ་གདམས་སོ། །ཡང་རྒྱུད་ཁ་ཅིག་ནི་སློབ་དཔོན་ཀུ་ཀུ་རི་པས་སྤྱན་དྲངས་པ་ཡིན་ཏེ། དེ་ཡང་ཤར་ཕྱོགས་བྷང་ག་ལའི་ཡུལ་དུ་འཁྲུངས། ནཱ་ལེནྡྲའི་པཎྜི་ཏ་དགེ་སློང་ཞིག་ཡིན་པ། ནགས་ཚལ་དབེན་པ་ཞིག་ཏུ་རྩེ་གཅིག་ཏུ་བསྒོམས་པས། དེར་ཐུན་མོང་གི་དངོས་གྲུབ་མང་པོ་ཡང་ཐོབ། བསྐྱེད་རིམ་ཡང་བརྟན་པར་གྱུར། ནང་གཅིག་ཕུག་པའི་ནང་དུ་ཁྱི་གུ་མོ་ཞིག་བྱུང༌། ཉིན་ཞག་འགའ་རེ་ཟས་ཀྱིས་གསོ་ཞིང་ཡོད། དེར་ལྷ་རྣམས་ཀྱིས་སློབ་དཔོན་སྤྱན་དྲངས་ཏེ་སུམ་ཅུ་རྩ་གསུམ་དུ་འདུག་པ་ལ། ཇི་ཞིག་ན་སྔར་གྱི་ཁྱི་གུ་དེ་དྲན་ཏེ། ལྷ་རྣམས་ལ་ང་འཛམ་བུ་གླིང་དུ་འགྲོ་བྱས་པས། ཅི་ཡིན་ཟེར། ཁྱི་གུ་དེ་ལྟོགས་ཏེ་འཆི་བ་ཡོད་བྱས་པས། ལྷ་རྣམས་ན་རེ། ཁྱེད་ཡུན་རིང་དུ་ཏིང་ངེ་འཛིན་བསྒོམ་ན། ད་དུང་ཡང་ཁྱི་གུའི་རྣམ་རྟོག་ཀྱང་མ་ཞིའམ་ཞེས་ཟེར་བས། བདེན་སྙམ། སློབ་དཔོན་གྱིས་ལོ་བཅུ་གཉིས་ལྷའི་གནས་སུ་བཞུགས། དེ་ནས་རང་གི་གནས་སུ་འོངས་པ་ན། སྔར་གྱི་ཁྱི་གུ་དེ་ནི་ཆེ་རུ་མ་སོང་པར་འདུག་སྐད། བྲག་གི་ཕུག་ལ་ཁྱིས་གྲུས་པས་ཆུ་མིག་ཀྱང་བརྡོལ་སྣང་བ། ཁྱི་གུ་ལག་ཏུ་བླངས་པས་


TNT17_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཅིག་ཏུ་གྱུར་སྐད། དེ་ནི་རྡོ་རྗེའི་རྣལ་འབྱོར་མ་ཡིན་ཏེ། དེ་དང་ལྷན་ཅིག་ཏུ་སྤྱོད་པ་སྤྱོད་ཅིང༌། སྐྱེ་བོའི་མངོན་དུ་ཁྱི་མོར་སྤྲུལ་པས། སློབ་དཔོན་ཀུ་ཀུ་རི་པ་ཞེས་གྲགས། དེས་མཁའ་འགྲོ་མའི་གནས་ལས་རྒྱུད་མང་དུ་སྤྱན་དྲངས། པདྨ་བཛྲ་ཞེས་པ་ལ་བཤད། དེས་ཏིལླི་པ་ལ། དེས་ནཱ་རོ་པ་ལ། དེས་ཤནྟི་པ་ལ། སློབ་དཔོན་དེ་ན། མ་ག་དྷུའི་ཡུལ་དུ་བྲམ་ཟེའི་རིགས་ལས་འཁྲུངས་ཏེ། རིག་བྱེད་དང༌། རིག་བྱེད་ཀྱི་ཡན་ལག་རྣམས་དང༌། བརྟག་པ་བརྒྱད་ལ་སོགས་པ་ལ་ཆུང་ངུ་ནས་མཁས་པར་སྦྱངས་སོ། ཁ་ཅིག་རྗེ་རིགས་སུ་འདོད་པའང་ཡོད་གསུང༌། ཨོ་ཏནྟ་པུ་རིར་ཐམས་ཅད་ཡོད་སྨྲའི་སྡེ་ལ་རབ་ཏུ་བྱུང༌། ཉན་ཐོས་ཀྱི་སྡེ་སྣོད་གསུམ་པོ་ཐམས་ཅད་ཐུགས་སུ་ཆུད། བི་ཀྲ་མ་ཤཱི་ལར་བྱོན་ཏེ། ཛེ་ཏ་རི་ཆེན་པོ་ལ་སོགས་པ་མཁས་པ་མང་པོ་ལ་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་ཕལ་ཆེར་གསན། གནས་བརྟན་སློབ་དཔོན་ཆེན་པོར་གྱུར་ཏེ། སོ་མ་པུ་རིའི་མཁན་པོར་ཡང་མངའ་གསོལ། ལོ་འགའ་གཙུག་ལག་ཁང་དེ་ཉིད་ཀྱི་གནས་བརྟན་མཛད་དོ། །དེ་ནས་རིན་ཆེན་གྲགས་པ་དང༌། ནག་པོ་དམ་ཚིག་རྡོ་རྗེ་དང༌། ཐ་ག་ན་ལ་སོགས་པ་བླ་མ་མང་པོ་བསྟེན་ཅིང༌། རྒྱུད་བརྒྱ་རྩ་གསན་ཅིང་ཐུགས་ལ་བཞུགས་པར་གྲགས་སོ། །དེ་ནས་མ་ལ་བར་ཕེབས་ཏེ། ལོ་བདུན་དུ་ཐུགས་དམ་ལ་བཞུགས་པས། འཇམ་དབྱངས་དང༌། སྒྲོལ་མ་དང༌། མི་ཕམ་མགོན་པོ་རྣམས་ཀྱི་ཞལ་གཟིགས་ཤིང༌། དམ་པའི་ཆོས་ཀྱི་བདུད་རྩི་གསོལ་བ་ལས། དེ་ཀུན་ཡང་ཐོགས་མེད་ཀྱི་གཞུང་ལུགས་དང་མཐུན་པར་གསུང་བ་བྱུང་བས། སློབ་དཔོན་


TNT17_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འཕགས་པ་ཐོགས་མེད་ཀྱི་ལུགས་མཐར་ཐུག་ཏུ་མཛད་དོ། །དེ་སྐབས་སློབ་དཔོན་གྱི་མནལ་ལམ་དུ་འཕགས་མ་སྒྲོལ་མས། སིང་གའི་གླིང་དུ་བཞུད་ཅིག་པར་ལུང་བསྟན་ཏོ། །སིང་ག་ལའི་རྒྱལ་པོའི་རྨི་ལམ་དུ་ཡང༌། འཛམ་བུའི་གླིང་ན་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་ཡོད་པས། དེ་སྤྱན་དྲོངས་ཤིག ཁྱོད་ཀྱི་ཡུལ་དུ་ཐེག་པ་ཆེན་པོ་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་བྱུང་བས། སློབ་དཔོན་བྷང་ག་ལར་ཕེབས་པ་དང༌། སིང་ག་ལའི་ཕོ་ཉས་བྷང་ག་ལར་སླེབས་པ་དུས་མཚུངས་བྱུང༌། ཐེག་པ་ཆེན་པོའི་མདོ་སྡེ་ཉིས་བརྒྱ་ཙམ་སྤྱན་དྲངས་ཏེ། སིང་ག་ལར་ལོ་བདུན་ཆོས་གསུངས། ཐེག་པ་ཆེན་པོའི་དགེ་འདུན་ལྔ་བརྒྱ་ཙམ་བྱུང༌། མདོ་སྡེ་དེ་དག་ཤིན་ཏུ་དར་བར་གྱུར་ཏོ། །དེ་སྔོན་སིང་ག་ལར་གྲུབ་ཆེན་ནི་མང་དུ་བྱོན་མོད་ཀྱ། དགེ་འདུན་ཐམས་ཅད་ཉན་ཐོས་ཡིན་པར་མངོན་ནོ། །དེ་ནས་འཛམ་བུ་གླིང་དུ་ཕེབས་པའི་ལམ་དུ་རྒྱ་མཚོའི་རླབས་འཁྲུགས་པ་དང༌། གཟིངས་ལ་སྐྱོད་པའི་ཆོམ་རྐུན་བྱུང་བ་རྣམས། སྔགས་བཟླས་པའི་བྱེ་མ་གཏོར་བ་ཙམ་གྱིས་ཆོམ་རྐུན་རྣམས་དབང་དུ་འདུས། རྒྱ་མཚོའི་རླབས་ཞ། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཐ་དད་བརྒྱུད། རིམ་པས་རྡོ་རྗེ་གདན་དུ་ཕེབས། ཕྱིས་རྒྱ་ནག་རི་བོ་རྩེ་ལྔར་སྒྲུབ་པ་ལ་བཞུད་པར་དགོངས་པའི་ཚེ། རྒྱལ་པོའི་རྨི་ལམ་དུ་སངས་རྒྱས་དངོས་དང་མཇལ་བ་ཞིག་རྨི་བ། ནང་པར་སློབ་དཔོན་བྱོན་པས། རྒྱལ་པོས་བི་ཀྲ་མར་བཞུགས་པར་གསོལ་བ་བཏབ་པས། བི་ཀྲ་མ་ཤཱི་ལའི་ཤར་སྒོ་བ་མཛད་པ་ཡིན་ནོ། །ལོ་རྒྱུས་འགའ་ཞིག་ཏུ།


TNT17_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་འདི་མ་ཧི་པཱ་ལ་ཡིན་ཟེར་བ་དང༌། ཁ་ཅིག་ལས་དེའི་ཚ་བོ་རྒྱལ་པོ་ཙ་ན་ཀ་ཡིན་ཟེར་བ་གཉིས་ལས། ཕྱི་མ་དག་པར་མངོན་ནོ། །དེར་མུ་སྟེགས་ཀྱི་པཎྜི་ཏ་ཉིས་བརྒྱ་ཙམ་དང་སྔ་ཕྱིར་རྩོད་པ་མཛད་པས། ཐམས་ཅད་ལས་རྒྱལ་ཏེ། སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ། སངས་རྒྱས་པའི་ནང་དུ་ཡང་མཁས་པ་ལ་འགྲན་ཟླ་མེད་དེ། རྒྱལ་པོའི་བླ་མར་བཀུར། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཞེས་མཚན་དུ་གསོལ། ལྷ་ཡུལ་ནས་དགྲ་བཅོམ་པ་དངོས་སུ་བྱོན་ནས་ཆོས་ཉན་པར་གྲགས། དེ་ལྟར་ཉིན་མཚན་དུ་དམ་པའི་ཆོས་ཀྱི་བྱ་བས་དུས་འདའ་བར་མཛད་ཅིང༌། ནམ་ཞིག་ན། ནཱ་རོ་པ་ཆེན་པོས་དངོས་གྲུབ་བརྙེས་པས། དེ་ལ་གདམས་པ་ཅུང་ཟད་གསན། དགུང་ལོ་བརྒྱར་ཉེ་བའི་གནས་སྐབས་ཀྱི་ཚེ། ཉན་བཤད་ཀྱི་བྱ་བ་མ་ལྕོགས་ནས། གསོལ་ཟས་རགས་པ་སྤངས་ཏེ། དབེན་པ་ཞིག་ཏུ་བཞུགས་པ་ན། སྔོན་རང་གི་སློབ་མ་ཞིང་པ་ཞིགདུས་དེར་གྲུབ་པ་ཐོབ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འོངས་ནས་ཕྱག་བྱས་པ་བླ་མས་མ་མཁྱེན། དེ་ནས་ལུས་སྣང་བར་བྱས་ཏེ། སློབ་དཔོན་ཕྱག་འཚལ་ལོ་ཞུས་པས། ཁྱོད་སུ་ཡིན་གསུང༌། དངོས་ཞིང་པ་ཏོག་རྩེ་པ་ལགས་ཞུས་པས། ངས་དེ་ཡང་བརྗེད་ནས་མི་དྲན་མོད་ཀྱ། ད་ཁྱོད་ཀྱི་གདམས་པ་དེ་ང་ལ་བྱིན་ཅེས་གསུང་པས། ཏོག་རྩེ་པ་དེས་གདམས་པ་ཕུལ། དེའི་དོན་བསྒོམས་པས་རྡོ་རྗེ་ཕག་མོས་ཞལ་བསྟན་ཏེ་གྲུབ་པ་ཐོབ་བོ། །དེ་ནས་སྐུ་ལུས་ཀྱང་ཉམས་སྟོབས་དང་ལྡན་པར་གྱུར་ཏེ། སློབ་མ་རྣམས་ལ་ཆོས་ཀྱང་ཅི་རིགས་པར་གསུང་ཞིང་བཞུགས་


TNT17_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ལན་ཅིག་སྲོད་ཀྱི་དུས་ན། བུད་མེད་བཞིས་གདན་གྱི་མཐའ་ནས་བཏེག་སྟེ་ཡུད་ཙམ་པ་ཞིག་ལ་ཨོ་རྒྱན་གྱི་གནས་སུ་དངོས་སུ་སྤྱན་དྲངས། ཞག་མང་དུ་བཞུགས་ཏེ་དཔའ་བོ་དང་མཁའ་འགྲོ་མའི་དབུས་སུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་མཛད། རྡོ་རྗེའི་གླུ་མང་དུ་བླངས། ཚོགས་ཀྱི་གཙོ་བོ་རྡོ་རྗེ་ཕག་མོས་མདོ་རྒྱུད་ཀྱི་དགོངས་པ་འགྲེལ་བའི་མཆོག་ཏུ་དབུགས་དབྱུང་བ་མཛད། དེ་སྐབས་མ་ག་དྷའི་སློབ་མ་དང་སྐྱེ་བོའི་ཚོགས་ཀྱིས་སློབ་དཔོན་གར་བྱོན་ཆ་མེད། མི་སྣང་བར་གྱུར་པ་ཡིན་ནམ་སྙམ་སྟེ། དུས་ཀྱི་མཆོད་པ་བྱ་བར་བརྩམས་པ་ལས། སླར་ཡང་ཁྲིའི་སྟེང་དུ་སློབ་དཔོན་ཉིད་གང་ནས་བྱོན་ཆ་མེད་པར་ཕེབས། སློབ་མ་རྣམས་ལ་རྟོགས་པ་བརྗོད་པ་དང༌། ལོ་རྒྱུས་གསུང་བར་མཛད་པས། ཕལ་ཆེར་ངོ་མཚར་དུ་གྱུར་ཅིང༌། འགའ་ཞིག་ཡིད་མ་ཆེས་པར་ཡོད་པ་ལས། དུས་ནམ་ཞིག་ན་ཨོ་རྒྱན་གྱི་མི་མང་པོ་ཞིགརྡོ་རྗེ་གདན་དུ་མཆོད་པ་དང་ཚོང་བྱེད་པ་ལ་བྱུང་བ་ལ། མ་ག་དྷ་པ་རྣམས་ཀྱི་གཏམ་དྲིས་པས། ཨོ་རྒྱན་གྱི་དྷུ་མ་ཥྛི་རར་དངོས་སུ་ཕེབས། ཡུན་རིང་དུ་བཞུགས། ཆོས་ཀྱང་མང་དུ་བསྟན་ཅིང༌། ངེད་རྣམས་ཀྱིས་ཀྱང་ཆོས་ཐོས་ཞེས་ཟེར་བས་རྩོད་མེད་དུ་གྱུར་ཏོ། །དེ་ནས་ཀྱང་འགྲོ་བའི་དོན་ཅི་རིགས་པ་མཛད། དགུང་ལོ་བརྒྱ་བརྒྱད་ལྷག་ཙམ་ན་སྐུ་འདས་ཏེ། སློབ་མ་རྣམས་ཀྱིས་བསིལ་བ་ཚལ་དུ་སྐུ་གདུང་ཞུགས་ལ་བཞེན་པར་བརྩམས་པ་ན། མེ་ཅུང་ཟད་འབར་བ་ན་སྐུ་གདུང་མི་སྣང་བར་གྱུར་སྐད། སློབ་དཔོན་འདིས་རྒྱུད་སྡེ་མང་པོ་ལ་རང་སྟོབས་ཀྱིས་འགྲེལ་པ་མཛད་ཅིང༌།


TNT17_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པ་ལ་མཛད་པར་རྩོམ་པ་ན། རྡོ་རྗེ་ཕག་མོས་བཀའ་མ་གནང་ངོ༌། །ཨོ་རྒྱན་གྱི་གནས་སུ་ཚོགས་ཀྱི་འཁོར་ལོར་གཤེགས་པ་ན། གྲུབ་ཐོབ་གཞན་ཡང་ལྔ་བཅུ་རྩ་གསུམ་ཙམ་འདུས་ཏེ། དེ་ཐམས་ཅད་དང་ཆོས་ཀྱི་འགྲོ་བ་མཛད་པར་གྲགས་སོ། །ཡང་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བར་པས། སློབ་དཔོན་ཀུ་ཀུ་རཱ་ཛ་ཞེས་པ་ཉིན་མོ་ཁྱི་སྟོང་ལ་ཆོས་འཆད་པར་བྱེད་ཅིང༌། མཚན་མོ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ཞིག་ཡོད་དེ། དེ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཞུས་པ་སོགས་རྒྱུད་མང་པོའི་བཤད་རྒྱུན་བྱུང་མོད་ཀྱ། ད་ལྟ་ནི་བཀླགས་ལུང་ཙམ་ལས་ཆེར་མེད་གསུང༌། ཡང་འདིར་ཨ་ཏི་ཤའི་ལོ་རྒྱུས་ཀྱང་གྲགས་ཆེ་བས་མ་བཀོད་དོ། །ཡང་དུས་འཁོར་སོགས་རྒྱུད་སྡེ་མང་པོ་ཞིག་ན། སློབ་དཔོན་པི་ཏོ་པ་སྟེ་བསོད་སྙོམས་པ་བྱ་བ་ཞིག་ལ་ཕྱག་ན་རྡོ་རྗེས་ལུང་བསྟན་ཏེ། རྫུ་འཕྲུལ་གྱིས་ཤམ་བྷ་ལར་བྱོན། རྒྱུད་མང་པོ་སྤྱན་དྲངས། རཏྣ་གི་རིར་སློབ་མ་མང་པོ་ལ་བཤད། པི་ཊོ་པ་ཉིད་མཐར་མི་སྣང་བའི་དངོས་གྲུབ་བརྙེས་སོ། །སློབ་མ་དྲུག་ཡོད་པ་ལས། གསུམ་གྱིས་རྡོ་རྗེའི་སྐུ་གྲུབ་སྟེ་མི་སྣང་བར་གྱུར། དགེ་སློང་ཨ་བ་དྷཱུ་ཏཱི་པ་དང༌། བོ་དྷི་ཤྲཱི་དང༌། ནཱ་རོ་པ་གསུམ་གྱིས་དར་བར་མཛད་དོ། །ཡང་ཨ་བ་དྷཱུ་ཏཱི་པས་སཽ་རི་པ་ལ་བཤད་དོ། །དེ་ལ་པི་ཊོ་པ་ནི་རྒྱལ་པོ་མ་ཧི་པཱ་ལའི་དུས་སུ་བྱོན་ཡང༌། ཨ་བྷི་ཡུཀྟ་ཀ་ནས་ཀྱང་བརྒྱུད་དེ། དེ་དག་གི་བརྒྱུད་པ་འདིའི་དབང་དུ་བྱས་པའོ། །དེ་ལྟར་བླ་མ་སྣ་ཚོགས་ལས་བརྒྱུད་ནས་བཤད་པའི་རྒྱུན་དེ་དག་ཐམས་ཅད་སློབ་དཔོན་ཆེན་པོ་སྙིགས་དུས་ཀྱི་སངས་རྒྱས་འཇིགས་མེད་འབྱུང་གནས་སྦས་པ་ལ་མངའོ། །སློབ་དཔོན་དེ་ནི་རྒྱ་གར་ལྷོ་ཕྱོགས་ཨོ་ཌི་བི་ཤ་དང་ཉེ་


TNT17_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཛ་རི་ཁཎྜ་ཞེས་བྱ་བར་ཕ་རྒྱལ་རིགས་དང༌། མ་བྲམ་ཟེའི་རིགས་ཏེ། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་དང༌། སྒྲ་དང་རྟོག་གེ་ལ་ཤིན་ཏུ་མཁས་ཤིང༌། ཆེན་པོར་གྱུར་པ་ན་མུ་སྟེགས་ཀྱི་རྒྱུད་དང་གཞུང་ལུགས་ཐམས་ཅད་མཁྱེན། སྐྱེད་མོས་ཚལ་ཞིག་ཏུ་སྔགས་བཟླ་བཞིན་ཡོད་པ་ན། རང་གི་མདུན་དུ་བུ་མོ་མཛེས་མ་ཞིག་བྱུང༌། ང་གདོལ་པའི་བུ་མོ་ཡིན། ཁྱོད་དང་ལྷན་ཅིག་སྤྱོད་པར་འདོད་ཟེར་བ་ལ། དེ་ལྟར་ག་ལ་རུང་ཞེས་བཟློག་ནས། ང་རིགས་མཐོན་པོར་གྱུར་པ་ཡིན་པས་གྲགས་པ་མ་ཡིན་པ་འབྱུང༌། འདིར་མ་འདུག་བྱས་པས། དེ་ཡང་ཕྱིར་སོང་སྟེ་བརྟགས་པ་ན་སྒོ་རྣམས་རང་གིས་ནང་ནས་བསྡམས་པ་དེ་ཁོ་ན་མ་ཞིག་པར་འདུག་ནས། ལྷ་མོའམ་གནོད་སྦྱིན་མོའམ་སུ་ཡིན་སྙམ་པ་ལས། རང་གི་གྲོགས་མཆེད་སངས་རྒྱས་པའི་རྣལ་འབྱོར་པ་ཞིག་ཡོད་པ་ལ་དྲིས་པས། དེ་ནི་རྡོ་རྗེ་རྣལ་འབྱོར་མ་ཡིན་པ་ལ། དངོས་གྲུབ་མ་བླངས་པ་མ་ལེགས་ཀྱ། ཁྱོད་སངས་རྒྱས་པའི་རིགས་སུ་འདུག་པས། ཤར་ཕྱོགས་སུ་སོང་ལ་སངས་རྒྱས་པ་གྱིས་གསུང་ནས། དེ་བཞིན་དུ་བྱས། བྷང་ག་ལའི་ཡུལ་དུ་མདོ་སྔགས་ཐམས་ཅད་ལ་མཁས་པར་སྦྱངས། སློབ་དཔོན་སོ་སོ་ལ་དབང་བསྐུར་བ་ཡང་མང་དུ་ཞུས། དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་སོང་ནས། འདུལ་བ་འཛིན་པ་ཐམས་ཅད་ཀྱི་སློབ་དཔོན་དུ་བསྐོས། ལན་ཅིག་ལྷ་ཁང་གི་འཁྱམས་ཅིག་ན་འདུག་པ་ལ། བུ་མོ་གཞོན་ནུ་ཞིག་གིས། བ་གླང་གི་ཤ་ཁྲག་འཛག་པ་ཅིག་ཁྱེར་བྱུང་སྟེ། དེ་སློབ་དཔོན་ལ་གཏད་


TNT17_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ང་གདོལ་པའི་བུ་མོ་ཡིན། འདི་ཁྱོད་ཀྱི་དོན་དུ་བསད་པ་ཡིན་པས་ཟོ་ཟེར་བ་ལ། ང་གཙང་མའི་རིགས་ཀྱི་དགེ་སློང༌། ཕྱེད་དུ་བརྡོས་པའི་བ་གླང་གི་ཤ་ག་ལ་ཟ་གསུངས་པས། དེ་ཕྱིར་ལྡོག་ནས་འཁྱམས་སྨད་དུ་མི་སྣང་བར་སོང༌། དེ་ཡང་རྡོ་རྗེ་རྣལ་འབྱོར་མས་དངོས་གྲུབ་གནང་པ་མ་བླངས་པ་ཡིན་ནོ། །དེར་སློབ་དཔོན་སྡེ་སྣོད་གསུམ་གྱི་མངའ་བདག་ཡིན་ཡང༌། མན་ངག་གིས་ཡིད་མ་ཚིམས་པར། མཐར་ཐུག་པའི་མན་ངག་གི་བདག་པོར་གྲགས་པ་ཐམས་ཅད་ལ་མན་ངག་སྣ་ཚོགས་གསན་ཅིང་ཡུལ་ཐམས་ཅད་དུ་བྱོན། ནཱ་ལནྡར་ཡང་མང་དུ་བཞུགས། སྡེ་པ་བཞིའི་འདུལ་བ་ཐམས་ཅད་དང༌། ཉན་ཐོས་ཀྱི་སྡེ་སྣོད་གཞན་ཡང་ཤས་ཆེ་བ་རྣམས་དང༌། ཐེག་ཆེན་སྡེ་གཉིས་ཀྱི་མདོ་དང༌། བསྟན་བཅོས་རིགས་མི་གཅིག་པ་ཐམས་ཅད་ལ་ཤིན་ཏུ་མཁྱེན་པ་རྒྱས་ཤིང༌། ནང་པའི་རྟོག་གེ་ལ་སོགས་པ་ཐུན་མོང་གི་རིག་པའི་གནས་རྒྱ་མཚོ་ལ་མཁས། ཁྱད་པར་དུ་གསང་སྔགས་ཙམ་ལ་ཆེས་མཁས། མན་ངག་དང་བཅས་པ་ཡང་ཐོབ། དེ་ནས་དཔལ་སཽ་རི་པའི་དྲུང་དུ་ཕེབས། ཁོང་ལ་མངའ་བའི་སྔགས་ཀྱི་ཆོས་ཐམས་ཅད་ཞུས། རྩ་བའི་བླ་མ་ཡང་འདི་ལ་མཛད། སློབ་དཔོན་ཉིད་ཀྱིས་སྔོན་རབ་ཏུ་བྱུང་བའི་མཁན་པོ་ཡང་འདི་ཡིན་ཟེར། སཽ་རིའི་དགོན་པ་དེར་བླ་མའི་མན་ངག་བསྒོམ་བཞིན་བཞུགས་པའི་སྐབས་ཤིག ཚེས་བརྒྱད་ཀྱི་དུས་ནམ་སྲོད་ཅིག་ལ། སློབ་དཔོན་སཽ་རི་པའི་ཆུ་ལེན་གཡོག་མོ་བུ་མོ་དགེ་བསྙེན་མ་ཞིག་ཡོད་པ་དེ་ཁོ་ན་འདྲ་བ་ཞིག །སློབ་དཔོན་གྱི་མུན་ཁང་དུ་བྱུང་སྟེ། སྣོད་ཆུང་ངུ་ཅིག་ནས་ཚོགས་རྫས་མང་


TNT17_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཏོན་ནས། ང་སློབ་དཔོན་གྱིས་བཏང་བ་ཡིན། ཁྱེད་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོ་བྱ་ཟེར། ངས་ཚོགས་འཁོར་སྔར་མ་བྱས་གསུངས་པས། དེ་ལྟར་ཡང༌། ད་རེས་གྱིས་ཟེར། དེར་སློབ་དཔོན་གྱིས་རྣམ་པར་རྟོག་པས་མ་མཛད་པས། དེ་ན་རེ། ཁྱེད་རྒྱུད་སུམ་བརྒྱ་ཤེས་ཤིང༌། དེ་རྣམས་ཀྱི་མཐར་ཐུག་པའི་མན་ངག་ཐོབ་ནས། སྔགས་ཀྱི་སྤྱོད་པ་ལ་རྟོག་པ་བྱར་ག་ལ་རུང་ཟེར། ཚོགས་རྫས་རྣམས་ཁྱེར་ནས་ཕྱིར་སོང༌། དེར་མུན་ནག་ཏུ་གྱུར་པ་ན། སྒྲུབ་ཁང་གི་སྒོ་རིམ་པ་གསུམ་ལ་གཟིགས་སུ་བྱོན་པ་ན། སྒོ་ནི་རང་གིས་ནང་ནས་བསྡམས་པ་དེ་ཁོ་ནར་འདུག་ནས། ཐེ་ཚོམ་སྐྱེས་ཏེ། ནང་པར་བླ་མ་ལ་མདང་གཡོག་མོ་བདག་ལ་ཚོགས་སྐྱེལ་དུ་བཏང་ངམ་ཞུས་པས། ཁྱོད་རྣམ་རྟོག་ཤས་ཆེ་བས་མ་བཏང༌། ཁྱོད་ཀྱིས་ཅི་མཐོང་གསུང༌། ལོ་རྒྱུས་ཞུས་པས། བླ་མ་ན་རེ། འོ་ན་རྡོ་རྗེ་རྣལ་འབྱོར་མས་དངོས་གྲུབ་བསྟབས་པ་མ་བླངས་པར་འདུག་པ་གསུང༌། དེར་ཡི་མུག་ནས་ཞག་བདུན་དུ་ཁ་ཟས་བཅད་དེ་གསོལ་བ་བཏབ་པས། བདུན་པའི་ནུབ་མོ་རྨི་ལམ་དུ་ཐོག་མར་བུད་མེད་རྒན་མོ་ཞིག་བྱུང༌། དེ་རྡོ་རྗེ་ཕག་མོར་ཤེས་ཏེ་བཤགས་པ་ཕུལ་གསོལ་བ་བཏབ་པས། རྡོ་རྗེ་ཕག་མོ་དངོས་སུ་གྱུར་ནས་ཁྱོད་ཀྱི་སྐྱེ་བ་མང་པོར་ང་ལ་བཟླས་པ་དང་མཆོད་པ་བྱས་པས། ད་རེས་དངོས་གྲུབ་ལན་གསུམ་བྱིན་ཡང་དེ་མ་བླངས་པ་ཡིན་པས། ཚེ་འདིར་མཆོག་མི་ཐོབ། ད་ནི་བསྟན་བཅོས་མང་དུ་རྩོམས། གཞན་ལ་ཆོས་མང་དུ་ཤོད། བར་དོར་མཆོག་འགྲུབ་པོ་གསུང༌། དེ་ནས་དུར་ཁྲོད་སྣ་ཚོགས་སུ་བསྒོམ་བཞིན་བཞུགས།


TNT17_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རྒྱལ་པོ་རཱ་མ་པཱ་ལའི་བཙུན་མོ་ཞིག་གིས་ཨེ་ཌ་པུ་ར་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས་ནས་ཕུལ་བ། དེར་ཡང་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས་པས། ཟླ་བ་དྲུག་ཏུ་ཏིང་ངེ་འཛིན་ཐུན་གཅིག་ལ་གནས་པ་ཡང་བྱུང༌། དུར་ཁྲོད་བསིལ་བའི་ཚལ་དུ་བཞུགས་དུས། བུ་གཅིག་པོ་གཅེས་པོ་ཞིག་གི་རོ་སྐྱེལ་དུ་བྱུང་བ། ཉེ་དུ་རྣམས་སྡུག་བསྔལ་ཆེན་པོ་འདུག་ནས། བར་དོའི་རྣམ་ཤེས་བཀུག་སྟེ་ལུས་དེ་ལ་བཅུག་ནས་སླར་གསོས། དེ་ནས་བྱང་ཆུབ་སེམས་དཔའ་ནུས་པ་ཅན་དུ་གྲགས་ནས། རྡོ་རྗེ་གདན་གྱི་མཁན་པོར་སྤྱན་དྲངས། དེར་ཡང་ཕྱོགས་བཞིའི་སློབ་མ་རྣམས་ལ་ཆོས་མང་དུ་གསུངས། རྩིས་ཀྱིས་བརྟགས་པས་མཁྱེན་ཏེ། བྲམ་ཟེ་དབུལ་པོ་ཞིག་གི་ཐབ་ཀྱི་འོག་ནས་གཏེར་བཏོན་ཏེ་བྱིན། ཆོམ་རྐུན་བསྲུང་པ་དང༌། དུག་ཞི་བ་དང༌། དམག་བཟློག་པ་དང༌། གཞན་ཡང་རྒྱུད་ནས་གསུངས་པ་བཞིན་གྱི་ལས་ཚོགས་འགྲུབ། སབྟ་ན་ག་ར་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ལ་མེ་ཤོར་བ་བདེན་སྟོབས་བརྗོད་པས་ཞ། དེ་ནས་ནཱ་ལེནྡྲ་དང༌། བི་ཀྲ་མ་ལ་ཤཱི་ལའི་མཁན་པོར་སྤྱན་དྲངས། རྒྱལ་པོས་ཀྱང་བླ་མར་བཀུར། དེར་རྨི་ལམ་དུ་རྡོ་རྗེ་ཕག་མོས་བསྟན་བཅོས་རྩོམ་པར་སླར་ཡང་བསྐུལ་བས། བདག་ལྟ་བུའི་བསྟན་བཅོས་ཀྱིས་སེམས་ཅན་ལ་ཕན་མི་ཐོགས་ཞུས། ཁྱོད་བསྟན་བཅོས་རྩོམ་པའི་ཚེ་ང་ཉིད་ལུས་ལ་འཇུག་གོ་གསུང༌། དེ་ནས་སློབ་མ་སོ་སོས་གསོལ་བ་བཏབ་པའི་ངོར། བརྒྱད་སྟོང་པའི་འགྲེལ་པ་བརྩམས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཤིས་པ་བརྗོད། འཕྲེང་


TNT17_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐོར་གསུམ་ལས། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་བརྩམས་པའི་ཚེ། མེ་ཏོག་གི་ཆར་བབས། མན་ངག་སྙེ་མ་བརྩམས་པའི་ཚེ། ཐོག་མཐའ་བར་གསུམ་དུ་བདེ་དགྱེས་དུས་འཁོར་གསུམ་གྱིས་ཤིས་པ་བརྗོད། སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ། གཞན་ཡང་ཕར་ཕྱིན་ལ་ཐུབ་པ་དགོངས་རྒྱན་དང༌། མངོན་པ་ལ་འཇིག་རྟེན་བསྡུས་པ་དང༌། འདུལ་བ་ལ་དགེ་སློང་གི་རིག་བྱེད་འགྲེལ་པ་དང་བཅས་པ་དང༌། འདུལ་བ་སྣང་བ་དང༌། དབུ་མ་ལ་དབུ་མའི་སྙེ་མ་དང༌། གཞན་ཡང་ཡོ་གའི་རྒྱུད་འགྲེལ་པ་མེད་པ་འགའ་རེ་ལ་འགྲེལ་པ་དང༌། སྒྲུབ་ཐབས་གྲགས་པ་ཅན་བཞི་དང༌། སངས་རྒྱས་ཐོད་པའི་འགྲེལ་པ་དང༌། མ་རྒྱུད་མང་པོའི་རྒལ་ལན་དང༌། འཇིགས་མེད་ལམ་རིམ་དང༌། མདོར་བྱས་དང༌། རིམ་ལྔའི་འགྲེལ་པ། རྩིས་ལ་འཇུག་པ། དུས་འཁོར་གྱི་རྒལ་ལན། དུས་འཁོར་གསལ་བྱེད། གཞན་ཡང་བསྟན་བཅོས་ཐོར་བུ་དང༌། སྒྲུབ་ཐབས་ཕྲ་མོ་ཤིན་ཏུ་མང་བ་མཛད། སྒྲུབ་ཐབས་སྣ་ཚོགས་བསྡུས་པ་ཡང་བསྒྲིགས། ནུབ་ཕྱོགས་ཀྱི་ཡུལ་དུ་གཙུག་ལག་ཁང་བཞེངས་པའི་ཚེ། ལྷུང་བཟེད་ནམ་མཁར་བཟེད་པས་ཟས་སྐོམ་གྱིས་ཁེངས་ཡོང་བ་སོགས་མཐུན་རྐྱེན་ཐམས་ཅད་ཛམ་བྷ་ལས་སྦྱར། གཞན་ཡང་ཁྲི་མོན་དུ་བཅུག་པའི་སྐྱེ་བོ་འབུམ་ཕྲག་དུ་མ་ཐར་བར་མཛད། སློབ་མ་ཡང་རྒྱ་བོད་ཀྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། འདི་ཕྱིན་ཆད་ཕྱིས་བྱུང་བའི་རྒྱ་གར་བའི་ཐེག་ཆེན་པ་ཐམས་ཅད་སློབ་དཔོན་འདི་ལ་ཚད་ལྡན་དུ་རྩི་བར་སྣང༌། དེས་ཤུ་བྷཱ་ག་ར་གུཔྟ་སྟེ་དགེ་བའི་འབྱུང་གནས་སྦས་པ་ལ་བཤད།


TNT17_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ད་ཤ་པཱ་ལ་བཤད། དེས་རྣམ་པར་གྲགས་པའི་ལྷ་ལ་བཤད། འདི་ནི་བྷང་ག་ལའི་པཎྜི་ཏ་ཤིན་ཏུ་མཁས་པ་ཞིག་ཡིན་པ། ནཱ་ལེནྡྲར་བྱོན་ཏེ། ཆོས་དང་གདམས་ངག་ཐམས་ཅད་ལ་ཤིན་ཏུ་འདྲིས་པར་བྱས། ཡུལ་ནས་འབྱོན་དུས་རྩ་བའི་བླ་མས་རབ་ཏུ་བྱུང་གསུངས་ཡང༌། ཕྱིས་སྲེད་པ་ཤས་ཆེ་བའི་སྐྱོན་གྱིས་རབ་ཏུ་མ་བྱུང༌། ཆུང་མ་བླངས་པས། བུ་ཚ་མིང་སྲིང་གསུམ་སྐྱེས། ལན་ཅིག་རྨི་ལམ་དུ་སྤྱན་རས་གཟིགས་ཀྱི་གསུང་ནས་ཁྱོད་ཀྱི་བླ་མའི་བཀའ་བཅག་པས་ད་སྟེ་ལོ་གསུམ་ནས་ཚད་རིམས་ཀྱིས་ཤི་ནས་དམྱལ་བར་འགྲོ་གསུང༌། དེར་ཤིན་ཏུ་སྐྲག་སྟེ་མཚམས་བཅད་ནས་ཐུགས་དམ་མཛད། ལུང་བསྟན་ནི་ཐོག་ཏུ་བབས་ཏེ། ལོ་གསུམ་ནས་ཚད་རིམས་ཀྱིས་བཏབ་སྐུ་འདས། སློབ་དཔོན་རང་གི་སྣང་བ་ལ། གཤིན་རྗེའི་སྐྱེས་བུས་ཐག་རིང་དུ་ཁྲིད་པ་ན། འཕགས་པ་སྤྱན་རས་གཟིགས་ལྷ་ལྔ་ནམ་མཁར་བྱོན་ནས། རྟ་མགྲིན་གྱིས་གཤེད་མ་རྣམས་བརྡུངས། འཕགས་པས་སྤྱན་ཆབ་ནར་གྱིས་ཕྱུང་ནས་འདི་རང་གི་ལུས་ལ་སྐྱོལ་གསུང༌། འཕགས་པའི་འཁོར་རྣམས་ཀྱིས་ཚུར་བསྐྱལ་བའི་སྣང་བ་ལ། སླར་ཡང་རང་གི་ལུས་ལ་ཞུགས་ཏེ། དེ་ཕྱིན་ཆད་རྟག་ཏུ་སྤྱན་རས་གཟིགས་ཀྱིས་ཞལ་གཟིགས་ཤིང༌། ནུས་པ་ཡང་ཆེ། རྟོགས་པ་ཡང་བཟང་པོ་བརྙེས། གྲུབ་པ་ཐོབ་པ་ཡིན། གྲགས་པ་ཡང་ཆེ་བར་བྱུང༌། དེས་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱིབྷ་དྲ་དང༌། བུདྡྷ་ཤྲཱི་བྷ་དྲ་དང༌། རཏྣ་རཀྵི་ཏ་རྣམས་ལ་བཤད། དེ་དག་ལ་མུ་ནི་ཤྲཱི་བྷ་དྲས་ཞུས། དེས་ཀཱ་རུ་ཎ་ཤྲཱི་བྷ་དྲ་ལ་བཤད། དེས་ཤཱཀྱ་རཀྵི་ཏ་ལ་བཤད། དེས་སུ་ཛ་ཏ་བརྨ་ལ་བཤད།


TNT17_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཀིམྦི་ལའི་པཎྜི་ཏ་བི་མུཀྟ་དེ་བ་སྟེ། རྣམ་གྲོལ་ལྷ་ལ་བཤད། དེས་ཛ་ན་གུཔྟ་ལ་བཤད། དེས་ར་ཏི་གུཔྟ་ལ་བཤད། དེས་ད་ལྟ་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་གྲུབ་ཆེན་ཞི་བ་སྦས་པ་ལ་བཤད་དོ། །རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། རྒྱུད་བཤད་བརྒྱུད་པའི་གཏམ་གྱི་སྐབས་ཏེ་བདུན་པའོ། །བདུན་པ་མན་ངག་ཐོར་བུ་སྣ་ཚོགས་ཀྱི་བཀའ་བབས་ན། གྲུབ་ཆེན་གཽ་རཀྵའི་མན་ངག་རྣམས་ཀྱི་བཀའ་བབས་ཡིན་ཏེ། དེ་ཡང་སྡེ་ཚན་བཅུ་གཉིས་ཀྱི་ཛོ་གི་རྣམས་ན་རེ། མཱི་ན་པས་ལྷ་དབང་ཕྱུག་ཆེན་པོ་ལ་བརྟེན་ཏེ། ཐུན་མོང་གི་དངོས་གྲུབ་ཐོབ། དེ་ལ་གཽ་རཀྵས་རླུང་གི་གདམས་ངག་ཞུས་ཏེ་བསྒོམས་པས། ཕྱག་རྒྱ་ཆེན་པོ་ཡེ་ཤེས་རང་བྱུང་དུ་སྐྱེས་པ་ཡིན་ཞེས་ཟེར་བ་སོགས་ཁུངས་མེད་གཏམ་སྣ་ཚོགས་ཡོད་ཀྱང༌། རེ་ཞིག་བཞག་གོ །འདིར་གྲུབ་ཆེན་ཞི་བ་སྦས་པ་ལ་སོགས་པ་པཎྜི་ཏ་ཁུངས་མ་རྣམས་ཀྱི་གསུང་དང༌། ཁོ་བོའི་བླ་མ་སངས་རྒྱས་སྦས་པའི་ཞལ་སྔ་ནས་ཀྱིས་བླ་མ་གཽ་རཀྵའི་གདམས་པ་མ་ལུས་བའི་མཛོད་དུ་གྱུར་པ་གྲུབ་ཐོབ་མང་པོ་དངོས་སུ་ཞལ་མཇལ། ནུས་མཐུ་དང་བྱིན་རླབས་དཔག་ཏུ་མེད་པ་མངའ་བའི་སློབ་དཔོན་འབབ་སྟེགས་མགོན་པོ་དང༌། ནག་པོ་མགོན་པོ་དང༌། བྲམ་ཟེ་མགོན་པོ་སྟེ། གཽ་རཀྵའི་རྗེས་འབྲང་རྣམ་པ་གསུམ་པོ་དེའི་བཞེད་པ་མཐུན་པར་བྱུང་བས་ཁོ་བོའི་བླ་མ་ཡང་འདི་ཁོ་ན་འཐད་གསུང༌། དེ་ཡང་རྒྱ་གར་ཤར་ཕྱོགས་སུ་བྲམ་ཟེའི་སློབ་དཔོན་བྱཱ་ལི་པ་ཞེས་བྱ་བ་ཞིག་གིས། ཡོ་བྱད་མང་པོ་བསགས་ཏེ་ལོ་བཅུ་གཉིས་སུ་དངུལ་ཆུའི་བཅུད་ལེན་བསྒྲུབས་པས།


TNT17_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་ལྟས་ཅིག་ཀྱང་མ་བྱུང༌། ཡོ་བྱད་ཀྱང་ཟད། དེར་དངུལ་ཆུའི་སྒྲུབ་ཐབས་ཀྱི་པོ་ཏི་ཆུ་བོ་གངྒཱ་ལ་འཕངས་ཏེ་རང་ཉིད་ལྡུམ་བུ་སྤྱོད་ཅིང་སོང་བ་ན། ཇི་ཞིག་ན། ཨོ་ཌི་བི་ཤའི་ཡུལ་དུ་སླེབ་པའི་ཚེ། ཆུ་གཅིག་ལ་ཁྲུས་བྱས་པས། སྔར་པོ་ཏི་བསྐྱུར་བ་དེར་མ་གོད་པར་རྙེད། དེ་དངོས་གྲུབ་ཐོབ་པའི་ལྟས་སུ་ཤེས་ནས། སླར་རང་ཡུལ་དུ་ཕྱིན་པ་ན། དངུལ་ཆུ་ནི་གཡས་སུ་འཁོར་ཞིང་སྒྲ་སྙན་པོ་ཡང་གྲགས། མེ་ཏོག་གི་ཆར་ཡང་འབབ་པར་མཐོང་ནས། ནང་མི་རྣམས་ལ་ཅི་ཡིན་དྲིས་པས་སུས་ཀྱང་མ་ཤེས། རང་གི་བུ་མོ་གླེན་མ་ཞིག་ན་རེ། ཁང་པ་འདིར་ཁོ་མོ་རྡུལ་དང་ལྡན་པར་གྱུར་ཏེ། ཁྲུས་ཤིག་བྱས། དེ་ཕྱིན་ཆད་འདི་ལྟར་བྱུང༌། ཅི་ཡིན་ནི་མ་ཤེས་ཟེར། དེ་བརྟགས་པས། སྔོན་སྐྱུ་རུ་ར་དམར་པོ་ངོ་མ་ཤེས་ཏེ། དེ་ནི་གཞོན་ནུ་མའི་རང་བྱུང་གི་རྡུལ་ཡིན་པ་ལས། སྐྱུ་རུ་ར་མདོག་དམར་པོ་འབའ་ཞིག་བཏབ་པས་མ་གྲུབ། དུས་དེར་ཁྲུས་བྱས་པའི་ཁྲག་གི་ཟེར་མ་ཞིག་སོང་བས་དངུལ་ཆུ་གྲུབ་པ་ཡིན་ནོ། །དེ་ནས་དངུལ་ཆུའི་ཆོ་གའི་ལྷག་མ་རྣམས་ཟླ་བ་དྲུག་ཏུ་བྱས་ནས་ཟོས་པས། བྱཱ་ལི་པ་རང་དང་ཆུང་མ་དང༌། བུ་དང་བུ་མོ་དང་མནའ་མ་སྟེ་ལྔ། རྟ་གཅིག་དང་དྲུག་གིས་རྫས་ཀྱི་རིག་པ་འཛིན་པ་ཐོབ་སྐད། དེར་དངོས་གྲུབ་ལ་སེར་སྣ་བྱས་ཏེ། ལྷོ་ཕྱོགས་ཀྱི་རྒྱ་མཚོའི་གླིང་གི་གནས་ཤིག་ན། ཕྱོགས་བཞི་ཅར་འདམ་གྱིས་བསྐོར་བའི་དབུས་ན་བྲག་རི་ཆེན་པོ་ཞིག་ཡོད་པ་དེར་འདུག་སྐད། དངུལ་ཆུའི་རྫས་གསེར་འགྱུར་རྩི་དེ་གཞན་སློང་དུ་བྱུང་དོགས་ཏེ། མིས་མི་ཐར་པའི་སར་བྲོས་པ་ཡིན། དངོས་གྲུབ་སྒྲུབས་པ་ནི་ནག་པོ་ཆེན་


TNT17_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རིགས་སྔགས་ལ་བརྟེན་ནས་གྲུབ་པ་ཡིན་སྐད། གཏམ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསན་ཏེ། ཀླུ་སྒྲུབ་ལ་མཁའ་འགྲོ་མའི་རིག་སྔགས་ཤིག་ལ་བརྟེན་ནས་མཁའ་ལ་འགྲོ་ཐུབ་པའི་ཤིང་ལོའི་ལྷམ་གཉིས་ཡོད་པ་ལས། གཅིག་སྦས་ཤིང༌། གཅིག་གྱོན་ནས་ནམ་མཁའ་ལ་འཕུར་ཏེ་བྱཱ་ལི་པའི་དྲུང་དུ་སླེབ། དེར་སློབ་དཔོན་གྱིས་གསེར་འགྱུར་གྱི་རྩི་སྟེར་དགོས་བྱས་པས། དེས་ཀྱང་ཁྱེད་ཀྱི་ལྷམ་དེ་ང་ལ་བྱིན་ཞིགགསེར་འགྱུར་གྱི་རྩི་སྦྱིན་དུ་རུང་ངོ་ཟེར། དེར་དངུལ་ཆུའི་གདམས་ངག་མང་པོ་དང༌། བཅུད་ལེན་གྱི་རིགས་བྱེ་བ་བརྒྱ་སྟོང་དུ་མ་དང༌། གསེར་འགྱུར་གྱི་རྩི་གྲུབ་ཟིན་པ་དེ་ནས་ཀྱང་བྱིན། ལྷམ་གཅིག་པོ་དེ་ཡང་དེ་ལ་ཕུལ། ལྷམ་སྦས་པ་དེ་གྱོན་ཏེ་ནམ་མཁའི་ལམ་ནས་འཛམ་བུའི་གླིང་དུ་འོངས། བཅུད་ལེན་གྱི་གདམས་ངག་རྒྱ་ཆེར་སྤེལ་བ་ཡིན་ནོ། །དེ་ནས་ལྗོངས་མུ་ནིནྡྲ་ཞེས་བྱ་བ་རྒྱ་གར་བྱང་ཕྱོགས་ཡུལ་ས་འཛིན་ན། རི་དྷི་ཀོ་ཊ་ཞེས་བྱ་བ་ཡོད། རི་དེ་གསེར་དང་དངུལ་དུ་བསྒྱུར་བར་བཞེད་པ་ལ། འཕགས་མ་སྒྲོལ་མས། མ་འོངས་པའི་སེམས་ཅན་རྣམས་འཐབ་རྩོད་དུ་འགྱུར་བར་མཁྱེན་ནས། གསེར་དངུལ་དུ་བསྒྱུར་བ་བཀག་ནས་ལན་ཚྭར་འགྱུར་བར་བྱིན་གྱིས་བརླབས་པར་གྲགས། དེང་སང་ཡུལ་ས་འཛིན་ལ་ཊི་ལ་ཟེར། དེར་བྱཱ་ལི་བས་ད་ནི་སེར་སྣ་བྱས་ཀྱང་དོན་མེད་དོ་སྙམ་ནས་འཛམ་བུའི་གླིང་དུ་འོངས་སོ། །དེའི་ལུས་ནི་རིག་པ་འཛིན་པ་ཐོབ་ཀྱང༌། སྔར་ནང་གི་མངོན་པར་རྟོགས་པ་ནི་ཅུང་ཟད་ཀྱང་མེད་པས། སློབ་དཔོན་ཙར་པ་ཊི་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་


TNT17_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་པ་ཞིག་ལ། གདམས་ངག་ཞུས་ཏེ་བསྒོམས་པས། རིང་པོར་མི་ཐོགས་པར་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ། རྟོགས་པ་དོན་གྱི་གླུ་ཡང་བླངས། སེམས་ཅན་གྱི་དོན་ལྔ་ཅི་རིགས་པ་བྱས་སྐད་དོ། ཁོང་གི་བཅུད་ལེན་གྱི་གདམས་པ་ཐམས་ཅད་སློབ་དཔོན་ཙར་པ་ཊི་པ་ལ་དྲིན་ལན་གྱི་ཚུལ་དུ་ཕུལ། བླ་མ་དེས་ཀྱང་དངུལ་ཆུའི་བཅུད་ལེན་གྱི་ཆོ་ག་དེ་ཅུང་ཟད་བྱས་པས་འཕྲལ་དུ་གྲུབ། དེས་སེམས་ཅན་མང་པོ་ལ་ཕན་གདགས་པར་བཞེད་དེ། ཙམྤརྞའི་ཕྱོགས་གཅིག་ན་འབྲོག་པའི་རིགས་ཤིན་ཏུ་མང་བ་ཡོད་ཅིང༌། དེ་ན་འབྲོག་པ་གཅིག་ཤིན་ཏུ་ནོར་ཆེ་བ། མ་ཧེ་དང༌། བ་མེན། བ་གླང༌། རྟ་ལུགས་སོགས་སྟོང་ཕྲག་དུ་མ་ཡོད། དེར་བུ་ལ་མནའ་མ་ཞིག་བླངས་པ་དེ་ལའང་ཁྱེའུ་ཞིག་བཙས། ལན་ཅིག་ཡུལ་དུ་སྟོན་མོ་ཆེན་པོ་ཞིག་བྱུང་བའི་སྐབས། མནའ་མ་དང་བུ་ཆུང་དེར་འདུག གཞན་རྣམས་སོང་བ་ལ། གྲུབ་ཐོབ་ཙར་པ་ཊི་བས་ཟས་སློང་བ་ལ་བྱོན། དེར་སློབ་དཔོན་ལ་ཟས་ཐམས་ཅད་དྲངས། སློབ་དཔོན་ན་རེ། ནང་མི་རྣམས་མི་ཁྲོ་ན་ཁྱོད་སྡོད་ལ་ནང་པར་ནས་ཀྱང་ང་ལ་ཟས་མང་པོ་བྱིན་ཞིགགལ་ཏེ་ཁྲོ་ན། ང་ནགས་ཚལ་ཡ་གིར་མེ་གཏོང་གིན་སྡོད་པས། ངའི་ཙར་བྲོས་ལ་ཤོག་གསུང༌། དེར་ནང་མི་རྣམས་འཁོར་བ་ན། སྣོད་ཐམས་ཅད་འཕྲོ་ཅན་དུ་མཐོང་ནས། དེ་ཐམས་ཅད་ཀྱིས་མནའ་མ་ལ་འཐབས་པས། དེས་བུ་ཆུང་ཐོགས་ཏེ་བྲོས། སློབ་དཔོན་གྱི་དྲུང་དུ་བྱུང་བ་ལ། སློབ་དཔོན་གྱིས་བཅུད་ལེན་གཏོར་བས། མ་སྨད་གཉིས་རིག་པ་འཛིན་པའི་ལུས་སུ་གྱུར། དེའི་རྗེས་


TNT17_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེགས་ལ་སྐྱེ་བོ་མང་པོ་བྱུང་བ། དེ་རྣམས་ལ་ཡང་སློབ་དཔོན་གྱིས་བཅུད་ལེན་གཏོར་བས། སྐྱེ་བོ་སུམ་བརྒྱ་ཙམ་རིག་པ་འཛིན་པའི་ལུས་སུ་གྱུར་ཏེ། དོན་ཆེན་པོ་དང་འཕྲད་སྐད། དེར་ཙམ་པའི་རྒྱལ་པོས་གཏམ་དེ་ཐོས་པས། སྐྱེ་བོ་མང་པོ་དང་བཅས་ཏེ་སློབ་དཔོན་གྱི་དྲུང་དུ་སོང༌། རྒྱལ་པོས་ཕྱག་བྱས་པས། སློབ་དཔོན་ཁྲོས་པ་ལྟར་བྱས་ནས། ཟས་ཀྱི་སྣོད་ས་ལ་བརྡབས་པས། ས་འོག་ནས་ཀླུའི་རྒྱལ་པོའི་བུ་མོ་བྱུང་སྟེ། དེས་ཡོ་བྱད་མང་པོ་རྒྱལ་པོ་ལ་བསྟབས་པས། རྒྱལ་པོས་ཀྱང༌། སློབ་དཔོན་གྲུབ་པ་ཐོབ་པར་ཤེས། བྲག་རིའི་ཕུག་ལྷ་ཁང་གི་རྣམ་པ་ཅན་གཉིས་བཅོས་ཏེ། གཅིག་ཏུ་ནི་སློབ་དཔོན་དང་མ་སྨད་གཉིས་ཏེ་གསུམ་བཞུགས་པར་བྱས། གཅིག་ཏུ་ནི་སུམ་བརྒྱ་པོ་གནས་པར་བྱས་སོ། ཁྱེའུ་དེས་ཀྱང་དངོས་གྲུབ་མང་དུ་སྦྱིན་ནུས་པ་ཡིན་ཏེ། མིག་ནས་མིག་སྨན། རྣ་བ་ནས་རི་ལུ། ཁ་ནས་རལ་གྲི སྣ་ནས་རྐང་མགྱོགས། རྡོ་རྗེ་ནས་གསེར་འགྱུར་རྩ། འོག་སྒོ་ནས་བཅུད་ལེན་རྣམས་འབྱུང༌། དེ་གསུམ་པོ་སྟན་གཅིག་ལ་འདུག་སྟེ། ཇི་སྲིད་བྱམས་པ་མ་བྱོན་གྱི་བར་དུ་འགྲོ་བའི་དོན་བྱེད་དེ་གནས་དེ་ལ་ཡང་ཙམྤ་ཙརྤ་ཊི་ཟེར། ད་ལྟ་ཡང་གསོལ་བ་བཏབ་ན་དངོས་གྲུབ་མྱུར་བ་ཡིན་སྐད། དེའི་སློབ་མ་ནི་གྲུབ་ཐོབ་ཀཀྐུ་ཊི་པ་ཡིན་ཏེ། དེ་ཡང་སློབ་དཔོན་ཆེན་པོ་ལཱུ་ཡི་པ་ལ་ཕྱིའི་དབང་བསྐུར་བ་རྣམས་ཐོབ་ཀྱང་ཟེར། ལཱུ་ཡི་པ་ཡིན་པར་གཅིག་ཏུ་ཡང་མ་ངེས་པར་སྣང༌། དེ་ནས་གྲུབ་ཐོབ་ཙརྤ་ཊི་པ་ལ་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་ཐོབ་ནས། དུར་ཁྲོད་རྣམས་སུ་སྤྱོད་པ་སྤྱོད་ཅིང་བཞུགས་ལ། རིག་མ་


TNT17_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཡོད་པ་གྲོང་ཁྱེར་དུ་འགྲོ་བ་ན་ཁྱིམ་བྱར་བསྒྱུར་ཏེ་བཞུད་པས། ཀཀྐུ་ཊི་པ་ཞེས་གྲགས། ལར་ཀཀྐུ་ཊི་པ་ཡང་མི་གཅིག་པ་གཉིས་བྱུང་གསུང༌། དེའི་སློབ་མ་ནི་མཱི་ན་པ་ཡིན་ཏེ། དེ་ནི་རྒྱ་གར་ཤར་ཕྱོགས་ཀཱ་མ་རུའི་ཉ་པ་ཡིན། ཉ་པའི་རླུང་ཅུང་ཟད་གོམས་པས། ལན་ཅིག་ཉ་ལ་ལྕགས་ཀྱུ་བཏབ་སྟེ་དྲངས་པ་ལ། ཉས་ཁོང་ཕར་དྲངས་ཏེ་མིད། དེར་ལས་ཀྱི་མཐུ་དང་ཉ་པས་རླུང་བསྒོམས་པས་མ་ཤི་བ་ལ། ཆུ་བོ་རོ་ཧི་ཏ་ཞེས་བྱ་བ་ད་ལྟའི་བོད་ཀྱི་གཙང་པོ་འད། ཀཱ་མ་རུར་སླེབ་པ་དེ་ཡིན་པ། དེ་ལ་ཨུ་མ་གི་རི་ཞེས་བྱ་བའི་རི་དེའུ་ཅིག་ཡོད་པ་ལ། ལྷ་དབང་ཕྱུག་གིས་ཨུ་མ་ལ་རླུང་གི་རྣལ་འབྱོར་གྱི་གདམས་ངག་བཤད་པ། ཆུ་དེ་ལ་ཉ་སོང་བས། ཉའི་ཁོག་གི་ཉ་པས་ཐོས་ཏེ་བསྒོམས་པས་ཡོན་ཏན་དུ་མ་ཐོབ། ལན་ཅིག་ཉ་པ་རྣམས་ཀྱིས་ཉ་དེ་བཟུང་ནས་བཤས་པས་མི་གཅིག་བྱུང༌། དེར་སྔར་གྱི་རྒྱལ་པོ་ཡང་འདས། སྔོན་རང་གི་བུ་བཙས་མ་ཐག་པ་ཡང་དེར་ལོ་བཅུ་གསུམ་ལོན། ལར་ཉའི་ཁོག་ཏུ་ལོ་བཅུ་གཉིས་བསྡད། དེ་ནས་སློབ་དཔོན་ཙར་པ་ཊི་པའི་དྲུང་དུ་སོང་སྟེ། ཕ་བུ་གཉིས་ཀས་གདམས་ངག་ཞུས་ཏེ་བསྒོམས་པས། གཉིས་ཀས་ཀྱང་གྲུབ་པ་ཐོབ་སྟེ། ཕ་ནི་གྲུབ་ཐོབ་མཱི་ན་པ་ཞེས་གྲགས། བུ་ནི་གྲུབ་ཐོབ་མ་ཚིན་དྲ་བ་ཞེས་བྱའོ། །གྲུབ་ཐོབ་མཱི་ན་པའི་སློབ་མ་ནི་ཧ་ལི་བ་སྟེ་ཞིང་རྨོད་མཁན། མཱ་ལི་པ་སྟེ་སྐྱེད་མོས་ཚལ་མཁན་དང༌། ཏཾ་པོ་ལི་བ་སྟེ། སོ་རྩི་མཁན་ཏེ་གྲུབ་ཐོབ་གསུམ་བྱུང༌། མཆིན་དྲའི་སློབ་མ་ན། ཙཽ་རང་གི་པ་དང༌། གཽ་རཀྵ་ནཱ་ཐ་གཉིས་ཡིན། དེ་ཡང་དང་པོ་ནི་རྒྱལ་པོའི་བུ་ཞིག་ཡིན། ལན་ཅིག་རྒྱལ་པོ་ཡུལ་གཞན་དུ་སོང་


TNT17_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་ཤིག་ན། བཙུན་མོ་ཆུན་མ་ཞིག་ཡོད་པ། རྒྱལ་བུ་གཟུགས་མཛེས་པ་ལ་ཆགས་ཏེ། རྒྱལ་བུའི་དྲུང་དུ་ཡང་ཡང་འོངས་ཀྱང༌། རྒྱལ་བུས་འདོད་པ་དང་དུ་མ་བླངས་པས་དེ་ཁྲོས་ཏེ་རྒྱལ་པོ་བྱུང་བའི་ཚེ། གོས་ནི་བྲལ། མགོ་ནི་ཐལ་བས་གཡོགས། ཡན་ལག་ནས་ཁྲག་བྱུང་སྟེ་འདུག་པ་ལ། རྒྱལ་པོས་ཅི་ཉེས་དྲིས་པས། འདི་ནི་ལྷའི་སྲས་ཀྱིས་བྱས་ཏེ། ད་ཁོ་མོའི་དྲུང་དུ་འདོད་པ་དོན་དུ་གཉེར་བར་བྱུང་བ་ལ། ཁོ་མོས་འདོད་པ་དང་དུ་མ་བླངས་པས་འདི་ལྟར་བགྱིས་སོ་ཟེར། དེ་ནས་རྒྱལ་པོས་མ་བརྟགས་པར་རང་གི་བུ་ཉེས་པ་མེད་པ་རྐང་ལག་བཅད་དེ་ས་ཕྱོགས་ཤིན་ཏུ་དམའ་བ་སྐྱེ་བོ་མང་པོ་འགྲོ་བའི་ལམ་གྱི་འོག་ཅིག་ཏུ་ཤིང་དྲུང་གཅིག་གི་རྩ་བར་བོར། དེར་སློབ་དཔོན་མ་ཚིན་དྲ་པ་བྱུང་སྟེ། དེ་ལ་ལོ་རྒྱུས་བཤད་པས། འཚོ་བ་ནི་ངས་སྦྱོར་ནུས་ན། ཁྱོད་ཀྱིས་ལོ་བཅུ་གཉིས་སྒོམ་ནུས་སམ་གསུངས་པས། དེས་ཀྱང་ནུས་པར་ཁས་བླངས། དེ་ནས་སློབ་དཔོན་མ་ཚིན་དྲ་པས། རང་གི་སློབ་མ་བ་གླང་རྫི་ཕྱུག་པོ་ཞིག་ཡོད་པ་ལ་ཕ་གིའི་ཤིང་དྲུང་ཅིག་ན་མི་ཡན་ལག་བཅད་པ་ཞིག་ཡོད་ཀྱ། དེ་ལ་ཁྱོད་ཀྱིས་ལོ་བཅུ་གཉིས་སུ་ཟས་སྐྱོལ་གསུང༌། དེས་ཀྱང་དེ་བཞིན་དུ་བྱས། མཐར་ལོ་བཅུ་གཉིས་སོང་བའི་དུས་ཤིག་ན། ལམ་དེ་ལ་ཚོང་པ་མང་པོ་མཚན་མོ་འགྲོ་བ་ལ། ཙཽ་རང་གི་པས་ཁྱེད་རྣམས་སུ་ཡིན་དྲིས་པས། དེ་རྒྱལ་པོའི་ཤོ་གམ་པ་ཡིན་གྱི་དོགས་ནས། ངེད་རྣམས་སོལ་བ་འཚོང་མཁན་ལགས་བྱས་པས། དེ་ན་རེ། འོ་ན་ཁྱེད་རྣམས་ཀྱི་ཡོ་བྱད་ཐམས་ཅད་སོལ་བར་གྱུར་ཅིག་གསུང༌། ཚོང་པ་རྣམས་


TNT17_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་འདུས་སུ་སླེབ་ནས་ཟོང་བཀྲམ་པ་ན། ཐམས་ཅད་སོལ་བར་སོང་འདུག་སྟེ། ཕན་ཚུན་དུ་ཅི་ཉེས་ཞེས་བརྟགས་པ་ན། ཙཽ་རང་གིའི་ཚིག་གི་ནུས་པ་ཡིན་པར་ཤེས་ནས། ཚོང་པ་དེ་རྣམས་ཀྱིས་སླར་སོང་ནས་ཙཽ་རང་གི་པ་ལ་བཟོད་པར་གསོལ་ཞིང༌། གསོལ་བ་བཏབ་པས། ཙཽ་རང་གི་པ་ན་རེ། འོ་ན་སྔར་བཞིན་གྱུར་ཅིག་བྱས་པས། ཚོང་པ་རྣམས་སླར་ལྡོག་ནས་བལྟས་པའི་ཚེ། ཡོ་བྱད་ཐམས་ཅད་སྔ་མ་བཞིན་དུ་ཐམས་ཅད་བཟང་པོར་གྱུར་ནས་འདུག །དེ་སློབ་དཔོན་གྱི་དྲིན་ཡིན་པར་ཤེས་ནས། ཟོང་གི་ཕུད་སློབ་དཔོན་ལ་ཕུལ་བ། སློབ་དཔོན་མ་འདོད་དེ། སླར་ཁོང་རྣམས་ཉིད་ལ་གཏད་དོ། །དེར་རང་གི་ཡན་ལག་སྔར་བཞིན་དུ་གྱུར་ཅིག་བྱས་པས། དེ་བཞིན་དུ་སོང་ངོ༌། །འགྲོ་བའི་དོན་ཡང་ཅི་རིགས་པ་མཛད་དེ། མཁའ་སྤྱོད་དུ་བཞུད་སྐད། གྲུབ་ཐོབ་གཽ་རཀྵ་ནི་ཟས་སྦྱོར་བའི་བ་གླང་རྫི་དེ་ཉིད་ཡིན་ཏེ། མཚིན་དྲའི་གདམས་ངག་གིས་རྣལ་འབྱོར་ཐོབ་ནས། ཕྱི་རོལ་ཀྱི་བྱ་བ་གཞན་སྤངས་ཏེ་བསྒོམས་པས། རྫུ་འཕྲུལ་དང་དངོས་གྲུབ་ཐམས་ཅད་ཐོབ། དེས་བསམས་པ། ངའི་རྟོགས་པ་འདི་གཞན་ལ་སྤོ་སྙམ་སྟེ། ཡུལ་ཐམས་ཅད་དུ་སྐྱེ་བོ་མང་པོ་ལ་གདམས་པ་བསྟན་པས་ཐམས་ཅད་གྲོལ། སེམས་ཅན་བྱེ་བ་ཕྲག་གཅིག་མ་གྲོལ་གྱི་བར་དུ་མཁའ་སྤྱོད་དུ་མི་འགྲོ་བར་དམ་བཅས། སེམས་ཅན་དཔག་ཏུ་མེད་པ་གྲོལ་བར་མཛད་བཞིན་པའོ། །འདིའི་ལོ་རྒྱུས་མཐའ་ཡས་པ་ནི་བྲི་བར་མ་ལང་ངོ༌། །དེ་ལ་སློབ་མའི་གཙོ་བོ་ཡང་བཅུ་གཉིས་ཡོད་མོད་ཀྱ། འདིར་བཀའ་བབས་པ་ན། གྲུབ་ཐོབ་ཀརྞ་རི་པ་ཡིན་ཏེ། དེ་ནི་ཡུལ་མེ་བ་རའི་རྒྱལ་པོ་ཡིན། འདིའི་བཙུན་མོ་


TNT17_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པིང་གཱ་ལ་ཞེས་བྱ་བ་ཞིག་ཡོད་སླེབ་ནས་ལོ་འགའ་སོང་བ་ན། རྒྱལ་པོ་ལ་ཤིན་ཏུ་སྙིང་ཉེ་བ་ཡིན་ཡང༌། རྒྱལ་པོས་བརྟག་པའི་ཕྱིར་རང་ཉིད་སྐྱེད་མོས་ཚལ་དུ་སོང༌། སྟག་གིས་ཟོས་སོ་ཞེས་ཤི་བརྫུན་བྱས་པས། སྡུག་བསྔལ་གྱིས་དེ་མ་ཐག་བཙུན་མོ་པིང་གཱ་ལ་ཤི་ནས་ལུས་དུར་ཁྲོད་དུ་བསྐྱལ། རྒྱལ་པོ་ཡང་གྲོང་ཁྱེར་དུ་མི་འགྲོ་བར་དུར་ཁྲོད་དེ་ཉིད་དུ་བཙུན་མོ་ཤི་བའི་རོའི་དྲུང་དུ་ཧཱ་ཧ་བ་པིང་ག་ལཱ་ཞེས་ཟེར་ཞིང་འདུག་གོ །དེ་ལྟར་ལོ་བརྒྱད་ཐལ་ཀྱང་སྐད། བཅུ་གཉིས་ཐལ་ཀྱང་ཟེར་ཏེ། དེར་གྲུབ་ཐོབ་གཽ་རཀྵ་བྱོན་ཏེ། རྫའི་ཆུ་སྣོད་ཌེ་པི་གཅིག་ལག་ནས་ལྷུངས་མ་ཐབས་སུ་བྱས་ནས་བཅག་སྟེ། དེའི་མྱ་ངན་བྱེད་ཅིང་ཧཱ་ཧ་བ་ཌེ་པི་ཞེས་ཟེར་ཞིང་བསྡད་པས། རྒྱལ་པོ་ན་རེ། རྣལ་འབྱོར་པ་བླུན་པོ་ཆུ་སྣོད་ཆག་པ་ལ་ཅིའི་ཕྱིར་མྱ་ངན་བྱེད། གཞན་ཞིག་བཅོས་པས་ཆོག་མོད་བྱས་པས། སློབ་དཔོན་ན་རེ། འོ་ན་ཁྱེད་ཉིད་བླུན་གྱ། ངའི་ཆུ་སྣོད་ཆག་པ་ད་ལྟར་ཤུལ་ཡོད་ལ། ཁྱོད་ཀྱི་པིང་གཱ་ལ་ན། ད་ལྟར་རྡུལ་ཙམ་དུ་སོང་སྟེ་མི་སྣང་ན། ད་དུང་ཁྱོད་ཉིད་མྱ་ངན་བྱེད་པས་སོ། །དེར་སློབ་དཔོན་གྲུབ་ཐོབ་གྲཽ་རཀྵར་ཤེས་ནས། རྗེས་སུ་བཟུང་བར་ཞུས་པས། རྒྱལ་སྲིད་སྤོངས་གསུང༌། དེས་ཀྱང་རྒྱལ་སྲིད་སྤངས་ནས་ཕྱི་བཞིན་དུ་འབྲངས། ལན་ཅིག་གི་ཚེ། སློབ་དཔོན་ཤ་ཆང་ལ་དགའ་བ་ལྟར་མཛད་པས། དེས་གྲོང་ཁྱེར་དུ་ཤ་ཆང་ཉེ་བར་སོང་བ་ན། བུད་མེད་གཅིག་གིས་ཕག་གི་ཤ་དྲུག་དང༌། ཆང་གི་བུམ་པ་དྲུག་བསྒྲིགས་ཏེ། རིན་དུ་ཁྱོད་ཀྱི་མིག་གཡས་པ་སྦྱིན་ན་འཚོང་གི་གཞན་ཟོང་རྣམས་མི་དགོས་ཟེར། དེར་སློབ་དཔོན་ལ་


TNT17_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་དོན་དུ་མིག་གཡས་པ་ཚམ་ཚོམ་མེད་པར་བཏོན་ཏེ་བྱིན་ནོ། །དེ་ནས་ཤ་ཆང་དེ་རྣམས་སློབ་དཔོན་གྱི་དྲུང་དུ་ཕུལ་བས། ཁྱོད་ཀྱི་མིག་གཡས་པ་གང་དུ་སོང་གསུང༌། སློབ་དཔོན་ལ་མཆོད་པའི་དོན་དུ་འདི་རྣམས་ལ་བཙོངས་པ་ཡིན་བྱས་པས། ཁྱོད་ཀྱི་དེ་བདེན་ན་མིག་གཡོན་པ་ཡང་ང་ལ་བྱིན་གསུངས་པ་ལས། གཡོན་པ་ཡང་ཕྱུང་སྟེ་ཕུལ་ལོ། །དེར་སློབ་དཔོན་མཉེས་ཏེ་བྱིན་གྱིས་བརླབས་པ་ལོ་གསུམ་ནས་མིག་གཉིས་ཀྱང་སྔོན་བཞིན་དུ་གྱུར། དེ་རྗེས་ལོ་གསུམ་ནས་གྲུབ་ཐོབ་ཆེན་པོར་གྱུར་ཏོ། །འདི་ལ་བེ་ར་གི་ནཱ་ཐ་ཞེས་ཀྱང་ཟེར། དེའི་སློབ་མ་ན། ནཱ་གཽ་པ་སྟེ། བོད་སྐད་གཅེར་བུ་པ་ཞེས་བྱ་བ་ཡིན་ནོ། །ད་ལྟའི་ཛོ་གི་མང་པོ་རྒྱལ་པོ་ཀ་ཎ་རི་པ་དང༌། རྒྱལ་པོ་བྷརྠ་རི་གཅིག་པར་འདོད་པ་ཤིན་ཏུ་འཁྲུལ་གསུང་ངོ༌། །དེ་ལ་གྲུབ་ཐོབ་ནཱ་གོ་པ་ན། སྐུ་ལ་སྣལ་མ་གཅིག་ཀྱང་མ་གསོལ་བས་གཅེར་བུ་པ་ཞེས་གྲགས་པ་ཡིན་ནོ། །དེས་ལྷོ་ཕྱོགས་ཀྱི་ཡུལ་དུ་བཞུགས་ཙ་ན། ལན་ཅིག་ཀོང་ཀུ་ནའི་རྒྱལ་པོའི་བཙུན་མོའི་འཁོར་གྱི་ནང་དུ་བྱོན་ཏེ་གདམས་ངག་གསུངས་པས། རྒྱལ་པོ་ཁྲོས་ཏེ། སློབ་དཔོན་གྱི་ཡན་ལག་ལྔ་བཅད་ནས་ཕྱོགས་བཞིར་བོར་རོ། །དེར་འགྲིག་པ་ལ་ཡང་བཅད། དེ་ལྟར་ལན་བདུན་སོང་བའི་ཐ་མར། སློབ་དཔོན་གྱིས་དམོད་པ་བོར་བས་རྒྱལ་པོ་ཡན་ལག་ལྔ་རང་ཆད་དེ་ཤི །ཡང་ཀུན་གྱིས་གསོལ་བ་བཏབ་པས་གསོས་སོ། །དེ་ལྟ་བུའི་ནུས་པ་ཡང་བསྟན། དེ་ནས་རི་བོ་བྷིན་ད་པ་ལ་བཞུད་དེ། ད་ལྟ་ཡང་ལུས་མ་སྤངས་པར་ཡོད་སྐད། དེའི་སློབ་མ་ན། བི་རུ་པ་ཆུང་བའི་སློབ་བརྒྱུད་གོ་ལེན་ནཱ་ཐ་ཏེ་རྫ་མཱི་མགོན་པོ་ཞེས་བྱ་བ་ཡིན་ནོ། །དེ་ཡང་དང་


TNT17_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདུལ་བ་མང་པོས་གཡེངས་པ་ལ། ཞེ་བཅད་བྱས་ཏེ། རྫ་མ་ཆེན་པོ་གཅིག་གི་ནང་དུ་ཞུགས་ནས། དངོས་གྲུབ་མ་ཐོབ་བར་དུ་འདི་ནས་མི་ལྡང་ངོ་ཞེས་དམ་བཅས་ནས། རྩེ་གཅིག་ཏུ་བསྒོམས་པས་ལོ་བཅུ་གཉིས་ན་གྲུབ་པ་ཐོབ་སྟེ། སྐལ་བ་དང་ལྡན་པ་ལ་གདམས་ངག་ཅི་རིགས་པ་བསྟན་ནས། བླ་མ་གཅེར་བུ་པ་བཞུགས་པའི་དྲུང་དུ་སོང་སྟེ་མི་སྣང་བར་གྱུར་སྐད། དེའི་སློབ་མ་ནི་ཨོ་ཀོ་ར་ནཱ་ཐ་ཡིན་ཏེ། ཡུལ་དབུས་ན་རྒྱལ་རིགས་ཀྱི་བུ་ཆུང་ཞིགཆུང་ངུ་ནས་ཕ་འདས་ཤིང༌། ཕུ་བོའི་ཁྱིམ་དུ་གསོ་བ་ལས། གོ་ལེན་ནཱ་ཐས། རྣལ་འབྱོར་མའི་སྒྲུབ་ཐབས་ཤིག་བྱིན་ནོ། །དེ་ཙམ་མ་གཏོགས་ལོ་བཅོ་བརྒྱད་ལོན་གྱི་བར་དུ་རིག་པ་གཅིག་ཀྱང་མ་བསླབས་པས། ཕུ་བོ་དང་ཁྱིམ་བདག་མོས་བླུན་པོ་ཁྱོད་ཀྱིས་ཅི་རུང་ཞེས་སྤྱོས་ནས་ཕྱིར་ཕྱུང་བས། ཡིད་འབྱུང་ནས་གཞན་གྱི་ཡུལ་དུ་སློང་མོས་འཚོ་ཞིང་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པར་བྱེད། མཐར་གྱི་ལོ་བཅུ་དྲུག་སོང་བ་ན། ཏིང་ངེ་འཛིན་བཟང་པོ་ཡང་སྐྱེས་ནས། ནུབ་ཕྱོགས་ཧིཾ་ག་ལཱ་ཙི་ལྷ་མོ་ཨུ་མའི་གནས་སུ་སོང་ནས། ལྷ་མོའི་རྡོ་སྐུའི་སྟེང་དུ་ཟླ་བ་དྲུག་གཉིད་ཀྱི་འོད་གསལ་ཐུན་གཅིག་བསྒོམས་པས། ལྷ་མོ་སྐྲག་ནས། རྣལ་འབྱོར་པ་རིད་དྷི་དེ་ཧི་ཀི་ནི་དྷི་དེ་ཞེས་ཟེར་བ་ན། རྣལ་འབྱོར་པས་རྫུ་འཕྲུལ་དང་གཏེར་གྱིས་ཅི་བྱེད། ཡེ་ཤེས་ཀྱི་དངོས་གྲུབ་སྦྱིན་ན་བླང་མོད། ལྷ་མོས་བདག་ལ་གྲུབ་ཐོབ་སྦྱིན་དུ་མེད། གཽ་རཀྵ་ལས་ལོང་ཟེར་བ་ལ། དེས་གཽ་རཀྵ་འཚོལ་དུ་སོང་བ་ན། ཡུལ་གོ་དཱ་བ་རི་ན་


TNT17_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ་གྲངས་མེད་པ་འདུག་པའི་གྲལ་གྱི་ཐ་མ་ཞིག་ན། བཞིན་ཤིན་ཏུ་མི་སྡུག་པ། ཡན་ལག་ལས་རྣག་ཁྲག་ལྷུང་བ་ཞིག་འདུག་པས་དེ་ཡིན་པར་ཤེས་ནས། ཕྱག་བཙལ་ཞིང་གསོལ་བ་བཏབ་པས། དེས་བྱིན་གྱིས་བརླབས་པའི་ཚོད་མ་ཕུལ་གང་གནང་བ་འཐུངས་པས། དེ་ཉིད་དུ་ཤེས་བྱའི་ཡུལ་ཀུན་ལ་མངའ་བརྙེས། ཆོས་ཉིད་མངོན་སུམ་དུ་མཐོང་བའི་གྲུབ་ཐོབ་ཆེན་པོར་གྱུར་ནས་ཆོས་བཤད་དོ། །དེས་པཎྜི་ཏ་ཆེན་པོ་རཱ་ཏི་གུཔྟ་ལ་གདམས་པ་ཡིན་ནོ། །དེ་ནི་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས། རིགས་ནི་ཚོང་དཔོན་གྱི་བུ། ཆེར་སྐྱེས་པ་ན་སངས་རྒྱས་པའི་སྡེ་ལ་རབ་ཏུ་བྱུང་སྟེ། སྡེ་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་གསུང༌། བློ་ཤིན་ཏུ་རྣོ་བས་འདུལ་བ་འབུམ་སྡེ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་སྡེ་ཡང་ཐུགས་ལ་གཟུང༌། ཕྱི་རོལ་ཀྱི་རིག་པའི་གནས་ལ་ཤིན་ཏུ་མཁས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཚོལ་བར་བཞེད་ནས། ཤར་ཕྱོགས་དང༌། རྒྱ་མཚོའི་གླིང་ཕྲན་དང༌། ནུབ་ཕྱོགས་ཀྱི་གནས་མང་པོར་བྱོན། སློབ་དཔོན་ཆེན་པོ་རིན་ཆེན་གྲགས་པ་ལས་དཀྱིལ་འཁོར་བཅུ་གསུམ་དུ་དབང་བསྐུར་བ་ཞུས། ཡང་སློབ་དཔོན་ཆེན་པོ་ཛྙཱ་ན་གུཔྟ་ལ། ར་ཁང་གི་ཡུལ་དུ་དཀྱིལ་འཁོར་དྲུག་ཅུར་དབང་བསྐུར་བ་ཞུས། བལ་པོའི་ཡུལ་གྱི་པཎྜི་ཏ་དཱ་ཤ་བ་ལཱ་ལ་པིང་ཧ་ཞེས་བྱ་བ་ལ་དབང་དང་གདམས་ངག་མང་པོ་ཞུས། རྒྱུད་ཀྱི་བཤད་པ་ཡང་སློབ་དཔོན་དེ་གསུམ་ལ་ཞུས་པ་ཤས་ཆེ། ལན་ཅིག་རྒྱ་གར་ཤར་ཕྱོགས་སུ་སྟོན་མོ་ཆེན་པོ་ཞིག་གི་ས་ན། མུ་སྟེགས་རལ་པ་ཅན་འདྲ་བའི་རྣལ་འབྱོར་པ་ཧྲུལ་


TNT17_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་འདུག་པ་ལ། དེ་དང་གཏམ་འདྲ་བྱས་པས། གཞན་སེམས་ཤེས་པར་འདུག་ནས་སུ་ཡིན་དྲིས་པས། གྲུབ་ཐོབ་ཨ་སི་ཏ་གྷ་ན་ཡིན་གསུང༌། དེར་ཟླ་བ་ཙམ་བསྟེན་ཏེ་གདམས་ངག་ཀྱང་མང་དུ་གསན་སྐད། གྲུབ་ཐོབ་ཨོ་ཀོ་ར་ནཱ་ཐ་ལ་ཡང་གདམས་པ་དཔག་ཏུ་མེད་པ་གསན། དེ་ནས་ཡུལ་རུ་ལུ་ར་ཏི་ལ་སོགས་པ་ལྷོ་ཕྱོགས་ཀྱི་ཡུལ་གྱི་གཙུག་ལག་ཁང་སུམ་ཅུ་ཙམ་གྱི་གནས་བརྟན་མཛད། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་པ་ཡིན་ནོ། །རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། གདམས་ངག་སྣ་ཚོགས་བརྒྱུད་པའི་གཏམ་གྱི་སྐབས་ཏེ་བརྒྱད་པའོ།། །།དེ་ལྟར་བཀའ་བབས་དེ་ཐམས་ཅད་ནི་གྲུབ་པའི་དབང་ཕྱུག་ཆེན་པོ་ཞི་བ་སྦས་པ་ལ་མངའ་བ་ཡིན་ཏེ། དེ་ལ་སློབ་དཔོན་འདི་ནི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཛ་ལ་མཎྜལ་ཏེ་ཆུའི་དཀྱིལ་འཁོར་ཞེས་བྱ་བར་འཁྲུངས། རིགས་ནི་རྒྱལ་རིགས། གཞོན་ནུ་ནས་རིག་པའི་གནས་ཕྲ་མོ་མང་པོ། སྒྲ་དང་རྟོག་གེ་ཡན་ལག་དང་བཅས་པ་རྣམས་ལ་སྦྱངས། ཡབ་ཀྱང་རྗེ་བཙུན་མ་སྒྲོལ་མ་ཉམས་ལ་ཞལ་མཐོང་བའི་སྔགས་པ་ཡིན། དེ་ལ་སྒྲོལ་མའི་དབང་བསྐུར་བ་དང༌། སྒྲུབ་ཐབས་ཀྱང་གསན། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་རྒྱ་མཚོའི་འགྲམ་ཀོང་ཀུ་ནའི་ཡུལ་དུ་གསེར་གྱི་རྒྱལ་མཚན་ཞེས་བྱ་བའི་གནས་གཞི་གཅིག་དུས་དེ་ཙམ་ན་བཙུན་ཚུགས་བཟང་བ། ཆོས་གྲྭ་དར་བ། དགེ་སློང་ལྔ་བཅུ་ཙམ། དགེ་བསྙེན་ཡན་ཆད་ལ་འདུས་ཆེ་དུས་སྟོང་ཕྲག་ཙམ་འོང་བ་ཅིག་ཡོད་པ་དེར་མཁན་པོ་རཱ་ཏི་གུཔྟ་ལ་བསྙེན་པར་རྫོགས། དང་པོར་


TNT17_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ཀྱི་སྡེ་སྣོད་རྣམས་དང༌། དེ་ནས་དབུ་སེམས་ཀྱི་གཞུང་ལུགས་ཐམས་ཅད་ལ་མཁས་པར་སྦྱངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་དང༌། སེམས་ཙམ་མདོ་བཞིར་གྲགས་པ་ལ་སོགས་པ་གསུང་རབ་དུ་མ་ཐུགས་ནས་བཤད། མཁན་པོ་ལ་ཡོན་དབུལ་བ་དང༌། རྙེད་བཀུར་ཆེན་པོ་བྱ་བར་བཞེད་ནས། སིང་ག་ལའི་གླིང་དུ་ཡུག་ཅིག་བྱོན། དེར་ནག་པོ་ཆེན་པོའི་རིག་སྔགས་ཅུང་ཟད་གྲུབ་པ་དང༌། ཆོས་བཤད་པའི་མཐུས་རྙེད་བཀུར་དཔག་ཏུ་མེད་པ་བྱུང༌། དེ་རྣམས་བླ་མའི་དྲུང་དུ་བསྣམས་ཏེ་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་ཆེན་པོ་བྱས་ཏེ་ཕུལ། དབང་དང་གདམས་ངག་རྣམས་ཞུས་པས། ཐུན་མོང་གི་དབང་ཐམས་ཅད་བསྐུར། རྒྱུད་ལྔ་བཅུ་ཙམ་གྱི་བཤད་པ་ཕལ་ཆེར་ཡང་གནང༌། འོན་ཀྱང་ཐུན་མོང་མ་ཡིན་པའི་དབང་དང་གདམས་ངག་རྣམས་ནི་མ་ཐོབ་བོ། །དེ་ནས་ལོ་མང་པོར་བླ་མའི་ཐ་ན་ཐལ་བ་འཕྱག་པ་ཚུན་ཆད་ཀྱི་གཡོག་མཛད་ཅིང༌། རང་གི་ལོངས་སྤྱོད་ཆོས་གོས་གསུམ་མ་གཏོགས་བླ་མ་ལ་ཕུལ། རང་གི་ཟས་ནི་གྲོང་ཁྱེར་གྱི་བསོད་སྙོམས་ཀྱིས་མཛད། དེ་ལྟར་ལོ་དྲུག་སོང་བའི་རྗེས་སུ། བླ་མས་ཀྱང་ཐུན་མོང་མ་ཡིན་པའི་དབང་གོང་མ་རྣམས་དང༌། བྱིན་རླབས་སྣ་ཚོགས་པ་དང༌། གདམས་ངག་ཐམས་ཅད་གནང༌། དེ་དག་བསྒོམས་པས་ཉམས་བཟང་པོ་ཡང་སྐྱེས། དེར་མཁན་པོ་སྐུ་འདས་ཏེ། གཙུག་ལག་ཁང་དེ་ཐམས་ཅད་ཀྱི་བདག་པོ་ཡང་མཛད། དགེ་འདུན་གྱི་གནས་བརྟན་ལོ་དགུའི་བར་དུ་མཛད། དེ་དག་ཏུ་ཡང་མཚན་མོ་ཏིང་ངེ་འཛིན་འབའ་ཞིག་བསྒོམ་བཞིན་བཞུགས། འོན་ཀྱང་ཉིན་མོ་དགེ་


TNT17_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་བྱ་བ་སྣ་ཚོགས་པ་དེས་ཡེ་ཤེས་མི་འཕེལ་བར་མཁྱེན་ནས། དགེ་འདུན་ལ་ཡང་ཡང་གནང་བ་ཞུས་ཀྱང༌། དགེ་འདུན་རྣམས་ཀྱིས་མ་གནང་བ་ལ་དེར་སློབ་དཔོན་གྱིས་ཆང་གསོལ། གྲོང་ཁྱེར་གྱི་སྲང་ཁ་རྣམས་སུ་སྐད་རིགས་སྣ་ཚོགས་ཀྱིས་གླུ་བླངས་སྒོ་དང་སྒོ་རུ་གར་སྣ་ཚོགས་མཛད་པ། དགེ་འདུན་རྣམས་ན་རེ། མཁན་པོ་ཆོས་མང་པོ་ལ་མཁས་པ་ཡིན་པས་ཆད་པ་མི་བྱེད་ཀྱ། ད་ཁྱེད་འཚོ་བ་གང་བདེ་བར་སོང་ཞེས་ཟེར་བས། ད་ནི་དོན་ཐམས་ཅད་འགྲུབ་སྙམ་སྟེ། ཡུལ་སྣ་ཚོགས་སུ་བརྒྱུད། ཡུལ་ཙི་བ་ལའི་གྲོང་ཁྱེར་གཅིག་གི་འདབས་སུ་སྤྱིལ་པོ་ཞིག་ཏུ། ལོ་གསུམ་སྒྲུབ་པ་མཛད། དེ་ནས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་བཞུད། དེར་ཡང་ལོ་གསུམ་ཙམ་བཞུགས། ལན་ཅིག་ཆུ་འགྲམ་ཞིག་ན་སྨད་འཚོང་མ་དྲུག་ཁྲུས་བྱེད་ཅིང་འདུགཇི་ཞིག་ན་དེ་རྣམས་རྩིག་པ་ཞིག་གི་ཕག་ཏུ་སོང༌། འདི་རྣམས་ཅི་ཟེར་དགོངས་ཏེ་གསན་པས། གཅིག་གིས་གཅིག་ལ་གཏམ་གྱི་ཚུལ་གྱིས་ཕྱིར་བཟློག་མན་ངག་དྲུག་བཤད་ཀྱིན་འདུགདེ་ལ་སོགས་པ་ངོ་མཚར་དུ་མ་གཟིགས་ཤིང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་གྲོགས་མཛད་པས། ཡེ་ཤེས་གོང་ནས་གོང་དུ་འཕེལ་ཡང༌། དེ་ཁོ་ན་ཉིད་ཀྱི་གནས་མ་རྟོགས་ནས། དེ་ཁོ་ན་ཉིད་སྟོན་པའི་སློབ་དཔོན་སེམས་བཞིན་ཡོད་པ་ལ། དེར་ཆང་འཚོང་མ་ཞིག་གི་སྒོར་བྱོན་པས། དེ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་གྱུར་ནས། ཤར་ཕྱོགས་ཀྱི་ཡུལ་ན་སློབ་དཔོན་ཡེ་ཤེས་བཤེས་གཉེན་ཞེས་བྱ་བ་བཞུགས་ཏེ། དེས་ཁྱོད་ལ་འདོད་པའི་དངོས་གྲུབ་སྟེར་བར་འགྱུར་གསུང༌།


TNT17_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་རིམ་གྱིས་ཤར་ཕྱོགས་སུ་བྱོན། གྲོང་ཁྱེར་གྱི་མི་ཐམས་ཅད་དང༌། ཕྱི་ནང་གི་གནས་ཐམས་ཅད་དུ་སོང་སྟེ་ཡེ་ཤེས་བཤེས་གཉེན་དྲིས་པས་ཀྱང་བཤད་རྒྱུ་མི་འདུགཙརྻ་པའི་སྡེ་རྣམས་ཀྱི་ནང་དུ་ཕྱིན་ཏེ་དྲིས་པས་ཀྱང་གཞན་སུ་ལའང་བཤད་རྒྱུ་མེད། ལན་ཅིག་དེ་ན་རྣལ་འབྱོར་པ་རྒན་པོ་ཞིག་ན་རེ། དེ་ནི་ངེད་ཙརྻ་པའི་སློབ་དཔོན་ནུས་མཐུ་ཆེན་པོ་ཞིག་ཡིན་པ་ལ། ད་གར་གཤེགས་ཆ་མེད་ནས་ལོ་མང་པོ་ལོན་ཟེར། དེ་ནས་ཀྱང་ཡང་ཡང་བཙལ་བས། ལན་ཅིག་ནགས་ཀྱི་གྲོང་དང་ཉེ་བའི་མཆོད་རྟེན་གཅིག་གི་གྲིབ་མ་ལ་འགྲོན་བཙུན་ཁྱིམ་བཙུན་གྱི་ཆ་བྱད་གཅིག་ཉལ་ནས་འདུགདེ་ལ་ཡེ་ཤེས་བཤེས་གཉེན་ཁྱེད་ཀྱིས་མཐོང་ངམ་དྲིས་པས། དེའི་ཞལ་ནས། ཤེས་ཏེ་ང་ཡང་དེའི་དྲུང་དུ་འགྲོ་བ་ཡིན། འདི་ནས་ཤར་ཕྱོགས་ན་ཏི་པུ་ར་ཞེས་བྱ་བའི་གྲོང་ཁྱེར་ན་ཡོད་གསུང༌། བསྟན་པར་ཞུ་བྱས་པས། ངའི་ནོར་འདི་རྣམས་ནགས་འདི་ལ་ཁྱོད་ཀྱིས་འཁྱེར་ཐུབ་ན་བསྟན་གསུང༌། དེར་ཁུར་ལྕི་མོ་ཞིག་བདུག་པ་བསྣམས་ཏེ་བྱོན། འགྲོན་བཙུན་དེ་ནི་སྔོན་ལ་སོང༌། ཞི་བ་སྦས་པ་ནི་ལམ་དུ་ཆོམ་པོས་བཟུང༌། ཁུར་བཤིག་པས་རྡོ་འབའ་ཞིག་བྱུང་སྟེ། རྐུན་པོ་རྣམས་ཚིག་པ་ཟོས་ཏེ། སླར་ཡང་ཆེར་བརྡུངས། ས་ལ་རོ་བཞིན་འགྱེལ་བ་ན། ཡང་སློབ་དཔོན་དེ་བྱུང་སྟེ། ཆུས་བཀྲུས་ཤིང་སྔགས་བཏབ་པས་འཕྲུལ་དུ་གསོས་ཏེ་འགྲོ་ཐུབ་པར་བྱུང༌། ཏི་པུ་རར་བྱོན་པའི་ཚེ་བླ་མ་བསྟན་པར་ཞུ་བྱས་པས། མཚེའུ་གཅིག་གི་འགྲམ་དུ་ཁྲིད་ནས། དེར་བླ་མ་རང་གི་གཟུགས་བརྙན་ཤར་བ་ལ། ཡེ་ཤེས་བཤེས་གཉེན་ནི་འདི་ཡིན་ཞེས་གསུངས།


TNT17_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཀྱང་ངོ་སྤྲད་པ་བཞིན་དུ་སོང་ནས། ཏིང་ངེ་འཛིན་བཟང་པོ་ཞིག་ཀྱང་སྐྱེས། འོ་ན་བདག་རྗེས་སུ་བཟུང་བར་ཞུ་བྱས་པས། ཁྱོད་ཅི་བརྟོལ་ཆེ། རྙེད་བཀུར་མེད་པར་རྗེས་སུ་བཟུང་བར་ཞུ་ཟེར་བ་གསུང་ནས། ཁྲོས་ཤིང་མང་དུ་བརྡུངས། དེར་ཁྱིམ་བདག་ནོར་ཆེན་པོ་ཞིག་ལ། ངས་ཁྱོད་ཀྱི་ལས་ཀྱི་གཡོག་བྱས་ན། ང་ལ་གླ་ཇི་ཙམ་སྟེར་བྱས་པས། དེ་ན་རེ་ཉི་མ་རེ་ལ་གསེར་དི་ནར་རེ་རེ་སྦྱིན་ཟེར། དེའི་གཡོག་ལོ་གཅིག་མཛད། རྒྱ་གར་བའི་ཞིང་ལས་ཀྱི་ཁོལ་བོ་ནི་ཤིན་ཏུ་སྡུག་གསུང༌། དེར་གཞན་ཡང་ཡོ་བྱད་མང་དག་སྟེར་མཁན་བྱུང་བ། དེ་ཐམས་ཅད་སློབ་དཔོན་ལ་ཕུལ། ཡང་བླ་མའི་ཕྱི་བཞིན་སོང་བ་ན། ལན་ཅིག་ནགས་གསེབ་ཞིག་ན་མ་ཧེ་མོ་སྣ་ཐག་བཏགས་པ་ཞིག་འདུག འདི་ཁྲིད་ཅིག་གསུངས། བླ་མ་སྔོན་ལ་གཤེགས། ཞི་བས་དེ་ཁྲིད་ནས་ཕྱིན་པས། བདག་པོས་ཕྱི་བཞིན་བསྙེགས་པས་ཟིན་ནས། དེས་ཤིན་ཏུ་བཏགས་ཏེ། ཐང་ལ་རོ་བཞིན་སོང་བ་ལ། བླ་མ་བྱོན་ནས་ཐབས་མཛད་པས་གསོས། ཡང་ལན་ཅིག་བླ་མའི་རྫས་འདྲ་རྩྭ་ཁྱིམ་པ་འདྲ་ལ་བཅོལ་ཏེ་བཞག དཔོན་སློབ་གཉིས་གྲོང་ཁྱེར་ལ་བྱོན་ཏེ་ལྡོག་ཕེབས་པས། རྩྭ་ཁྱིམ་ཐམས་ཅད་ལ་མེ་འུར་འུར་འབར་གྱིན་འདུག དེར་བླ་མ་རང་གི་རྫས་ལ་ཐུགས་ཁྲལ་ཆེ་ཆེ་ལྟར་མཛད་ཀྱིན་འདུག་པས། འོ་ན་བདག་གིས་བླང་ངམ་ཞུས་པས། ལོང་གསུང༌། དེར་མེའི་དབུས་སུ་ཚམ་ཚོམ་མེད་པར་ཞུགས་ཏེ་བླ་མའི་རྫས་རྣམས་བླངས་པས། རྐང་ལག་ཐམས་ཅད་རུས་པ་ལ་ཐུག་གི་བར་དུ་ཚིག ལུས་ཐམས་ཅད་ཀྱང་


TNT17_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བུར་དུ་གྱུར། དེ་ལ་ཤི་ཡང་བླ་མའི་རྫས་ཀྱི་ཕྱིར་ཡིན་སྙམ་སྟེ། འགྱོད་པའི་སེམས་ནི་སྐད་ཅིག་ཀྱང་མ་བྱུང༌། དེ་ཡང་རྫས་འགངས་ཆེ་བ་ནི་མེད་དེ་ཆུ་སྣོད་གཅིག ན་རི་ཀེ་ལེའི་ཕོར་པ་གཅིག ཤིང་གི་མཎྜལ་གཅིག ཀ་པཱ་ལ་གཅིག་རྣམས་ཡིན་གསུང༌། དེར་ངེས་པར་འཆིའམ་སྙམ་པ་ལ། བླ་མས་སྔགས་དང་སྨན་མཛད་པས་རིང་པོར་མི་ཐོགས་པར་གསོས། དེར་ཞི་བ་སྦས་པའི་ཐུགས་ལ། བདག་གི་ལུས་ངན་པ་འདི་གསོ་བའི་ཕྱིར་དུ་སློབ་དཔོན་གྱི་སྨན་ཟད་པར་བྱས་པ་ནི་མ་ལེགས། ད་ཡོང་སློབ་དཔོན་གྱི་ཕྱིར་དུ་བདག་ཉིད་དཀའ་བ་དུ་མ་བྱེད་པ་ནི་རང་གི་དོན་འབའ་ཞིག་ཡིན་པས། དེ་ལ་སློབ་དཔོན་ལས་སྔགས་དང་སྨན་བླང་བ་ཤིན་ཏུ་མི་རུང་བས། སློབ་དཔོན་ངའི་གཡོག་ཏུ་མི་བཀོལ་ཞེས་དམ་བཅས། ཡང་ལན་ཅིག་སློབ་དཔོན་ར་ཁང་གི་ཡུལ་དུ་འབྱོན་པར་བཞེད་ནས། གྲུར་ཞུགས་པ་ན། ཇི་ཞིག་ལྟར་ན། ཆུའི་དཀྱིལ་ནས་ཉ་མཆེ་བ་ཅན་ཞིག་ཉང་གིས་བྱུང༌། དེས་སློབ་དཔོན་ལ་གནོད་པར་གྱུར་གྱི་དོགས་ནས། དེ་ལ་མདུང་ཐུང་ཞིག་བསྣུན། ཉ་དེས་ཞི་བ་སྦས་པའི་ཞབས་ལ་རྨུགས། ཆུའི་དཀྱིལ་དུ་ཉས་འཁྱེར་ལ་ཁད་པ་ལ། བླ་མ་དྲན་པར་བྱས་པས། ཉའི་ཁ་ནས་བཏང་སྟེ་ཉ་ཆུ་ལ་སོང་ངོ༌། །དེར་རྨས་སྡུག་བསྔལ་བར་གྱུར་ཀྱང་སློབ་དཔོན་གྱི་རིམ་གྲོ་བྱེད་པ་ལ་མ་གཡེལ་བར་བྱས་པས། ཞག་བདུན་སོང་བའི་ཐོ་རངས་ཤིག ཅི་བྱས་མེད་པར་ཟུག་རྔུ་རྣམས་ཞ། ཡང་ཤར་ཕྱོགས་ར་ཁང་གི་ཡུལ་དེར་སློབ་དཔོན་བྲག་ཕུག་ཅིག་ཏུ་


TNT17_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། ཞི་བ་སྦས་པས་གྲོང་ཁྱེར་སྣ་ཚོགས་ནས་ཡོ་བྱད་འཚོལ་བ་སོགས་དོན་མང་པོ་ལ་འགྲོ་དགོས། ཡུལ་དེ་ནི་ཆུ་ཀླུང་ཤིན་ཏུ་མང་བས། ཡང་ཡང་རྐྱལ་ཞིང་བརྒལ་དགོས་པ་ལས། སྲོག་ཆགས་སི་སཱ་ར་ཏེ་འཛིན་ཁྲིའི་རིགས་སུ་གཏོགས་པ། བོད་ལ་ཆུ་སྲིན་སྤར་དུ་གྲགས་པས་ཀྱང་ལན་གསུམ་བཟུང་མོད་ཀྱ། སློབ་དཔོན་རང་གིས་ཀྱང་ནུས་པ་བརྙེས་པ་དང༌། བླ་མ་དྲན་པར་བྱས་པས་དེས་ཀྱང་བཏང་བ་འབའ་ཞིག་བྱུང༌། གཞན་ཡང་སྲོག་ཆགས་ཀཱིཾ་ཀ་ར་དང༌། ཉ་དང་ཆུའི་སྦྲུལ་ལ་སོགས་པས་ཟོས་ཤིང་ཕུག་པས། རྨས་པ་ནི་བགྲང་དུ་མེད་གསུང༌། དེ་ཐམས་ཅད་ལ་བླ་མའི་སྔགས་དང་སྨན་གཅིག་ཀྱང་མ་བླངས་ཏེ། སྔགས་དང་སྨན་སོགས་ཕན་པའི་ཐབས་ཐམས་ཅད་གཞན་ལས་བསླངས། ཡུལ་དེར་སློབ་དཔོན་ལོ་གསུམ་བཞུགས་པ། འཁོར་མཆོག་གི་རྣལ་འབྱོར་པ་ལྔ། རིག་མ་བཅུ་གཉིས་དང་བཅས་ཏེ། ཚོགས་ཀྱི་འཁོར་ལོ་ཡང་དང་ཡང་དུ་སྤྱད་པས། ཞི་བ་སྦས་པ་ནི་རྒྱུ་འགྲུལ་གཞན་པས་མང་པ་མཛད་དགོས་ཤིང༌། ཡུལ་དེའི་ཆུའི་སྲོག་ཆགས་གཞན་པས་གདུག་པ་ཆེ་བས། ལོ་གསུམ་དུ་ལུས་ཤིན་ཏུ་སྦྱོངས་སྤྱོད་ཆེ་ཡང༌། ཐུགས་ལ་སྐྱོ་དུབ་གཅིག་ཀྱང་མ་བྱུང་ངོ༌། །དེ་དུས་ཀྱི་འཁོར་དེ་ཀུན་ཕྱིས་དངོས་གྲུབ་ཐོབ་པ་ཤ་སྟག་བྱུང་གསུང༌། དེ་ནས་དཔོན་སློབ་གཉིས་གྲུ་ལ་བརྟེན་ཏེ་བྷང་ག་ལར་བྱོན། དང་པོ་མཇལ་ནས་དེ་བར་གདམས་ངག་ཚིག་གཅིག་ཀྱང་མ་གནང་བས། དེར་གདམས་ངག་གནང་བར་ཞུས་པ་ན། རྙེད་བཀུར་མེད་པར་རྗེས་སུ་བཟུང་


TNT17_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅེས། དེ་ཉིད་ཐོབ་མ་ཐག་ཏུ་སློབ་དཔོན་ལ། ལྷག་པའམ་མཉམ་ཞེས་འགྲན་བྱེད་མི་དེ་ལ། དཔལ་ཆེན་རྡོ་རྗེ་སེམས་དཔའང་འཇིགས་ཞེས་གསུང༌། ཞེས་བྱ་བ་ཡིན་གསུང་སྟེ། ཁྲོས་ཤིང་མ་མཉེས་པའི་ཚུལ་བསྟན་ཏེ་བྲོས་ནས་བཞུད་དོ། །དེར་བང་ཐག་པ་ནས་རྒྱུགས་ཀྱང་རྗེས་མ་ཟིན། ཞག་བདུན་དུ་ཡུལ་དེའི་ཕྱོགས་ཐམས་ཅད་དུ་བཙལ་ཡང་མ་རྙེད། དེ་ནས་ཐག་རིང་པོར་སོང་ནས། གྲོང་ཁྱེར་སྣ་ཚོགས་སུ་མི་རྣམས་ལ་དྲིས་ཀྱང་ཆ་མེད། དེ་ལྟར་ཟླ་བ་གཉིས་སུ་བཙལ་ཡང་མ་རྙེད་པས། གྷོ་ར་ཊཾ་ཌ་ཞེས་པའི་གྲོང་ཁྱེར་ཞིག་ཏུ་ཞག་བདུན་ངུ་བཞིན་གསོལ་བ་འདེབས་ཀྱིན་བསྡད། དེར་ཡང་མ་བྱོན་པས། ད་ནི་ཚེ་འདིར་སྐལ་བ་མེད་པ་ཡིན། འདི་ཉིད་དུ་ཤི་བར་བྱ་སྙམ་སྟེ། བྲག་དེའུ་གཅིག་གི་རྩེ་ནས་མཆོངས་པས་ཀྱང་ཡན་ལག་བསྣད་པ་སོགས་མེད་ཅིང༌། གནོད་པ་ཅང་མ་བྱུང༌། དེར་ཡིད་སྐྱོ་བས་ཅུང་ཟད་ཅིག་བསྡད་པ་ན། རིག་མ་ངོ་ཤེས་པ་ཅིག་ཕྱོགས་དེར་བྱུང་སྟེ། སློབ་མ་བཟང་པོ་ཅི་བྱེད་ཀྱིན་ཡོད་གསུང༌། སློབ་དཔོན་གྱི་རིག་མ་བླ་མ་ཡིན་པས། ཞབས་ལ་སྤྱི་བོས་གཏུགས་ཏེ། ཁོ་བོ་ནི་སྐལ་བ་མེད་དེ། བླ་མས་བོར་བས་འཆི་བར་སེམས་བྱས་པས། དེ་ན་རེ། ཁྱོད་སློབ་དཔོན་གྱིས་ངེས་པར་རྗེས་སུ་འཛིན་པར་འདུག་གསུང༌། དེར་ཡིད་ཅུང་ཟད་སྤྲོ་བ་སྐྱེས་ཏེ། སློབ་དཔོན་གང་ན་བཞུགས་དྲིས་པས། བླ་མ་ནི་ངའི་ཁྱིམ་དུ་བྱོན་ནས་ཞག་འགའ་བཞུགས་ཏེ་ད་ལྟ་བལ་པོར་བཞུད་གསུང༌། བུད་མེད་དེ་མི་སྣང་བར་ཐལ་ལོ། །དེར་ཞི་བ་སྦས་པས་ལམ་དུ་ཞུགས་བྱོན་པ་ན། བྲག་རྩེ་


TNT17_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆོངས་པ་མཐོང་བའི་མི་རྣམས་ཀྱིས། ཅིའི་ཕྱིར་མཆོངས་ཞེས་འདྲི་བ་མང་དུ་བྱུང་བ་ལ། ལན་ནི་མ་སྨྲས། ཁོ་བོ་བླ་མ་མ་རྙེད་པས་སྡུག་བསྔལ་བ་ལ། འདི་ཀུན་སོས་རེ་དལ་ན་སྙམ་ཚིག་པ་ཟ་བར་བྱུང་སྐད། དེ་ནས་བལ་པོའི་ཡུལ་དུ་བྱོན་ཏེ། གྲོང་ཁྱེར་དང་གནས་གཞི་སོ་སོར་དྲིས་པས། གཞན་རྣམས་སུ་ཤོད་མཁན་མ་བྱུང༌། ཡཾ་བུའི་ནག་པོ་ཆེན་པོའི་ལྷ་ཁང་གི་དཀོན་གཉེར་ན་རེ། དེ་འདིར་བྱུང་སྟེ་ཞག་འགའ་ཐོ་ཅོའི་སྤྱོད་པ་འདྲ་བྱས་ནས་ཀཱ་མ་རུར་སོང་ཟེར། དེ་མ་ཐག་ཀཱ་མ་རུ་ལ་བསྟད་ནས་བྱོན་པས། ནགས་ཀྱི་ལམ་རྣམས་སུ་ཆོམ་རྐུན་དང༌། སྟག་དང༌། མ་ཧེ་དང༌། བསེ་རུ་ལ་སོགས་པ་འཇིགས་པ་ཇི་སྙེད་བྱུང་ཡང༌། བླ་མ་འབའ་ཞིག་དྲན་པར་བྱས་པས་གནོད་པ་མ་བྱུང༌། ཀཱ་མ་རུའི་གྲོང་ཁྱེར་ག་རུ་ཌ་གྷ་ཊ་ན་སློབ་དཔོན་བཞུགས་པ་དང་མཇལ། དགའ་ཆེས་ཏེ་ལུས་ས་ལ་བརྡབས་པའི་ཕྱག་བརྒྱ་སྟོང་དུ་མ་བྱས་སོ། །དེར་བླ་མ་ན་རེ། གལ་ཏེ་ཁྱོད་གདམས་ངག་འདོད་ན། ངའི་བླ་མ་ཨ་སི་ཏ་གྷ་ན་མཁའ་སྤྱོད་དུ་གཤེགས་པའི་ས། ཧེ་རཾ་པའི་བྲག་གི་རྩེ་དེ་ཡིན་པས། དེར་སོ་ཕག་གི་མཆོད་རྟེན་མི་འགྲེང་ལྔ་ཡོད་པ་ཞིག་བཞེངས་ཤིག་གསུང༌། དེ་ནས་ཡུལ་དེར་ཕྱིན་ནས་གོས་ཞིག་ཡོད་པ། ཕག་བྲེའི་རིན་ལ་སྤྲད་ནས། ཕ་གུ་བརྡེག་པ་དང༌། སོ་གཏོང་བ་ཐམས་ཅད་ཀྱང་ཞི་བ་སྦས་པ་གཅིག་པས་མཛད། དེ་ནས་ཁྱིམ་བདག་དད་པ་ཅན་གཅིག་གིས་གྲོགས་ཅུང་ཟད་བྱས་ནས། ཧེ་རཾ་པའི་རྩེ་མོར་མཆོད་རྟེན་བཞེངས་ཟིན་ནས། བླ་མའི་དྲུང་དུ་འོངས་པ་ན་ཁྱིམ་བདག་ལ་གྲོགས་བཅོལ་བ་དེས་མི་རུང་ཞེས་


TNT17_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། དེ་ནས་ཀྱང་ལོ་གཅིག་གི་བར་གདམས་ངག་མ་གནང༌། དེ་རྗེས་ཨོ་ཌི་ཤའི་གྲོང་ཁྱེར་ཀ་ཊ་ཀ་བྷ་ན་ར་སི་ན་བཞུགས་པའི་དུས་སུ། བླ་མའི་ཞལ་ནས། ཁྱིམ་ཞིག་བསྟན་ཏེ་ཁྱིམ་འདི་ན་གསེར་མང་དུ་ཡོད་པ་བརྐུས་ནས་ང་ལ་ཕུལ་ཞིག་གསུངས། དེ་ཡང་ཁྱིམ་དེ་ནི་མགར་བ་ནོར་ཆེ་ཞིང་སེར་སྣ་དམ་པ། ཕྱི་ནང་གི་རབ་ཏུ་བྱུང་བ་གང་ལ་ཡང་སྡང་བ་ཞིག་ཡིན་ཏེ། དང་པོར་དེའི་ཁྱིམ་དུ་ཞི་བ་སྦས་པས་ཞུགས་ཕྱིན་པ་ན། དེའི་སྒོ་བསྲུང་གིས་བརྡུངས་རྡེག་མང་པོ་བྱུང༌། དེར་སློབ་དཔོན་སྐུའི་སྟོབས་ཆེ་བས། སྒོ་བསྲུང་དེ་ཕྱག་གཅིག་གིས་མནན་ཏེ། ནང་དུ་ཚངས་ཀྱིས་ཞུགས་པས། མགར་བ་དེ་ལྕགས་ཀྱི་ལས་བྱེད་པ་དང་ཐུག་སྟེ། དེ་ཤིན་ཏུ་ཁྲོས་ནས་ལྕགས་གོང་དམར་འབར་བ་ཞིག་ཞི་བ་སྦས་པའི་སྐུ་ལ་འཕངས་པས་ན་བཟའ་ཡང་མ་ཚིགསྐུ་ལ་ཡང་གནོད་པ་མ་བྱུང་སྟེ། དེར་ཁྱི་མཆེ་བ་དུག་ཅན་མང་པོ་རྦད་བྱུང་བ་དེ་རྣམས་ཀྱིས་སློབ་དཔོན་ལ་རྨུགས་ཀྱང་སྐུ་ལ་གནོད་པ་མ་བྱུང་ཞིང༌། ཐུགས་ཀྱང་གཡོ་བ་མེད་པར་འདུག་པ་དེས་མཐོང་ནས་ཅུང་ཟད་དད་པར་གྱུར་ཏེ། དེ་ན་རེ། ཁྱོད་དེར་འདུག་ཟས་དྲངས་ཀྱི་ཟེར། ཟས་ངན་ངོན་ཞིག་དྲངས། དེར་ཤིན་ཏུ་དགྱེས་པ་ལྟར་གསོལ་བས། དེ་ཡང་ཅུང་ཟད་ངོ་མཚར་སྐྱེས་ཤིང༌། ཁྱེད་ཟས་འདི་ཙམ་གྱིས་ཚིམས་ན་ནང་པར་ནས་ཀྱང་ཤོག་ཅིག་ཟེར། དེར་ཡང་དང་ཡང་དུ་བྱོན་པས་འདྲིས་པར་གྱུར་པའི་མཚམས་ཤིགདེའི་ཁྱིམ་དང་ཡོ་བྱད་ཀྱི་གནས་ཚུལ་ཐམས་ཅད་ཀྱང་སློབ་དཔོན་གྱིས་ཤེས་ནས། དེས་སྡིག་པས་བསྒྲུབ་པའི་གསེར་སྲང་སྟོང་ཕྲག་ཙམ་ཡོད་


TNT17_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པ་སུ་ལ་ཡང་སྦྱིན་པར་མི་ནུས་པ་དེ། ལན་ཅིག་ཁོང་རྣམས་ཡེངས་པ་ཞིག་ལ། སློབ་དཔོན་གྱིས་བརྐུས་ནས་འོངས་སྟེ་བླ་མ་ལ་ཕུལ་བས། བླ་མ་ན་རེ། བུ་དེ་ལེགས། སེར་སྣ་ཅན་གྱི་ནོར་འདི་གཞན་ལ་སྦྱིན་དགོས་གསུངས་ཏེ། ར་ཁང་གི་ཡུལ་གྱི་དགེ་འདུན་རྣམས་ལ་ཕུལ་ཞིག་གསུང་བ་ལྟར་འབུལ་བར་བྱོན། ཕྱིས་ཞི་བ་དུས་གཞན་ལན་ཅིག་གྲོང་ཁྱེར་དུ་སོང་བ་ལ། སྔར་གྱི་མགར་བ་དེས་ཟིན་ཏེ། ཡུལ་དེའི་རྒྱལ་པོ་མུ་ཀུནྡ་དེ་བ་ལ་གཏད་ནས། སྔར་གྱི་ལོ་རྒྱུས་རྣམས་བསྙད། དེར་སྟེས་དབང་གིས་སྐྱེ་བོ་མང་པོ་ཡང་འདུས། རྒྱལ་པོས་སློབ་དཔོན་ཉིད་ལ་དྲིས་པ་ལ། སློབ་དཔོན་གྱིས་སེར་སྣ་ཅན་གྱི་ལོངས་སྤྱོད་ནི་བརྐུས་པའམ་ཕྲོགས་ཏེ་གཞན་ལ་བྱིན་ན། དེ་ཉིད་བསོད་ནམས་འཕེལ་བ་ཡིན་གསུངས་པས། དེར་མི་ཐམས་ཅད་ཀྱིས་གད་མོས་བཏབ་སྟེ། འདི་ནི་རྐུན་པོ་ཆེན་པོ་ཞིག་སྟེ། འདིའི་སྤྱི་བརྟོལ་ལ་ལྟོས། འདི་ལྟར་རྐུན་མོ་བྱས་པ་ཡང་ཡོན་ཏན་དུ་རྩིའོ་ཟེར། དེར་རྒྱལ་པོས་རེ་ཞིག་བཙོན་ཁང་དུ་ཞོག་ཅིག་ཕྱིས་བརྟགས་ལ་ཆད་པས་གཅོད་དོ་ཞེས་རྒྱལ་པོ་སྐྱེ་བོ་དང་བཅས་པ་སོ་སོར་གྱེས་སོ། །བར་དེར་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་དགོངས་པ་མཛད་པས། བཙོན་ཁང་གི་སྟེང་དུ་བྱ་རྣམ་པ་སྣ་ཚོགས་པ་འདུས། མཐའ་ཁོ་ར་ཁོར་ཡུག་ཏུ་ཁྱི་དང་ཅེ་སྤྱང་སྣ་ཚོགས་པས་ཉིན་མཚན་བྱེ་བྲག་མེད་པར་བསྐོར་ཞིང་སྐད་འབྱིན་པ་བྱུང་པས། ཐེ་ཚོམ་དུ་གྱུར་པ་ལ། དེའི་ཕྱི་དེའི་ཉིན་བར་དེ་ཕོ་བྲང་ལ་ཡང་དེ་བཞིན་དུ་བྱུང་བས་དེར་རྩིས་པས། རྣལ་འབྱོར་པ་བཙོན་ཁང་དུ་


TNT17_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་ཞིག་གི་ནུས་པ་ཡིན་ཞེས་བྱུང༌། དེ་ནས་ཞག་འགའ་ཞིག་ལོན་པ་ན། བཙོན་ཁང་གི་སྒོར་ཡེ་ཤེས་བཤེས་གཉེན་བྱོན་ནས་བཙོན་བསྲུང་རྣམས་ལ་བྱེ་མ་གཏོར་བས་ཐམས་ཅད་རེངས། སྒོ་ལྕགས་ཀྱང་རང་བྱེ་ནས་ཞི་བ་སྦས་པ་དང་བཙོན་ལྔ་སྟོང་ལྷག་ཅིག་ཐར། ཞི་བ་སྦས་པས་བཙོན་ཁང་དུ་ཟླ་བ་ཕྱེད་སོང༌། གསེར་བླངས་པས་བླ་མ་མཉེས་པ་རེ་དགའ་སྙམ་པ་མ་གཏོགས་མི་དགའ་བ་དང་ཡི་མུག་སོགས་གཏན་ནས་མ་བྱུང་ངོ༌། །དེ་ནས་སློབ་དཔོན་གྱི་ཕྱི་བཞིན་དུ་འབྲངས་ཏེ་ཡུལ་ཏྲི་ལིང་ག་ཞེས་བྱ་བའི་གྲོང་ཁྱེར་ཞིག་ཏུ་བྱོན། གྲོང་ཁྱེར་དེར་ཕེབས་ཙམ་ཉིད་ནས་བླ་མས་ཀྱང་གདམས་ངག་མང་དུ་གསུངས། དེ་ནས་ལོ་གཉིས་ཙམ་སོང་བ་ན་བླ་མ་ན་རེ། ད་དབང་བསྐུར་བར་བྱ་དགོས་པས། ཆུ་བོའི་ཕ་རོལ་ཀྱི་ཁྱིམ་ཕ་གི་ན། རིགས་དང་ལྡན་པའི་སྔགས་ཅན་མ་འདི་ལྟ་བུ་ཞིག་ཡོད། དེ་འདིར་ཁྲིད་ལ་ཤོག་གསུང༌། ནང་བར་འགྲོའམ་ཞུས་པས་དོ་ནུབ་ཉིད་ཁྲིད་ལ་ཤོག་གསུང༌། དེར་ཆུ་བོ་ཆེན་པོ་ཞིག་ཡོད་པ་ལ་རྐྱལ་ནས་སོང་སྟེ། ཉི་མ་ནུབ་ཏུ་ཉེ་བ་ན་ཁྱིམ་དེར་སླེབ། ཁྱིམ་དེ་ནི་རྒྱལ་རིགས་རྒྱལ་པོའི་གླང་ཆེན་གནས་པ་ཞིག་ཡིན། གྲོང་ཁྱེར་གྱི་མིང་ཡང་ལཉྫ་ཀ་ར་ཞེས་བྱ་བ་ཡིན་གསུང༌། ཁྱིམ་དེར་ཁོ་བོ་འགྲུལ་བ་ཞིག་ཡིན་ཡུད་ཙམ་གནས་གཡར་གསུངས་པས། དེས་ཀྱང་ནང་དུ་བྱོན་ཟེར་ཏེ་བྱོན། དེར་སློབ་དཔོན་གྱིས་སྟེང་འོག་ཀུན་ཏུ་བརྟགས་པ་ན། བླ་མས་ལུང་བསྟན་པ་དེ་ནི་ཁྱིམ་བདག་དེའི་བུ་མོ་ཡིན་ཏེ། དེ་ནི་ཤིན་ཏུ་སྲུངས་པ་ཡིན་པས་ཐབས་ཅི་ཞིག་གིས་ཐོབ་པར་འགྱུར་སེམ་མོ། །དེ་ནས་སྲོད་


TNT17_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུས་སུ་སྐྱེ་བོའི་རྒྱུ་འགྲུལ་ཆད་པ་ན། སློབ་དཔོན་གྱིས་རིག་སྔགས་ཀྱིས་ངག་བཅིངས་ཏེ། བུད་མེད་དེ་རེ་ཞིག་ཅང་མི་སྨྲ་བ་བྱས་ནས། སྟོབས་ཆེན་པོས་ཕྲག་པ་ལ་བཀལ་ཏེ། སྒོ་རྣམས་ཀྱང་སྟོབས་ཀྱིས་ཕྱེས་ནས་བྲོས་སོ། །གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སླེབ་པ་ན། ནང་གི་མི་རྣམས་ཀྱིས་རྗེས་བསྙེགས་ཀྱང་མ་ཟིན། ནུབ་མོ་དེ་ཉིད་ལ་ཆུ་བོ་ལ་རྐྱལ་ནས་འོངས། བླ་མའི་དྲུང་དུ་ནམ་ཕྱེད་ཀྱི་དུས་སུ་སླེབ། བླ་མ་ན་རེ། དུས་ཀྱང་ལ་ཉེ་ལེགས་པ་ཡིན་གསུང༌། དེར་ཐོ་རངས་ཀྱི་དུས་སུ་དབང་བསྐུར། ཞག་བདུན་གྱི་བར་དུ་བྱིན་གྱིས་བརླབས་པ་དང༌། ཐུན་མོང་མ་ཡིན་པའི་ཞལ་གྱི་གདམས་པ་མཐའ་དག་སྩལ། གནས་དེ་ཡང་བྲག་དེའུ་གཅིག་ལ་ཡོད་དེ། སྔོན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཕུག་པ་ཡིན་གསུང༌། གླང་ཆེན་གནས་ཀྱི་རྗེས་གཅོད་ཀྱི་མི་རྣམས་ཀྱང་ཁོང་གཉིས་ཆུས་ཁྱེར་བར་བསམ་སྟེ། ཕྱོགས་དེར་ཕྱིས་མ་བྱུང༌། དེ་ནས་བླ་མ་སྦྱིན་སྲེག་གཅིག་མཛད་པའི་སྐབས། སློབ་དཔོན་གྱིས་ལས་ཀྱི་རྡོ་རྗེ་མཛད་པ་ལ། བྱ་བ་ཅུང་ཟད་ཅིག་འཁྲུལ་བས། བླ་མ་ཁྲོས་ནས་ཐབ་ཀྱི་མེ་མང་པོ་གཏོར་བས། དེས་རྐྱེན་བྱས་ཏེ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནམ་མཁའ་ལྟ་བུ་མཐའ་དབུས་མེད་པ་མཉམ་ཉིད་ཁྱབ་བརྡལ་གྱི་ཡེ་ཤེས་མངོན་དུ་གྱུར་ནས་ཆོས་ཐམས་ཅད་ཀྱི་གཏིང་སླེབ། དེར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཏོ། །བུད་མེད་དེས་ཀྱང་རྣལ་འབྱོར་མ་བྱས་ཏེ། སྤྱོད་པ་པའི་སྡེ་རྣམས་སུ་སོང་བས། རྣལ་འབྱོར་མ་མེ་ན་ཀ་ཞེས་བྱ་བར་གྲགས། རྟོགས་པ་ནམ་མཁའ་དང་མཉམ། ལྟ་སྟེངས་བཞི་


TNT17_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། ཆུ་ལ་མི་བྱིང༌། ཕྱིས་དངོས་གྲུབ་ཀྱང་ཐོབ་བོ། །དེར་བླ་མ་ཡེ་ཤེས་བཤེས་གཉེན་ན་རེ། ཞི་བ་སྦས་པ། ངས་ཁྱོད་ལ་གདམས་ངག་ཐམས་ཅད་ནི་བསྟན་ཟིན། དོན་ཆེན་པོ་ཡང་གྲུབ། ད་ཁྱོད་སཽ་རཥྟར་སོང་ལ། ཐོག་མར་སྤྲོས་མེད་ཀྱི་སྤྱོད་པ་གྱིས། དེ་ནས་གསངས་ཏེ་སྤྱོད་པ་གྱིས། དེ་ནས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པར་ཞིག་བསྐུལ་བར་འོང་བས། དེའི་ཚེ་སྤྲོས་བཅས་ཀྱི་སྤྱོད་པ་གྱིས་ཤིགཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕངས་ཐོབ་པོ་གསུང༌། དེར་ཞི་བ་སྦས་པས། བདག་འདི་ལྟར་ཆོས་ཐམས་ཅད་ཀྱི་གཏིང་སླེབ་པ་ནི་བླ་མའི་སྐུ་དྲིན་ལགས་པས་ཚེ་འདིར་དངོས་གྲུབ་མཆོག་མ་ཐོབ་ཀྱང་སླའ། བླ་མ་ཉིད་ཀྱི་རྗེས་སུ་འབྲང་ཞུས་པས། བླ་མ་ན་རེ། ངས་ཁྱོད་གཅིག་པུའི་ཕྱིར་ལོ་དེ་སྙེད་ཅིག་མིའི་ཡུལ་དུ་གནས་པ་ཡིན། དེ་བས་ན་ངའི་རྟོགས་པ་འདི་སྐལ་བ་དང་ལྡན་པ་ཐམས་ཅད་ལ་ཁྱོད་ཀྱིས་སྤོས་ཤིག་ཅེས་གསུང་སྟེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་བླ་མའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་བདག་ཉིད་ཀྱི་མངོན་དུ་གྱུར་པས། སོམ་ཉི་ཐམས་ཅད་ནི་ཆོད་མོད་ཀྱང༌། བླ་མའི་གཟུགས་ཀྱི་སྐུ་དེ་མི་སྣང་བར་སོང་བས། ཐུགས་རབ་ཏུ་གདུང་བར་གྱུར་ཏེ་གླུ་བླངས་སོ། །དེར་སློབ་དཔོན་ཡེ་ཤེས་བཤེས་གཉེན་དེ་ལོ་བཅུ་ཙམ་བསྟེན་པ་ཡིན་གསུང༌། དེ་ནས་གདུང་བའི་གླུ་ལེན་པའི་ཚུལ་གྱིས་ཟབ་མོའི་དོན་སྟོན་བཞིན་དུ་རིམ་གྱིས་རྒྱ་གར་ནུབ་ཕྱོགས་སཽ་རཥྟར་བྱོན། ཛོ་ན་གྷ་ཊ་ཞེས་བྱ་བའི་གྲོང་ཁྱེར་ཞིག་དང་མི་རིང་པའི་ཕྱོགས་ཤིག་ཏུ་སྨྲ་བ་ཐམས་ཅད་སྤངས། ཡང་ནས་ཡང་དུ་མནལ་ཞིང་སད་པ་ན་ཡང་


TNT17_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག་པ་ཁོ་ནས་བཞུགས། ལམ་དུ་ལན་ཅིག་སྟག་གཟིག་མོང་གོལ་ཞིག་གིས་ཕྱག་ཞབས་མེ་ལ་བསྲེགས་པས་ཀྱང༌། རྡོ་སྐུའམ་ཤིང་སྐུ་མེ་ལ་བསྲེགས་པ་བཞིན་དུ་ཚོར་བ་མེད་པ་ལྟར་བཞུགས། ཡང་ཧེན་དུའི་རྟ་པ་ཞིག་སློབ་དཔོན་ལ་དད་དེ། གསེར་དང་དངུལ་གྱི་མེ་ཏོག་བྲེ་གང་སྐུ་ལ་གཏོར་བས་ཀྱང་སྔ་མ་ལྟར་ཚོར་བ་མེད་པ་ལྟར་འདུག བདག་གི་བླ་མའི་ཞལ་ནས་གཏན་མ་ཚོར་བ་ནི་མིན། སྟོང་པ་ཉིད་དུ་གཟིགས་པ་ཡིན་གསུང༌། དེ་ལྟར་ལོ་གཉིས་འདས་སམ་ཡང་ཟེར། ཕྱེད་དང་གཉིས་སོང་ངམ་ཡང་ཟེར། ཕྱི་མ་དག་སྟེ་སྤྱོད་པ་ཟླ་བ་དྲུག་ཏུ་སྤྱོད་དགོས་པ། ད་ལྟར་གྱི་དུས་འགྲུབ་དཀའ་བ་ཡིན་པས། ལན་གསུམ་དུ་བསྐྱར་བ་ཡིན་གསུང༌། དེ་ནི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དེ་ལས་གྲོལ་ཏེ་གྲོང་ཁྱེར་དང་ནགས་ཚལ་རྣམས་སུ་རྒྱུ་ཞིང༌། གསང་སྟེ་སྤྱོད་པ་ཅུང་ཟད་མཛད་པ་ལ། ཇི་ཞིག་ནས་ཨ་བ་དྷཱུ་ཏཱི་འཇིག་རྟེན་པའི་མངོན་དུ་སྤྱོད་པ་སྨྱོན་པའི་བརྟུལ་ཞུགས་ཟླ་བ་དྲུག་ཏུ་མཛད་དེ། བར་བར་དུ་སྐྱེ་བོ་རྣམས་ལ་ཆོས་ཀྱང་བསྟན་པས་ཡེ་ཤེས་མཆོག་སྐྱེས་པ་མང་དུ་བྱུང༌། གྲོང་ཁྱེར་གྱི་མི་མང་པོས་ཀྱང༌། སློབ་དཔོན་ཡེ་ཤེས་ཅན་དུ་ཤེས་ནས་ཅི་རིགས་པར་མཆོད་པ་ལ། ཡུལ་དེའི་རྒྱལ་པོ་སྟག་གཟིག་གི་རིགས། སྔོན་སངས་རྒྱས་པ་རྣམས་ལ་སྙད་འཚོལ་བ་ཞིག་ཡོད་པ་ཡུལ་དེ་དགེ་སློང་མང་བས། ཕྱིས་དགེ་སློང་རྣམས་ཀྱི་བཙུན་ཚུགས་ལ་དད་དེ། སངས་རྒྱས་པ་ལ་མཆོད་པ་མང་པོ་བྱེད་པ་ཞིག་ཡིན་པས། སློབ་དཔོན་གྱི་སྔགས་ཀྱི་སྤྱོད་པ་བྱས་པ་ལ་ཡིད་མ་ཆེས་


TNT17_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སློབ་དཔོན་གྱི་དྲུང་དུ་བྱུང་ནས། ཀྭ་ཡེ་ཁྱོད་རྫུན་དུ་སྨྲ་བའམ། བདེན་པར་སྨྲ་བ་ཞིགརབ་ཏུ་བྱུང་བ་རྣམས་སུན་འབྱིན་པར་བྱེད་དམ་ཞེས་ཟེར་བ་ལ། སློབ་དཔོན་གྱིས་ཁོ་བོ་ཅག་ནི་འདོད་པ་ལ་ལོངས་སྤྱོད་བཞིན་དུ་ཡིད་གཞན་དུ་གྱུར་པ་མེད་དོ། །རྒྱལ་པོ་ན་རེ་དེ་བརྟག་པར་བྱའོ་ཞེས་སློབ་དཔོན་ཕོ་བྲང་གི་ནང་དུ་སྤྱན་དྲངས། ཡང་ཐོག་ཤིན་ཏུ་དབེན་པ་ཞིག་ཏུ་བཞགསྐུ་ལུས་ལ་ན་བཟའ་མེད་པས། རྫས་སྦེད་པའི་གནས་མེད། ཉེ་འཁོར་དུ་རྟོག་པའི་མི་ནི་ཉིན་དང་མཚན་དུ་གནས། ཟས་སྐོམ་གཅིག་ཀྱང་མ་དྲངས་པར་ཉིན་ཞག་བདུན་འདས་ཀྱང༌། སྐུ་ལུས་སྔ་མ་བཞིན་དུ་འདུག་ལ། དེར་རྒྱལ་པོས་ཡུལ་ཁམས་ཀྱི་བཞིན་བཟང་མ་སྟོང་ལྷག་གཅིག་ཀྱང་ཟེར། ལྔ་བརྒྱ་ཡང་ཟེར། དེ་ཙམ་བསྡུས། ཁྱེད་སྔགས་ཀྱི་སྤྱོད་པ་ཅན་ཡིན་ན། འདི་རྣམས་ཉིན་ཞག་གཅིག་ཏུ་སྤྱོད་ནུས་སམ་ཞེས་སློབ་དཔོན་ལ་གཏད་པ་ན། སྤྲོས་བཅས་ཀྱི་སྤྱོད་པ་སྤྱོད་པར་བསྐུལ་བ་འབྱུང་ཞེས་བླ་མས་ལུང་བསྟན་པ་དེ་ཡིན་པར་མཁྱེན་ནས་དེ་རྣམས་དང་ལྷན་ཅིག་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང༌། བདག་ཉིད་ཀྱི་ནུས་པ་བསྟན་པའི་ཕྱིར་དེ་རྣམས་ཀྱི་ལུས་རོ་བཅུད་དང་བྲལ་བར་མཛད་ཅིང༌། བདག་ཉིད་ཉིན་བྱེད་ལྟ་བུའི་གཟི་བརྗིད་དང་ལྡན་པས་ཉི་མ་གཉིས་པ་ལ་ཕོ་བྲང་གི་ཡང་ཐོག་ནས་རྒྱང་གྲགས་ཙམ་མཁའ་ལ་གྱ་གྱུར་གཤེགས་ཏེ་ཐག་རིང་པོའི་སྐྱེད་མོས་ཚལ་ཞིག་ཏུ་བཞུགས་སོ། །ཡུལ་ཕྱོགས་དེ་ཡང་ཞིང་མཆོག་ཏུ་གྱུར་པ་ཡིན་པས། ཕོ་ཉ་མོ་ཡང་ཤིན་ཏུ་མང་བ་ཡིན་ཏེ་ཚོགས་ཀྱི་འདུ་བ་ཁྱད་པར་ཅན་གྱི་སྤྲོས་


TNT17_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་སྤྱོད་པ་ཡང་ཟླ་བ་དྲུག་མཛད། གྷིར་ན་རི་ཞེས་བྱ་བའི་རི་ལ་བཞུགས་པའི་དུས་ཤིག་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕངས་ཉམས་འོག་ཏུ་ཆུད་པར་གྱུར་ལ། དེའི་དུས་ནམ་ཐོ་རངས་ཀྱི་ཚེ། ས་གཡོས་སྒྲ་ཆེན་པོ་བྱུང༌། དྲི་བཟང་པོས་ཁྱབ། མེ་ཏོག་གི་ཆར་བབས། ནམ་མཁའ་ནས་རོལ་མོའི་སྒྲ་བསྒྲགས་པ་ན། སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་བྱུང༌། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་གཅིག་ཅར་གཟིགས། ཡི་དམ་སྣ་ཚོགས་པ་དང༌། གྲུབ་པ་ཐམས་ཅད་མངོན་སུམ་དུ་བྱོན་ནས་ཤིས་པ་བརྗོད། ཞག་བདུན་དུ་གནས་གསུམ་ཀྱི་མི་མ་ཡིན་དང༌། དཔའ་བོ་མཁའ་འགྲོས་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མ་ཆད་པར་བྱུང༌། རི་དེ་ལ་སླར་ཡང་ཟླ་བ་དྲུག་ཏུ་མཚན་མ་མེད་པའི་ཏིང་ངེ་འཛིན་འབའ་ཞིག་ལ་བཞུགས། དེ་ནས་ལྷོ་ཕྱོགས་ཁ་གེན་དྲ་ཞེས་བྱ་བའི་རི་ལ་བཞུགས་པའི་སྐབས་ཤིགཡུལ་བྷཾ་དྭ་གྱི་རྒྱལ་པོ་དགའ་བྱེད་གཏུམ་པོ་ཞེས་བྱ་བ་རི་དྭགས་བཤོར་དུ་འོངས་པ་ན། རིའི་ཟུར་ཞིག་ན་རི་དྭགས་ཧ་རི་ཎ་གཅིག་འདུག་པ་མཐོང༌། དེའི་རྗེས་བསྙེགས་ཏེ་ཕྱིན་པ་ན། ཧ་རི་ཎ་དེ་ནི་སྟག་གཅིག་ཏུ་གྱུར། དེར་ཡང་ཅུང་ཟད་བརྟགས་པས། དེ་ཡང་མེ་ཞིག་ཏུ་དམར་ཁྱུག་སྟེ་སོང༌། ལོ་མའི་སྤྱིལ་པོ་ཞིག་གི་ནང་དུ་ཞུགས་སོ། །རྒྱལ་པོས་དེ་ལ་བལྟ་རུ་སོང་བ་ན། དགེ་སློང་གི་གཟུགས་གཟི་བརྗིད་ཆེ་བ་ཞིག་འདུག་ནས། ཁྱེད་སུ་ཡིན་དྲིས་པས། ལན་གཉིས་སུ་སློབ་དཔོན་ཅང་མི་གསུང༌། ལན་གསུམ་པ་དྲིས་པས། སྡིག་སྤྱོད་ཀྱི་རྒྱལ་


TNT17_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཅི་ཞིག་སྨྲ། ཁོ་བོ་རྣལ་འབྱོར་པ་ཞིག་ཡིན་གསུང༌། དེར་ལྟ་སྟངས་ཀྱིས་ཟིལ་གྱིས་མནན་པས་རྒྱལ་པོ་ལྷག་པར་དད་ནས་ཞབས་ལ་ཕྱག་བྱས་ཏེ། ཡང་དག་པའི་གཏམ་ཅི་རིགས་པ་གླེང་ཞིང་ཡོད་པའི་ཚེ། འཁོར་རྣམས་ཀྱང་དེར་འོངས་ཏེ། སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ། ཆོས་ཀྱི་གཏམ་གྱིས་དགའ་བར་མཛད། བྲམ་ཟེའི་ཁྱེའུ་ཞིག་ལ་སྙིང་པོའི་དོན་བསྟན་པས། གླུ་དང་གར་མང་དུ་བྱས་ཤིང་མི་སྣང་བར་གྱུར་སྐད། དེའི་མིང་ནི་ཛ་ན་མ་དེ་བ་ཞེས་ཟེར་ཏེ། སློབ་དཔོན་འདིའི་སློབ་མ་གྲུབ་པ་ཐོབ་པ་སྔོན་མ་ནི་དེ་ཡིན་སྐད། དེར་དགེ་ཚུལ་པཎྜི་ཏ་གཾ་བྷི་ར་མ་ཏི་ཞེས་བྱ་བ་ཞིགསློབ་དཔོན་གྱི་དྲུང་དུ་བྱུང་སྟེ། ཤིན་ཏུ་དད་ནས་སློབ་མར་ཁས་བླངས་ཏེ། རིམ་གྲོ་ཐམས་ཅད་བྱེད་ཅིང་གནས་སོ། །དེ་ཡང་སྣོད་དང་ལྡན་པར་མཁྱེན་ནས། དབང་བསྐུར་ཞིང་གདམས་པ་གནང༌། དེས་ཀྱང་བསྒོམས་པས་རིང་པོར་མི་ཐོགས་པར་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ། སློབ་དཔོན་རྫུ་འཕྲུལ་གྱིས་གང་དུ་གཤེགས་པ་དེར། དེས་ཀྱང་བླ་མའི་རིམ་གྲོ་བྱེད་པ་ལ་འབྱོན་ནུས་པ་ཡིན་ནོ། །དེ་ནས་སློབ་དཔོན་མ་རུའི་ཡུལ་དུ་བྱོན་ནས། མུ་སྟེགས་དང༌། ཏུ་རུཥྐ་སྟེ། ཀླ་ཀློ་སྟག་གཟིག་རྣམས་ལ་རེངས་པའི་ལྟ་སྟངས་ཀྱིས་རེངས་པར་མཛད། ཡུལ་གྱི་མི་དང་གཙོ་བོ་རྣམས་དབང་དུ་བྱེད་པའི་ལྟ་སྟངས་ཀྱིས་དབང་དུ་མཛད། སྐྱེ་བོ་རྣམས་ལ་ཆོས་ཀྱང་བསྟན་པས་ཡེ་ཤེས་ཁྱད་པར་དུ་གྱུར་པའང་མང་དུ་བྱུང་ཞིང༌། ཡུལ་འདི་ནང་པ་ལྷག་པར་མང་


TNT17_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བས། དགེ་འདུན་ཕལ་ཆེར་གྱི་ཞབས་ལ་གཏུགས། ཐུན་མོང་མ་ཡིན་པའི་གདམས་པ་གནང་པའི་སློབ་མ་ནི་དྲུག་ཡོད་དེ། པཎྜི་ཏ་བི་མ་ལ་ས་ཧྱ་དང༌། ཙནྡྲ་ཨ་ཀ་ར་དང༌། རཏྣ་ཀ་ར་སྟེ་དགེ་སློང་པཎྜི་ཏ་གསུམ་དང༌། དགེ་བསྙེན་པཎྜི་ཏ་སུ་ག་ཏ་དང༌། རྣལ་འབྱོར་མ་ཨུ་མ་པ་ཏི་དང༌། རྣལ་འབྱོར་མ་ཏཱ་རཾ་ག་རྣམས་སོ། །དེ་ལ་དང་པོ་གསུམ་ཡང་བསྐྱེད་རྫོགས་ཀྱི་རྟོགས་པ་ཁྱད་པར་ཅན་བརྙེས། ངག་གི་དམོད་པ་དང་བདེན་ཚིག་འགྲུབ་པ་ཡིན། འདི་གསུམ་ཀས་རྡོ་རྗེ་རྣལ་འབྱོར་མའི་ཞལ་མངོན་སུམ་དུ་གཟིགས། དགེ་བསྙེན་སུ་ག་ཏས་ལས་བཞི་དང༌། ཁྱད་པར་མངོན་སྤྱོད་ཐོགས་མེད་དུ་འགྲུབ། སློབ་དཔོན་འདི་བཞིས་ལྷན་ཅིག་ཤར་ཕྱོགས་ཀྱི་ལྗོངས་བལྟ་ཞིང་བྱོན་པ་ལ། ཤར་ཕྱོགས་ཀྱི་ཀླ་ཀློ་པ་ཋཱ་ན་རྣམས་ཀྱིས་ཡུལ་འཁོར་རྣམས་ལ་ཆེས་སྡུག་བསྔལ་སྟེར་ཞིང༌། ཕྱི་ནང་གི་ལྷ་ཁང་ཐམས་ཅད་ཀྱང་བཤིག་པ་གཟིགས། ཁྱད་པར་རྒྱ་མཚོའི་འགྲམ་གྱི་དེ་བ་གི་རེ་ཞེས་བྱ་བའི་རི་ལ་སངས་རྒྱས་ཀྱི་ལྷ་ཁང་མང་པོ་ཡོད་པ་དེ་སྐབས་མེ་ལ་བསྲེགས། ཁ་སརྤ་ཎིའི་གཙུག་ལག་ཁང་ལའང་མེ་བཏང་མོད། མེས་མ་ཚིག །སློབ་དཔོན་གྲོགས་མཆེད་རྣམས་བྱོན་པ་ལ་ཡང༌། ངའི་ཡུལ་དུ་མགོ་བྲེགས་གོས་དམར་ཅན་འདི་ལྟ་བུ་སྔར་མེད་པ་ལས་ད་ལྟར་འོངས་པ་མ་ལེགས་ཞེས་སློབ་དཔོན་བཞི་པོ་བཙོན་དོང་དུ་བཅུག །གཤེད་མ་བསྐོས་ཏེ་བགྲོང་པར་བསམ་པ་ལས། གཤེད་མ་དང་བཙོན་སྲུང་རྣམས་ལ་ཉུངས་ཀར་གཏོར་བས། དེ་རྣམས་དྲན་མེད་དུ་མྱོས་


TNT17_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་ལ་བྲོས་ནས་བྱོན་ཏེ། བྱང་ཆུབ་ཆེན་པོ་ལ་གསོལ་བ་བཏབ་པས། དྲག་པོའི་འཕྲིན་ལས་འགྲུབ་ཅིང་བྱ་བའི་དུས་ཡིན་པར་ལུང་བསྟན། དེ་ནས་ཛ་རི་ཁཎྜར་སློབ་དཔོན་འདི་བཞི་ཞལ་འཛོམ་སྟེ། གཤིན་རྗེ་གཤེད་ཀྱི་འཁོར་ལོ་བསྐོར་བས། ཟླ་བ་དྲུག་ཙམ་ན་པ་ཋཱ་ན་དང༌། མོ་ཁོལ་ནང་འཁྲུགས་ཏེ་ཤར་ཕྱོགས་ཀྱི་ཏུ་རུཥྐའི་རིགས་ཐམས་ཅད་གཡུལ་ངོར་བརླགཧེནྟུའི་རྒྱལ་པོ་མ་ན་ཤིང་ཞེས་བྱ་བས་འཛིན་པ་བྱུང་ངོ༌། །ཨུ་མ་པ་ཏིས་འཇའ་ལུས་གྲུབ། རྣལ་འབྱོར་མ་མཱཏཱ་རཾ་གས་ལྟ་སྟངས་བཞི་ཐོགས་མེད་དུ་གྲུབ། དེར་སློབ་དཔོན་ཉིད་ཀྱི་རྗེས་སུ་འབྲང་བའི་སློབ་མ་རྣལ་འབྱོར་ཕོ་མོ་ཉི་ཤུ་ཙམ་བྱུང༌། དེ་ནས་ལྷོ་ཕྱོགས་ཀརྞ་ཊར་བཞུགས་ཙམ་ན། དེའི་ཡུལ་གྱི་རྒྱལ་པོ་ནི་མུ་སྟེགས་པ་ཡིན་པས། དེ་འདུལ་བའི་ཕྱིར་རྒྱལ་པོའི་ཕོ་བྲང་དུ་བྱོན། ཕོ་བྲང་ནང་ན་སྔོན་སྲིད་སྒྲུབ་ཀྱིས་བཞེངས་པའི་ལིང་ག་འཇིགས་སུ་རུང་པ་གཅིག་ཡོད་པའི་སྟེང་དུ་བྱོན་ཏེ་གར་མཛད་པས། ཞབས་རྗེས་བྱུང༌། རྒྱལ་པོས་གླང་པོ་ཆེ་ཁྲོས་པ་དྲུག་རྦད་པས། གླང་པོ་ཆེ་དྲུག་ཀར་ཕྱག་གིས་མནན་པས་གཡོ་བ་མེད། ཙཎྜི་ཀའི་རྡོ་སྐུ་ཆོ་འཕྲུལ་ཆེ་བ་ཞིག་ཡོད་པ་ལ་སྡིགས་འཛུབ་མཛད་པས་མར་གྱི་གོང་བུ་ལ་ཉི་མ་ཕོག་པ་བཞིན་དུ་མེར་གྱིས་ཞུ། ད་ལྟ་སྐུ་དེ་ཡ་ཆ་བ་གཅིག་ཏུ་སོང་འདུག་གསུང༌། དེར་རྒྱལ་པོས་ཀྱང་གྲུབ་པ་ཐོབ་པར་ཤེས་ནས་ཕྱག་བྱས། སློབ་དཔོན་གྲུབ་པ་བརྙེས་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ་པས། མ་ར་ཧ་ཊ་དང༌། ཀོངྐུ་ནའི་དགེ་འདུན་རྣམས་


TNT17_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྤྱན་དྲངས་ཏེ་དེའི་གཙུག་ལག་ཁང་ཐམས་ཅད་དུ་ཕེབས། དབང་བསྐུར་པ་དང༌། གདམས་ངག་སྦྱིན་པ་དང༌། རྒྱུད་བཤད་པ་ལ་སོགས་པས་རྡོ་རྗེ་ཐེག་པའི་བསྟན་པ་ཆེར་གསལ་བར་མཛད། པཎྜི་ཏ་སུམ་ཅུ་ཙམ་དང༌། གཞན་ཡང་འཁོར་རྣམ་བཞིར་གཏོགས་པ་དྲུག་ཅུ་ལྷག་གཅིག་དང་གྲོང་ཁྱེར་གྱི་མི་བཅུ་གཅིག་ཙམ་གྱིས་ཕྲ་མོ་རྣམས་གྲུབ། གཞན་ཡང་ཏིང་ངེ་འཛིན་མཆོག་ཐོབ་པ་མང་དུ་བྱུང་ཞིང༌། དེ་ཉིད་དུ་དངོས་གྲུབ་མཆོག་ཐོབ་ནས་མི་སྣང་བར་གྱུར་པ་མང་དུ་བྱུང༌། དེ་ནས་བྷཾ་དྭ་གྱི་རྒྱལ་པོས་སྤྱན་དྲངས་ཏེ་ཡུན་རིང་དུ་མཆོད་པ་བྱས་ཤིང༌། དེར་གསེར་གླིང་དང༌། དྷ་ན་ཤྲཱི་གླིང་དང༌། པཻ་གུའི་གླིང་དང༌། ར་ཁང་དང༌། པུ་ཀང་ལ་སོགས་པ་ཐག་རིང་པོའི་གླིང་རྣམས་དང༌། གཞན་ཡང་འཛམ་བུ་གླིང་གི་དགེ་སློང་རྣམས་དང༌། པཎྜི་ཏ་ཇི་སྙེད་འདུས་ཏེ། རྒྱལ་པོས་ཀྱང་དེ་ཐམས་ཅད་ལ་ལོ་གསུམ་དུ་མཆོད་པ་བྱས། རབ་ཏུ་བྱུང་བ་ནི་སྟོང་ཕྲག་གསུམ་ཙམ། དགེ་བསྙེན་དང༌། དགེ་བསྙེན་མ་ཇི་སྙེད་ཅིག་དང༌། གཞན་ཡང་ཕྱོགས་བཞིའི་རྣལ་འབྱོར་པ་བརྒྱ་སྟོང་དུ་མ་རྣམས་ལ་ལ་ནི་སྒྲུབ་ཐབས་ཞུ། ལ་ལ་ནི་གདམས་ངག་ཞུ། ལ་ལ་ནི་དབང་དང་བྱིན་རླབས་ཞུ་བར་བྱེད། ཁ་ཅིག་ནི་ཞབས་ལ་ཕྱག་འཚལ་ཞིང་སྐོར་བ་ལ་སོགས་པས་ལས་འབྲེལ་འཇོག་པར་བྱེད་དེ། ལྷོ་ཕྱོགས་ཀ་ལིང་ཀའི་པཎྜི་ཏ་ཆེན་པོ་བཻ་ད་ཏིཀྵྞ་དང༌། སང་ག་ཤཱི་ལ་དང༌། མ་ལྱཱ་རའི་ཡུལ་གྱི་སློབ་དཔོན་ཆེན་པོ་བཱི་ར་བནྡྷུ་དང༌། ཨ་སང་ག་བོ་དྷི་དང༌། པཉྩ་དྷར་བ་ལིའི་ཡུལ་གྱི་སློབ་དཔོན་


TNT17_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནནྟ་མཱ་ཏི་དང༌། བེ་དཱ་ནནྡ་དང༌། པུ་ཀང་གི་ཡུལ་གྱི་མཁས་པ་ཆེན་པོ་དྷརྨ་ཀྵ་གྷོ་ཥ་དང༌། པར་ཧེ་ཏ་གྷོ་ཥ་དང༌། རྡོ་རྗེ་གདན་པ་སུ་མེ་གྷ་ལ་སོགས་པ་རྣམས་ཀྱིས་སློབ་དཔོན་ཆེན་པོ་ཉིད་དང༌། རྣལ་འབྱོར་མ་དཱི་ན་ཀ་ར་དང༌། སློབ་དཔོན་ཆེན་པོ་གཾ་བྷི་ར་མཱ་ཏི་ལ་སོགས་པ་སློབ་དཔོན་གྱི་ཐུགས་ཀྱི་སྲས་རྣམས་ལ་རྒྱུད་སྡེ་ཟབ་མོ་ཐམས་ཅད་ཞུས། དེ་ལྟར་སློབ་དཔོན་འདིའི་བཀའ་དྲིན་གྱིས་འཕགས་པའི་ཡུལ་གྱི་དགེ་འདུན་སོགས་ནང་པ་ཐམས་ཅད་ལ་རྡོ་རྗེ་ཐེག་པའི་བཀའ་དྲིན་བསྩལ་བ་ཡིན་ནོ། །ནས་གླིང་དང་གསེར་གླིང་དང་ཟངས་གླིང་ལ་སོགས་པའི་དགེ་འདུན་རྣམས་ནི་ཉན་ཐོས་སེནྡྷ་པ་ཁོ་ན་ཡིན་པའི་ཕྱིར་སློབ་དཔོན་འདིའི་བཀའི་གནང་བས་མ་ཁྱབ་སྟེ། གུ་རུ་ཤར་ཕྱོགས་པ་ནིར་པ་ཎ་ཤྲཱི་སློབ་དཔོན་གྱི་དྲུང་དུ་བཞུགས་པའི་ཚེ། སློབ་དཔོན་ཆེན་པོ་ཏྲི་ལིང་གའི་ཚོང་འདུས་ཆེན་པོ་གཅིག་ན་བཞུགས། སྐྱེ་བོ་བརྒྱ་སྟོང་དུ་མ་ཕྱག་འཚལ་ཞིང་ཡོད་པ་ལ། མཧཱ་བོ་དྷི་མཇལ་དུ་འགྲོ་བའི་ནས་གླིང་པའི་དགེ་སློང་མང་པོ་འདུག་པ་དེ་ཀུན་གསང་སྔགས་ལ་ངན་དུ་ཟེར་ཞིང༌། སློབ་དཔོན་ལ་ཕྱག་མི་འཚལ་བར་འདུག་གསུང༌། དེ་ནས་ཏྲི་ལིང་གའི་ཡུལ་དེར་རྒྱལ་པོ་བི་ཀ་ཊ་ཞེས་པ་ན་བའི་ལྟོ་བཅོས་ལ་མི་མང་པོ་དང་མ་ཧེ་ལྔ་སྟོང༌། བྱ་དང་ར་ལུག་འབུམ་ཕྲག་མང་པོ་བསད་པའི་མཆོད་སྦྱིན་བྱེད་དགོས་ཟེར་ཏེ། དེར་ཆོ་ག་བྱེད་པའི་མུ་སྟེགས་དང་བྲམ་ཟེ་བརྒྱ་སྟོང་འདུས། སྲོག་ཆགས་ཐམས་ཅད་བཅིངས་ནས་ཡོད་པའི་སྐབས་ཤིགསློབ་དཔོན་ནི་གང་ནས་བྱུང་ཆ་མེད་པར་དེ་རྣམས་ཀྱི་མཆོད་སྦྱིན་ཁང་པར་བྱོན། བྲམ་ཟེ་དང་མུ་སྟེགས་ཐམས་


TNT17_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ལྟ་སྟངས་མཛད་པས་ཐམས་ཅད་རེངས། དེར་རྒྱལ་པོ་ངོ་མཚར་སྐྱེས་ནས་འོངས་པས། སློབ་དཔོན་ན་རེ། སྲོགས་ཆགས་འདི་སྙེད་ཅིག་བསད་ན་ཁྱོད་མྱུར་དུ་འཆ། ཤི་ནས་ཀྱང་དམྱལ་བར་སྐྱེ། འདི་རྣམས་ཐོང་ཞིག་གསུང༌། དེ་རྣམས་བཀྲོལ་ཏེ་བཏང་མ་ཐག་ཏུ་སློབ་དཔོན་གྱིས་རྒྱལ་པོའི་མགོ་བོར་ཕྱག་བཞག་པས་ནད་ལས་གྲོལ། དེར་མཆོད་སྦྱིན་གྱི་མི་རྣམས་ཀྱང་རྣལ་འབྱོར་པ་འབའ་ཞིག་བྱས། ཡེ་ཤེས་ཁྱད་པར་ཅན་སྐྱེས་པ་མང་དུ་ཡོད་གསུང༌། དེར་ཡུལ་ཙཉྩའི་ཏུ་རུཥྐའི་རྒྱལ་པོ་ཞིག་སློབ་དཔོན་བཞུགས་པ་དང་ཉེ་བའི་ལམ་ལ་སོང་བས། དེར་སློབ་དཔོན་ལ་ངན་དུ་བརྗོད་པ་མང་དུ་བྱས་པ། སློབ་དཔོན་གྱི་སློབ་མ་ཞིག་གིས་ཐོས་པས། ཁྱེད་རྣམས་ལྐུགས་པར་གྱུར་ཅིག་ཅེས་དམོད་པ་བཏབ་པས། རྒྱལ་པོ་འཁོར་དང་བཅས་པ་དེ་ཉིད་དུ་ལྐུགས། དེར་ཤིན་ཏུ་སྐྲག་ནས་སློབ་དཔོན་ལ་གསོལ་བ་བཏབ་པས། སངས་རྒྱས་པ་རྣམས་ཀྱི་ནུས་པ་བསྟན་པའི་ཕྱིར། གཅིག་མ་གཏོགས་པ་ཐམས་ཅད་སྨྲ་ནུས་པར་གྱུར་ཅིག་ཅེས་གསུངས་པས་དེ་བཞིན་དུ་གྱུར། ཡང་ཡུལ་དབུས་སུ་བྱོན་ཝཱ་ར་ཎ་སིར། མུ་སྟེགས་ཀྱི་པཎྜི་ཏ་ཡེ་ཤེས་ཅན་དུ་འདོད་པ། མ་ད་སུ་ད་ན་སྭར་སྭསྟ། འཁོར་མང་པོའི་དབུས་སུ་ཁྲི་མཐོན་པོར་གནས་པ་ལ་སྡིགས་འཛུབ་མཛད་པས་ཁྲི་དེ་ལས་ལྷུང༌། མ་ཐུ་རའི་ཡུལ་དུ་སྔོན་ནང་པའི་རྣལ་འབྱོར་པ་ཅུང་ཟད་བྱས་པས། ཕྱིས་མུ་སྟེགས་པའི་རྣལ་འབྱོར་པ་བྱས་པའི་མུ་ཀུནྡ་ཝརྟི་ཞེས་པ་དེས་ཨ་ཧུ་ཋ་ཙཎྜ་ལཱི་བསྒྲུབས་ནས་སྐྱེ་བོ་མང་པོ་དབང་དུ་བྱེད་པ་གྲུབ་ཐོབ་ཏུ་གྲགས་པ་དེ།


TNT17_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟངས་ཀྱིས་ཚར་བཅད་དེ། དེ་ཡང་མཐར་བཅོམ་བརླག་གི་གྲོང་ཁྱེར་དུ་སློབ་དཔོན་དཔོན་སློབ་གསུམ་ཙམ་ཕེབས་པ་ཞིག་ལ། མུ་ཀུནྡ་ཝརྟི་འཁོར་དང་བཅས་པ་ཡང་དེར་འོངས་པ་འཛོམ། གྲོང་ཁྱེར་གྱི་སྐྱེ་བོ་དཔག་ཏུ་མེད་པ་ཡང་དེར་འཚོགས་ཏེ། འདི་གཉིས་ཀྱི་གྲུབ་རྟགས་བལྟའོ་ཞེས་ཟེར་རོ། །དེར་མུ་ཀུནྡ་དེ་མིག་འཕྲུལ་གྱི་རིག་སྔགས་གྲུབ་པ་ཡིན་པས། སྔར་སྟག་གཟིག་གི་རྒྱལ་པོ་ཆེན་པོ་ཧ་མེ་ཧུ་བཱ་ཙ་པ་དང༌། དེའི་བུ་ཨ་ཀ་པ་ར་སོགས་ཀྱང་དད་པར་བྱས་པ་ཞིག་ཡིན། དུས་དེར་སློབ་དཔོན་གྱི་ཏིང་ངེ་འཛིན་གྱི་ནུས་པས། མིག་འཕྲུལ་གཅིག་ཀྱང་སྤྲུལ་མ་ནུས་ཤིང༌། སློབ་དཔོན་གྱིས་འདི་ལ་ལྟ་སྟངས་མཛད་མ་ཐགསྨྱོ་ནས་ཧ་ཧ་ཞེས་རྒྱུག་ཅིང༌། ཞག་བདུན་དུ་མ་སངས། དེའི་སློབ་མ་རྣམས་ཀྱིས་སློབ་དཔོན་ལ་གསོལ་པ་བཏབ་པས་སླར་གསོས་སོ། །བྷཾ་དྭཾ་གྱི་རྒྱལ་པོ་སྔ་མ་ནི་དུས་དེར་འདས། དེའི་བུ་སྟོབས་བཟང་པོ་ཞེས་བྱ་བས། སྔར་ཕ་དང་ཐོག་མར་མཇལ་བའི་གནས་དེ་དང་ཉེ་བ་ན་སློབ་དཔོན་ཉིད་ཡང་དང་ཡང་དུ་བཞུགས་པའི་ཕུག་པ་ཞིག་ཡོད་པ་དེའི་སྒོར་ལྷ་ཁང་ཆེན་པོ་བཞེངས་ཏེ་ཕུལ། ལྷ་འབངས་ཀྱི་ཁྱིམ་ལྔ་བརྒྱ་ཡང་ཕུལ། རྣལ་འབྱོར་ཕོ་མོ་མཆོག་ཏུ་གྱུར་པ་ལྔ་སྟོང་ཙམ་འདུས་པའི་དུས་ཤིག་བྱུང་བས། དེ་རྣམས་ལ་ཟླ་བ་གསུམ་དུ་ཚོགས་ཀྱི་འཁོར་ལོ་མཛད་པའི་ཡོ་བྱད་རྒྱལ་པོས་ཕུལ་ཏེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། སློབ་མ་རྣམས་སེམས་རྒྱུད་གྲོལ་བ་ཡང་འདི་དུས་ཁོ་ན་མང་བ་བྱུང༌། དེའི་བྱིན་རླབས་ཀྱིས་རྒྱལ་པོ་དེ་ལ་མངའ་ཞབས་སྔོན་གྲོང་འབུམ་ཙམ་ཡིན་པ་ལ།


TNT17_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་འབུམ་ཕྲག་བཞི་བཅུ་རྩ་ལྔའི་བདག་པོར་སོང༌། གུ་རུ་ལྷོ་ཕྱོགས་པའི་ཞལ་སྔ་ནས་ཀྱང༌། ལན་ལྔ་མཇལ་བའི་རྟིང་མ་འདི་དུས་ཡིན་གསུང༌། དེ་ནས་ཕལ་ཆེར་གནས་འདི་ཉིད་དུ་བཞུགས། འགྲོ་བ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་ནས། དེ་རྗེས་སློབ་མ་རྙིང་པ་མཆོག་རྣམས་མ་གཏོགས་མི་མཇལ་བར་ལོ་བདུན་ཙམ་སོང་བ་ན་རྣམ་སྨིན་གྱི་སྐུ་འཇའ་ཚོན་ལྟར་ཡལ་ཏེ། ཡེ་ཤེས་ཀྱི་སྐུ་མཁའ་ཁྱབ་ཏུ་བཞུགས་པར་གྱུར་ཏོ། སྤྱིར་རྒྱ་བོད་གཉིས་མི་འདྲ་སྟེ། བོད་ན་ནི་དཔྱོད་ལྡན་རྣམས་ཀྱང་བསྐྱེད་རྫོགས་སམ་ལྟ་བའི་རྟོགས་པ་བཟང་ཙམ་ཡོད་པ་དང༌། ཉམས་བན་བུན་ཤར་བ་དང༌། ཡི་དམ་ཆོས་སྐྱོང་ཅི་རིགས་ཞལ་མཐོང་བ་དང༌། རྫུ་འཕྲུལ་དང་མངོན་ཤེས་ཅི་རིགས་ཤར་བ་དང༌། ལས་ཚོགས་དང་ནུས་མཐུ་ཐན་ཐུན་ཐོབ་པ་ཙམ་ལ་གྲུབ་ཐོབ་ཏུ་མིང་འདོགས་ལ། བླུན་པོ་རྣམས་ཀྱིས་ནི་ཁྲེལ་དང་ཚུལ་ལུགས་བཏང་བའི་ཟོག་པོ་འགལ། སྦྱིན་འབྲས་ཀྱི་དབང་ཐང་ཆེ་བ་ཙམ་ལའང་གྲུབ་རྟགས་སུ་འཛིན་ཅིང༌། གྲུབ་ཐོབ་ཡིན་ཅེས་ཟེར་ལ། རྒྱ་གར་ན་ནི་རྒྱུད་ནས་གསུངས་པའི་འཕགས་ལམ་གྱི་ས་ཐོབ་པའི་ཡོན་ཏན་མངོན་དུ་གྱུར་པའམ། ལུས་འཇའ་ལུས་སུ་གྱུར་པ་སོགས་ཐུན་མོང་གི་རིག་འཛིན་ཚད་ལྡན་ཅིག་ཐོབ་ན་གྲུབ་ཐོབ་ཏུ་འཛིན་གྱ། གཞན་ནི་ཇི་ཙམ་བཟང་ཡང་སྒྲུབ་པ་པོ་ཞེས་པ་ལས་གྲུབ་ཐོབ་ཅེས་མི་ཟེར་རོ། །སློབ་དཔོན་ཆེན་པོ་འདི་ནི་ལྟ་སྟངས་དང༌། ཇི་ཙམ་གསུངས་པ་ཐམས་ཅད་འགྲུབ་པར་འགྱུར་བའི་ཚིག་ཁོ་ནས་འཕྲིན་ལས་རྣམ་བཞི་སྒྲུབ་པར་མཛད། ཅུང་ཟད་དག་


TNT17_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་གྱི་དབུས་སུ་ངོ་མཚར་བའི་ལྟས་རྒྱུན་མི་འཆད་པར་འབྱུང༌། ཚོགས་ཀྱི་འཁོར་ལོ་གོང་བུ་དང་ཁུ་བ་དང་ཆང་དང་ཁྲག་དང་ནགས་ཚལ་གྱི་ཤིང་ཏོག་ལ་སོགས་པ་དངོས་སུ་དགུག་པར་མཛད། ས་སྟེང་གི་འདྲེན་པ་གཅིག་པུ་པར་གྱུར་པས། མཚན་ཡང་ཤྲཱི་ས་ཏྭ་ནཱ་ཐ་སྟེ། དཔལ་སེམས་ཅན་གྱི་མགོན་པོ་ཞེས་ཆེ་བའི་ཚིག་ཏུ་སྐྱེ་བོ་རྣམས་བརྗོད་པར་བྱེད་དོ། །རྗེ་བཙུན་དེ་ཉིད་ལ་ཁོ་བོའི་བླ་མ་རྒྱ་གར་བ་གསུམ་ཅར་གྱིས་ཆོས་གསན་ཅིང༌། གུ་རུ་ལྷོ་ཕྱོགས་པ་ནི་ཆོས་ཀྱི་སྲས་མཆོག་ཏུ་གྱུར་པའང་ཡིན་མོད་ཀྱ། འོན་ཀྱང་བླ་མ་གསུམ་ཀས་ཞལ་ལུང་རྒྱས་པ་རྣམས་བླ་མ་ཆེན་པོ་ཉིད་ལ་གསན། སློབ་དཔོན་གཾ་བྷི་ར་མ་ཏི་དང༌། རྣལ་འབྱོར་མའི་དབང་ཕྱུག་མ་ཆེན་མོ་དཱི་ན་ཀ་ར་གཉིས་ལ་དབང་དང་བྱིན་རླབས་དང་བཤད་པ་མང་དུ་གསན་འདུགདོགས་པ་གཅོད་པ་ནི་སློབ་མའི་གཙོ་བོ་བཅུ་ཙམ་ལ་མཛད་པར་སྣང་མོད་ཀྱ། སློབ་མའི་གཙོ་བོ་རྣམ་པ་གཉིས་པོ་དེའི་རྣམ་ཐར་མདོར་བསྡུས་བརྗོད་ན། དང་པོ་ན། ཡུལ་གུ་ཛི་ར་ཐ་ཞེས་བྱ་བ་ན། རྒྱལ་རིགས་ཀྱི་བུ་གྷ་གྷ་ཞེས་བྱ་བ་ཞིག་བློ་ཤིན་ཏུ་རྣོ་བར་གྱུར་ནས། སྒྲ་དང་རྟོག་གེ་ཡན་ལག་དང་བཅས་པ་ལ་མཁས་པར་གྱུར། ཨ་བྷཱུའི་གཙུག་ལག་ཁང་དུ་རབ་ཏུ་བྱུང༌། མིང་གཾ་བྷིར་མ་ཏིར་བཏགས། སྡེ་སྣོད་གསུམ་གྱི་ཚུལ་ཡང་མང་དུ་ཤེས། འོན་ཀྱང་ལོ་ཚིགས་མ་རྫོགས་པས་རྟེན་ནི་དགེ་ཚུལ་ཡིན། དགུང་ལོ་བཅུ་དགུ་པ་ལ་སློབ་དཔོན་གྱི་དྲུང་དུ་བསྙེན། ལོ་གསུམ་དུ་དབང་དང་གདམས་ངག་ནི་མ་གནང༌། བླ་མ་བསྟེན་ཚུལ་ནི་རྒྱུད་དང་མཐུན་པར་མཛད། དེ་ནས་


TNT17_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས་དབང་བསྐུར་ཞིང་གདམས་པ་གནང༌། ལོ་གཉིས་ནས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། རྫོགས་པའི་རིམ་པའི་ཡེ་ཤེས་ཀྱང་ཅི་རིགས་པ་སྐྱེས། སློབ་དཔོན་ཉིད་ཀྱི་རྙེད་བཀུར་བྱ་བའི་ཕྱིར་དུ་རྐང་མགྱོགས་ཀྱི་དངོས་གྲུབ་བསྒྲུབས་པས་འཕྲལ་དུ་གྲུབ། བླ་མ་བསྟེན་ཚུལ་མཁས་པས་སློབ་དཔོན་གྱི་དབང་རྒྱུད་གདམས་ངག་ཐམས་ཅད་ཐོབ། ཐོག་མར་སྤྱན་རས་གཟིགས་དང་རྟ་མགྲིན་ཞལ་གཟིགས། དེ་ནས་འཇམ་དཔལ་དང་གཤིན་རྗེ་གཤེད། དེ་ནས་དགེས་པ་རྡོ་རྗེ་དང་ཀུ་རུ་ཀུལླེ་ཞལ་གཟིགས། ནག་པོ་ཆེན་པོ་རྟག་ཏུ་བྲན་བཞིན་དུ་བྱེད། འཇིག་རྟེན་པའི་ལྷ་མོ་དྲུག་གིས་བཀའ་ཐམས་ཅད་སྒྲུབ་པ་ཡིན། མནལ་ཐམས་ཅད་འོད་གསལ་དུ་ཚུད། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་ཡང༌། བླ་མའི་རིམ་གྲོ་སྒྲུབ་པའི་བྲན་མཛད་པ་ཡིན་ནོ། །རྣལ་འབྱོར་མ་དཱི་ན་ཀ་ར་ན། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཤཾ་བྷ་ད་ཏ་ཞེས་བྱ་བ་ཞིག་ན། པི་སི་ལའི་རིགས་རྒྱལ་པོ་གཞོན་ནུ་འཕྲོག་བྱེད་འོད་ཅེས་བྱ་བ་ཞིག་ཡོད། དེ་ལ་སྲིང་མོ་ཆུང་ངུ་ནས་བློ་རྣོ་ཞིང་དགེ་བ་ལ་དགའ་བ་ཞིག་ཡོད་པ། ལོ་དགུ་ལོན་པའི་དུས་ཤིག་ན། སྒོ་དྲུང་དུ་དགེ་སློང་མཛེས་པ་གཟི་བརྗིད་ཆེ་བ་ཞིག་བྱུང༌། དེ་ལ་བསོད་སྙོམས་སྐྱེལ་དུ་ཕྱིན། དེར་ཁྱེད་མི་བཟང་བཟང་འདྲ་བ་ཞིག་བསོད་སྙོམས་སྤྱོད་པ་འདི་སྡུག་བསྔལ་བྱས་པས། དེ་ན་རེ། ང་ནི་མི་སྡུག་ན་ཁྱོད་ཉིད་སྡུག་བསྔལ་ཏེ། འཁོར་བ་རུ་འཁྱམས་འདུག་པ་གསུང་ནས། འཁོར་བའི་ཉེས་དམིགས་མང་དུ་གསུངས། དེ་ལས་ཐར་བའི་ཐབས་ཅིག་ཞུ་བྱས་


TNT17_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པས། སེམས་ཀྱི་བཞག་ཐབས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་གནད་ཁྱད་པར་ཅན་བསླབས་པས། དེས་ཀྱང་ལེགས་པར་ཤེས། ལོ་བཅུ་ལོན་པའི་དུས་སུ་ཡུལ་ཙཻ་བ་ལར་རྒྱལ་རིགས་རྒྱལ་ཕྲན་ཞིག་ལ་བག་མར་བཏང༌། ལོ་བཅུ་གསུམ་ལོན་པའི་དུས་སུ། འཁོར་བ་ལ་ཡིད་ངེས་པར་འབྱུང་སྟེ། ཁྱིམ་ཐབ་དང་གྱོས་སྒྱུག་སོགས་ལ། ཁོ་མོ་ནགས་ཚལ་རྣམས་སུ་ཏིང་ངེ་འཛིན་བསྒོམ་པ་ཞིག་བྱུང་ན་ཅི་མ་རུང༌། ཁྱེད་རྣམས་ཀྱིས་གནང་བ་མཛོད་ཅེས་ཡང་ཡང་སྨྲས་པས། དེ་བཟློག་པའི་ཕྱིར་དུ་ཁྱིམ་གྱི་བདག་མོར་བསྐོས། སློང་བ་པོ་ཅི་བྱུང་པ་ཐམས་ཅད་ལ་སྦྱིན་པ་རྒྱ་ཆེར་བཏང་བས། ནང་མི་དང་གཉེན་ཚན་རྣམས་ཀྱིས་སྨོད། སློང་མོ་བ་དང་སྐྱེ་བོ་རྣམས་ནི་བསྟོད་པ་ཞིག་བྱུང༌། དེ་ནས་དུས་གཞན་ཞིག་ན་སྨྱོ་རྫུ་བཏབ། སྤྱོད་པ་སྣ་ཚོགས་པ་བྱས་པས། དེར་གཡོག་མོ་ཞིག་དང་ལྷན་ཅིག་དབེན་པ་ཞིག་ཏུ་བཞག སྔ་མ་ལས་ཀྱང་སྨྱོ་བ་ཆེ་ཆེ་ལྟར་རྫུས་པས། ཁྱིམ་ཐབ་དང་བྲལ། དེ་ཡང་སྔོན་བཙས་པའི་ཚེ། འདིའི་རྐང་ལག་ལ་པདྨ་དང་འཁོར་ལོ་ཕྱེད་ཕྱེད་ཀྱིས་མཚན་པ་འདུག་པས་ནགས་སུ་གནས་ན་ནི་བདག་ཉིད་ཆེན་མོར་འགྱུར་ཞེས་ལུང་བསྟན་པ་ལྟར་ཐོག་ཏུ་བབས་པ་ཡིན་གསུང༌། ཙཻ་བ་ལ་དང་ཉེ་བ་མ་ར་ཧ་ཊིའི་གྲོང་ཁྱེར་ཞིག་ན། སློབ་དཔོན་ཆེན་པོ་ཞི་བ་སྦས་པ་བཞུགས་པ་ཐོས་ནས། མཚན་ཐོས་པ་ཙམ་གྱིས་ཏིང་ངེ་འཛིན་སྐྱེ་བ་སྙམ་བྱུང༌། ཞལ་མཐོང་མ་ཐག་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། དུས་དེའི་ཚེ་ན་ལོ་ཉི་ཤུ་ཙམ་ལོན་པ་ཡིན་སྐད། བུད་


TNT17_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡིན་ཡང་བློ་ནི་ཤིན་ཏུ་རྣོ་སྟེ། དེ་གོང་དུ་ཙནྡྲ་བྱཱ་ཀ་ར་ཎ་ཡོངས་སུ་རྫོགས་པ་ཤེས། མངོན་བརྗོད་དང༌། སྨན་དཔྱད་དང༌། རྟོག་གེ་ཡང་ཅི་རིགས་པ་མཁྱེན། སྔོན་གྱི་བག་ཆགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་དང༌། སུམ་བརྒྱ་པ་དང༌། བསྡུད་པའི་ཚིགས་སུ་བཅད་པ་རྣམས་བཀླགས་པ་ཙམ་གྱིས་ཟིན། དགེ་སློང་མ་དང༌། དགེ་བསྙེན་མ་འདྲ་ལ་དྲིས་པས་དོན་ཡང་ལེགས་པར་ཤེས། དེ་ནས་སློབ་དཔོན་ཆེན་པོ་ཞི་བའི་ཞལ་སྔ་ནས་ལ་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ཞུས་ཤིང༌། སྐལ་བ་དང་ལྡན་པར་མཁྱེན་ནས། རིམ་གྱིས་དབང་བསྐུར་བ་དང་གདམས་པ་མཐའ་དག་གནང༌། སློབ་དཔོན་གྱི་དྲུང་དུ་ལོ་བདུན་དུ་རྡོ་རྗེ་ཐེག་པ་ལ་ཐོས་སྒོམ་གཅིག་ཅར་བྱས་པས། རྒྱུད་ཐམས་ཅད་ཀྱི་དོན་ལེགས་པར་མཁྱེན། དེ་ནས་ལོ་ལྔའི་བར་དུ་བླ་མའི་རིམ་གྲོ་དང་སྒོམ་པ་རྩེ་གཅིག་ཏུ་བྱས་པས། ཡེ་ཤེས་ཁྱད་པར་ཅན་སྐྱེས་ཏེ། རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར། རླུང་གི་རྣལ་འབྱོར་གྱི་ནུས་པས། གླང་པོ་ཆེ་བརྒྱས་ཀྱང་སྟོབས་འགྲན་དུ་མེད་པ་དང༌། དཔག་ཚད་ཙམ་དུ་ནམ་མཁའ་ལ་འགྲོ་བར་བྱེད། ལྟ་སྟངས་དང་ངག་གི་བདེན་པ་ཡང་གྲུབ། དེར་བླ་མའི་ཞལ་ནས། ད་ནི་ཁྱོད་རིག་བརྟུལ་གྱི་སྤྱོད་པ་གྱིས་ཤིག དེ་ཁོ་ན་ཉིད་ཀྱི་རྟོགས་པ་ཡང་སེམས་ཅན་ལ་སྟོན་ཅིག དེང་ནས་ལོ་ཉི་ཤུ་རྩ་གཉིས་འདས་པ་ན་ང་དང་མཉམ་པར་འགྱུར་རོ། །ཞེས་ལུང་བསྟན་སྐད། ཟླ་བ་དྲུག་ཏུ་སྤྱོད་པ་


TNT17_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པས། ཐུན་མོང་གི་དངོས་གྲུབ་བརྒྱད་ལ་སོགས་པ་ཐམས་ཅད་ཉམས་འོག་ཏུ་ཆུད། དྲུང་དུ་བྱུང་བ་ཐམས་ཅད་ལ་གདམས་ངག་བསྟན། རྟོགས་པ་མཆོག་ཏུ་གྱུར་པའི་རྣལ་འབྱོར་མ་ལྔ་བརྒྱའི་འཁོར་དང་བཅས་ནས། ཡུལ་སྣ་ཚོགས་སུ་འགྲོ་བའི་དོན་སྤྱོད་ཅིང༌། སློབ་དཔོན་གྱི་དྲུང་དུ་མཆོད་པའི་ཕྱིར་དང༌། རྟོགས་པའི་ཚད་འབུལ་བར་ཡང་དང་ཡང་དུ་འབྱོན་པར་གནང་གསུང༌། ལན་ཅིག་རྫུ་འཕྲུལ་གྱིས་ཁ་གེན་དྲ་ནས། རང་ག་ནཱ་ཐ་ཞེས་བྱ་བའི་གནས་སུ་བྱོན། དེ་ན་ཕྱིན་ན་ང་གཉིས་ཀའི་གནས་ཡོད་པ་ལ། དེའི་ཕྱི་རོལ་པའི་གནས་རྣམས་སུ་ཡང་དང་ཡང་དུ་འཁྱམས་པ་ལྟར་མཛད། དེ་ནས་ཛཾ་གྷ་མ་དབང་ཕྱུག་ཆེན་པོ་དང༌། བྷཻ་ར་བ་གྲུབ་པར་གྲགས་པ་ལྟ་སྟངས་དང་ཁུ་ཚུར་གྱི་རིག་པ་གྲུབ་པས། སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ལ་བར་དུ་གཅོད་པ་ཞིག་ཡོད། མིང་ནི་བྷིཾ་ག་དེ་བ་ཟེར། དེས་རྣལ་འབྱོར་མ་ལ་ལྟ་སྟངས་བྱས་པས་མ་གནོད། རྣལ་འབྱོར་མས་དེ་ལ་ལྟ་སྟངས་བྱས་པས། ས་ལ་འགྱེལ་ཏེ་དབུགས་འགྱུ་བ་ཆད། དེར་རིང་ཞིག་བཞག་པས། གནས་དེའི་མུ་སྟེགས་པ་རྣམས་ཀྱིས་ཡང་ཡང་གསོལ་བ་འདེབས་པར་བྱུང་བས། སླར་ཡང་ལྟ་སྟངས་ཀྱིས་གསོས། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་དད། རྗེས་སུ་འཛིན་པ་ཞུས་པས། སློབ་དཔོན་གྱི་དྲུང་དུ་བརྫངས། ཡང་འདིས་དམ་ཚིག་ཉམས་པའི་རྣལ་འབྱོར་པ་གྷ་མ་ལ་ཝརྨ་ཞེས་བྱ་བ། སྔོན་ནུས་པ་ཅུང་ཟད་ཐོབ་པས་གྲུབ་ཐོབ་ཏུ་རྫུ་བ་ཞིག་དང༌། ཨོ་ཌི་ཤར་འཕྲད། ལྟ་སྟངས་མཛད་པས་གསུས་པ་བརྡོལ་ཏེ་ཁྲག་ཟགས།


TNT17_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཐོད་པར་བཟེད་པས་དེ་ཡང་བརྡོལ། དེ་ལྟར་དམ་ཚིག་ཉམས་པ་ཚར་བཅད་གསུང༌། དཔལ་ཧེ་རུ་ཀ་དང༌། ཁྲོ་བོ་བཅུ། རྡོ་རྗེ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ལ་སོགས་པ་ཐམས་ཅད་ནམ་བལྟ་འདོད་པའི་ཚེ་ཞལ་གཟིགས། འོན་ཀྱང་དེ་སྐབས་མཆོག་གི་དངོས་གྲུབ་ནི་མ་ཐོབ་པར་གྲགས། དེ་ལྟར་སློབ་དཔོན་ཞི་བ་སྦས་པ། སློབ་མའི་མཆོག་གཉིས་དང་བཅས་པས་ཁོ་བོའི་བླ་མ་གསུམ་ལ་ལེགས་པར་གདམས། དེ་ལ་ཁོ་བོས་རྡོ་རྗེ་ཐེག་པ་ལམ་མན་ངག་གོ་བབས་དང་བཅས་པའི་བཀའ་དྲིན་ཐོབ་པ་ཡིན་ནོ། །སྤྱིར་རྒྱ་གར་དུ་གསང་སྔགས་ལ་རིག་པ་འཛིན་པ་འབུམ་ཕྲག་ཐོག་མར་བྱུང༌། དེ་ནས་དཔལ་ས་ར་ཧ་བྱོན་པ་ནས་གཟུང༌། རྒྱལ་པོ་དྷརྨ་པཱ་ལ་འདས་པའི་བར་དུ། གྲུབ་ཐོབ་རྒྱུན་མ་ཆད་པར་མ་ཟད་གྲུབ་ཐོབ་མང་པོ་དུས་གཅིག་ཏུ་བཞུགས་པ་བྱུང་བ་ཡིན། དེ་ནས་ཨ་བྷ་ཡཱ་ཀ་ར་སྐུ་འདས་བར་ལའང༌། གྲུབ་ཐོབ་རྒྱུན་མ་ཆད་པར་བྱུང་ལ། དེ་མན་ཆད་དུ་རེས་འགའ་ན་ལན་རེ་རེ་ལས་མ་བྱུང༌། ཁྱད་པར་དུས་ཕྱིས་གྲུབ་ཐོབ་གཞན་མེད་པར་ཡུན་རིང་རབ་ཞིག་ན། ཡེ་ཤེས་བཤེས་གཉེན་དང༌། ཨོ་ཀ་ར་ནཱ་ཐ་བྱོན་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་བ་ཙམ་མ་བྱུང༌། ཨོ་ཀ་ར་སྐུ་འདས་ནས། ལོ་བརྒྱད་ཅུ་ལོན་ཙ་ན་གྲུབ་ཆེན་ཞི་བ་སྦས་པས་གྲུབ་པ་བརྙེས་ཏེ། དུས་ཀྱི་དབང་ལས་སངས་རྒྱས་པ་མང་ཉུང་གིས་གཞན་ཕན་ཆེ་ཆུང་མ་གཏོགས་ཇོ་བོ་ན་རོ་པ་ཆེན་པོ་དང་གཞན་ཕན་ཆེ་ཆུང་འདྲ་བ། གོ་འཕངས་སློབ་དཔོན་


TNT17_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མཐོ་བ་ཡིན་ནོ། །རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། བཀའ་བབས་ཐམས་ཅད་གཅིག་ཏུ་འདྲེས་པའི་གཏམ་གྱི་སྐབས་ཏེ་དགུ་པའོ།། །།བཀའ་བབས་བདུན་པོ་དེ་དག་ནི་དངོས་སུ་བྱིན་གྱིས་བརླབས་པའི་བརྒྱུད་པ་འབའ་ཞིག་ཡིན་ཅིང༌། དེའི་ནང་གི་ཡང་དྲུག་པོ་དེ་དག་ནི་དོན་གྱི་བརྒྱུད་པ་ཁོ་ན་ལགས། གདམས་ངག་ཕྲ་མོ་རེ་རེ་ཞིང་གི་བླ་མ་བརྒྱུད་པ་མི་འདྲ་བ་རྣམས་ནི་བརྒྱུད་པའི་ཡི་གེ་ལས་ཤེས་པར་བྱ་ཞིང༌། རྣམ་པར་ཐར་པ་མཐའ་ཡས་པ་ནི་ཡི་གེར་འབྲི་བར་ག་ལ་ལང༌། རྒྱུད་པའི་བླ་མ་འགའ་ཞིག་གི་རྣམ་པར་ཐར་པ་ནི་མི་གསུང་བས་རེ་ཞིག་དེ་ཙམ་ཡིན་ནོ། །འདིར་ད་ལྟ་རྒྱ་གར་དུ་གྲགས་པའི་ལོ་རྒྱུས་གང་ཐོས་པ་རྣམས་ཀྱི་སྟེང་དུ་སྔོན་གྱི་སློབ་དཔོན་གྱི་ལོ་རྒྱུས་བོད་ན་ཡོད་པའང་ཡིད་ཆེས་ངེས་པ་རྣམས་ཀྱིས་ཅུང་ཟད་ཁ་བསྐང་ནས་བཤད་པ་ཡིན་ནོ། །སྤྱིར་རྒྱ་གར་དུ་བྱོན་པའི་ཤིང་རྟ་ཆེན་པོ་རྣམས་དང༌། བརྒྱུད་པའི་རྣམ་ཐར་ཅི་རིགས་པ་ད་དུང་གཞན་དུ་བཤད་པར་བྱའོ། །བླ་མའི་རྣམ་ཐར་བརྗོད་པ་ལས། །བསོད་ནམས་ཅུང་ཟད་གང་ཐོབ་པ། །དེས་ནི་འགྲོ་བ་མ་ལུས་པའང༌། །དེ་འདྲའི་ཚུལ་གྱིས་སངས་རྒྱས་གྱུར། །བདག་ཀྱང་སྐྱེ་བ་ཐམས་ཅད་དུ། །བརྒྱུད་ལྡན་བླ་མ་ཐམས་ཅད་ཀྱ། །བྲན་དང་བྲན་དུ་སྐྱེ་བ་དང༌། །ཐུགས་ཀྱི་གསང་བ་འཛིན་པར་ཤོག །ངོ་མཚར་བཀའ་བབས་བདུན་ལྡན་རྡོ་རྗེ་འཆང་གི་ལམ། །ཕྱོགས་ཀུན་སྐྱེ་བོ་རྣམས་ཀྱི་ཉེར་སྤྱོད་རྒྱ་ཆེན་དང༌། མན་ངག་རིན་ཆེན་གྱིས་གང་བདག་སེམས་ཤིང་རྟ་ཡ། །བགྲོད་བྱར་གྱུར་ཏེ་སྲིད་


TNT17_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབུལ་བ་སེལ་བར་ཤོག །ཅེས་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་བཀའི་འབངས་ཀྱི་ཐ་ཆུང་དུ་གྱུར་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས་རང་ལོ་ཉེར་དྲུག་པ་ལ་ཉེ་བ་ན། གྲུབ་པའི་གནས་མཆོག་དཔལ་སྟག་ལུང་ཐང་དང་ཉེ་བ་རྣམ་རྒྱལ་རབ་བརྟན་ཞེས་བྱ་བར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བློ་ལྡན་ཀུན་དགའ་རྣམ་རྒྱལ་ལོ།། །།ཕྱིས་ཀྱང་ཞུས་དག་ཅུང་ཟད་བྱས་པའོ།། །།རྗེ་བཙུན་པད་དཀར་འཆང་བའི་རྣམ་འཕྲུལ་མགོན། །སྨྲ་བའི་དབང་ཕྱུག་ཡོན་རན་བཟང་པོ་ཡིས། །སྤྱི་ལོ་༡༩༩༥བར། །བསྟན་པ་སྤྱི་དང་ཁྱད་པར་ཇོ་ནང་བའི། །བཤད་སྒྲུབ་སླར་གསོ་བྱ་བ་སྤེལ་བའི་ཆེད། །འཇམ་མགོན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི། །ནུ་ཟད་ཆོས་སྦྱིན་དཔལ་ལྡན་འཛམ་ཐང་གི །གཙང་བའི་ཆོས་གྲྭར་བསྐུར་པའི་དགེ་བ་ཡིས། །མ་གྱུར་འགྲོ་ལ་གནས་སྐབས་བདེ་བ་དང་། །མཐར་ཐུག་གཏན་བདེ་བླ་མེད་བྱང་ཆུབ་མཆོག །མྱུར་དུ་ཐོབ་པའི་དཔུང་གཉེན་དམ་པ་རུ། །གཞི་དབྱིངས་མཆོག་གསུམ་དམ་པས་ཤིས་པ་རྩོལ། །འདི་ཡང་པུཎྱཻ་ཤྲཱིས་བྲིས་པ་དགེ། །དགེའོ། །


TNT17_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


no previousབཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།next