Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།

14 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
  
  
  
  
 
ཐུགས་རྗེ་ཆེན་པོ་ཚོམ་བུ་ལུགས་ཀྱི་དམར་ཁྲིད་ཀྱི་རྒྱུད་འདེབས།
  
  
 
 
 
 
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
 
  
  
  
  
  
  


14 occurrences of བརྒྱུད་གསུམ་
[Clear Hits]

 
previousཐུགས་རྗེ་ཆེན་པོ་ཚོམ་བུ་ལུགས་ཀྱི་དམར་ཁྲིད་ཀྱི་རྒྱུད་འདེབས།next

ཐུགས་རྗེ་ཆེན་པོ་ཚོམ་བུ་ལུགས་ཀྱི་དམར་ཁྲིད་ཀྱི་རྒྱུད་འདེབས།


TNT20_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཚོམ་བུ་ལུགས་ཀྱི་དམར་ཁྲིད་ཀྱི་རྒྱུད་འདེབས་བཞུགས་སོ། ན་མོ་གུ་རུ། སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་སྤྱན་རས་གཟིགས། །གསོལ་འདེབས་སོ་བསྐྱེད་རྫོགས་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །བྱང་ཆུབ་དར་མ་འོང་


TNT20_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སྤྱི་ཡི་ལྷ། །ཆོས་རྗེ་བྱང་ཆུབ་ཚུལ་ཁྲིམས་བྲག་དམར་བ། །སྙིང་པོའི་དོན་གཟིགས་ལྷ་བཙུན་དགོན་གསར་བ། །གསོལ་བ་འདེབས་སོ་བསྐྱེད་རྫོགས་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །རྒྱལ་བ་གཉིས་པ་ཐུགས་རྗེ་བརྩོན་འགྲུས་ཞབས། །མཁས་པའི་དབང་པོ་ཆེན་པོས་ཤེས་རབ་འབུམ། རྒྱལ་བའི་སྲས་པོ་ཐོག་མེད་དངུལ་ཆུ་བ། །གསོལ་བ༴ མྱུར་དུ༴ མཁྱེན་བརྩེའི་རང་བཞིན་ཆོས་རྗེ་རྒྱལ་མཚན་ཞབས། །སྐད་གཉིས་སྨྲས་པའའི་དབང་པོ་ངག་དབང་གྲགས། །དངོས་གྲུབ་མཆོག་བརྙེས་དཀོན་མཆོག་རྒྱལ་མཚན་ལ། །གསོལ་བ༴ མྱུར་དུ་སངས་རྒྱས༴ མཁས་བཙུན་དམ་པ་ཀུན་དགའ་མཆོག་གྲུབ་ཞབས། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་རྗེ། །རྒྱལ་མཚན་དམ་པ་ལུང་རིགས་རྒྱ་མཚོ་ལ། །གསོལ་བ༴ མྱུར་དུ༴ ཐམས་ཅད་མཁྱེན་པ་ཀུན་དགའ་སྙིང་པོའི་ཞབས། །སྔོན་སྤྱངས་དམ་པ་རིན་ཆེན་རྒྱ་མཚོ་སྟེ། །བསྟན་པའི་སྲོག་གི་ཤིང་བློ་གྲོས་རྣམ་རྒྱལ་ལ། །གསོལ༴ མྱུར༴ དུས་ གསུམ་རྒྱལ་བའི་སྤྱི་གཟིགས་ཆོས་ཀྱི་རྗེ། །དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ། །ཡབ་སྲས་བརྒྱུད next hit་པར་བཅས་པ་ཐམས་ཅད་ལ། །གསོལ༴ མྱུར༴ སྐྱབས་འགྲོ་སེམས་བསྐྱེད་ཟུང་སྦྱོར་སྔོན་འགྲོ་དང་། །བསྐྱེད་རྫོགས་ཟུང་སྦྱོར་དངོས་གཞིས་ཉམས་ཡིན་སོགས། རྗེས་སྐྱོད་ཆུབ་བོ་རྒྱུན་གྱི་རྣལ་འབྱོར་གྱིས། །སྤྱན་རས་གཟིགས་དབང་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ངག་དབང་ཀུན་དགའི་མིང་ཅན་གྱི་གཞན་གྱིས་བསྐུལ་ངོར་ཇོ་ནང་དཔལ་རིས་བྲིས། །བཀྲ་ཤིས་དགེའོ།


previousཐུགས་རྗེ་ཆེན་པོ་ཚོམ་བུ་ལུགས་ཀྱི་དམར་ཁྲིད་ཀྱི་རྒྱུད་འདེབས།next