Nitartha Digital Library
Tibetan
ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

47 occurrences of འབར་བ་
[Clear Hits]


  
 
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་མན་ངག །གཏེར་ཆེན་འགྱུར་མེད་རྡོ་རྗེ།
  
 
  
  
  
  
  
  
  
  
13   
 
 
 
  
  
 
  
 
  
 
 
  
21   
  
  
  
  


47 occurrences of འབར་བ་
[Clear Hits]

 
previousདཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་མན་ངག །གཏེར་ཆེན་འགྱུར་མེད་རྡོ་རྗེ།next

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་མན་ངག །གཏེར་ཆེན་འགྱུར་མེད་རྡོ་རྗེ།

༄༅༔ དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་མན་ངག་བཞུགས་སོ༔ ༁༔ རྒྱ་གར་སྐད་དུ༔ བཛྲ་ས་ཏྭ་ཙིཏྟ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་བ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དངོས་པོ་ཀུན་ཀྱིས་ཕྱག་བཙལ་ནས༔ དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་བསྒྲུབ་པ་བྱ༔ ཤིན་ཏུ་དབེན་ཞིང་དག་པའི་སར༔ དམ་ཚིག་ཡོ་བྱད་ཚོགས་བྱས་ལ༔ ས་བདག་མཆོད་ཅིང་བདེན་པ་བསྒོ༔ མ་ཡེངས་དཀའ་ཐུབ་སེམས་ལྡན་པས༔ མདུན་གྱི་ནམ་མཁར་རྒྱལ་བ་རྣམས༔ སྤྱན་དྲངས་དད་པས་ཐལ་སྦྱར་ཏེ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཚོགས་བསགས་ཚོགས་ཞིང་བཛྲ་མུ༔ རང་ལ་གཉིས་སུ་མེད་པར་བསྡུ༔ དངོས་གཞི་བསྙེན་པའི་ལས་རིམ་འདི༔ ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་གཞའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་ ་གུར༔ ཡེ་ཤེས་མེ་དཔུང་འབར next hit་བས་དཀྲིགས༔ དེ་དབུས་ཨེ་ཡྃ་རྃ་བྃ་ལྃ༔ སུྃ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་འཛུམ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱང་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བའོ༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ ༀ་དང་ཨཱ་ཧཱུྃ་ཡང་དག་གསུམ༔ ཧཱུྃ་ལས་བྱུང་བའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་ནམ་མཁར་དགུག༔ ༀ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་འཁོར་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱཧོ༔ ས་མ་ཡ་སྟཱཾ༔ ཛ༔ཧཱུྃ་བྃ་ཧོ༔ གཉིས་སུ་མེད་བསམ་སྤྲུལ་པའི་ལྷས༔ འདི་སྐད་དུ་ནི་དབང་བསྐུར་རོ༔ ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩཱ་ཧཱུྃ༔ ཨོྃ་ཊྲུཾ་བཛྲ་ཏུཥྛ་ཧོ༔ དེ་ནས་བདག་གི་སྙིང་ག་རུ༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་བྲལ་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ༀ་བཛྲ་ས་ཏྭ་ཨཱ༔ ཞེས་པ་དྲུག་འབུམ་དག་ཏུ་བཟླ༔ ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ནས་ས་ཏྭ་ཨཱཿཧཱུྃ་ཕཊ༔ ཅེས་པ་འབུམ་ཕྲག་གཅིག་ཏུ་བཟླ༔ དེ་ལྟར་བཟླས་པའི་ཡོན་ཏན་གྱིས༔ མཚམས་མེད་ལྔ་ཡི་སྒྲིབ་སྦྱོང་ཞིང༔ སངས་རྒྱས་ཀུན་ཀྱི་སྲས་སུ་དགོངས༔ སླར་ཡང་སྤྲུལ་པའི་དཀྱིལ་འཁོར་ནི༔ ཧཱུྃ་གི་ནཱ་དའི་བར་དུ་བསྡུ༔ དེ་ཉིད་སྨྲ་བསམ་བརྗོད་འདས་པ༔ མཉམ་ཉིད་སྤྲོས་བྲལ་ངང་དུ་བཞག༔ མཚམས་ཀྱི་བྱ་བ་ཅི་བདེར་སྤྱད༔ བསྙེན་པའི་མན་ངག་ཡང་དག་གོ༔ སྱ་མྱ་ཡྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ། །


previousདཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་མན་ངག །གཏེར་ཆེན་འགྱུར་མེད་རྡོ་རྗེ།next