Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།

1 occurrence of བརྒྱུད་གསུམ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ཇོ་བོ་རྗེའི་མཚན་འབུམ།
  
  
  
  
  
  
  
  
  
  


1 occurrence of བརྒྱུད་གསུམ་
[Clear Hits]

 
previousཇོ་བོ་རྗེའི་མཚན་འབུམ།next

ཇོ་བོ་རྗེའི་མཚན་འབུམ།

༄༅། །ཇོ་བོ་རྗེའི་མཚན་འབུམ་བཞུགས་སོ། །

དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་དང༌། སྨོན་ལམ་གདབ་པའི་མདོ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་འཁྲུག་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མར་མེ་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཁོར་བ་འཇིག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་ཐུབ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་སྲུང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨ་མཆོག་གི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་མཆོག་གི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གདུགས་གཅིག་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགའ་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་ཡོངས་སུ་རྫོགས་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པ་གྲགས་པ་མཆོག་གི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་བཀོད་པ་ཤིན་ཏུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དཔལ་ཐོབ་པ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་པདྨ་རྣམ་པར་གནོན་པ་བཞུགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་པོ་ཆེ་པདྨར་རབ་ཏུ་གནས་པའི་ས་ལའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་སྤྱན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱན་གསལ་རྒྱལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འབྲུག་སྒྲ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་དགྱེས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་བྱིན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་བྱིན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆུ་ལྷ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་བཟང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཙན་དན་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་དཔག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་མངོན་པར་ཤེས་པ་རྣམ་པར་རོལ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནོར་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པ་ལ་ཕྱག་འཚལ། །དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྣ་ཚོགས་ཟབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ནས་སྣང་བས་བརྒྱན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་པདྨ་རྣམ་པར་གནོན་པ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་པདྨར་རབ་ཏུ་བཞུགས་པའི་སངས་རྒྱས་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པའི་སངས་རྒྱས་བཅོམ་ལྡན་འདས་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གསུང་རབས་དམ་པའི་ཆོས་མདོ་ཡི་སྡེ་ལ་ཕྱག་འཚལ་ལོ། །དབྱངས་ཀྱིས་བསྙད་པའི་སྡེ་ལ་ཕྱག་འཚལ་ལོ། །ལུང་དུ་བསྟན་པའི་སྡེ་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པའི་སྡེ་ལ་ཕྱག་འཚལ་ལོ། །ཆེད་དུ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །གླེང་གཞིའི་སྡེ་ལ་ཕྱག་འཚལ་ལོ། །རྟོགས་པ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །དེ་ལྟར་འབྱུང་བའི་སྡེ་ལ་ཕྱག་འཚལ་ལོ། །སྐྱེས་པ་རབས་ཀྱི་སྡེ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྒྱས་པའི་སྡེ་ལ་ཕྱག་འཚལ་ལོ། །རྨད་དུ་བྱུང་བའི་སྡེ་ལ་ཕྱག་འཚལ་ལོ། །གཏན་ལ་ཕབ་པའི་སྡེ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་གསུང་རབས་བཞུགས་སོ་འཚལ་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཆེན་པོ་ཡེ་ཤེས་ཀྱི་ཁྱད་པར་ལས་སྤྲུལ་པའི་སྐུ། འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན་འཁོར་བ་ཇི་སྲིད་ཀྱི་བར་དུ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་མཛད་པ་ལ་བརྩོན་པའི་སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་ཆགས་པ་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་ལེགས་པ་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་གཟི་བརྗིད་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་བཞེད་པ་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་འཁོར་ལོ་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་འཕྲིན་ལས་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་གོ་ཆ་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་གནོད་སྦྱིན་ལ་ཕྱག་འཚལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་ཏེ་དཔའ་ཆེན་པོ་རྡོ་རྗེའི་ཚོགས་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། ས་ཆེན་པོ་ལ་རབ་ཏུ་གནས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་རྣམས་ཀྱི་དོན་མཛད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བར་འགྲོ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཟླ་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བཟང་སྤྱོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དྲན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དྲན་པ་ཅན་གྱི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མྱ་ངན་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ལ་ཕྱག་འཆལ་ལོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ངན་སོང་ཐམས་ཅད་སྦྱོང་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དྲི་མ་མེད་པ་གྲགས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུ་སེམས་དཔའ་རིན་ཆེན་བློ་གྲོས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མེའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཕེལ་བའི་བློ་གྲོས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་བས་བྱིན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལག་ན་པདྨོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཉི་མའི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་མཆོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་པདྨོ་མཆོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དགའ་བས་བྱིན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་ཅོད་པན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྲིན་གྱི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འབྲུག་སྒྲའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་པདྨའི་ཡན་ལག་དང་ལྡན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྦྱོར་བའི་ལམ་ངེས་པར་འབྱེད་པའི་ཆ་བཞི་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་ས་ལ་གནས་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་བྱེད་པའི་ས་ལ་གནས་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་འཕྲོ་བ་ཅན་གྱི་ས་ལ་གནས་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་སྦྱང་དཀའ་བའི་ས་ལ་གནས་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མངོན་དུ་གྱུར་པའི་ས་ལ་གནས་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིང་དུ་སོང་བའི་ས་ལ་གནས་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མི་གཡོ་བའི་ས་ལ་གནས་པ་རྣམས་ལ་ཕྱག་འཆལ་ལོ། །བྱང་ཆུབ་སེམས་དཔའ་ལེགས་པའི་བློ་གྲོས་ཀྱི་ས་ལ་གནས་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྤྲིན་གྱི་ས་ལ་གནས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་རང་སངས་རྒྱས་ཀྱི་དགེ་འདུན་གྱིས་གང་ཟག་དང་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང༌། རྟེན་འབྲེལ་གྱི་དོན་ཟབ་མོ་ཐུགས་སུ་ཆུད་པའི་བསེ་རུ་གཅིག་ལྟ་བུར་གནས་པའམ་བྱ་བཞིན་དུ་ཁྱུར་ལྡིང་བའི་ཚོགས་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞན་ཡང་འཕགས་པ་ཉན་ཐོས་དགྲ་བཅོམ་པ་ཆེན་པོ། འཕགས་པ་ཀུན་ཤེས་ཀོའུ་ཌི་ནྱ་ལ་ཕྱག་འཚལ་ལོ། །འཕགས་པ་རྟ་ཐུལ་ལ་ཕྱག་འཚལ་ལོ། །འཕགས་པ་གསེར་ཅན་ལ་ཕྱག་འཚལ་ལོ། །འཕགས་པ་རླངས་པ་ལ་ཕྱག་འཚལ་ལོ། །འཕགས་པ་མིང་ཆེན་ལ་ཕྱག་འཚལ་ལོ། །འཕགས་པ་གྲགས་པ་ལ་ཕྱག་འཚལ་ལོ། །འཕགས་པ་གང་པོ་ལ་ཕྱག་འཚལ་ལོ། །འཕགས་པ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །འཕགས་པ་གླང་བདག་ལ་ཕྱག་འཚལ་ལོ། །འཕགས་པ་ལག་བཟང་ལ་ཕྱག་འཚལ་ལོ། །འཕགས་པ་ལྟེང་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །འཕགས་པ་ཀ་ཡ་འོད་སྲུང་ལ་ཕྱག་འཚལ་ལོ། །འཕགས་པ་ཆུ་རླུང་འོད་སྲུང་ལ་ཕྱག་འཚལ་ལོ། །འཕགས་པ་ཤཱ་རིའི་བུ་ལ་ཕྱག་འཚལ་ལོ། །འཕགས་པ་མོའུ་གལ་གྱི་བུ་ལ་ཕྱག་འཚལ་ལོ། །འཕགས་པ་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འཕགས་པ་ཀ་བིན་ལ་ཕྱག་འཚལ་ལོ། །འཕགས་པ་དགའ་བྱེད་ལ་ཕྱག་འཚལ་ལོ། །འཕགས་པ་དགའ་བོ་ལ་ཕྱག་འཚལ་ལོ། །འཕགས་པ་མ་འགགས་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཉེ་བར་འཁོར་ལ་ཕྱག་འཚལ་ལོ། །འཕགས་པ་སྒྲ་གཅན་འཛིན་ལ་ཕྱག་འཚལ་ལོ། །འཕགས་པ་འོད་སྲུང་ཆེན་པོ་ལ་ཕྱག་འཚལ་ལོ། །འཕགས་པ་རབ་འབྱོར་ལ་ཕྱག་འཚལ་ལོ། །འཕགས་པ་གྱད་བུ་ནོར་ལ་ཕྱག་འཚལ་ལོ། །འཕགས་པ་འཆར་ཁ་ལ་ཕྱག་འཚལ་ལོ། །འཕགས་པ་ལེགས་འོད་ལ་ཕྱག་འཚལ་ལོ། །འཕགས་པ་ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །འཕགས་པ་བཱ་ར་དྷ་ཛ་བསོད་སྙོམས་ལེན་ལ་ཕྱག་འཚལ་ལོ། །འཕགས་པ་བྷ་ར་དྷ་ཛ་གསེར་ཅན་ལ་ཕྱག་འཚལ་ལོ། །འཕགས་པ་གསེར་ཐུབ་ལ་ཕྱག་འཚལ་ལོ། །འཕགས་པ་བ་ཀུ་ཏ་ལ་ཕྱག་འཚལ་ལོ། །འཕགས་པ་མི་ཕྱེད་པ་ལ་ཕྱག་འཚལ་ལོ། །འཕགས་པ་དུས་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་བཟང་པོ་ལ་ཕྱག་འཚལ་ལོ། །འཕགས་པ་སྦེད་བྱེད་པ་ལ་ཕྱག་འཚལ་ལོ། །འཕགས་པ་ལམ་བསྟན་ལ་ཕྱག་འཚལ་ལོ། །འཕགས་པ་རྡོ་རྗེ་མོའི་བུ་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུ་སྡེ་ལ་ཕྱག་འཚལ་ལོ། །འཕགས་པ་ཡན་ལག་འབྱུང་ལ་ཕྱག་འཚལ་ལོ། །འཕགས་པ་ནགས་ན་གནས་པ་ལ་ཕྱག་འཚལ་ལོ། །འཕགས་པ་མི་ཕམ་པ་ལ་ཕྱག་འཚལ་ལོ། །འཕགས་པ་ལམ་ཕྲན་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པའི་འཕགས་པ་ཉན་ཐོས་ད་གྲ་བཅོམ་པའི་ཚོགས་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རིག་པའི་ལྷ་མོ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །རིག་པའི་ལྷ་མོ་ཆེན་མོ་བཙུན་ལྡན་མོ་ལ་ཕྱག་འཚལ་ལོ། །རིག་པའི་ལྷ་མོ་ཆེན་མོ་ནག་མོལ་ཕྱག་འཚལ་ལོ། །རིག་པའི་ལྷ་མོ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །རིག་པའི་ལྷ་མོ་ཆེན་མོ་སོ་སོ་འབྲང་མ་ཆེན་མོ་ལ་ཕྱག་འཚལ་ལོ། །རིག་པའི་ལྷ་མོ་ཆེན་མོ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱི་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་བཟོད་པའི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་རྡོ་རྗེ་སེམས་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཆོས་ཀྱི་རྡོ་རྗེ་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་རིན་ཆེན་རྡོ་རྗེ་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་པདྨ་རྡོ་རྗེ་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ལས་ཀྱི་རྡོ་རྗེ་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ནམ་མཁའི་སྤྱན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་སངས་རྒྱས་སྤྱན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་མ་མ་ཀི་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་གོས་དཀར་མོ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་རྒྱལ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་གྲགས་ལྡན་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་དཔལ་ལྡན་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་དཀར་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་དཀར་ཤམ་མོ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་ཁུ་ཚུར་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་མཆོག་འགྲོ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་ལུ་གུ་རྒྱུད་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་དགའ་བ་མོ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་སྒེག་མོ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་འཕྲེང་བ་མོ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་གླུ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་གྲུབ་པ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་གར་མཁན་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་བདུག་པ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་མེ་ཏོག་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་མར་མེ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་དྲི་ཆབ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་ཆེན་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་ཆེན་མོ་རྡོ་རྗེ་སྒྲ་དབྱངས་ཅན་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་རྡོ་རྗེ་གངྒཱ་མ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལྷ་མོ་ཆེན་མོ་ཡ་ཡུན་མ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པའི་རིག་སྔགས་ཀྱི་ལྷ་མོ་ཆེན་མོའི་ཚོགས་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྟ་མགྲིན་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་མོ་འདི་པད་ལོ་ཀི་ནི་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་ཧཱུཾ་ཀ་ར་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་ཉི་མ་མེ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་ཁྲོ་ཟླ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་གནོད་མཛེས་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་ཁྲོ་སྡུད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་རབ་ཏུ་གྲུབ་པ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་བདུད་རྩི་ཐབས་སྦྱོར་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཏྲ་བྷིད་ཏ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་གཏུམ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་དཔལ་ལྡན་གཞན་གྱིས་མི་ཐུབ་པ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཡངས་པ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་བྱིས་པ་ཀི་ལི་ཀི་ལ་ཡ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་སྙིང་པོ་མཆོག་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཕུར་བུ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་བེ་ཅོན་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཐོ་བ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཁུར་ཚུར་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་གོམ་པ་འདོར་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པའི་ཁྲོ་བོའི་ཚོགས་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཁྲོ་མོ་ཆེན་མོ་གཞན་གྱིས་མི་ཐུབ་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་པདྨ་བྲི་ཀུ་ཏ་ལ་ཕྱག་འཚལ་ལོ། །ཁྲོ་མོ་རལ་པ་གཅིག་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་རྡོ་རྗེ་རྩེ་མོ་ལ་ཕྱག་འཚལ་ལོ། །ཁྲོ་མོ་མི་འཇིགས་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་འཇིགས་པ་ཐམས་ཅད་སེལ་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་གདུལ་དཀའ་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་མ་འདུལ་བ་རྡོ་རྗེ་འདུལ་བ་ལ་ཕྱག་འཚལ་ལོ། །ཁྲོ་མོ་པརྞ་ཤ་རི་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པའི་ཁྲོ་མོ་ཚོགས་མ་ལུས་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞན་ཡང་སྐུ་གདུང་དང་རིང་སྲེལ་ལ་སོགས་པ་མཆོད་གནས་བླ་མར་གྱུར་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཚངས་པ་དང་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཕྱོགས་སྐྱོང་བ་བཅུ་དང་གཙུག་ལག་ཁང་གི་བདག་པོ་ལ་སོགས་པ། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྡུས་པའི་བསྟན་པ་བསྲུང་བའི་དམ་ཚིག་ཅན་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་འཁོར་བ་ཐོག་མ་མེད་པ་ནས་འཁོར་བ་ན་འཁོར་བའི་ཚེ། མ་རིག་པས་བསྒྲིབས་ཏེ། བདག་གིས་སངས་རྒྱས་དང་ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་ཆོས་ཐམས་ཅད་ཀྱི་བདུད་རྩི་དང་དགེ་འདུན་འཕགས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་རིམ་པར་སྤངས་ཏེ། དཀོན་མཆོག་གསུམ་པོ་དེ་དག་གི་རང་བཞིན་དང་ཡོན་ཏན་མ་འཚལ་ནས། དཀོན་མཆོག་གསུམ་ལ་ཕྱོགས་ཤིང་རིམ་གྲོ་མ་བགྱིས་པ་དང༌། ཕ་མ་དང་མཁན་པོ་དང༌། སློབ་དཔོན་དང༌། བླ་མ་མཆོད་པའི་གནས་སུ་གྱུར་པ་རྣམས་ལ། སྲིད་ཞུ་དང༌། རིམ་གྲོ་དང༌། བསྙེན་བཀུར་མ་བགྱིས་པ་དང༌། སྡིག་པ་མང་པོ་ཅི་མཆིས་པ་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ཀྱིས་མཐོལ་ཞིང་བཤགས་སོ། །དཀོན་མཆོག་གསུམ་ལ་མི་སྙན་པ་བརྗོད་པ་དང༌། ངན་དུ་བསམ་པ་དང༌། སྤངས་པ་དང༌། གནོད་པ་བགྱིད་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའི་སྡིག་པ་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ཀྱིས་མཐོལ་ཞིང་བཤགས་སོ། །བདག་གིས་ཆགས་ཤིང་བརྐམ་པའི་དབང་གིས། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་དཀོར་ལ་རྐུ་འཕྲོག་བགྱིད་པ་དང༌། རྐུ་འཕྲོག་བགྱིད་དུ་སྩལ་བ་དང༌། རྐུ་འཕྲོག་བགྱིས་པ་ལ་རྗེས་སུ་ཡི་རང་བའི་སྡིག་པ་ཐམས་ཅད་མ་ལུས་པར། བདག་དང་སེམས་ཅན་ཐམས་ཅད་ཀྱིས་མཐོལ་ཞིང་སོ་སོར་བཤགས་སོ། །ལུས་དང་སྲོག་དང༌། ལོངས་སྤྱོད་ལ་ཆགས་ནས། བདག་གིས་སེམས་ཅན་གྱི་སྲོག་བཅད་པ་དང༌། གཞན་གྱི་ནོར་བཀུས་པ་དང༌། ཕྲོགས་པ་དང༌། ཚངས་པ་སྤྱོད་པ་ལ་དྲི་མ་ཅན་དུ་སྤྱད་པ་དང༌། རྫུན་དང༌། ཕྲ་མ་དང༌། ཚིག་འཁྱལ་པ་དང༌། ངག་རྩུབ་མོ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་དང༌། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བདག་ཉིད་ཀྱིས་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའི་སྡིག་པ་ཅི་མཆིས་པ་དེ་དག་ཐམས་ཅད། བདག་དང་སེམས་ཅན་ཐམས་ཅད་ཀྱིས་མཐོལ་ཞིང་བཤགས་སོ། །ལས་དང་ཉོན་མོངས་པའི་དབང་གིས། མཚམས་མེད་པ་ལྔ་པོ། ཕ་བསད་པ་དང༌། མ་བསད་པ་དང༌། དགྲ་བཅོམ་པ་བསད་པ་དང༌། དགེ་འདུན་གྱི་དབྱེན་བྱས་པ་དང༌། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང༌། བདག་ཅག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའི་སྡིག་པ་ཅི་མཆིས་པ་ཐམས་ཅད། བདག་དང་སེམས་ཅན་ཐམས་ཅད་ཀྱིས་མ་ལུས་པར་མཐོལ་ཞིང་བཤགས་སོ། །མཚམས་མེད་པ་ལྔ་དང་ཉེ་བ་ལྔ་སྟེ། མ་དགྲ་བཅོམ་མ་སུན་འབྱིན་པར་བྱེད་པ་དང༌། བྱང་ཆུབ་སེམས་དཔའ་ངེས་པའི་ས་ལ་གནས་པ་རྣམས་བསད་པ་དང༌། སློབ་མ་བསད་པ་དང༌། དགེ་འདུན་འདུ་བའི་སྒོ་ཕྲོགས་པ་དང༌། མཆོད་རྟེན་འཇིག་པར་བགྱིད་པ་དང༌། བདག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའི་སྡིག་པ་ཅི་མཆིས་པ་ཐམས་ཅད་མ་ལུས་པ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་མཐོལ་ཞིང་བཤགས་སོ། །ཉན་ཐོས་ཀྱི་བསླབ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང༌། འགལ་བར་བགྱིས་པའི་སྡིག་པ་ཅི་མཆིས་པ་ཐམས་ཅད་མ་ལུས་པ་སོ་སོར་བཤགས་སོ། །མདོར་ན་བག་མ་མཆིས་པའི་དབང་གིས། སྡིག་པའི་གྲོགས་པོའི་དབང་དུ་གྱུར་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། གཡོ་དང༌། སྒྱུ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་དུ་གྱུར་པ་དང༌། ལུས་དང་ངག་དང༌། ཡིད་ཀྱི་སྒོ་ནས་ཉེས་པར་སྤྱད་པ་དང༌། ཉེས་པར་སྨྲས་པ་དང༌། ཉེས་པར་བསམ་པ་ལ་སོགས་པའི་སྡིག་པ་ཅི་མཆིས་པ་དང༌། མི་དགེ་བའི་ལས་གང་དག་གིས། མཐོ་རིས་སུ་སྐྱེ་བ་ལ་བསྒྲིབས་ཏེ། ངན་སོང་དུ་སྐྱེ་བར་འགྱུར་བ་དང༌། ཐར་པ་དང་མཐོ་རིས་སུ་སྐྱེ་བ་ལ་བསྒྲིབས་ཏེ། ཁམས་གསུམ་ངན་སོང་གསུམ་དུ་འཁོར་བར་འཁྱམས་པར་གྱུར་པའི་སྡིག་པ་ཐམས་ཅད་བདག་གིས་བགྱིས་ཤིང་བཤའ་བ་དང༌། བསད་པ་དང༌། ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་པས། བདག་དང་གཞན་གྱི་སྡིག་པ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །མ་ལུས་པར་དག་ཅིང་བྱང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་གཤག་པ་དང༌། གཏུབ་པ་དང༌། བཙོ་བ་དང༌། བསྐྲག་པ་དང༌། གྲང་ཞིང་སྒྲིབ་པ་ལ་སོགས་པ་ཐམས་ཅད་གཏན་དུ་རྒྱུན་ཆད་པར་གྱུར་ཅིག །ཡི་དྭགས་ཀྱི་སྡུག་བསྔལ་བཀྲེས་ཤིང་སྐོམ་པ་ཐམས་ཅད་གཏན་དུ་རྒྱུན་ཆད་པར་གྱུར་ཅིག །བྱོལ་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་བསད་པ་དང༌། བཀོལ་སྤྱོད་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་གཏན་དུ་རྒྱུན་ཆད་པར་གྱུར་ཅིག །མི་ཁོམ་པ་བརྒྱད་གཏན་དུ་རྒྱུན་ཆད་པར་གྱུར་ཅིག །མིའི་འཇིག་རྟེན་ན་སྡུག་ཅིང་འཕོངས་པ་དང༌། བྱེ་བྲལ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་གཏན་དུ་རྒྱུན་ཆད་པར་གྱུར་ཅིང་མིང་ཡང་མི་གྲགས་པར་གྱུར་ཅིག །མི་ནད་དང༌། ཕྱུགས་ནད་དང༌། འཐབ་རྩོད་དང༌། མུ་གེ་ལ་སོགས་པའི་གནོད་པ་ཐམས་ཅད་རྒྱུན་ཆད་ཅིང༌། མིང་ཡང་མི་གྲགས་པར་གྱུར་ཅིག །ལྷའི་འཇིག་རྟེན་ན་འཆི་འཕོ་བ་དང༌། ལས་དང་ཉོན་མོངས་པའི་གནོད་པ་ཐམས་ཅད་གཏན་དུ་རྒྱུན་ཆད་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཀུན་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་པདྨོ་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག །དབང་པོ་ཐམས་ཅད་ཚང་ཞིང་སྐྱོན་མ་མཆིས་པར་གྱུར་ཅིག །ངན་སོང་གསུམ་དང༌། ཡུལ་མཐའ་འཁོབ་ཏུ་མི་ཁོམ་པའི་གནས་དང༌། དམན་པའི་ལུས་ཐམས་ཅད་དུ་ལས་ཀྱི་དབང་གིས་ནམ་ཡང་མི་སྐྱེ་བར་གྱུར་ཅིག །རང་དབང་མ་མཆིས་ཤིང་ཡིད་མི་བདེ་བའི་སྡུག་བསྔལ་དང༌། ལུས་ལ་གནོད་པའི་སྡུག་བསྔལ་དང༌། སྡུག་བསྔལ་ཞིང་འཕོངས་པའི་སྡུག་བསྔལ་ནམ་དུ་ཡང་མི་མྱོང་བར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་ཚེ་རིང་ཕུན་སུམ་ཚོགས་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། འདོད་པ་ཕུན་སུམ་ཚོགས་པ་ཡིད་བཞིན་དུ་འགྲུབ་ཅིང༌། འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ཚེ་རིང་བ་དང་ནད་མེད་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་གྱུར་ཅིག །དཀོན་མཆོག་གསུམ་དང༌། དགེ་བའི་བཤེས་གཉེན་ཐམས་ཅད་དང་ནམ་ཡང་མི་འབྲལ་ཞིང༌། དེ་དག་ལ་མེ་ཏོག་དང༌། བདུག་སྤོས་དང༌། ཞལ་ཟས་དང༌། ན་བཟའ་དང༌། བླ་རེ་དང༌། བ་དན་དང༌། གདུགས་དང༌། རྒྱལ་མཚན་དང༌། རོལ་མོ་ལ་སོགས་པའི་མཆོད་པའི་ཡོ་བྱད་སྣ་ཚོགས་དང༌། རིན་པོ་ཆེ་ལ་སོགས་པའི་དཀོར་ཆ་ཐམས་ཅད་ཀྱི་མཆོད་པའི་ཡོ་བྱད་དཔག་ཏུ་མ་མཆིས་པས་རྒྱུན་དུ་མཆོད་པ་བགྱིད་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་ཆོས་ཉན་པ་དང་མི་འབྲལ་ཏེ། ལེན་ཅིང་འཛིན་པ་དང༌། ཡི་གེར་འབྲི་ཞིང་ཀློག་པ་དང༌། ཀུན་ཆུབ་པར་བགྱིད་པ་དང༌། གཞན་དག་ལ་ཡང་དོན་མ་ནོར་བར་སྟོན་པར་གྱུར་ཅིག །དོན་ཇི་ལྟར་རྟོགས་པ་བཞིན་དུ་ནན་ཏན་གྱིས་བསྒྲུབ་ཅིང༌། དཀོན་མཆོག་ གསུམ་གྱི་རིགས་བརྒྱུད ་མི་འཆད་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་དྲན་ནས། མི་དགེ་བ་སྤོང་ཞིང་དགེ་བ་ལ་འཛུད་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་ཉོན་མོངས་པའི་ཆུ་བོ་ལས་མ་བརྒལ་བ་རྣམས་སྒྲོལ་བ་དང༌། ཁམས་གསུམ་ལས་མ་ཐར་བ་རྣམས་ཐར་བར་བགྱིས་པ་དང༌། སྡུག་བསྔལ་གྱིས་ཉེན་པ་རྣམས་དབུགས་འབྱིན་པར་བྱེད་པ་དང༌། ཉོན་མོངས་པས་གཟིར་བ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བ། ཤེས་བྱ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཡེ་ཤེས་རྣམས་མ་ཐོབ་པ་རྣམས། ཐམས་ཅན་མཁྱེན་པའི་ཡེ་ཤེས་ཐོབ་པར་བགྱིད་པ་དང༌། བྱང་ཆུབ་ཀྱི་སེམས་དམ་པ་དང་མི་འབྲལ་ཞིང་ལྡན་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་ཚད་མེད་པ་བཞི་པོ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལ་གནས་པ་སྟེ། གཅིག་ལ་གཅིག་གནོད་པ་མི་བགྱིད་པ་དང༌། ཕན་པ་བསྒྲུབ་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་བསྡུ་བའི་དངོས་པོ་བཞི་པོ། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པས། སེམས་ཅན་རྣམས་བསྡུས་ཏེ་ཡང་དག་པའི་ལས་ལ་འཛུད་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་མངོན་པར་ཤེས་པ་ལྔ་པོ་དང༌། ལྷའི་མིག་དང༌། རྣ་བ་དང༌། ཕ་རོལ་གྱི་སེམས་ཤེས་ཤིང༌། སེམས་ཀྱི་རྣམ་གྲངས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། རྫུ་འཕྲུལ་གྱི་བྱ་བ་བྱེད་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་པོ། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིགས་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་ལྡན་ཏེ། སེམས་ཅན་གྱི་བསམ་པ་རྟོགས་ནས། མོས་པ་ཇི་ལྟ་བ་བཞིན་དུ། ཆོ་འཕྲུལ་སྣ་ཚོགས་ཀྱིས་འདུལ་ཞིང་ཁྱད་པར་གྱི་ཆོས་སྟོན་ཏེ། ཐེག་པ་ཆེན་པོ་ལ་འཛུད་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་དབང་བཅུ་པོ། ཚེ་རབས་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡོ་བྱད་ལ་དབང་བ་དང༌། ལས་ལ་དབང་བ་དང༌། སྐྱེ་བ་ལ་དབང་བ་དང༌། མོས་པ་ལ་དབང་དང༌། ཆོས་ལ་དབང་བ་དང༌། སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང་ལྡན་ཏེ་འདོད་རྒུ་ལ་དབང་བ་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དང་ལྡན་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། ཐམས་ཅད་ལ་སྤྱོད་ཅིང་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་རྟོགས་པ་བགྱིད་པར་གྱུར་ཅིག །སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང༌། རྣམ་པར་གྲོལ་བར་བགྱིད་པར་གྱུར་ཅིག །བདག་དང་གཞན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ། སྤྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྟོབས་དང༌། སྨོན་ལམ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་ས་བཅུ་མྱུར་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། ཐུགས་རྗེ་ཆེན་པོ་དང༌། ཤིན་ཏུ་དག་པ་བཞི་ལ་སོགས་པ་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་ཀྱི་ས་མྱུར་དུ་ཐོབ་ཅིང༌། སེམས་ཅན་གྱི་དོན་དུ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ། ནམ་མཁའི་མཐས་གཏུགས་པ། ཕྱི་མའི་མཐའ་ཐུག་པའི་བར་དུ་སེམས་ཅན་གྱི་དོན་མཛད་པ་ལ་མཐུ་དང་ལྡན་པར་གྱུར་ཅིག །བདག་ནི་ནམ་འཆི་བར་གྱུར་པའི་དུས་དེ་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན། བདག་གི་སྤྱི་བོར་བཞག་ནས་ལུང་སྟོན་པར་གྱུར་ཅིག །ཅི་ནས་བདག་དངོས་པོ་ཐམས་ཅད་ལ་མི་རྟག་པའི་རྒྱན་ཐོགས་པ་མ་མཆིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམ་པའི་སེམས་དང༌། ཚོར་བ་ཐམས་ཅད་རྒྱུན་ཆད་པའི་སེམས་ཀྱིས། འཆི་བའི་དུས་བགྱིད་པར་གྱུར་ཅིག །དད་པ་གྲངས་མ་མཆིས་པ་དང༌། རིམ་གྲོ་གུས་པས་བགྱིས་པ་གྲངས་མ་མཆིས་པ་དང༌། དགའ་བ་དང༌། མོས་པ་གྲངས་མ་མཆིས་པ་དང༌། སངས་རྒྱས་དེ་དག་ལ་ལྟ་ཞིང་རྟོགས་ལ་ཀུན་ཏུ་སྨྲ་ཞིང་ཡང་དག་པར་སྨྲ་བ་བཞིན་དུ། འཆི་བའི་དུས་བགྱིད་པར་གྱུར་ཅིག །མཆོད་པ་ཡིད་དུ་འོང་བས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ཅིང༌། མེ་ཏོག་དང༌། སྤོས་དང༌། འཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དཔག་ཏུ་མ་མཆིས་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ཅིང་ལྟ་བ་རྟོགས་པ་བཞིན་དུ། །བདག་གིས་ཀྱང་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །གཙོ་བོ་དམ་པ་དང༌། ཁྱད་པར་འཕགས་པ་དང༌། རབ་དང༌། ཕུལ་དང༌། བླ་ན་མ་མཆིས་པ་དང༌། གོང་ན་མ་མཆིས་པ་དང༌། མཉམ་པ་མ་མཆིས་པ་དང༌། མི་མཉམ་པ་དང་མཉམ་པ་དང༌། མཚུངས་པ་མ་མཆིས་པ་དང༌། སྣང་བ་མ་མཆིས་པ་དང༌། བདག་ཉིད་ཆེན་པོ་དང༌། བླ་མ་དང་ཟིལ་གྱིས་མི་གནོན་པ་དང༌། ཡོན་ཏན་གྱི་མཆོག་ཐམས་ཅད་སྡུད་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་བསྩལ་པ། ཡོངས་སུ་བསྔོ་བས་ཡོངས་སུ་བསྔོའོ། །ཅི་ལྟར་བདག་གིས་ཡོངས་སུ་བསྔོ་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཅི་ཙམ། སེམས་ཅན་གྱི་ཁམས་ན་མ་མཆིས་པ། སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདི་དག་ལ་ཤེས་ཀྱིས། འཛིན་པར་འདོད་པ་འདི་དག་གིས་ཀྱང་རྗེས་སུ་ཡི་རང་ངོ༌། །ཞེས་བརྗོད་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ཅིང་སྡིག་པ་བཤགས་པ་དང༌། སྨོན་ལམ་གདབ་པའི་མདོ་རྫོགས་སོ།། །།སརྦ་མངྒ་ལཾ། །བདག་གིས་རིག་སྔགས་འདི་གྲུབ་པར་གྱུར་ཅིག །ཨོཾ་བི་པུ་ལ་གརྦྷེ། མ་ཎི་པྲ་བྷེ། ཏ་ཐཱ་ག་ཏ་ནི་དརྴ་ནི། མ་ཎི་མ་ཎི། སུ་པྲ་བྷེ། བྷི་མ་ལེ། སཱ་ག་ར་གཾ་བྷི་ར་ཧཱུཾ་ཧཱུཾ། ཛྭ་ལ་ཛྭ་ལ། བུདྡྷ་བི་ལོ་ཀི་ཏེ། གུ་ཧྱ་ཨ་དྷིཥྛཱི་ཏེ་གརྦྷེ་སྭཱ་ཧཱ། པདྨོ་དྷ་རེ། ཨ་མོ་གྷ་ཛ་ཡ་ཏེ། ཙུ་རུ་ཙུ་རུ་སྭཱ་ཧཱ། སྡིག་སྒྲིབ་ཀུན་འཇོམས་པའི་རྩ་བའི་སྔགས་སོ།། །།བཀྲ་ཤིས།། །།


previousཇོ་བོ་རྗེའི་མཚན་འབུམ།next