Nitartha Digital Library
Tibetan
 
no previousno next

(༡)ཨ་མའི་བརྒྱུད་པ་མུ་ཏིག་འཕྲེང་བ་བཞུགས་སོ། །དགེའོ། །

(༢)ན་མོ་གུ་ཏུ། དྡྷ་ཀི་ནི་ཡེ། དེ་ཡང་འདིར་སྤྱི་བདོན་དང་པོ་ཡིན་ཆེས་ཤིང་། ཁུངས་བཙུན་པར་བྱ་བའི་ཕྱིར། ཆོས་འདིའི་བླ་མ་བརྒྱུད་པའི་ལོ་རྒྱུས། བརྒྱུད་གཏམ་མུ་ཏིག་འཕྲེང་པ་བཞེས་པ་འདི་བསྟོན་པར་བྱེད་དོ། །དེ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཡོད་པ་ལས། དང་པོ་སྟོན། དེ་ལ་དྲག་སྤྱོད་ཀྱི་བརྒྱུད་པ། བཞི་སྤྱོད་ཀྱི་བརྒྱུད་པ། ཞི་དྲག་ཕྱེད་མའི་རྒྱུད་པ། བཅེས་པ་གསུམ་དུ་ཡོད་པ་ལས། དང་པོ་དྲག་སྤྱོད་ཀྱི་བརྒྱུད་པ་སྟོན། དེ་ལ་ང་ན་རེ། དྲག་བཅོད་བརྒྱུད་པའི་བླ་མ་ནི། །བཅོམ་ལྡན་རྡོ་རྗེ་ཕག་མོ་ནས། །མ་གཅིག་ལབས་ཀྱི་སྒྲོན་མ་སོགས། །དྲག་གཅོད་བརྒྱུད་པའི་བླ་མ་ནི། །མུ་ཏིག་དར་ལ་རྒྱུས་པ་འདྲ། །སྐྲག་ཅིང་བསལ་ལ་མདངས་དང་ལྡན། །

(༣)ཧཱུྃ་གཅིག་ཕགས་གཅིག་ཆོས་གཅིག་གིས། །ཐམས་ཅད་དྲག་སྟོང་སེམས་སུ་གཅོད། །དྲག་གཅོད་བརྒྱུད་པའི་བླ་མ་ལ། །བདག་ཡིད་དད་པའི་གསོལ་བ་འདེབས། །དྲག་པོའི་འགྲོ་འདོན་ནུས་པར་ཤོག །ཅེས་གསུངས་པའི། དེ་ལ་དྲག་གཅོད་ཀྱི་བརྒྱུད་པ་ནི། མ་གཅིག་ལ་བཅོམ་ལྡན་རྡོ་རྗེ་ཕག་མོའི་སྣང་བ་ཡིན་ནོ། །དེ་ས་གང་དུ་སྣང་བ་དུས་ནི་གང་སྣང་བ། ཚུལ་ཇི་ལྟར་སྣང་བ་ཆོས་གང་དུ་སྣང་བ། ཅེས་པ་ཞི་ཡི་སྟོན། དེ་ལ་དང་པོ། རྡོ་རྗེ་ཕག་མོ་ལ། མཚོན་ཆ་དཔེའི་རྡོ་རྗེ་ཕག་མོ། མཚོན་བྱེད་བདེན་གྱི་ཕག་མོ་བྱ་བ་གཉིས་སུ་ཡོད་པ་ལས། དང་པོ་མཚོན་ཆ་དཔེའི་རྡོ་རྗེ་ཕག་མོ་ནི། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། མི་རོ་དམར་སེར་གདན་དུ་གཏིང་པ། ཞབས་གཡས་སྐྱང་པ་གཡོན་སྐུམས་པ། སྐུ་ལྕེར་བུ་རུས་པའི་བརྒྱུན་དྲུག་གི་སྤྲས་པ། དབུ་སྐྲ་ཁྲོལ་པ། ཞལ་རྔམས་ཞིང་འཛུམས་པ་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་གྲི་གུག་ནམ་མཁའ་བར་

(༤)སྣང་ལ་ཆར་བ། གཡོན་ཐོད་པ་ཐུགས་དཀར་འཛིན་པ། མིག་གོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། སྐམ་པོ་ལྔ་ཡི་དབུ་ལ་བརྒྱན་པ། ཞི་ཁྲོ་མའི་རྣམས་པ་ཅན། བདེ་མཆོག་ཀྱཻ་རྡོ་རྗེར་ལས་སོགས་པ་ལྷ་བདེ་སྟོང་ལྷན་ཅིག་སྐྱེས་པ་སྐྱེད་བྱེད་ཀྱི་ཡུམ་མཛད་པ་དེའོ། །མཚོན་བྱེད་བདོན་གྱི་རྡོ་རྗེ་ཕག་མོ་ནི། ཆོས་ཉིད་བདོན་དམ་པ་སྟོང་ཉིད་ཀྱི་རྡོ་རྗེ་མངོན་དུ་བྱས་ནས། སྣང་སྲིད་འཁོར་འདས་ཐམས་ཅད་བཟང་ངན་དབྱེར་མེད་དུ་རྟོགས་པ། རྨེ་གཙང་དང་། ངོ་ཚ་ལྕོགས་པའི་བཟུང་འཛིན་རྣམ་རྟོག་ཐམས་ཅད་ཀུན་བཟང་གི་ཀློང་དུ་བདག་ནས། གང་ལ་ཡང་གག་སྒྲུབ་དང་རེ་དོགས་མེད་པར་རང་འབྱུང་རང་དག་མངོན་དུ་བྱས་ནས་དེའོ། །དེ་ལྟ་བུའི་རྡོ་རྗེ་ཕག་མོ་དེའི་མ་གཅིག་ལབས་སྒྲོན་ལ་གང་དུ་སྣང་ན་དེན་པའི་གང་བར་དུ་སྣང་། དུས་མ་གཅིག་གཉན་ཁྲོད་རྒྱ་འགྲིམས་པའི་ལྔ་བཅུ་སོང་པའི་དུས་དེར་སྣང་། ཚུལ་མ་གཅིག་གི་བདུད་མཆོག་ཐམས་ཅད་གཟིལ་གྱི་གནོན་པའི་གཏིང་འཛིན་ལ་བཞུགས་པའི། ནུབ་ཕྱོགས་ཀྱི་ནམ་མཁའ་ལ་སྒྲ་དང་དུ་བྱས་ནས། མཚོན་ཆ་དཔེའི་རྡོ་རྗེ་འཕགས་མོ་ལ། འཁོར་དཔའ་བོ་དང་དཔའ་མོའི་ས་ཞི་དང་བར་སྣང་ཐམས་ཅད་མཁྱེངས་པར་བྱོན་སྟེ། ཞལ་འཇལ། ལུང་ངན་རྗེས་སུ་སྣང་

(༥)བ་མཛད། དེའི་དུས་སུ། མཚོན་བྱེད་རྡོ་རྗེ་ཕག་མོའི་བདོན་མངོན་དུ་རྟོགས་ནས་གནང་ངོ་། །ཆོས་གང་སྣང་ན་བདུད་ཀྱི་གཅོད་ཐབས་དྲག་པོའི་སྒོ་ནས་ཉམས་སུ་ལེན་པ་འདི་སྣང་ངོ་། །དེའི་སྲས་ཐོད་པ་ལ། དེས་དོལ་པ་ཟང་ཐལ་ལ། དེའི་སངས་རྒྱས་རབ་སྟོན་ལ། དེས་སངས་རྒྱས་དགེ་སློང་ལ། དེས་སངས་རྒྱས་གཏན་སྒོམས་ལ། དེས་སངས་རྒྱས་ཇོ་གདན་ལ། དེས་རྫི་བུ་བ་ལ། དེའི་ཆོས་རྗེ་ཡང་མགོན་བ་ལ། དེའི་སྤྱན་སྔ་བ་ལ། དེའི་ཡེ་ཤེས་རྒྱལ་མཚན་བ་ལ། དེས་གཉན་ཁྲོད་པ་བསམ་གཏན་འོད་ཟེར་བདག་ལ་གནང་ནས། བདག་གི་ཉམས་སུ་སླངས་པ་ཡིན་ནོ། །ད་སྤྱོད་བརྒྱུ་ནི། ཡང་ང་ན་རེ། བཞི་སྤྱོད་བརྒྱུད་པའི་བླ་མ་ནི། །བཅོམ་ལྡན་རྗེ་བཙུན་སྒྲོལ་མ་ནས། །མ་གཅིག་ལབས་ཀྱི་སྒྲོན་མ་སོགས། །བཞི་སྤྱོད་བརྒྱུད་པའི་བླ་མ་ནི། །མུ་ཏིག་དར་ལ་རྒྱུས་པ་འདྲ། །སྐྲག་ཅིང་བསལ་མདངས་དང་ལྡན། །བྱམས་དང་སྙིང་རྗེའི་ཆོས་གཅིག་གིས། །ཐམས་ཅད་བྱང་སེམས་སྟོང་ཉིད་སྤྱོད། །བཞི་སྤྱོད་བརྒྱུད་པའི་བླ་མ་ལ། །བདག་ཡིད་དད་པའི་གསོལ་བ་འདེབས། །ཞི་བས་འགྲོ་དོན་ནུས་པར་ཤོག །ཅེས་གསུངས་པའི། དེ་ཡང་ཞི་སྤྱོད་ཀྱི་བརྒྱུད་པ་ནི། མ་གཅིག་ལ་བཅོམ་ལྡན་སྒྲོལ་མའི་སྣང་བ་ཡིན་ནོ། །དེ་ཡང་གང་དུ་སྣང་

(༦)དུས་ནམ་གྱི་ཚེ་གནང་། ཚུལ་ཇི་ལྟར་སྣང་། ཆོས་གང་སྣང་བ་ཅེས་པ་ཞི་སྟོན། དེ་ཡང་རྗེ་བཙུན་སྒྲོལ་མ་ལ་མཚོན་ཆ་དཔེའི་སྒྲོལ་མ་དང་། མཚོན་བྱེད་དོན་གྱི་སྒྲོལ་མ་གཉིས་སུ་ཡོད་པ་ལས། དང་པོ་མཚོན་ཆ་དཔེའི་སྒྲོལ་མ་ནི། སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་མ། པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་རྐྱང་གཡོན་སྐུམ་གྱི་ཞུགས་པ་སྐུ་སྨད་ལ་དར་སྣ་ཚོགས་པའི་ཤམས་ཐབས་ནམས་པ་རིན་པོ་ཆེའི་བརྒྱན་གྱི་བརྒྱན་པ། དབུ་སྐྲ་སྒྲོལ་པ་ཞལ་འཛུམས་པ། དགེག་པའི་ཆ་བྱད་ཅན། ན་ཚོད་བཅོ་དྲུག་ལོན་པའི་ཚུལ་དུ་བཞུགས་པ། སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་ཆབ་ལས་འཁྲུངས་པ། འགྲོ་བ་སེམས་ཅན་འཁོར་བ་ལས་སྒྲོལ་བའོ། །མཚོན་བྱེད་བདོན་གྱི་སྒྲོལ་མ་ནི། ཉོན་མོངས་པ་དང་སྡུག་བསྔལ་རྣམས་རྟོག་ལས་སྒྲོལ་ཞིང་། རྟོག་མེད་ཆོས་ཉིད་འོད་གསལ་གྱི་རང་ངོ་དོན་དམ་ཟབ་མོའི་ངང་ངམ། འདོར་ན་རྟོག་བྲལ་ཆོས་ཉིད་ཀྱི་དོན་དང་ལྡན་པའོ། །དེ་ལྟ་བུའི་སྒྲོལ་མ་དེའི་མ་གཅིག་ལ་སྣང་བ། སྡོང་པོ་གསེར་ལྷག་ཅན་ཞེས་བྱ་བ་དེར་སྣང་། ཚུལ་མ་གཅིག་གི་སྟོང་ཉིད་ཀྱི་རྟོགས་པ་ཐུགས་ལ་འཁྲུངས། དེ་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་པ་མེད་པའི་

(༧)སྙིང་རྗེ་འཁྲུངས་སྟེ། སྟོང་ཉིད་སྙིང་རྗེའི་རང་བཞིན་ལ་མཉམ་པར་བཞག་ནས། བར་སྣང་ལ་འཇའ་འོད་དང་འོད་ཟེར་དུ་བྱས་ནས། མཚོན་ཆ་དཔེའི་སྒྲོལ་མ་ལ། འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མའི་མཆོག་དཔག་དུ་མེད་པས་བསྐོར་ནས་བྱོན་ཞིང་། ཞལ་འཇལ་ལུང་ངན་རྗེས་སུ་སྣང་བ་མེད་མཛོད། དུས་དེར་མཚོན་ཆ་བདོན་གྱི་སྒྲོལ་མའི་བདོན་མངོན་དུ་རྟོགས་ནས་སྣ་ཚོགས། ཆོས་གང་སྣང་ན་བདུད་ཀྱི་སྤྱད་ཐབས་ཞིའི་སྒོ་ནས་ཉམས་སུ་ལེན་པ་འདི་སྣང་ངོ་། །དེ་མན་གནད་བརྒྱུད་པ་དྲག་སྤྱོད་འདྲའོ། །ཞི་དྲག་ཕྱེད་མའི་བརྒྱུད་པ་ནི། དེ་ཡང་མ་གཅིག་ན་རེ། ཞི་དྲག་ཕྱེད་མའི་བརྒྱུད་པ་ནི། །ཡུམ་ཆེན་སྟན་པའི་གཙོ་བོ་ནས། །མ་གཅིག་ལབས་ཀྱི་སྒྲོན་མ་སོགས། །མུ་ཏིག་དར་ལ་རྒྱུས་འདྲ་ཡོད། །སྐྲག་ཅིང་བསལ་ལ་མདངས་དང་ལྡན། །ཞི་དྲག་གཟུག་།།།དམ་ཆོས་ཀྱི། །སྤྲོས་བཅས་སྤྲོས་མེད་སེམས་སུ་གཅོད། །ཞི་དྲག་བརྒྱུད་པའི་བླ་མ་ལ། །བདག་ཡིད་དགུས་པའི་གསོལ་བ་འདེབས། །ཞི་དྲག་ཟུང་འཇུག་།།།འགྲོ་འཕན་ཤོག །ཅེས་གསུངས་པའི། དེ་ཡང་འདི་ལ་ཕོ་བརྒྱུད་དང་མོ་བརྒྱུད་གཉིས་སུ་ཡོད་དེ། དང་པོ་མོ་རྒྱུད་ནི། ཡུམ་ཆེན་མོ། རྗེ་བཙུན་སྒྲོལ་མ། སུ་ཀ་སི་ཏི། ཨརྱ་དེ་ཝ་

(༨)དམ་པ་སངས་རྒྱས། སྐྱོ་སྟོན་བླ་མ། མ་གཅིག་ལབས་སྒྲོན། ཁོ་སྒོམ་ཆོས་སེང་། རྡོལ་བ་བཟང་ཐལ། རྒྱ་ནག་ལྕེར་བུ། སངས་རྒྱས་རབ་སྟོན། སངས་རྒྱས་སྟོན་པ། སངས་རྒྱས་དགེ་སློང་། མཁས་པ་རིན་པོ་ཆེ་འོད་ཟེར། ཙ་ཙ་རས་པ་སྐྱེད་བྱེད་ཇོ་བདན། འཁན་ཆེན་ཆོས་རིན། རིན་ཆེན་གངས་པ། དུས་སུམ་སངས་རྒྱས། གཞོན་ནུ་རྒྱལ་མཚན། དེ་ལ་རི་འཁྲོད་པ་བསམ་གཏན་འོད་ཟེར་བདག་གི་བཞུས་སོ། །ཡང་སྐྱེད་བྱེད་ཇོ་བདན་ལ་ལྷ་སྒོམ་པས་བཞུས། དེས་ཚོ་མོ་རིན་ཆེན་དཔལ་ལ། དེས་རྟོགས་ལྡན་ཡོན་ཏན་བརྒྱན་ལ། དེས་བླ་མ་དཀོན་མཆོག་བཟང་པོ་ལ། དེས་རི་འཁྲོད་པ་བསམ་གཏན་འོད་ཟེར་བདག་གིས་ཞུས། ཡང་རིན་ཆེན་གང་ས་ལ་རྟོགས་ལྡན་ཡོན་རྒྱལ་གྱིས་བཞུས། དེ་ལ་བླ་མ་དཀོན་མཆོག་བཟང་པོས། དེ་ལ་རི་འཁྲོད་པ་བསམ་གཏན་འོད་ཟེར་བདག་གིས་ཞུས། ཡང་རིན་ཆེན་གང་ལ་བླ་མ་པདྨ་སྙིང་པོའི་བཞུས། དེ་ལ་རི་ཁྲོད་པ་ཚིགས་སུལ་གྲགས་པས། དེ་ལ་བླ་མ་ཁྱུང་སྟོན་གྲགས་པས། དེ་ལ་རི་ཁྲོད་པ་བསམ་གཏན་འོད་ཟེར་བདག་གིས་ཞུས། ཡང་བླ་མ་དཀོན་མཆོག་བཟང་པོའི། བླ་མ་ཁྱུང་པ་ལ་སྣང་། དེས་རི་འཁྲོད་པ་བསམ་གཏན་འོད་ཟེར་གདག་ལ་སྣང་། ཡང་ཕོ་བརྒྱུད་ལ། བཅོམ་ལྡན་འདས་སྟན་པའི་བདག་པོའི། འཇམ་དཔལ་སྨྲ་བའི་སེངྒེ་ལ། དེའི་སློབ་དཔོན་ཨརྱ་དཱེ་ཝ་ལ། དེས་རྗེ་བཙུན་དམ་པ་སངས་རྒྱས་ལ། དེ་ཡན་ཆད་གོང་

(༩)དང་འདྲའོ། །དེ་ལྟ་བུའི་བརྒྱུད་པའི་རྣམས་ཐར་རྒྱས་པར་སྟོན། དེ་ལ་དང་པོ་ཡུམ་ཆེན་མོ་ལ་མཚོན་ཆ་དཔེའི་ཡུམ་དང་། ཚོན་བྱེད་དོན་གྱི་ཡུམ་གཉིས་སུ་ཡོད་པ་ལས། དང་པོ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་ལ། སྐུ་ལ་རིན་པོ་ཆེའི་བརྒྱན་གྱི་སྤྲས་པ། སྤོ་ཏི་དང་རྡོ་རྗེ་འཛིན་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་རྒྱུར་བ་དེའོ། །མཚོན་བྱེད་དོན་གྱི་ཡུམ་ནི། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ། ཉོན་མོངས་བ་དང་རྣམ་རྟོག་དག་གི་ཕ་རོལ་དུ་ཕྱིན་པ། ཆོས་ཉིད་འོད་གསལ་ཟབ་མོའི་དོན་གྱི་ཡུམ་དེའོ། །དེས་རྗེ་བཙུན་སྒྲོལ་མ་ལ་སྣང་བ། དེའི་བཤད་པ་དགོང་དུ་སོང་། དེའི་མཁའ་འགྲོ་མ་སུ་ཀ་སི་ཏི་ལ་སྣང་བ། དེ་ཡང་མཁའ་འགྲོ་མ་དེ། རྒྱ་གར་གྱི་དེ་དགྲ་བཅོམ་པར་ཆེན་པོ་གྲུ་འཛིན་ཞེས་བྱ་བར། ཁམས་གསུམ་ལ་བྱོན་ཞིང་ཁྱོ་ས་དེ་ཡང་ཤིན་ཏུ་ཕྱུག་ཅིང་ལོངས་སྤྱོད་ལྡན་པ་ཡིན། དེ་ཡང་མཁའ་འགྲོ་དེ་དང་པོ་རང་ལ་ཆོས་ལ་དད་པ་བྱིན་པ་ཕྱོགས་མེད་དུ་སྟོང་བ། དགེ་བའི་ལས་གང་དན་གང་ལ་ཡང་མོས་ཤིང་འཇུག་པ་གཅིག་ཡིན། ཁྱོ་ས་དེར་སྲས་གསུམ་འཁྲུངས། ཤིན་ཏུ་འཛངས་ཤིང་ཕུན་སུམ་ཚོགས་པར་ཞུགས། ཁྱད་པར་ནོར་རྫས་ཐམས་ཅད་ཡར་བླ་མ་དཀོན་མཆོག་ཆོད་ཅིང་། མར་དབུལ་ཕོངས་ལ་གཏེར་བར་

(༡༠)གྲགས་ཀྱང་། དོན་ལ་འདུག་ཚད་ཐམས་ཅད་བྱིན་པར་བཏང་བའི། ཁྱིམས་ཚང་དེའི་ནོར་རྫས་ཐམས་ཅད་ཟད། དེའི་དུས་སུ་བུ་ཁྱོ་ཀུན་ཚིག་པ་ཟོས་སྟེ། འདི་ཡི་ནོར་རྫས་ཐམས་ཅད་ཟད་པར་བྱས། སྟོན་ན་མི་ལ་ངོ་ཚ། ད་ལག་བ་བྱིན་སྟོང་མི་ནུས་ཙམ་ཁྱིིགས་ཟེར་ཏེ། ཀྱིགས་ཀྱིན་བཞག །དེའི་སྐབས་སུ་སྐྱིགས་པ་ཐོངས་པ་དང་ཡང་བྱིན་པ་ཕྱོགས་མེད་དུ་ཡོད་ཚད་བཏང་པའི། བུ་ཁྱོ་ཀུན་བཤིན་ཏུ་འཁྲོས་པར་རྒྱུར་ཏེ། གནས་དེ་ནས་སྟོན་བཏང་ངོ་། །དེར་མཁའ་འགྲོ་དང་མི་མཉེས་པ་མེད་ཤིན་པས། ས་ཕྱོགས་དེ་ནས་མར་ཁྱམས་བྱོན་སྟེ། ཐུགས་དགོངས་ལ་གདེར། ད་དགེ་བའི་ལས་ཅི་བྱས་ན་འགྲུབ་བམ། བྱིན་པ་ནི་ཇི་ལྟར་བྱས་ན་བཏང་རྒྱུ་ཡོང་ངམ་སྙམས་དུ་ཐུགས་ལ་དགོངས་ཤིང་བྱོན། ད་མི་འདྲའི་སྒོ་དོད་འདྲ་དྲག་གམ་སྙམས་སྟེ། ལས་ཀ་འདྲ་བྱས་པའི་བླ་དམ་དུམ་བྱུང་བ་ཀུན་བྱིན་པ་ལ་བཏང་དགོས་ཐུགས་ལ་དགོངས་ནས། དེ་བཞིན་དུ་མཛད་ཏེ། བླ་བྱུང་བ་ཀུན་བྱིན་པར་བཏང་། རྗེས་སུ་ཆང་ཚོང་མཛད་ནས། རེས་ཆང་ཡང་བྱིན་པར་བཏང་། རེས་དེའི་རིན་བྱིན་པར་བཏང་པས། ཉིན་གཅིག་དེའི་སྒོ་ཙར་གྲུབ་ཐོབ་ཆེན་པོ་

(༡༡)ཆོས་ཀྱི་གྲགས་པ་བྱོན་སྟེ། དེ་ཡང་སྐུ་ཤིན་དུ་ཟིལ་ཆེ་བ། མཐོང་པ་ཙམ་གྱི་སྒོམ་རང་བབས་སུ་སྐྱེ་བའི་རྣལ་འབྱོར་བ་བྱ་བ་གཅིག །བསོད་སྙོམས་ལ་བྱོན་བྱུང་། དེ་ལ་ཤིན་ཏུ་དད་པའི་དེ་ནང་དུ་སྤྱན་དྲངས། གསོལ་ཟས་རྒྱ་ནོམ་བ་མང་དུ་ཕུལ་བས། ཁོང་ཡང་ཤིན་ཏུ་མཉེས་སྟེ། སྦྱིན་པའི་གཏམ་མང་པོ་རྗོད། དེར་མཁའ་འགྲོ་མ་ལྷག་བར་དད་པར་འགྱུར་སྟེ། ལག་ལེན་བྱིན་པ་ལ་དེ་ཙམ་དུ་ཕན་ཡོན་དགོས་པ་ན། ཁོ་མོ་ཤིན་དུ་དད་པ་ལགས་སོ། །ཁོ་མོའི་བྱིན་པ་གཏང་པའི་རིན་ལ། བུ་ཁྱོའི་ཡུལ་ཕུད་སྟོན་ནས་དེ་དགྲ་བཅོམ་པར་འདིར་འཁྱམ་པ་ལགས་སོ། །ད་ཁོ་མོ་དགེ་ལས་དང་བྱིན་བ་གཏོང་པས་རྫས་ལ་འབྱོར་ནས། མི་གཡོག་དང་ཆང་ཚོང་བྱས་སྟེ། དམ་དུམ་འབྱོར་བ་ལ་ལགས་བ་གཟན་ཅི་ཡང་། རྫས་ནི་དག་ལ་མ་ཆིས་སོ། །ད་སང་ནས་ཀྱང་འདིར་བསོད་སྙོམས་ལ་བྱོན་པར་ཞུས་སོ། །བདག་གང་འབྱོར་འབུལ་བ་ལགས་སོ། །ཞེས་གསུངས་པས། གྲུབ་ཐོབ་ཆེན་པོའི་དེ་ཅིར་དུ་བྱིན་པ་ལ་ཕན་ཡོན་ཆེན་པོ་ཡོད་ཀྱང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་གཏེར་བ་ག་ལ་ནུས། དེ་ལྟ་བུའི་དགེ་བའི་ལས་ལ་དད་པ་ཆོས་ལ་མོས་པ་ཡོད་པ་ལ། དུས་འདིར་སངས་རྒྱས་གཅིག་ཅིས་ཀྱང་ཐོབ་དགོས་པའི། སང་ནང་པར་ངའི་དགོན་བ་གཅིག་ཡོད་པའི། དེ་རུ་ཤོག་གཅིག་ཁྱོད་ལ་ཆོས་བསྟན་པར་བྱའོ། །གསུངས་ནས་གཤེགས་སོ། །དེར་མཁའ་འགྲོའི་ཀྱང་སང་ནང་བར་ཁོང་གི་དགོན་

(༡༢)པར་བྱོན། སྐྲ་ཅད་ཆོས་ཉམས་སུ་བླངས་པས། མོ་ལོ་དྲུག་བཅུ་ཙ་བཞི་མ་ལ་གྲུབ་པ་ཐོབ། དེའི་དུས་སུ་རྗེ་བཙུན་མ་དང་ཞལ་འཇལ་ལུང་སྟན་སྟེ། ཟབ་མོ་ཡུམ་གྱི་ཆོས་འདི་སྣང་ངོ་། །དེའི་དམ་པ་སངས་རྒྱས་ལ་སྣང་སྟེ། དེ་ལ་མོ་རྒྱུད་ཟེར། ཤེས་རབ་ཀྱི་རྒྱུད་པ་ཡང་ཟེར་རོ། །ད་ཕ་རྒྱུད་ལ་སྟན་པ་འདིའི་བདག་པོ་བཅོམ་ལྡན་འདས་རྒྱལ་པ་ཤཱཀྱ་ཐུབ་བ་དེའི། མི་འཇེད་འཇིག་རྟེན་གྱི་ཁམས་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱི་མཛད་པ་ཐར་ཕྱིན་སྟེ། དགུང་ལོ་བརྒྱ་བཅུ་ཞེས་པ་དང་སེམས་ཅན་རྟག་པར་ལྟ་བ་རྣམས་ལ་མི་རྟག་པ་སྟན་པའི་ཕྱིར་དུ་གྲོངས་པའི་ཚུལ་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །མདོར་ན་དེ་ལྟ་བུའི་བསྟན་པའི་དག་པོ་དམ་པ་ཆོས་ཀྱི་འབྱུང་གནས་འགྲོ་བའི་སྡེ་དཔོན་ཆེན་པོ་དེས་ཆོས་ཀྱི་སྒོ་མོ་བརྒྱད་འཁྲི་ཞི་སྟོང་ལ་སོགས་པ་དཔག་དུ་མེད་པ་གཅིག་གསུངས་ཀྱང་། དེའི་ནང་ནས་བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི། འཇམ་དཔལ་སྨྲའི་སེང་གེ་ལ་སྣང་ངོ་། །དེ་ལྟ་བུའི་འཕགས་པ་འཇམ་དཔལ་དེ་ཡང་། འདས་པའི་དུས་སུ་སངས་རྒྱས་ཀྱང་། འགྲོ་བ་སེམས་ཅན་མ་ལུས་གྲངས་པའི་ཕྱིར། དུས་འདིར་བྱང་ཆུབ་སེམས་དཔའི་ཚུལ་སྟན་པ། འགྲོ་བ་མ་ལུས་པ་ཡི་བདོན་མཛད་པ། འཕགས་པ་འཇམ་དཔལ་ཞེས་པའི་ཚན་ཐོས་པས་སེམས་ཅན་ཐམས་ཅད་ཀྱང་འཁོར་བ་ནས་སྟོངས་སྟེ། ཐར་ཁོང་གི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། །ཁོང་གི་ཞིང་ཁམས་ཀྱི་རྩ་བར་

(༡༣)སོང་ན་བདེ་བ་ཅན་གྱི་ཞིང་ཁམས་ཀྱང་མོག་མོག་བོར་འགྲོ་བ་ལས་སོགས་པའི་ཡོན་ཏན་ཚེད་བར་གསུངས་སོ། །འདོར་ན་དེ་ལྟ་བུའི་འཕགས་པ་འཇམ་དཔལ་དེའི། སློབ་དཔོན་ཨརྱ་དེ་ཝ་ལ་སྣང་། དེ་ལྟ་བུའི་ཨརྱ་དེ་ཝ་དེ་ནི། འགིག་ཨརྱ་དེ་ཝ་ཆེ་ཆུང་གཉིས་ཡོད་པའི། ཆེ་བ་མེ་ཏོག་པདྨ་མ་རྫུས་དེ་སྐྱེས་པ་ཡིན་ལ། ཡང་འགའ་ཤིག་སློབ་དཔོན་ཏ་དབྱངས་ཡིན། དེ་ཡང་ཁོང་མྱ་སྟེགས་སྟོན་པ་ཐུབ་རྒྱལ་ནག་པོར་ཡོད་པའི་དུས་སུ། སློབ་དཔོན་ཨརྱ་དེ་ཝའི་བསྐུལ་བས། ཁོང་གི་སློབ་མ་ཡིན། འགའ་ཞིག་དེ་སློབ་དཔོན་ཏ་དབྱངས་ཞེས་ཀྱང་ཟེར། འགའ་ཞིག་ཨརྱ་དེ་ཝ་ཆུང་བ་ཞེས་གླེང་པ་མང་དུ་བྱུང་བའི། དེ་ཡིན་ཟེར་བ་ཡང་ཡོད། དོན་གྱི་དམ་པ་རིན་པོ་ཆེ་རང་གི་ཞང་བོ་སློབ་དཔོན་དུ་བྱངས་པའི་ཤུགས་ཅན་ཐེག་པ་ཐ་དག་གི་ཆོས་ལ་མི་མཁྱེན་པ་མེད་པའི། ཕྱིང་གཉིས་ཀའི་བསྟན་བཅོས་མུས་བ་ཐུགས་སུ་ཆུད་པ། ཡི་དམ་གྱི་ལྷ་མང་བོ་གཟིགས་ཅིང་། ཁྱད་པར་ཝ་འཕགས་པ་འཇམ་དཔལ་དང་ཞལ་འཇལ་བ། ཆོས་མི་ལ་སྟོན་བ་ཞིན་དུ་གསན་པ་དེའོ། །དེའི་དམ་པ་སངས་རྒྱས་ལ་གསུངས་སོ། །དེ་ལ་ཕ་རྒྱུད་ཟེར། ཐབས་ཀྱི་རྒྱུད་པ་ཡང་གཟེར་རོ། །མདོར་ན་དམ་པ་རིན་པོ་ཆེ་ལ་ཕ་རྒྱུད་དང་མ་རྒྱུད་གཉིས་ཀ་ཚང་ཞིང་། འདུས་བ་ལོགས་དེ་ཡང་དམ་པ་རིན་པོ་ཆེ་ལན་ནི་ཡུལ་ཙ་ར་སིང་ང་ཞེས་པ་དེར། ཡབ་སྡེ་དཔོན་ཆེན་པོ་བདེ་བའི་རློང་ཞེས་བྱ་བ་དང་། ཡུམ་བྲམས་ཟེ་མོ་སུ་རི་ས་གཉིས་ཀྱི་སྲས་སུ་འཁྲུངས་པ་ལགས་སོ། །དེ་ཡང་ཡབ་

(༡༤)ནོར་བུ་མངོན་དུ་སོང་བའི་ཤུལ་དུ། ཡུམ་ལ་སྲིད་ཆགས་བས། ཡུམ་ཤིན་དུ་སྡུག་བསྔལ་དང་ལྡན་པར་རྒྱུར་ནས། ཡབ་ཀྱི་སྡོང་དུ་བདུག་གསོལ་བ་ལོགས་པའི་ཐབས་དུ་མ་གཅིག་བྱས་ཀྱང་འཇིག་པར་མ་ནུས་ཤིང་། ཡི་དམ་འཕགས་པ་འཇམ་དཔལ་དང་། སྤྱན་རས་གཟིགས་དབང་ཕྱུག་ལོགས་བས། ཡུམ་ལ་དེ་ལྟ་བུའི་སྤྱོད་པ་ངན་བ་མ་བྱེད་ཅིག །འདི་ནི་རྒན་མོ་ཁྱོད་ཀྱི་བུ་སྐལ་དུ་མི་འཕམ་ཞིང་འགྲོ་བ་སེམས་ཅན་གྱི་མགོན་དང་སྐྱབས་སུ་འགྱུར་རོ། །ཞེས་པ་ལུང་བསྟན་ཡང་ཡང་དུ་བྱོན་ནས། ཤིང་ཕོ་བྱི་བའི་ལོ་ལ་སྐར་མ་རྒྱལ་ལ་སངས་རྒྱས་བྱོན་པ་དང་ཚུལ་འཐུན་པར་འཁྲུངས་སོ། །དེ་ཡང་འཁྲུངས་པའི་དུས་སུ། ས་གཡོ་བ་དང་དགྲ་འབྱུང་བ་དང་། འོད་འཕྲོ་བ་ལས་སོགས་བ་ངོ་ཚར་བའི་ལྟས་བདུ་མ་བྱུང་ངོ་། །ཡུམ་ལ་ཡང་ཉི་མ་ཟླ་བ་སྐུ་ལ་ཤར་སྟེ། འཇིག་རྟེན་ཀྱི་ཁམས་ཐམས་ཅད་སྣང་བར་བྱས་པ་དང་། འགྲོ་བ་ཐམས་ཅད་སྒྲོལ་བའི་ཟམ་པ་རྩུགས་པ་དང་། དེ་ལ་སོགས་པའི་ལྟས་བཟང་པོ་དུ་མ་བྱུང་ངོ་། །དེ་ནས་སྐུ་འཁྲུངས་མ་ཐག་དུ་བཞེངས་ནས། ཕྱག་གཉིས་སྤྱི་བོར་ཐལ་མོ་མཛེད་གསུངས་ནས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། སོ་སོ་རང་རིག་ཡིག་གེའི་སྤྱོད་ཡུལ་མ། དུས་སུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཅེས་ཡུམ་ལ་ཕྱག་མཛད་དོ། གཟན་ཡང་བྲམ་ཟེ་མཚན་འཁན་ལ་མཚན་ལུས་སྟན་པའི། བྲམ་ཟེའི་ཡི་དམ་གྱི་ལྷ་དང་

(༡༥)ཚུལ་ཐུན་པར་འདི་ནི་རྒན་མོ་ཁྱོད་ཀྱི་བུ་སྐལ་མི་འཕམ་ཞིང་། འགྲོ་བ་སེམས་ཅན་པའི་མགོན་སྐྱབས་མཛད་པ་གཅིག་བྱོན་པས། འདིའི་མཚན་ཡང་མི་ཕམ་མགོན་པོར་ཐོགས་ཅེས་ལུང་བསྟན་སྟོ།།། །དེ་ནས་ཆེར་སྐྱེས་ནས་པུ་མ་སུ་རིར་བྲིས་ཀློག་སླབས་པའི། གུང་ལོ་བརྒྱད་པ་ལ་ཕུལ་དུ་ཐོན་པ་མཁྱེན་ནས། སློབ་དཔོན་ཨརྱ་དེ་ཝའི་དྲུང་དུ་བྱོན་ནས། ཐེག་པ་མཐའ་དག་གི་ཆོས་སླབས་པས། མཁས་པ་འཕུལ་དུ་ཐོན་པ་མཁྱེན། གནས་བཟང་ཕོ་མཁས་ཤིང་གྲུབ་ཐོབ་ཞི་བཅུ། མེ་ཏོག་གི་གྲུབ་ཐོབ་ཞི་བཅུ་སྟེ། གྲུབ་ཐོབ་ཕོ་མོ་རྒྱ་བཅུའི་དམ་ངག་ལ་མངའ་བསྙེས་པ། སྒྲོལ་མའི་རི་ལ་སྒྲུབ་པ་པོ། བདེ་བར་གཤེགས་པ་ནམ་མཁའི་སྐར་མ་ཙམ་གྱི་ཞལ་གཟིགས་པ། ཁྱད་པར་དུ་འཇམ་དབྱངས་དང་གསུང་གླེང་བྱ་རུ་ཡོད་པ། རི་གཉའ་ཤིང་འཛིན་གྱི་རྩོམ་ནས་འཆི་མེད་ཆུ་གསོལ་བ། འཛམ་བུ་གླིང་པའི་བརྒྱན་གཅིག་པོ། ཉི་མ་ཟླ་བ་ལྟར་གྲགས་པའི་གྲུབ་ཐོབ་ཆེན་པོ་དེའི། ལྷ་དང་མཁའ་འགྲོའི་ལུང་སྟན་པའི་གནས། བོད་ཡུལ་ཟལ་མོའི་གང་འདིར་ལན་གསུམ་བྱོན་པའི་ཐ་མ་ལ། ལ་སྟོད་དིང་རི་གླང་འཁོར་དུ་མིས་མ་ཚོར་བར་ལོ་གསུམ་བཞུགས་པའི་ཐ་མ་ལ། ཞལ་འཇལ་བ་ལ་སྔ་མ་གཙོ་བོར་སྙན་པ། དེ་མ་ཐག་དུ་རྟོགས་ལྡན་འཁྲུལ་ཞིག་ཆེན་པོ་གཅིག་བྱུང་ངོ་། །དེ་ནས་ཀློག་སྐྱ་ཙུན་པ་དེ་ཡང་རྟོགས་ལྡན་གཅིག་བྱུང་ངོ་སྐད། བསྙེན་བསྐུར་

(༡༦)བྱེད་པ་ལ་སྔ་བ་ཇོ་བོ་ཁྲི་བ། རྟེན་འབྲེལ་ལམ་གྱི་རྫས་ལག་དུ་སྟོད་པ་ལ་སྔ་བ་འཕྱུག་མོ་བཟང་དེ་དག་འབུམ། ཆོས་ཞུ་བ་ལ་སྔ་བ་དམ་པ་ཆར་ཆུང་། གང་ཟག་བྱེད་པ་ལ་མངའ་བ་དམ་པ་ཆར་ཆེན། ཁོང་རང་དང་ཐུགས་དགོངས་གཅིག་ཏུ་འདྲེས་བཅིང་། ཉམས་རྟོགས་མཉམས་པ་ཀུན་དགའ་འོ། །མདོར་ན་དེ་ལྟ་བུའི་སྒོ་ནས་འགྲོ་བ་སེམས་ཅན་ལ་གྱི་བདོན་ཚད་མེད་པ་མཛད་ཅིང་ཞུགས་པའོ། །དེའི་སྐྱོ་སྟོན་བསོད་ནམས་བླ་མ་ལ་གནང་བའོ། །དེའི་འཁྲུངས་ཡུལ་ལ་སྟོད་ཙང་སོ་བ་ཡིན། ཆོས་རྫོགས་ཆེན་ལྷུན་གྲུབ་དང་། མདོ་རྒྱུད་རྫུ་འཕྲུལ་ལོགས་བ་རྙིང་མའི་ཆོས་ལ་ཤིན་ཏུ་མཁས་པ་མཁྱེན། གསར་མའི་ཆོས་དང་མདོ་དང་སྔགས་རྣམས་ལ་ལེགས་པར་སྦྱངས་ཤིང་། མཁས་བ་ཡང་དག་མཁྱེན། སྒོམ་ཆོས་ཀྱང་མང་དུ་མཁྱེན་ཅིང་། རི་ཁྲོད་མང་དུ་མཛད་པ། མདོར་ན་ཆོས་རྒྱལ་ཐུགས་རྒྱལ་ཤིན་དུ་ཆེ་བ་གཅིག་ཡོད་པ་ལས། ལ་སྟོད་དིང་རི་ན་དམ་པ་རྒྱ་གར་བ་ཞེས་བྱ་བའི་ཨ་ཙ་ར་གཅིག་གིས། སེམས་ཅན་མང་པོ་འི་མགོ་བསྐོར་བ་གཅིག་འདུག་ཟེར། དེ་སུན་འབྱིན་པའི་ཕྱིར་ལྟ་རུ་འགྲོ་དགོངས་ནས་བྱོན་པས། དམ་པ་དུས་སུ་གཅིག་གི་སྟེང་ན་སྤྱན་ཧེ་རུ་ཞུགས་པ་དང་འཇལ་ནས། སྐྱོ་སྟོན་གྱི་ཐུགས་དགོངས་ལ་འདི་ཀ་ཡིན་ནམ་སྙམས་ནས། ཙ་རུ་བྱོན་ནས་དམ་པ་སྤྱན་ཧཱུར་མཛད་ནས། དགེ་

(༡༧)བཤེས་ཐུགས་རྒྱལ་ཤིན་དུ་ཆེ་བ་འདུག །ཆོས་ཅི་ཤེས་པ་ཡིན་གསུངས་པའི། དེར་སྐྱོ་སྟོན་ཐུགས་ཁྱད་པར་ཐབས་ལ་ཆོས་སྤྱིའི་སྒོ་ལུགས་བཞུས་པའི། གོ་བ་དེ་ཀུན་ཆོས་ཅིའི་རྣམ་པར་སོང་འདུག་པ། དོན་རང་གི་མཚན་ཉིད་བྱ་བ་རང་གི་སེམས་ལ་ལོགས་པ་གཟན་ན་མེད། དེ་ལ་རང་སེམས་སངས་རྒྱས་སུ་ངོ་སྤྲད་ནས། སྒོམ་པ་འདི་ཡིན་བྱ་བ་གཅིག་དང་། དེ་ལ་རྒྱུ་འབྲས་ཀྱི་རྟེན་འབྲེལ་འདི་ལྟར་ཆར་བྱ་བ་དང་གཉིས། དེ་ལ་གནད་དོན་གྱིས་རྟེན་འབྲེལ་འདི་ལྟར་འགྲིག་བྱ་བ་དང་གསུམ། དོན་མཐར་ཐུག་གི་འབྲས་བུ་འདི་ཡིན་བྱ་བ་དང་གཅིག །རང་རིག་ཤེས་དགོས་པ་ཡིན་ཅེས་གསུངས་པའི། ཁོང་གི་ང་རྒྱལ་ཆག་ནས། འོ་ན་དམ་པ་ཐུགས་རྗེ་ཅན། བདག་ལ་ཆོས་ཐུགས་ལ་འདོགས་པར་བཞུ་བཞུས་པའི། དམ་པའི་ལས་ཅན་དུ་གཟིགས་ནས་ཆོས་མང་དུ་སྣང་ཞིང་། ཁྱད་པར་བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་བ་འདི་འཁྲིད་དུ་མཛད་ནས་གནང་ངོ་། །དེ་ཡང་དམ་པས་འཁོར་འདས་སེམས་སུ་ངོ་སྤྲད་པའི། ཁོང་དེ་ལ་ཆིག་སྤྱོད་དུ་སྒྲོལ་སྟེ། དགོན་པ་དེ་ཡང་རྟེན་མཆོད་དང་ནོར་རྫས་ལས་སོགས་པ་ཐམས་ཅད་སྤོང་ཐག་དུ་བཏང་། སྐུ་ལ་བབ་པའི་ན་ཟ་གཅིག་བསོལ། ཀཱ་པ་ལ་གཅིག་དང་གདམ་ངག་སྤུ་ཏི་གཅིག་བསྣམས་སྟེ། གཉན་ཁྲོད་དང་རི་ཁྲོད་ཕྱོགས་མེད་དུ་འགྲིམས་ཞིང་། རོ་སྙོམས་ཀྱི་སྤྱོད་པ་མཛད་ཅིང་། ཨེའི་གང་བར་ན་

(༡༨)མར་སྦྱོན་པའི། ཟངས་རི་འཁང་མར་དུ་མ་གཅིག་དང་འཇལ། སྣོད་ལྡན་དུ་གཟིགས་ནས་དེ་ལ་སྣང་ངོ་། །དེ་ཡང་མ་གཅིག་ལ་བསྒྲོན་གྱི་འཁྲུངས་ཡུལ་ནི་ངམ་ཤོད་ཀྱི་ཨེའི་ལབས་ཡིན། ཡབ་སྔགས་བ་དབང་ཕྱུག་མགོན་པོ་བྱ་བ་ཡིན། གདུགས་འཁྱེ་ཡིན། ཡུམ་འབུམ་ལྕམ་བྱ་བ་ཡིན། དེ་གཉིས་ཀྱི་སྲས་སུ་ཡོས་བུའི་ལོ་ས་གའི་ཟླ་བ་ལ་སྐར་མ་བིར་རྫིའི་ནམ་སྲོད་ལ་སྐུ་འཁྲུངས་སོ། །དེ་ཡང་དང་པོ་ཡུམ་གྱི་ལྷུམས་སུ་བཞུགས་པའི་འདུས་སུ། ཡུམ་སྐུ་བདེ་བ་དང་། ཡང་པ་དང་། ཏིང་ངེ་འཛིན་ལ་ཆམ་ཆམ་འགྲོ་བའི་ལྟས་བཟང་པོ་མང་ངོ་བྱུང་ངོ་། །གནང་ཙས་མ་ཐག་དུ་གསུངས་ནས་ཕ་མ་སྐུ་འཁམས་བདེ་ལགས་སམ། འོ་རང་ཆོས་ལ་འགྲོ་ལགས་སམ། །ཅེས་གསུངས་པ་དང་། གནས་བཟང་དེའི་དུས་སུ་ལུང་པ་དེའི་ཕུ་ན་སྒོམ་ཆེན་ཤཱཀྱ་འོད་ཟེར་བྱ་བ་སྒོམ་མཛད་ཅིང་བཞུགས་པའི་ཉམས་སྣང་དུ། ལབས་ཀྱི་ལུང་པ་དེ་ཐལ་མཐོང་བས། ཁྱེ་ཏ་དབང་ཕྱུག་གི་ཕུགས་ན་འོད་གཅིག་བྱུང་། འོད་དེ་ཇེ་ཆེ་ཇེ་ཆེ་ལ་བསོང་པའི། ཅི་ཞིག་ལྟར་ལ་ལུང་པ་དེ་ཐམས་ཅད་ཁྱེངས། དེ་ནས་འོད་ཟེར་རྒྱ་ཆེ་ཇེ་ཆེ་ལ་སོང་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་པ་གཅིག་བྱུང་། ནང་པར་ལྟ་རུ་གཤེགས་པའི། བུ་མོ་གཅིག་འཁྲུངས་འདུག །དེར་སྒོམ་ཆེན་དེའི་བུ་མོ་དེ་ཤིན་ཏུ་ངོ་ཚར་ཅིང་། ཕན་ཚུན་ཚོགས་པ་གཅིག་ཡོད་པར་འདུག་པའི། འདི་མི་ཆོས་ལ་མ་བཏང་བར་ལྷ་ཆོས་

(༡༩)ལ་ཆུག་གཅིག །འདིའི་མིང་ཡང་ལབས་ཀྱི་སྒྲོན་མར་ཐོགས་གཅིག་ཅེས་གསུངས་སྐད། ཕ་མས་བཏགས་པའི་མཚན་ཁྱེ་བསྒྲོན་བྱ་བ་ལེགས་སོ། །དེ་ནས་ཆེར་སོང་བ་དང་། མ་གཅིག་གི་ཨ་ཇེ་སྟོན་མ་འབུམ་བྱ་བ་གཅིག །རྫོགས་ཆེན་པའི་དགྲ་ས་གཅིག་ཡོད་པའི་ས་རུ་གཤེགས་པའི། ཨ་ཇི་བླ་མའི་དྲུང་དུ་འཁྲིད་ནས་འཇལ། དེར་མ་གཅིག་གིས་བླ་མའི་དྲུང་དུ་ཐུགས་ལས་འཁྲུངས་པའི་གུར་མ་གཅིག་ཕུལ་བའི། བླ་མ་དེ་བཤིན་དུ་མཉེས་སྟེ། བུ་མོ་འདི་ལ་མཁའ་འགྲོའི་མཚན་བཏགས་ཚང་པ་དང་། ཆོས་སྐད་བཟང་པོ་སྨྲ་བ་གཅིག་འདུག །འདི་ང་ཅན་དུ་ཞོག་ལ། ཆོས་བྱེད་དུ་ཆུག་དང་གསུང་པ་དང་། གནས་བཟང་སྐུ་ཆུང་ངུའི་དུས་སུ་བྱིས་པ་ཐམས་ཅད་ཀྱི་ཙེ་རོགས་བྱེད་ཅིང་། སྤྱོད་པ་ཡང་ཆོས་འཁྲིན་རྩིག་པ་དང་ཆོས་བཤད་པ་དང་། སྒོམ་བྱེད་པ་ལས་སོགས་པའི་རྣམས་པ་དུ་མ་མཛད་པ། མདོར་ན་བྱིས་པ་ཐམས་ཅད་སྐྱབས་འགྲོ་དང་སེམས་སྐྱེད་ལ་སོགས་པ་མཛད་སྤྱོད་ལ་སྐུལ་བ། རྒན་རྒོན་ཐམས་ཅད་ལ་ི་དང་། ཡིག་གེ་རྒྱ་བ་དང་། གསོལ་འདེབས་ལ་སྐུལ་བ། དར་མ་ཐམས་ཅད་སྙེན་གནས་དང་ཁ་འདོན་ལ་སོགས་པ་ལ་བསྐུལ་ཞིང་། མདོར་ན་རྒན་གཞོན་མེད་པ་ཆོས་ལ་བསྐུལ་ནས། སྔར་ལབས་ཀྱི་ལུང་པ་དེ་ཆོས་ལ་ཤིན་དུ་གནག་པ་ལ། མ་གཅིག་འཁྲུངས་ཆེན་ཆད་ཆོས་ལ་དད་ཅིང་མོས་

(༢༠)པ་གཅིག་བྱུང་ངོ་། །སྔར་ལ་བསྐྱི་ལུང་པ་དེ་མི་ནད་དང་ཕྱུགས་ནད་ལོགས་སྣ་ཚོགས་པ་བྱུང་བ་ལ། མ་གཅིག་འཁྲུངས་ཕྱིན་ཆད་རིམས་ནད་མེད་ཅིང་སྐྱ་རྒྱམ་ཆེ་བ་གཅིག་བྱུང་ངོ་། །མདོར་ན་ལམ་གྱི་ལུང་བ་དེ་མུན་པ་ལ་སྒྲོན་མེ་སྟེག་པ་བཞིན་སོང་སྐད། དེ་ནས་དགུང་ལོ་བརྒྱད་པ་ལ། འབྲིས་ཀློག་མཁས་པ་ཡང་མཁྱེན། གུང་ལོ་བཅུ་གཉིས་མ་ལ་གཡུ་རུ་གྲ་ཐང་དུ། གྲ་བ་མངོན་ཤེས་ཅན་བྱ་བའི་དྲུང་དུ་བཙུན་མ་མཛད། ཆོས་སླབས་པས་ཕར་ཕྱིན་མཁྱེན། བཤད་པ་མཛོད། གནས་བཟང་བཀའ་དམ་པ་ལོགས་པ་མང་དུ་བསན། ཆོས་ཀྱི་སྒོ་རུ་ཞུགས་མན། དགོངས་ལྟོ་ཤ་ཆང་ལས་སོགས་པ་སྤངས་ནས། ཤིན་དུ་བཙུན་པར་བཞུགས་ཞིང་། རང་ཡུལ་གྱི་དགྲོང་དུ་མི་བཤེགས་པར། གཟན་ཡོན་དག་འདྲའི་ས་རུ། ཆོས་གྱགས་ལ་ཕན་པའི་བསམ་པས། ཀློག་འདོན་འདྲ་ལ་བྱོན་པའི་སྐབས་གཅིག་ལ། ཡར་ལུངས་ཀྱི་འཕྲོང་ཚང་ཅན་ཞེས་བྱ་བ་ན་ཡོན་དག་གཅིག་གི་ས་ན། ཉི་ལྕགས་ཟེར་ཅན་བྱ་བ་ཀློག་བྱེད་ཅིང་ཡོད་པ་ན། ས་དེར་སྐྱོ་སྟོན་བསོད་ནམས་བླ་མ་བྱོན་ནས། ཡུག་གཅིག་ཞལ་རོག་གེ་བཞུགས་འདུག །ཡུག་པ་གཅིག་ནས་བཙུན་མ་ཆོས་ལ་བརྟེན་པ་སྡིག་མ་།།།སོག་གསུངས་སྐད་དོ། །དེར་མ་གཅིག་གིས་སྡིག་དུ་ཅུང་ཅིག་མི་འགྲོའམ། ཞར་ལ་ལྟ་རྟོག་ཀྱང་བྱེད་པ་ཡིན་གསུངས་པས། སྡིག་དུ་ལོས་འགྲོ། ཁ་ཡར་ལྟས་ཀྱི་ལོག་འཚོ་དང་། མར་ལྟས་ཀྱི་ལོག་ཚོ་

(༢༡)གཉིས་ལས། མར་ལྟས་ཀྱི་ལོག་འཚོ་ནི། ཁྱི་ར་དང་ཤན་བ་དང་། སྔོན་པ་ལོགས་པ་རྣམས་ཡིན། ཡར་ལྟས་ཀྱི་ནི་འབྲིས་དང་ཀློག་དང་སྐུ་ཞེངས་པ་ལོགས་པ་རྣམས་ཡིན་གསུང་། དེར་མ་ཟ་གཅིག་གིས་ཕར་ཕྱིན་ཡང་ཤེས། ཞར་ལོ་ལྟ་རྟོག་ཡང་བྱེད་པ་ཡིན་གསུངས་བྱས་པས། སྐྱོ་སྟོན་གྱི་ཞལ་ནས། གཞུང་ཤེར་ཕྱིན་དོན་ཤེར་ཕྱིན་ཤེས་གསུང་། དེ་མི་ཤེས་ཅི་འདྲ་གཅིག་སྡོག་ཞུས་པས། དེ་རང་སེམས་སངས་རྒྱས་སུ་ངོ་སྤྲད་ནས། ཉོན་མོངས་པ་རྣམས་རྟོག་ཕ་རོལ་དུ་ཕྱིན་པ་དང་། འོད་གསལ་ཆོས་སྐུ་མངོན་གསུམ་དུ་རྟོགས་པར་བྱེད་པའི་ཡོད་དབང་གསུང་། དེ་དག་ལ་བཞུ་ཚལ་ཞེས་ཞུས་པས། འདོན་མཆོད་པ་བཤོམས་གཅིག་གསུང་། དེར་མ་གཅིག་གི་ཆོས་ཡོན་ལ་མཆོད་པ་བཤམས་ཏེ། རིག་པ་ཙལ་གྱི་དབང་ནི་ནམ་མཁའ་སྒོམ་བྱེད་བཞུས་པས། དེའི་ནུབ་མོ་རང་ལ་མ་གཅིག་ལ་རྟོགས་པ་འཁྲུངས་དགོས་ཕུད་བྲོ་རྡུངས་ཞབས་ས་ལ་མི་རེག་པའི་གར་མཛད། གསུང་གིས་སང་ཀྲྀ་ཏའི་སྐད་ཀྱིས་ཆོས་སྟན། ཐུགས་ཐོགས་པ་མེད་པར་མངོན་ཤེས་མང་དུ་མངའ་བའི། དེའི་ནུབ་རང་ལ་ཤིང་སྟར་གའི་སྡོང་པོ་གཅིག་གི་ཙ་།།།གཅོད་ལ་བཞུགས་སོ། །དེར་གྲོགས་ཕྱེད་འགའ་ཡི་ཡིས། དོ་ནུབ་དད་ནས་ནང་པར་ནས་གཅོད་ལ་ཕྱིན་པས་མཆོག་པ་

(༢༢)ལ། བུད་མེད་བྱ་བ་འདི་ལ་བྱ་རྒྱུ་རང་གཅིག་འདུག་གོ །བཞེས་བརྗོད་པས། བླ་མའི་ཞལ་ནས། རིག་པ་ཙལ་གྱི་དབང་བྱ་བ་དེ་མོས་ཐོབ་པ་ཡིན། རྒྱལ་ཚབ་སྤྱི་ལུགས་ཀྱི་དབང་བྱ་བ་དེ་མོས་ཐོབ་པ་ཡིན། དབང་མ་སྐུར་བར་ཐོབ། ངོ་མ་སྤྲད་པར་ཁྲོད། ཆོས་མ་བཤད་པར་གོ །སྒོམ་མ་བཏབ་པར་ཐེབས་པ་བྱ་བ་དེ་མོ་ལ་བྱུང་བ་ཡིན། ཅེས་གསུངས་སོ། །དུས་དེར་མ་གཅིག་ལ་ཕྱོགས་རིས་ཞིག་བ་ལྔ་བྱ་བའི་རྟོགས་པ་འཁྲུངས་སྟེ། དང་པོ་ཟས་ལ་ཕྱོགས་རིས་ཞིག་སྟེ། སྔར་ཟས་དཀར་གསུམ་མངར་ཟ་ཞིང་། གཙང་སྒྲ་ལ་གནས་པ་ཡིན་པ་ལ། དེ་ཕྱིན་ཆད་མཛེ་ཟས་དང་སྤྲང་ཟས་ལས་སོགས་པ་གང་བྱུང་བསོལ་བ་གཅིག་བཞིང་སྨེ་གཙང་མེད་པ་གཅིག་བྱུང་ངོ་། །གཉིས་པ་དགོས་ལ་ཕྱོགས་རིས་ཞིག་སྟེ། སྔར་དགོས་ངུར་མིག་ཆོས་དགོས་གསུམ་ལོགས་བསྣམས་པ་ལ། དེ་ཕྱིན་ཆད་རོ་ཤུན་དང་མཛེ་དགོས། ཁྲ་རྒྱལ་ལོགས་པ་གང་བྱུང་བསྣམས་པ་གཅིག་བྱུང་ངོ་། །གསུམ་པ་གནས་ལ་ཕྱོགས་རིས་ཞིག་སྟེ། སྔར་དགོན་པ་དང་སྡེ་གནས་ཀུན་དུ་བཞུགས་པ་ལ། ཕྱིན་ཆད་གཉན་པ་དང་མཛེ་གནས་སྤྲང་འཁང་དང་། ས་ཕུག་ལོགས་པ་གང་བྱུང་དུ་བཞུགས་པ་གཅིག་བྱུང་ངོ་། །བཞི་བ་གྲོགས་ཀྱི་ཕྱོགས་རིས་བཞིག་སྟེ། སྔར་བླ་མ་དང་གྲོགས་ཕྱེད་དང་འགྲོགས་པ་ལ། དེ་ཕྱིན་ཆད་མཛེ་ཕོ་དང་། སྤྲང་པོ་ལོགས་པ་

(༢༣)སུ་བྱུང་དང་གྲོགས་པ་གཅིག་བྱུང་ངོ་། །ལྔ་པ་ཡུལ་གྱི་ཕྱོགས་རིས་ཞིག་སྟེ། སྔར་མི་ཆོས་ཀྱི་ཡུལ་ཨེའི་ལབས་ལ་སོགས་པ་བཞུགས་པ་ལ། དེ་ཕྱིན་ཆད་རྒྱལ་ཁམས་ཕྱོགས་མེད་དུ་གཤེགས་པ་གཅིག་བྱུང་ངོ་། །དེ་ནས་མ་གཅིག་ལ་རྟོགས་ལྡན་དུ་རྒྱུར་ནས། གཉན་ས་ཕྱོགས་དེ་དུ་འགྲིམས་པས། མི་ཐམས་ཅད་འདུས་མཁས་བཙུན་རྣམས་ཀྱི་གྲོག་སྐྲོལ། སྟོང་ཆེན་རྣམས་ཀྱི་།།།ཞུས། སྒོམ་ཆེན་རྣམས་ཀྱི་ཉམས་བཤིག །རྣལ་འབྱོར་བ་རྣམས་བརྩོལ་མེད་ཀྱི་ལམ་ལ་ངོ་སྤྲད། ཀློག་མཁན་རྣམས་ལ་སྒོ་བ་ནང་ནས་སྐྱེ་རུ་བཅུག་གོ །དེ་ལྟར་འཁྲུལ་ཞིག་དུ་རྒྱུར་སྟེ། སྐུ་དགེ་ཉེན་མར་ཞུགས་པའི་བདུས་སུ། གཡུ་རུ་འདམ་བུ་བྱ་བ་ན། ཡོན་བདག་གཅིག་གིས་ས་རུ་ཀློག་མདོན་ཅིང་བཞུགས་པའི། དེ་ན་ཨ་ཆུང་གི་སློབ་དཔོན་ཐོད་པ་འབེར་བྱ་བ་གཅིག་ཡོད་པའི་དེ་ཡང་བོས་སྟེ། མདོས་བྱེད་ཅིང་བདུག་པ་ལ། ཁོང་གྱེར་བྱེད་པའི་ཕྲོ་ལ་ཧད་དེ་ལུས་ནས་གྱེར་མི་བྱེད་པར་འདུག །ཁྱེད་མདོས་མི་བྱེད་པར་འདུག །ཅི་ཡིན་བྱས་པའི། ཁོང་ན་རེ། དོ་ནུབ་ང་ལ་སྟད་མེད་ཀྱི་ཉམས་གཅིག་ཤར་ནས་ཁྱེར་།།།བྱེད་སྙིང་མི་འདོད་པ་གཅིག་བྱུང་ཟེར། དེར་ཉེད་ཟ་མི་ཡང་ཅི་ཡང་བྱེད་སྙིང་མི་འདོད་པར་བློ་བདེ་འབོལ་བྱས་པ་གཅིག་བྱུང་ཟེར་སྐད། དེ་ནས་སློབ་དཔོན་ན་རེ། ཁྱེད་ཀྱི་བླ་མཆོད་མ་འདིའི་བྱིན་བརླབས་ཡིན་པར་འདུག་ཟེར་དེ། ཐོད་བ་འབའ་རེས། མ་

(༢༤)གཅིག་ཁྱིམས་ཐབ་དུ་བཟུང་སྟེ། བསྐོང་བོ་ནས་མར་ལ་ལོ་གསུམ་སྦྱོན། སྲས་གཅིག་ཡང་འཁྲུངས་དེར་མ་གཅིག་གི་སྲས་དེ་ཁྱེར་དེ་གཉན་ཕྲོད་ཀུན་འགྲིམས་སྟེ། སྤྱོད་པ་ཅི་དགའ་བྱས་པས། ལ་ལ་ནི་བཀུར་བ་འདེབས། ལ་ལ་ནི་བྱིན་བརླབས་བཞུ། ལ་ལ་ནི་གཉོན་མ་གཅིག་འདུག་ཟེར་ཁ་སྟང་ངོ་། །ལར་སྲས་གསུམ་འཁྲུངས་པའི་ཆུང་བ་གཉིས་ཤིའོ། །དེ་ནས་ཆ་གཅིག་འཇིག་རྟེན་གྱི་བྱ་བ་མ་ཤེས་པར་སོ་སོར་བྱས་ནས། འགྲོ་བ་འགའ་ལ་ཕན་རྟགས། ལ་ལ་ལ་སྒོམ་བཏབ། ལ་ལའི་དགྲ་བགེགས་བསལ། ལ་ལའི་ནད་བཅོས། མདོར་ན་ས་སྤར་རེ་ཁྱེར་དེ་ཙམ་ལ་སྔགས་བཏབ་ནམ་མཁའ་ལ་གཏོར་བའི་ཆར་ཆད་པ་དང་། འདོད་པའི་བདུས་སུ་འབྱུང་བ་དང་། ཕྱུགས་ནད་ལ་གཏོར་བའི་ཕྱུགས་ནད་ཆད་པ་ལོགས་པའི་ནུས་པ་དང་། ཡོན་ཏན་དང་ལྡན་པའི། དེར་མི་ཐམས་ཅད་ཐེ་ཚོམས་དུ་རྒྱུར་ནས། ལ་ལ་སྒྲུབ་ཐོབ་མ་གཅིག་འདུག་ཟེར། ལ་ལ་བདུད་མོ་གཅིག་འདུག་ཟེར་ཅིང་ཁ་སྟང་ངོ་། །སྟོན་སྒོམ་འགས་ཐེ་ཚོམས་སེལ་བའི་ཕྱིར། རྒྱགས་བྱར་ཏེ་ལ་སྟོད་དིང་རི་ན། དམ་པ་སངས་རྒྱས་བཅོས་པའི་གྲུབ་ཐོབ་མངོན་ཤེས་དང་བཟང་ཐལ་དུ་ཡོང་པ་གཅིག་འདུག་ཟེར་ཏེ། དེ་ལ་འདྲི་རུ་ཕྱིན་པ་དྲག་ཟེར་ཏེ། ཡོངས་ནས་དམ་པ་ལ་འཇལ་ཁ་བཞུགས་སྟེ། ཤོག་གསུངས་ནས། དེར་སྟོན་སྒོམ་པས་རྩ་བ་རུ་ཕེབས་པའི། །དམ་པ་ཧོག་ཞེངས་ནས་ཕྱག་ཐལ་མོ་སྦྱར་སྤྱི་བོར་མཛད་ནས། མ་མི་མིན་

(༢༥)ཡེ་ཤེས་མཁའ་འགྲོ་མ། བརྣམས་ཐར་གསུམ་གྱི་སྒོ་ཕྱེ་ནས། བདུད་ཀྱི་དཔུང་རྣམས་འཇོམས་མཛད་མ། ལབ་བསྒྲོན་ཁྱེད་ལ་ཕྱག་འཚལ་ལོ། །ཅེས་གསུངས་ནས་ཕྱག་མཛོད། དེར་འདྲི་མ་དགོས་པར་ཐག་ཆོད་དོ། །ལོག་ཡོངས་ནས་ཀུན་ལ་སྒྲགས་སོ། །མདོར་ན་མ་གཅིག་ཕྱི་ལྟར་དུ་རྗེ་བཙུན་སྒྲོལ་མ། ནང་ལྟར་རྡོ་རྗེ་ཕག་མོ། །གསང་བ་ལྟར་དུ་ཡུམ་ཆེན་མོ་ཡིན་ནོ། །དེ་ཡང་བོད་ཡུལ་འདིར་ཕྱི་རོལ་བདུད་ཀྱི་རྣལ་འབྱོར་བཞི་ཡིས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཅིང་། སེམས་ཅན་ལ་འཚེ་བའི་ཕྱིར་ཡོངས་སྟེ། དེ་ཡང་སྟོད་ལུང་དུ་ཁད་མོ་ནམ་མཁའ། ཡར་ལུངས་སུ་སྦལ་མ་དཀར་མོ། །གཙང་དུ་ཤེལ་མོ་རྒྱ་ལྕམ། སྟག་སྣང་དུ་ཞང་མོ་རྒྱ་འཐིང་དང་། བཞི་བྱུང་བ་ལ་དེའི་ཁ་ནོན་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་སྦྱོན་སྟེ། ཨེའི་ལབས་སུ་ལབས་སྒྲོན། གླ་ཁུང་དུ་ཇོ་མོ་རྒྱ་ལྕམ། ལ་སྟོད་དུ་ཞ་མ་ལྷ་རྗེ། དིང་རི་རུ་ཇོ་མོ་རྒྱལ་མོ་སྐྱིད། ཅེས་པ་བཞི་བྱོན་པ་ཡིན་སྐད། དེ་ཡང་མ་གཅིག་ལ་ཨ་ཇེ་སྟོན་མ་འབུམས་མེས། ཆོས་རྫོགས་ཆེན་ཉམས་སུ་བླངས་པའི། །ཕུང་པོ་ལྷག་མེད་དུ་སངས་རྒྱས་པ་གཅིག་བྱུང་ངོ་། །མ་གཅིག་ལ་བླ་མ་མང་དུ་ཡོད་ཀྱང་། ཆོས་རྫོགས་ཆེན་གྱི་བླ་མ་སྲུ་མོ་སྒོམ་ཆེན་མ་དང་། དབང་བསྐུར་བའི་བླ་མ་སྐྱོ་སྟོན་བླ་མ་དང་། དགེ་ཤེས་སྟོན་པ། ལུང་སྟན་པའི་བླ་མ་དམ་པ་སངས་རྒྱས་དང་། གྲ་བ་མངོན་ཤེས་ཅན་ལོགས་བ་ཙོ་ཆེ་བའི་བླ་མ་ཡིན་ནོ། །སྐུ་གྲེས་འཁར་བཟངས་རི་འཁང་དམར་དུ་གདན་ཕབ། དགུང་ལོ་དགུ་བཅུ་གོ་ལྔ་མ་ལ་བདེ་གཤེགས་

(༢༦)པའི་དུས་སུ། སྒྲ་དང་འདོང་མེ་ཏོག་གི་ཆར་འབབ་པ་དང་། གདུང་ལ་རིང་སེལ་བྱོན་པ་ལོགས་པ་རྟགས་དུ་མ་དང་བཅས་སྟེ་བཤེགས་པའི་ཚུལ་བསྟན་ནོ། །དེ་ཡང་མ་གཅིག་ལ་བུ་ཆེན་མང་དུ་ཡོད་ཀྱང་། ཆོས་འདིའི་བཀའ་ཁུ་སྒོམ་ཆོས་སེང་ལ་བབས་སོ། །དེའི་འཁྲུངས་ཡུལ་ཡར་ལུངས་པ་ཡིན། སྐུ་རབ་བྱུང་དུ་བཞུགས། བསྔགས་བརྙིགས་མ་ལ་མཁས་པ་ཡོད། སྒོམ་ཆོས་ཀྱང་བླ་མ་མང་པོ་ལ་བཞུས། སྒོམ་ཆེན་ཀྱང་མང་དུ་མཛད། མ་གཅིག་དང་ཞལ་འཇལ་ནས། སྔོན་ལ་མཁའ་འགྲོ་ཉམས་སྐྱེ་དམ་པ་མ་ལུས་པ་བཞུས། ཉེ་གནས་ཡང་མང་དུ་མཛད། ཕྱིས་མ་གཅིག་གྲོངས་ཁར་འཇལ་དུ་སྦྱོན། བཞག་མང་རབ་གཅིག་བཞུགས་སྟེ། ཉིན་གཅུག་མ་ལ་སྐུ་མཉེས་གཅིག་བྱས་པས། མ་གཅིག་ཤིན་དུ་བགྲེས་འདུག །ད་ཡུན་རིངས་གཅིག་མི་བཞུགས་པ་འདྲ་དགོངས་ནས། མ་གཅིག་ལ་འུ་ཡི་ཆོས་འདི་ལ་སྔར་གྱི་དེ་རྣམས་མ་ལགས་པ་གཟན་མི་སྡོག་ལགས་སམ། སྡོག་ན་མ་གཅིག་ཀྱང་སྐུ་གནས་སྦྱོན་།།། བདག་ལ་དད་ལོང་མང་པོ་མ་འཆིས། ད་ལྟ་ཐུགས་ལ་འདོགས་པ་བཞུ། བཞེས་བཞུས་པས། མ་གཅིག་གིས་ཞལ་ནས། འོ་ཁྱོད་ཀྱི་བཞུ་བ་དེ་ལེགས་སོ། །སྔར་གྱི་དེ་རྣམས་མཁའ་འགྲོ་ཉམས་ཀྱི་བསྐོར་བྱ་བ་ཡིན། ད་དཀའ་བརྒྱུད་འདོན་གྱི་གདམ་པ་བྱ་བ། སངས་རྒྱས་བརྒྱུད་པ་བར་མ་ཆད་པའི་ཆོས་ཡོད། མི་ལྤགས་ལ་གསེར་གཏུམ་པ་ཡོད། ཁྱོད་ཀྱི་འགྲོ་བ་ལ་ཕན་ཐོགས་པ་གཅིག་ཡོང་བར་འདུག་གིས་

(༢༧)གསུངས་གནས། བཀའ་བརྒྱུད་དོན་གྱི་དམ་པ་དཔེ་དང་ལུང་དུ་གནང་། དེ་ནས་ཁུ་སྒོམ་གྱི་རི་ཁྲོད་མང་དུ་འགྲིམས་པས། རྟོགས་ལྡན་འཁྲུལ་ཞིག་ཆེན་པོ་གཅིག་བྱུང་ངོ་། །མ་གཅིག་གི་ཞལ་ནས། ཕྱིས་དོན་གྲུབ་ལ་ཡང་ཁྱོད་ཀྱིས་བྱིན་ཅེས་གསུངས། རྗེས་སུ་ཁུ་སྒོམ་ཆོས་སེང་གིས། སྲས་ལ་ཟས་ནོར་གྱི་གཉེན་བསྐུར་གཅིག་བྱས་ཏེ། འུའི་ཆོས་འདི་ལ་མ་གཅིག་གི་བཀའ་བརྒྱུད་འདོན་གྱི་གདམ་པ་ཞེས་བྱ་བ། སངས་རྒྱས་ནས་བར་མ་ཆད་པའི་ཆོས་གཅིག་གནང་དགེས།།། འདི་ཁྱེད་རང་ཆོས་ཀྱི་བདག་པོ་ཡིན་པའི། འབུལ་ལོ་གསུངས་པའི། སྲས་ན་རེ། གཅིག་ཏུ་ལུས་སེམས་སྐྱེད་པའི་མ་ཡིན། གཉིས་སུ་སེམས་སྐྱེད་པའི་བླ་མ་ཡིན། གསུམ་དུ་མགོ་འདྲེན་མཛད་པའི་དྲིན་ཡིན། གདམ་ངག་ཡོད་ན་ང་རང་ལ་གནང་ཡོང་། ང་ལ་མེད་པའི་དམ་པ་ཁྱེད་ལ་མི་ཞུ། ཟེར་ནས་ཞུ་རུ་མ་ཉན། ཁུ་སྒོམ་གྱི་གཉན་ཁྲོད་མང་དུ་འགྲིམ། འགྲོ་བ་ལ་ཕན་པ་རྒྱ་ཆེན་པོ་ཡང་བྱུང་། ཕྱིས་སྟོད་ལུང་སྣ་བོ་རུ་གདན་ཕབ། དགུང་ལོ་ལྔ་བཅུ་བཞེས་པ་དང་། འཆི་བ་སྟེལ་རྩ་ན་ང་ཉམས་དགའོ། །གསུང་གིན་ཞད་ཅིང་བདེ་གཤེགས་སོ། །དེ་ལ་བུ་ཆེན་མང་དུ་ཡོད་ཀྱང་། ཆོས་འདིའི་བཀའ་རྡོལ་བ་བཟང་ཐལ་ལ་བབས་སོ། །དེའི་འཁྲུངས་ཡུལ་ཚུར་བུ་བ་ཡིན། གདུང་རྡོལ་བ་ཡིན། སྐུ་འཆེད་བཞི་ཡོད་པའི་ཆུང་པ་ཡིན། ཁོང་གིས་གཙང་དུ། དགེ་ཤེས་ཁྱུང་པོ་ལ་དབུ་མ་རིགས་མཆོག་ལ་

(༢༨)སློབ་གཉེར་ལོ་ལོ་བདུན་བྱས་པའི་མཁས་པ་མཁྱེན། དེའི་ཚེ་འདོན་རྒྱུ་ལེན་པའི་བང་ཆེན་པ་ཡུལ་དུ་བཏང་བས། གཉེན་ཀུན་ན་རེ། ཨ་བ་འདི་ངན་པ་གཅིག་འདུག །།།རང་ལ་ཡང་མིའི་བུ་ལོན་མང་དུ་ཟུག །ཞིང་ཁང་ཐམས་ཅད་ཤོར་བྱས་དེ། ཁྱེད་ཀྱི་ཕྱེ་མདོན་གྱི་གྲོགས་ཡོང་པའི་སྟོབས་མེད་དོ། །ད་ཁྱེད་རང་གང་བདེར་སྡོད་གཅིག་ཟེར་བས་ལོན་བྱུང་བའི། ཁོང་གཉེན་གྱི་ཁོ་ཐག་ཆོད་དེ། བརྟེན་མཆོད་འདྲ་ཡོད་པ་སྤོང་ཐག་དུ་བླ་མ་དང་ཕྱེད་གྲོགས་ཀུན་ལ་ཕུལ་ནས། ང་རྣལ་འབྱོར་བ་གཅིག་བྱས་ལ་གྱལ་།།།ཁམས་ལ་འགྲིམས། རི་ལ་ཚུགས་པའི་ཆོས་གཅིག་རྩལ་ལ་ཉམས་སུ་བླང་སྙམས་ནས་བླ་མ་དང་སློབ་དཔོན་ལ་ཆོས་འབུལ་བ་ནི་མ་ཡིན་ཏེ། ཀུན་སྤྱོད་བདེ་ཞིང་བག་ཡངས་པའི་ཕྱིར། ཆོས་དགོས་དང་ཤམས་ཐབས་འབུལ་ལོ་གསུངས་ནས། སྐུ་ལ་ན་བཟའ་དཀར་པོ་བསོལ་སྟེ། རྒྱལ་ཁམས་ཕྱོགས་མེད་དུ་འགྲིམས་པའི། ཁུས་སྒོམ་དང་འཇལ་ནས་ཆོས་མང་དུ་བཞུས་ཅིང་། ཁྱད་པར་དུ་ཆོས་འདི་ཞུས་ནས་ཉམས་སུ་བླངས་པའི། རྟོགས་ལྡན་ཁྲུལ་ཞིག་ཅེས་བྱུང་སྟེ། དགོན་ནས་།།།དང་རི་ཁྲོད་དང་ཉ་ཁ་ལོགས་པ་ཐམས་ཅད་དུ་བྱོན། ཆོས་ཀྱི་སྟན་པ་མཛད་པའི་སུས་ཀྱང་ཐུབ་བར་མ་བྱུང་བར། རིག་པ་བཟང་ཐལ་དུ་སོང་བ་གཅིག་འདུག་གོ་ཟེར་བ་བྱུང་ནས། རྡོལ་བ་བཟང་ཐལ་དུ་གྲགས་སྟེ། དེའི་རྒྱ་ནག་ལྕེར་བུ་ལ་སྣང་སྟེ། དེ་ཡང་རྡོལ་བ་བཟང་ཐལ་གྱི་ཡར་ལུངས་ཀྱི་མོ་དགོན་པར་སྦྱོན་ཏེ་པས།།། བརྒྱ་སྟོན་ཆུ་སྒོམ་ན། བརྒྱ་ནག་

(༢༩)ལྕེར་བུ་བཟང་ཅེས་པ་དེ། འཁོར་མང་གཅིག་ལ་ཆོས་སྟོན་ཅིང་དེར་ཅི་ཡིན་ནམ་སྙམས་པའི་ཆོས་སྤྱོད་གཅིག་འདུག་ནས། ཆོས་ཐུན་གཅིག་ཉན་པས་དེ་ཙམ་མི་འདུག །དེར་གློང་མོ་མང་དུ་བྱས་པའི། རྒྱ་ནག་ན་རེ། ངས་ད་ཀྱི་ནར་ཞོལ་དུ་ད་ར་ཙོད་འདུག་པའི། ད་ཟོད་པར་བསོལ་གཅིག་ཅེས་ཟེར་ནས། ཤ་མར་ནས་གསུམ་དང་ཁྲ་བ་གཅིག་དང་གསེར་ཞོ་གང་ཕུལ་ནས། ཆོས་ཞུས་པས་ཁྲབ་མ་ཞེས། ནས་ལ་ཆང་བྱས། ཤ་མར་དང་བཅས་པ་བྱིན་པར་བཏང་ནས་ཆོས་ཟབ་བར་གནང་སྟེ། ངས་ཚེ་རིང་གཅིག་མི་ཐུབ་བར་འདུག་གོ །ད་རུང་།།།གཉིས་མྱུར་དུ་ཕྲད་དོ་གསུང་ནས་གཤེགས་སོ། །འཇུག་རྡོལ་བར་གདན་ཕན། འགྲོ་བ་མང་པོ་ལ་ཕན་ཐོགས། དགུང་ལོ་བཞི་བཅུ་ཞེ་།།།དྲུག་པ་ལ་དཔའ་བོ་མཁའ་འགྲོའི་བསུས་མ་མང་པོ་མངོན་གསུམ་དུ་བྱུང་ཞིང་བདེ་གཤེགས་སོ། །དེ་ལ་སློབ་མ་མང་དུ་ཡོད་ཀྱང་། ཆོས་འདིའི་བཀའ་རྒྱ་ནག་ལྕེར་བུ་ལ་བབས་སོ། །དེ་ལ་བླ་མ་རྒྱ་ནག་གི་འཁྲུངས་ཡུལ་ནི་ཕྲ་ནང་པ་པ་ཡིན། གདུང་རྒྱ་ཡིན་སྤྱིར་ཆོས་མང་དུ་བསན། ཁྱད་པར་དུ་བླ་མ་རྡོལ་པ་ལ་ཆོས་འདི་བཞུས་ནས། གཉན་ཕྲོད་མང་དུ་འགྲིམས་ཅིང་། ཡར་ལུངས་ནས་སྦལ་འདྲ་བྱ་བ་རུ་ཆུ་མིག་ཡོད་པ་ལ་སྤྱོད་མཛད་པའི། གནམ་དུ་ཕུར། གནས་བཟང་དམག་མང་པོ་མངོན་གསུམ་དུ་ཡོངས་ནས། རྒྱ་ནག་ལྕེར་བུ་བྱ་བ་རྣལ་འབྱོར་བ་འདིས་ངེད་ཡུལ་

(༣༠)འདོན་པར་ཡོད་དོ་ཟེར་ནས། མདའ་དང་མཚན་གྱི་ཆར་བ་ཕན་སྟེ། དཀྲོངས་ཤིང་མི་འདོད་པ་བྱས། དེར་རྒྱ་ནག་གི་གནས་ལུགས་ཀྱི་ངང་དུ་བཞུགས་པའི། ནམ་ཕྱེད་ཡོལ་སོང་པ་དང་། ཆོ་འཕྲུལ་བདག་སངས་ཏེ། སྤྱོད་ཚར་ཚད་ལོགས་པ་མང་དུ་བྱུང་ངོ་། །དེ་ནས་ཁོང་རྟོགས་ལྡན་འཁྲུལ་ཞིག་ཆེན་པོར་རྒྱུར་ཏེ། རང་རིག་ཟུང་འཛིན་གྱི་དྲི་མ་མེད་པ་ལྕེར་བུ་ཇེན་པར་རྟོགས་ནས་མངོན་དུ་རྒྱུར་རོ། །ཞུག་ཡར་ལུངས་ཀྱི་ཀྱ་མོ་དགོན་པར་བཞུགས་ནས། འགྲོ་བ་ལ་ཕན་པ་རྒྱ་ཆེན་པོ་བྱུང་ངོ་། །དགུང་ལོ་བདུན་བཅུ་པ་ལ་གྲོངས་པའི་དུས་སུ། དབྱིངས་རིག་སྲེ་ན་འདི་ལྟར་དུ་སྲེ་བ་ཡིན་གསུངས་ནས། །།།ནས་འདོང་བཅས་སྟེ་དགྲོངས་སོ། །དེའི་སངས་རྒྱས་རབ་སྟོན་ལ་གནང་། དེའི་འཁྲུང་ཡུལ་ནི་བཟད་བུ་བྲག་དམར་བ་ཡིན། གདུང་རབ་ཡིན། ཆོས་བསྔགས་གསར་རྙིང་གཉིས་ཀ་ལ་མཁས་པ་མཁྱེན། ཐུགས་ལ་ཕྲོ་བ་མི་མངའ། གཉན་ཕྲོད་མང་དུ་འགྲིམས། ཞུག་ཟངས་ཕུ་བྲག་དམར་དུ་བཞུགས། འགྲོ་བ་མང་པོ་ལ་ཕན་ཐོགས། དགུང་ལོ་རྒྱ་བཅུ་བཞེས་པ་དང་། བརྟགས་བཟང་པོ་དང་བཅས་སྟེ་བདེ་གཤེགས་སོ། །དེའི་སངས་རྒྱས་དགེ་སློང་ལ་སྣང་། དེའི་འཁྲུངས་ཡུལ་རྔོག་པ་ཡིན། གདུང་ཤེའུ་ཡིན། ཐུགས་ཤེས་ལ་ཐོགས་པ་མེད་པ་མངའ། ཆོས་ལ་མི་མཁྱེན་པ་མེད་པའི། ཁྱད་པར་དུ་སྤྱོད་ལ་ཐུགས་དམ་ཀྱི་ཐིལ་མཛད་པ་ཡིན། ཞུག་ཟལ་མོ་བྲག་དུ་གདན་ཕབ།

(༣༡)འགྲོ་ས་མང་པོ་ལ་ཕན་ཐོགས། དགུང་ལོ་ལྔ་བཅུ་ང་ལྔ་ལ། སྒྲ་རྒྱུན་མི་ཆད་པ་མང་པོ་དང་བཅས་སྟེ་བདེ་གཤེགས་སོ། །དེའི་བླ་མ་རིན་ཆེན་འོད་ལ་སྣང་། དེའི་འཁྲུང་ཡུལ་ལྷ་ལྷན་གྱི་གཙང་ལུང་པ་ཡིན། ཆོས་མདོ་བརྒྱུད་ལོགས་མང་དུ་མཁྱེན། དེ་ཡང་ཁོང་ལ་ཁམས་འདུས་དྲག་པོ་གཅིག་བྱུང་ནས། གཟན་སུས་ཀྱང་མ་ཕན་པ་ལ། ཟལ་མོ་བྲག་པ་ལ་སྤྱོད་ཆོས་གཅིག་བཞུས་པས། གཉན་ཁྲོད་རྒྱ་དབུས་ན་བྱས་པའི་ཁམས་དྲག །ཞུག་བྲག་ནག་དུ་བཞུགས་སོ། །འགྲོ་བ་ལ་ཕན་པ་ཆེན་པོ་ཡང་བྱུང་ངོ་། །དགུང་ལོ་དྲུག་བཅུ་ཞེས་པ་དང་། ཕྱོགས་ཐམས་ཅད་དུ་སྤོས་དྲི་ཆེན་པོ་སྣ་ཚོགས་པ་བྱུང་། སྒྲ་དང་དྲི་དང་འདོང་བཅས་ཏེ་གྲོངས་སོ། །དེས་ཙང་རྩ་རས་པ་ལ་གནང་། དེའི་འཁྲུངས་ཡུལ་ལ་སྟོད་སོ་བ་ཡིན། གདུང་སྙོས་ཡིན་ཡབ་ནག་པོ་རོ་ཟན་བྱ་བ་ཡིན། ཡབ་ཀྱི་ནོར་རྫས་མང་པོ་སྐུར་ནས། དབུས་སུ་ཆོས་སློབ་དུ་བཏང་བས། ཚོང་དུས་སུ་ནོར་ཟད་པ་བྱས་ནས། ཆོས་མ་སླབས་བར་དད་པའི་དེ་ཡབ་ཀྱི་བསན་ནས། ངན་འཕྲིན་བསྐུར་བའི། དེར་ཡུལ་དུ་མ་ཕྱིན། སྤྲུལ་སྐུ་ནམ་མཁའ་ལ་རྫོགས་ཆེན་སྐྱེ་བྱེད་བཞུས་སོ། །གནས་བཟང་ཆོས་མང་དུ་བཞུས། བླ་མ་གསེ་ར་པ་ལ་གཏུམ་མོ་བཞུས། རས་པ་མང་པོ་དྲོད་འདྲན་པའི། །བླ་མ་ཙ་ཙ་རས་པ་དང་། ཁམས་པ་གཅིག་མན་པ་སུས་ཀྱང་གངས་བར་དུ་མ་ཚུགས་སོ། །དེ་ནས་དྲོད་ཆེ་བར་གྲགས། བླ་མ་རིན་ཆེན་འོད་ཟེར་ལ་ཆོས་འདི་

(༣༢)བཞུས་ནས་ཉམས་སུ་བླངས་པའི་རྟོགས་ལྡན་འཁྲུལ་ཞིག་གཅིག་བྱུང་ངོ་། །རྗེས་སུ་རོང་གི་བྲག་གསུམ་གཉན་མོར་གདན་ཕབ། འགྲོ་བ་མང་པོ་ལ་ཕན་པ་བྱུང་ངོ་། །དགུང་ལོ་ཞེ་དྲུག་པ་ལ་ལྟས་བཟང་པོ་བདུ་མ་དང་བཅས་སྟེ་བདེ་གཤེགས་སོ། །དེའི་སྐྱེད་བྱེད་ཇོ་བདན་ལ་གནང་། དེའི་འཁྲུངས་ཡུལ་ངམ་རོ་ཤོལ་རྟ་བྱ་བ་ཡིན། གདུང་ཁྱུང་ཡིན་མཚན་གྲགས་པ་རྒྱལ་མཚན་ཡིན། དཔལ་ཆེན་ཤཱཀྱ་ཤྲཱི་ལ་གཉེན་རྫོགས་ཀྱི་མཁན་པོ་བཞུས། གདན་གཅིག་གི་ལུང་བཞུས་ནས་གདན་གཅིག་ལོ་བཅུ་གཉིས་མཛད། བླ་མ་མང་པོ་བརྟེན། ཆོས་ཡང་གསང་སྔགས་གསར་རྙིང་ལོགས་མང་པོ་མཁྱེན། ཁྱད་པར་བླ་མ་ཙང་ཙ་རས་པ་ལ་ཆོས་འདི་བཞུས་ནས། གཉན་ཕྲོད་རྒྱ་།།།ལོགས་པ་མང་དུ་མཛད་པའི། ཉམས་དང་རྟོགས་པ་འཁྲུངས། རྗེས་སུ་ཤོལ་རྟ་བྲག་ཙར་གདན་ཕབ་ནས། འགྲོ་བ་མང་པོ་ལ་ཕན་ཐོགས། དགུང་ལོ་བདུན་བཅུ་དོན་དྲུག་ལ་བདེ་གཤེགས་སོ། །སྤུར་ཞུ་བའི་བདུས་སུ་མེ་ཏོག་གི་ཆར་ལོགས་པ་དང་སྒྲ་ལ་སོགས་པའི་ལྟས་དུ་མ་བྱུང་ངོ་། །དེའི་མཁན་པོ་ཆོས་རིན་ཆེན་ལ་ཡང་གནང་ངོ་། །དེའི་འཁྲུངས་ཡུལ་ཅུང་མར་ལངས་པ་ཡིན། གདུང་དབྱིལ་ཡིན། ཆོས་ཕུན་སུམ་ཚོགས་པ་མང་དུ་མཁྱེན། སྐྱེགས་གནས་སྙིང་པོའི་མཁན་པོ་མཛད། མཁས་བཙུན་བཟང་པོ་གསུམ་དུ་འཛོམས་པ་གཅིག་བྱུང་ངོ་། །དེ་ལ་དབོན་བོ་རིན་ཆེན་གང་བའི་བཞུས། དེ་ཡང་ལ་སྟོད་དུ་འཁྲུངས། གདུང་རུས་དགོང་དང་འདྲ། བླ་མ་མང་པོ་བརྟེན། ཆོས་མ་

(༣༣)བཞུས་པ་མེད། གངས་ཁྲོད་དང་རི་ཁྲོད་མ་འགྲིམས་པ་མེད། ཉམས་དང་རྟོགས་པ་ལྡན་པ་དེ་བྱུང་ངོ་། །དེ་ལ་དེའི་དབོན་པོ་མཁན་ཆེན་འདུས་གསུམ་སངས་རྒྱས་ཅེས་པའི་བཞུས་སོ། །དེ་ལ་དེའི་དབོན་པོ་མཁེན་གཞོན་ནུ་མཚན་ཅན་དེའི་བཞུས་སོ། །དེའི་དྲུང་དུ་རི་ཁྲོད་པ་བསམ་འོད་བདག་གི་བཞུས་སོ། །ཡང་དཀོན་མཆོག་བཟང་པོ་ལ་ཡང་བཞུས་སོ། །ཡང་བླ་མ་ཁྱུང་སྟོན་གྲགས་པ་བཟང་པོ་ལ་ཡང་བཞུས་སོ། །ཡང་བླ་མ་ཡེ་ཤེས་རྒྱལ་མཚན་ལ་ཡང་བཞུས་སོ། །དུས་སུམ་སངས་རྒྱས་མན་ཆད་རྣམ་པར་ཞལ་དུ་ཤེས་པར་བྱའོ། །མདོར་ན་རི་ཁྲོད་པ་བསམ་གཏན་འོད་ཟེར་བདག་གི་མཚན་ལྡན་གྱི་བླ་མ་དམ་པ་མང་པོའི་དྲུང་དུ་བཞུས་ནས་རི་ཁྲོད་མང་དུ་འགྲིམས་ནས་ཉམས་སུ་སླངས་པའོ། །དེས་རྒྱུད་སོང་། ད་ཉེ་བརྒྱུད་ལ། དེ་ཡང་ངས་དུས་འདིར་གཉན་ཁྲོད་མང་དུ་སོང་། དེའི་དུས་སུ་གཉིད་དང་འོད་གསལ་གྱི་ངང་དུ། མ་གཅིག་དང་འཇལ་བའི་སྣང་བ་བྱུང་ངོ་། །ཁྱད་པར་འོལ་ཁ་ལྷ་རྩེ་ལ་གཅོད་བྱས་པས་དུས་སུ་ང་ལ་མངོན་གསུམ་དུ་ནི་ཐོ་རངས་སྐར་གོངས་གསུམ་ཡོད་པ་ཙམ་ལ། མ་གཅིག་འཁོར་བུད་མེད་གསུམ་དང་བཅས་ངའི་མདུན་དུ་སྦྱོན་བྱུང་། དེར་ང་ལ་དགའ་སྤྲོ་ཆེན་པོ་བྱུང་ནས། རེས་དགའ་བྱས་ནས་ཕགས་པའི། མ་གཅིག་ན་རེ། ང་ནི་མཚོན་ཆ་དཔེའི་མ། འཇལ་བ་དགའ་ཕྲོ་ཆེན་པོ་མིན། མཚོན་བྱེད་དོན་གྱི་མ་གཅིག་ནི། བཞུགས་ནི་སྤྲོལ་དབྱིངས་ན་བཞུགས། མ་ནི་ཆོས་ཉིད་འོད་གསལ་ལ། གཅིག་ནི་རང་

(༣༤)བྱུང་ཡེ་ཤེས་གཅིག །དེ་དང་འཇལ་ན་འཇལ་པ་ཡིན། དེང་འཇལ་ན་དགའ་བ་ཡིན། དེ་མིན་དགའ་རྒྱུ་ཆེན་པོ་མེད་ཅེས་གསུངས་ནས། ང་ལ་བྱིན་བརླབས་གཅིག་མཛད་ཏེ། མ་རང་དབྱིངས་སུ་ཡལ་སོང་བ་ཉམས་བྱེད་པ་དང་། རང་དབང་མེད་པར་གནས་ལུགས་འོད་གསལ་དུ་ཆམ་སོང་འདུག་གོ །དེ་མ་ཐག་རང་ལ་ཉི་མ་ཤར་དེའི་ངང་དུ་སོང་འདུག །དེ་ནས་གཉིད་སད་པའི་ཉམས་བྱེད་པ་དང་། ལུས་སེམས་ཐམས་ཅད་དགའ་བདེའི་ཁྱེངས་འདུག་གོ །ང་དང་མ་གཅིག་དབྱེ་བ་མེད། ང་ནི་ང་ཀ་མ་གཅིག་ཡིན། ང་མིན་མ་གཅིག་ཟུར་ན་མེད། སྙམས་པ་གཅིག་ཡོད་དེ། ཤིན་དུ་གསང་གཏམ་ཆེན་པོ་ཡིན། །དེ་ཀ་ང་ན་རེ། ང་རང་ཡེ་ཤེས་མཁའ་འགྲོར་འདུག །དངོས་གྲུབ་སུ་ལའང་མི་ཞུའོ། །ང་རང་ཡེ་ཤེས་མཁའ་འགྲོ་ཡིན། །ང་མིན་ཁྱེད་དང་ཟུར་ན་མེད། །ཅེས་པས། དེས་ན་ང་དང་མ་གཅིག་བར་ན་བརྒྱུད་པ་གཟན་མེད་དོ། །ང་ལ་ཆོས་ཐོབ་དཀའ། མ་གཅིག་ལ་ཆོས་ཐོབ་པ་ཡིན། བདུད་ཅོད་བྱེད་པའི་གང་ཟག་ཀུན། ང་ལ་ཆོས་ཀུན་བཞུས་དང་། ང་རྒྱལ་རང་མན་གྱི། མི་ང་ལ་བདུད་གཅོད་ཉན་པའི་གང་ཟག་ཁྱོད། བསོད་ནམས་མདུན་གྱི་རྨུག་ཆེན་གྱི་རི་འདི་བས་ཆེ་ལགས་སོ། །ད་ལྟ་རང་ཡོན་ཏན་མ་སྐྱེས་འདུག་ཀྱང་། ནང་བར་འཆི་ཁའི་བ་དོ་ཚུན་ཆད་དུ། ངའི་བྱིན་བརླབས་ངེས་པར་འབྱུང་གིས། ཐེ་ཚོམས་དང་ལོག་ལྟ་མ་བྱེད་གཅིག །ཡང་གོ་ན་བྱིན་བརླབས་ཀྱི་གང་ཟག་ཡིན། སེམས་ཅན་པའི་བསོད་ནམས་ཀྱི་ཐུབ་བ་བགྱིས་གཅིག །དེས་ང་དང་མ་གཅིག་ཆིག་བརྒྱུད་ཡིན་ནོ། །

(༣༥)གཟན་ནས་བརྒྱུད་པ་གཟན་མ་འདྲེངས་གཅིག །དེས་མཁས་བཙུན་འོད་པ་ལ་གནང་། དེས་ཆོས་རྗེ་དཔལ་སེང་ལ་གནང་། དེས་འདྲེན་མཆོག་མགོན་སེང་ལ་གནང་། དེས་ཆོས་དཔལ་ཚུལ་ཁྲིམས་ལ་གནང་། དེ་བརྒྱུད་པ་དེའི་དགོང་དུ་རིང་རྒྱུད་དང་བཅས་པ། དེས་ཡིད་ཆེས་ཤིང་ཁུངས་བཙུན་པ་བརྒྱུད་གཏམས་མུ་ཏིག་འཕྲེང་བ་ཅེས་པ་དེ་རྫོགས་སོ། །བཀྲ་ཤིས།


no previousno next