Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བར་དོ་འཇིགས་སྐྱོབ་སྨོན་ལམ།


 
previousབར་དོ་འཇིགས་སྐྱོབ་སྨོན་ལམ།no next

བར་དོ་འཇིགས་སྐྱོབ་སྨོན་ལམ།

བར་དོ་འཇིགས་སྐྱོབ་སྨོན་ལམ་བཞུགས་སོཿ

ཀྱེ་མཿ བདག་ནི་ཚེ་ཡི་འཕེན་པ་ཟད་པའི་ཚེཿ འཇིག་རྟེན་འདི་ནས་ཉེ་དུས་མི་སྟུངས་ཏེཿ རང་ཉིད་གཅིག་པུ་བར་དོ་འཁྱམས་ཙ་ནཿ རྒྱལ་བ་ཞི་ཁྲོས་ཐུགས་རྗེའི་ཤུགས་ཕྱུང་ནསཿ མ་རིག་མུན་པའི་སྨག་རུམ་སེལ་བར་ཤོགཿ དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམསཿ རང་སྣང་སྟོང་པའི་གཟུགས་སྙན་འཆར་དུས་དེརཿསངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཤུགས་ཕྱུང་ནསཿདངངས་སྐྲག་བར་དོའ་ིའཇིགས་པ་མི་འབྱུང་ཤོགཿ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་དེརཿ མི་འཇིགས་མི་སྐྲག་རང་ངོ་ཤེས་པར་ཤོགཿ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་དེརཿ མི་འཇིགས་གདེང་ཐོབ་བར་དོ་ངོ་ཤེས་ཤོགཿ ལས་ངན་དབང་གི་སྡུག་བསྔལ་མྱོང་ཙ་ནཿ རྒྱལ་བ་ཞི་ཁྲོས་སྡུག་བསྔལ་སེལ་བར་ཤོགཿ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙ་ནཿ ཐེག་ཆེན་ཆོས་ཀྱི་སྒྲ་རུ་འགྱུར་བར་ཤོགཿ སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་དེརཿ རྒྱལ་བ་ཞི་ཁྲོས་བདག་སོགས་སྐྱབས་ཏུ་གསོལཿ བག་ཆགས་ལས་ཀྱི་སྡུག་བསྔལ་མྱོང་ཙ་ནཿ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོགཿ སྲིད་པ་བར་དོར་རྫུས་ཏེ་སྐྱེས་ཙ་ནཿ ཕྱིན་ལོག་བདུད་ཀྱི་ལུང་བསྟན་མི་འབྱུང་ཤོགཿ གང་དུ་བསམ་པའི་དབང་གིས་སླེབ་ཙ་ནཿ ལས་ངན་འཁྲུལ་པའི་འཇིགས་སྐྲག་མི་འབྱུང་ཤོགཿ གཅན་ཟན་ཁྲོ་བོས་ངར་སྐད་འདོན་པའི་ཚེཿ ཡི་གེ་དྲུག་མའི་ཆོས་སྒྲ་འགྱུར་བ་ཤོགཿ ཁ་ཆར་རླུང་དང་མུན་པས་དེད་པའི་ཚེཿ ཡེ་ཤེས་གསལ་བའི་ལྷ་མིག་འཐོབ་པར་ཤོགཿ རིས་མཐུན་ནང་ཚན་བར་དོའི་སེམས་ཅན་རྣམསཿ མིག་སེར་མེད་ཅིང་མཐོ་རིས་སྐྱེ་བར་ཤོགཿཤིན་ཏུ་ཉོན་མོངས་བཀྲེས་ཤིང་སྐོམ་པའི་ཚེཿ ལྟོགས་སྐོམ་ཚ་གྲང་སྡུག་བསྔལ་མི་འབྱུང་ཤོགཿ ཕྱི་མ་ཕ་མའི་འདུ་འཕྲོད་མཐོང་ཙ་ནཿ རྒྱལ་བ་ཞི་ཁྲོ་ཡབ་ཡུམ་ཉིད་མཐོང་ཤོགཿ གར་སྐྱེས་རང་དབང་ཐོབ་ནས་གཞན་དོན་དུཿ མཚན་དཔེས་བརྒྱན་པའི་ལུས་མཆོག་ཐོབ་པར་ཤོགཿ བདག་ཉིད་སྐྱེས་པའི་ལུས་མཆོག་ཐོབ་གྱུར་ནསཿ མཐོང་ཐོས་ཐམས་ཅད་མྱུར་དུ་གྲོལ་བར་ཤོགཿ ལས་ངན་ཐམས་ཅད་རྗེས་སུ་མི་འབྲང་ཞིངཿ བསོད་ནམས་གང་ཡོད་འཕེལ་ཞིང་རྗེས་འབྲང་ཤོགཿ གང་དང་གང་དུ་སྐྱེས་པ་དེ་དང་དེརཿ ཚེ་རབས་ཡི་དམ་ལྷ་དང་མཇལ་བ་ཤོགཿ སྐྱེ་མ་ཐག་ཏུ་སྨྲ་ཞིང་འགྲོ་ཤེས་ཏེཿསྐྱེ་བ་དྲན་ཞིང་མི་བརྗེད་གཟུངས་ཐོབ་ཤོགཿ ཡོན་ཏན་ཆེ་ཆུང་འབྲིང་དང་སྣ་ཚོགས་པཿ ཐོས་བསམ་མཐོང་བ་ཙམ་གྱིས་ཤེས་གྱུར་ཅིགཿ གང་དུ་སྐྱེས་པའི་ཡུལ་དེར་བཀྲ་ཤིས་ཤོགཿ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིགཿ རྒྱལ་བ་ཞི་ཁྲོ་ཁྱེད་སྐུ་ཅི་འདྲ་དངཿ འཁོར་དང་སྐུ་ཚེའ་ིཚད་དང་ཞིང་ཁམས་དངཿ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བཿ དེ་འདྲ་ཁོ་ནར་བདག་སོགས་འགྱུར་བ་ཤོགཿ ཀུན་བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེ་དངཿ ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་དངཿགསང་སྔགས་རྩེ་གཅིག་བསྒྲུབ་པའི་བྱིན་བརླབས་ཀྱིསཿ སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིགཿ བར་དོའ་ིསྨོན་ལམ་འཇིགས་སྐྱོབ་མ་ཞེས་བྱ་བ་འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོཿ གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མའོ


previousབར་དོ་འཇིགས་སྐྱོབ་སྨོན་ལམ།no next