Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།

0 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
 expand section
 expand section
 collapse section
བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་ལས་གྲོལ་བྱེད་བསྐྱེད་རིམ་དང་འབྲེལ་བའི་ལྷའི་མངོན་རྟོགས་ཁོལ་བྱུང་།
  
  
  
  
  


0 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousབར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་ལས་གྲོལ་བྱེད་བསྐྱེད་རིམ་དང་འབྲེལ་བའི་ལྷའི་མངོན་རྟོགས་ཁོལ་བྱུང་།no next

བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་ལས་གྲོལ་བྱེད་བསྐྱེད་རིམ་དང་འབྲེལ་བའི་ལྷའི་མངོན་རྟོགས་ཁོལ་བྱུང་།

གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྤྱོད་ཐུན་བཞིའི་རྣལ་འབྱོར་སེམས་ཉིད་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྤྱོད་ཐུན་བཞིའི་རྣལ་འབྱོར་སེམས་ཉིད་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་འདི་བཞིན་བྱེད་ན་ལེགས། ཀྱེ་མ་ཀྱེ་ཧུད་སྐལ་ལྡན་རིགས་ཀྱི་བུ། །མ་རིག་གཏི་མུག་དབང་གིས་མ་ནོན་པར། །བརྩོན་འགྲུས་ངར་བསྐྱེད་ད་ལྟ་ཡར་ལོངས་དང་། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །མ་རིག་དབང་གིས་ཉལ་ཡུན་དེས་ཆོག་གི། ད་ནི་མ་ཉལ་སྒོ་གསུམ་དགེ་ལ་འབད། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་མི་ཤེས་སམ། །དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་མེད། །སྒྲུབ་ལ་བརྩོན་འགྲུས་བསྐྱེད་པའི་དུས་ལ་བབས། །ད་རེས་གཅིག་པུས་གཏན་བདེ་སྒྲུབ་དུས་འདིར། །སྙོམས་ལས་ངང་ལ་སྡོད་པའི་དུས་མ་ཡིན། །འཆི་བ་སོམས་ལ་སྒྲུབ་པ་མཐའ་རུ་སྐྱོལ། །ཚེ་ལ་ལོངས་མེད་འཆི་རྐྱེན་བསམ་མི་ཁྱབ། །དེ་ཚེ་མི་འཚེར་གདིངས་ཤིག་མ་ཐོབ་ན། །སྐྱེས་བུ་ཁྱོད་ཉིད་གསོན་པས་ཅི་ཞིག་རུང་། །ཆོས་རྣམས་བདག་མེད་སྟོང་ཞིང་སྤྲོས་དང་བྲལ། །སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད། །ཆུ་ཟླ་ཆུ་བུར་མིག་ཡོར་སྤྲུལ་པ་སོགས། །ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །འཁོར་འདས་ཆོས་རྣམས་ཁྱོད་ཀྱིས་ཤེས་པར་གྱིས། །ཆོས་རྣམས་རང་བཞིན་སྐྱེ་བ་མེད་པ་སྟེ། །གནས་མེད་འགགས་མེད་འགྲོ་འོང་མེད་པའོ། །དམིགས་མེད་མཚན་མ་མེད་ཅིང་བསམ་བརྗོད་བྲལ། །དོན་དེ་རྟོགས་པར་བྱ་བའི་དུས་ལ་བབ། །ན་མོ་གུ་རུ་བྷྱཿན་མོ་དྷེ་ཝ་བྷྱཿན་མོ་ཌཱ་ཀི་ནི་བྷྱཿཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས། །ཐར་མེད་ལས་ཀྱི་རྒྱ་མཚོ་དོང་རིང་འདིར། །ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས། །མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས། །བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །བདག་འདོད་གཟུང་འཛིན་བཅིངས་པའི་བཙོན་རར་འདིར། །རི་དྭགས་རྒྱར་ཆུད་སླར་ཡང་འཇུག་པ་ལྟར། །མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུའི་ཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱེ་རྒས་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །མི་རྟག་བློ་གཏད་མེད་པར་མ་ཤེས་པས། །ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདའ། །འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་མི་རྟག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག །ལེགས་པར་བསམ་ན་རང་ཉིད་འཆི་ལ་གཏུག །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོགས་སྙིང་རེ་རྗེ། །ལོངས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། རྒྱལ་བ་ཁྱོད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་སྐྱབས་འགྲོ་ནི། ཁམས་གསུམ་རིགས་དྲུག་མཐའ་ཡས་སེམས་ཅན་རྣམས། །འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ། །རྒྱུན་ཆད་མེད་པར་འགྲོ་ལ་དགོངས་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྐང་གཉིས་གཙོ་བོ་མཚན་དང་དཔེ་བྱད་ལྡན། །ཕྲིན་ལས་མི་ཟད་ནམ་མཁའི་མཐའ་དང་མཉམ། །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས། །སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞི་བ་ཆགས་བྲལ་དོན་དམ་བདེན་པའི་ཆོས། །ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པའི་ལམ། །བཀའ་གཏེར་ལུང་དང་མན་ངག་བསྟན་བཅོས་སོགས། །དམ་ཆོས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་ནོར་ལམ་གནས་ཚོགས་མཆོག་ཀུན་གྱི་ཞིང་། །ཉོན་མོངས་དྲི་མས་རབ་དབེན་འཕགས་པའི་ཚོགས། །བྱང་སེམས་ཉན་རང་རྒྱལ་བའི་བསྟན་འཛིན་མཆོག །དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །གསང་བ་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ། །བྱིན་རླབས་ཐུགས་རྗེས་འགྲོ་ཀུན་འདྲེན་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་། །འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་བོར་སྤྲུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཆོས་ཉིད་མཁའ་ལ་ཐུགས་རྗེའི་ཤུགས་ཀྱིས་འགྲོ། །དག་པའི་གནས་ནས་བདེ་ཆེན་མཆོག་རྩོལ་ཞིང་། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་མ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཡེ་ནས་སྟོང་ཉིད་སྤྲོས་དང་བྲལ་བ་ལ། །ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག །མཉམ་རྫོགས་ཀློང་ཡངས་ཆེན་པོའི་རང་བཞིན་ལ། །འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི། །ལྷུན་གྲུབ་རང་བཞིན་ཡེ་ནས་སྐུ་ལྔའི་བདག །དབྱིངས་རིག་སྟོང་གསལ་ཐིག་ལེའི་དཀྱིལ་འཁོར་དུ། །རང་རིག་འོད་གསལ་རྡོ་རྗེ་ལུ་གུ་རྒྱུད། །རྟོག་མེད་རང་གསལ་རྗེན་པར་སྐྱབས་སུ་མཆི། །མ་འགགས་རང་རྩལ་ཀུན་ཁྱབ་ཐུགས་རྗེ་ཅན། །ཤར་གྲོལ་འགགས་མེད་རིག་རྩལ་རོལ་པའི་ཟེར། །རྟོག་མེད་ངང་ནས་འགྲོ་བློའི་མུན་སེལ་བ། །དུས་གསུམ་ཐོག་མཐའ་མེད་པར་སྐྱབས་སུ་མཆི། །དེ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ནི། ཀྱེ་མ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང་། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །སྙིང་རྗེའི་གནས་རྣམས་བྱང་ཆུབ་ཐོབ་བྱའི་ཕྱིར། །བདག་གིས་སྒོ་གསུམ་དགེ་ལ་བསྐུལ་བར་བྱ། །འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །བདག་གཅིག་མ་ཡིན་འགྲོ་ཀུན་དོན་གྱི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ། །སྡུག་བསྔལ་རྒྱ་མཚོ་དཔག་ཏུ་མེད་པའི་ནང་། །རང་གིས་རང་བཅིངས་ཆོས་མེད་སྙིང་རེ་རྗེ། །སྙིང་རྗེའི་གནས་རྣམས་བདེ་ལ་འགོད་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ། །བདག་དང་མཐའ་ཡས་འགྲོ་བ་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་རང་བཞིན་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་ཆེན་པོ་རུ། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ། །འཇིག་རྟེན་འཁོར་བའི་རྒྱ་མཚོ་སྒྱུ་མ་བཞིན། འདུས་བྱས་ཐམས་ཅད་རྟག་པ་མ་ཡིན་ཏེ། །ངོ་བོ་སྟོང་པ་བདག་མེད་ཡིན་པ་ལ། །དེ་ལྟར་མ་རྟོགས་བྱིས་པ་འདི་དག་རྣམས། །རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་བར་འཁྱམས། །མིང་དང་གཟུགས་ཀྱི་འདམ་ལ་ཆགས་པ་རྣམས། །སངས་རྒྱས་ཐོབ་ཕྱིར་བདག་གི་ལུས་དང་ངག །ཡིད་དང་གསུམ་པོ་དགེ་ལ་བསྐུལ་བར་བྱ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །མཐའ་ཡས་འགྲོ་བ་སེམས་ཅན་ཇི་སྙེད་པ། །མ་ལུས་འདྲེན་པའི་བླ་མར་བདག་གྱུར་ཅིག །དེ་ནས་ཚད་མེད་རྣམ་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ཀུན་ཀྱང་སྡུག་བསྔལ་རྒྱུ་དང་བྲལ་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་དང་ལྡན་གྱུར་ཅིག །ཆགས་སྡང་མེད་པའི་བཏང་སྙོམས་གནས་གྱུར་ཅིག །

སྡིག་སྒྲིབ་སྦྱོང་ཕྱིར་ཡིག་བརྒྱ་འདྲེན་པ་ནི། སྤྱི་གཙུགས་པད་ཟླའི་གདན་སྟེང་དུ། །བླ་མ་རྡོ་རྗེ་སེམས་དཔའི་སྐུ། །སྐུ་མདོག་ཤེལ་འདྲའི་ཐུགས་ཀ་ནས། །ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར། །བདུད་རྩིའི་ཆུ་རྒྱུན་ཚངས་བུག་བབས། །བདག་གི་ཉམས་ཆགས་སྡིག་སྒྲིབ་དག །བཅོམ་ལྡན་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །བདག་དང་འགྲོ་བ་སེམས་ཅན་མ་ལུས་པའི། །སྡིག་སྒྲིབ་སྦྱོང་ཕྱིར་ཡེ་ཤེས་བདུད་རྩིའི་རྒྱུན། །ད་ལྟ་ཉིད་དུ་བདག་ལ་སྩལ་ཏུ་གསོལ། །ༀ་བཛྲ་ས་ཏྭ་ས་མ་ཡ་༴སོགས་དང་། བདག་ནི་མི་ཤེས་གཏི་མུག་རྨོངས་པ་ཡིས། །དམ་ཚིག་བསྲུང་མཚམས་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོ་ཁྱོད་ཀྱིས་སྐྱབས་མཛོད་ཅིག །གཙོ་བོ་དཔལ་ལྡན་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བརྩེ་བའི་བདག་ཉིད་ཅན། །འགྲོ་བའི་གཙོ་བོས་བདག་སོགས་སྐྱབས་མཛོད་ཅིག །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་བཅས་ཀུན། །མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག་ཉིད་ཀྱང་། །རྡོ་རྗེ་སེམས་དཔའ་དེང་འདིར་འགྲུབ་གྱུར་ནས། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་མྱུར་དུ་འཁོད་པར་ཤོག །རྡོ་རྗེ་སེམས་དཔའ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །

དེ་ནས་མཆོད་པའི་མཎྜལ་འབུལ་བ་ནི། ༀ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་མ་དབང་ཆེན་གསེར་གྱི་ས་གཞིར་གྱུར། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་རོལ་རིན་ཆེན་ལྕགས་རི་ཁོར་ཡུག་གྱུར། །དབུས་སུ་རི་རྒྱལ་རི་བོ་མཆོག་རབ་ཉིད། །རིན་ཆེན་སྣ་ལྔ་ལས་གྲུབ་ལྷུན་ཆགས་ཉིད། །དབྱིབས་ལེགས་མཛེས་ཤིང་བལྟ་ན་སྡུག་པ་ལ། །གསེར་གྱི་རི་བདུན་རོལ་མཚོ་བདུན་གྱིས་བསྐོར། །ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུའི་གླིང་། །ནུབ་ཏུ་བ་ལང་སྤྱོད་ཀྱི་གླིང་གིས་བརྒྱན། །བྱང་དུ་སྒྲ་མི་སྙན་གྱི་གླིང་ཆེན་ལ། །ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན། །གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་གླིང་ཕྲན་བརྒྱད། །ཉི་མ་ཟླ་བ་སྒྲ་གཅན་དུས་མེ་དང་། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཅས་རྡུལ་སྙེད་མཆོད་སྤྲིན་གཏིབ། །ལྷ་མིའི་ལོངས་སྤྱོད་དཔག་མེད་ཇི་སྙེད་ཀུན། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག །ༀ་ཨཱཿཧཱུྃ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། །ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག །ༀ་ཨཱཿཧཱུྃ། སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པའི་གཉུག་མ་ཡེ་ཤེས་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག །ༀ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་འདི་འབུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ༀ་ཨཱཿཧཱུྃ། མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ།

དེ་ནས་བརྒྱུད་པའི་གསོལ་འདེབས་བྱ་བ་ནི། ༀ་ཨཱཿཧཱུྃ། ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །དྲུག་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་། །འདྲེན་པའི་གཙོ་བོ་ཐུགས་མཆོག་རྡོ་རྗེ་སེམས། །རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས། །སྤྲུལ་པའི་སྐྱེས་མཆོག་རིག་འཛིན་དགའ་རབ་དང་། །རྒྱལ་བའི་སྲས་མཆོག་གུ་རུ་ཤྲཱི་སེང་། །རྡོ་རྗེའི་སྐུ་བརྙེས་འཆི་མེད་པདྨ་འབྱུང་། །གསང་སྔགས་སྣོད་ལྡན་མཁའ་འགྲོ་མཚོ་རྒྱལ་མ། །རིག་འཛིན་རིག་པའི་བརྒྱུད་པ་ལ་གསོལ་བ་འདེབས། །ཟབ་གཏེར་མངའ་བདག་ཀརྨ་གླིང་པ་དང་། །ཐུགས་ཀྱི་སྲས་མཆོག་ཆོས་རྗེའི་མཚན་ཅན་དང་། །སྙིགས་དུས་འགྲོ་མགོན་སུཪྻ་ཙནྡྲའི་མཚན། །གང་ཟག་སྙན་ཁུངས་བརྒྱུད་པ་ལ་གསོལ་བ་འདེབས། །ཟབ་ཆོས་གསལ་མཛད་ནམ་མཁའི་མཚན་ཅན་དང་། །སྨིན་གྲོལ་དོན་སྟོན་པདྨ་རྒྱལ་མཚན་དང་། །རང་རིག་དོན་རྟོགས་ཡེ་ཤེས་བློ་གྲོས་ཞབས། །ཟབ་མོ་གཏེར་བརྒྱུད་རྣམས་ལ་གསོལ་བ་འདེབས། །སྐལ་ལྡན་སྨིན་མཛད་ནམ་མཁའ་རྡོ་རྗེ་དང་། །འབྲེལ་ཚད་དོན་ལྡན་པྲཛྙ་ཀེ་ཏུ་དང་། །གནས་ལུགས་མངོན་གྱུར་བྱང་རྒྱ་ཡབ་སྲས་སོགས། །དྲིན་ཆེན་རྩ་བརྒྱུད་རྣམས་ལ་གསོལ་བ་འདེབས། །བརྒྱུད་ཚུལ་དྲུག་ལྡན་ཕྱོགས་མེད་བླ་མ་དང་། །སྣང་སྟོང་དབྱེར་མེད་ཡི་དམ་ཞི་ཁྲོ་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །རྩ་གསུམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །གང་ལ་གང་འདུལ་བཀའ་བརྒྱུད་བླ་མ་རྣམས། །ཁྱོད་ཀྱི་བསྟན་པ་ཤིན་ཏུ་ཉམས་དམའ་ན། །དུས་འདིར་སྐྱེས་པའི་རྣལ་འབྱོར་ཡིད་ཕམ་པས། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །སྨྲེ་སྔགས་གདུང་བའི་ང་རོས་ཁྱོད་འབོད་ན། །སྔོན་གྱི་དམ་བཅའ་གཉན་པོ་དེ་དགོངས་ལ། །མཁའ་དབྱིངས་ཀློང་ནས་མཚན་དཔེའི་ཞལ་བསྟན་འཚལ། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །གྲགས་སྟོང་ཚངས་པའི་གསུང་གི་སྒྲ་སྒྲོགས་ནས། ཁྱོད་ཀྱི་ཐུགས་མཛོད་གཏེར་གྱི་སྒོ་ཕྱེས་ལ། །མཁྱེན་རབ་ཐུགས་རྗེའི་འོད་ཟེར་རབ་བཀྱེས་ནས་ནི། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །དུས་མཐའི་འགྲོ་རྣམས་མ་ལུས་ད་སྒྲོལ་ཅིག །རྣམ་དག་དབང་བཞིའི་ཆུ་བོ་ད་བསྐུར་ཅིག །ཉོན་མོངས་འཁྲུལ་པའི་རྒྱུད་བཞི་ད་ཁྲོལ་ཅིག །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །བདེ་གཤེགས་སྐུ་བཞིའི་འབྲས་བུ་ད་སྩོལ་ཅིག །མཐའ་ཡས་ཕ་མ་མཁའ་མཉམ་སེམས་ཅན་རྣམས། །མ་ལུས་འདྲེན་པའི་བླ་མར་བདག་གྱུར་ཅིག །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །དེ་ནས་དབང་བཞི་ཞུ་བའི་དགོངས་པ་ནི། བླ་མ་ཡབ་ཡུམ་སྤྱི་གཙུག་ནས། །ༀ་དཀར་འོད་ཟེར་དང་བཅས་པ། །བདག་གི་སྨིན་མཚམས་མཛོད་སྤུར་བབས། །བུམ་དབང་ཐོབ་ནས་ལུས་སྒྲིབ་དག །སྐུ་ཡི་དངོས་གྲུབ་རྩལ་དུ་གསོལ། །བླ་མ་ཡབ་ཡུམ་མགྲིན་པ་ནས། །ཨཱཿདམར་འོད་ཟེར་དང་བཅས་པ། །བདག་གི་ལྕེ་ཡི་དབང་པོར་བབས། གསང་དབང་ཐོབ་ནས་ངག་སྒྲིབ་དག །གསུང་གི་དངོས་གྲུབ་རྩལ་དུ་གསོལ། །བླ་མ་ཡབ་ཡུམ་ཐུགས་ཀ་ནས། །ཧཱུྃ་མཐིང་འོད་ཟེར་དང་བཅས་པ། །བདག་གི་སྙིང་གི་དཀྱིལ་དུ་བབས། །ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག །ཐུགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །བླ་མ་ཡབ་ཡུམ་ལྟེ་བ་ནས། །ཧྲཱིཿདམར་འོད་ཟེར་དང་བཅས་པ། །བདག་གི་ལྟེ་བའི་དཀྱིལ་དུ་བབས། །སྒོ་གསུམ་ཐ་དད་འཛིན་སྒྲིབ་དག །དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་དག་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་ཀྱི་ལྷན་ཐབས་ལ་སྦྱར་ཡང་རུང་ཞིང་། བླ་མེད་ཐེག་པ་ཆེན་པོའི་ཆོས་སྤྱོད། གཏེར་སྟོན་ཀརྨ་གླིང་པའི་སྲས་ཀྱི་ཐུ་བོ་ཆོས་རྗེ་གླིང་པའི་ཞལ་གདམས། གུ་རུ་སུཪྱ་ཙནྡྲ་རསྨིས་ཡི་གེར་བཀོད་པའོ།། །།

ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ཞི་ཁྲོ་འདུས་པའི་ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

༁ྃ༔ ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་རང་རིག་གྲོལ་ནས་ཀྱང་༔ འགྲོ་ཀུན་སྐུ་གསུམ་དོན་ལ་གནས་གྱུར་ཅིག༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ངས༔ སྐལ་ལྡན་སྐྱེས་བུ་ལས་ཅན་རྣམས་ཀྱི་དོན༔ བདེ་གཤེགས་ཞི་ཁྲོ་འདུས་པའི་ལས་བྱང་བསྟན༔ འདི་ལྟར་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ༔ འདི་ལ་སྤྱི་དོན་བཅོ་བརྒྱད་བསྟན༔ བཀའ་བསྒོ་མཚམས་བཅད་ཕྱག་རྒྱ་བཟུང་༔ སྔོན་འགྲོ་ཡན་ལག་བཅུ་པ་དང་༔ སྨན་རཀ་གཏོར་གསུམ་བྱིན་བརླབས་དང་༔ གཞལ་ཡས་ཁོག་དབུབ་ལྷ་བསྐྱེད་དང་༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ཞིང་༔ མཆོད་གཏོར་བསྟོད་བཤགས་ཚོགས་ལས་བྱ༔ བསྐུལ་དང་ཆད་མདོ་སྒོ་དབྱེ་དང་༔ གཏོར་སྐྱོང་གཏོར་བྲོ་སྨོན་ལམ་གདབ༔ ལེའུ་བཅོ་བརྒྱད་ལས་བྱང་གྲངས༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདོངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ལུས་ངག་སེམས་ལ་གནོད་བྱེད་ཅིང་༔ མཆོད་པའི་མདངས་འཕྲོག་མ་རིགས་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་རང་སར་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊཿགཉིས་པ་མཚམས་གཅོད་འདི་སྐད་དོ༔ ཧཱུྃ༔ རང་རིག་རྡོ་རྗེ་སེམས་དཔའ་སྟེ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ གཟི་བརྗིད་ལྡན་པའི་ཐུགས་ཀ་རུ༔ དྲག་པོའི་བྱིན་རླབས་རིག་རྩལ་ལས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་༔ གདུག་པ་འདུལ་བར་རབ་བསྔགས་པས༔ ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ༔ དེ་ལས་འཕྲོས་པའི་འོད་ཟེར་ཚུལ༔ ཧཱུྃ་འཕྲོས་ཤར་ཕྱོགས་རྡོ་རྗེས་གཏམ༔ ཏྲཱཾ་འཕྲོས་ལྷོ་ཕྱོགས་རིན་ཆེན་གཏམས༔ ཧྲཱིཿའཕྲོས་ནུབ་ཕྱོགས་པདྨས་གཏམས༔ ཨཱཿའཕྲོས་བྱང་ཕྱོགས་རྒྱ་གྲམ་གཏམས༔ ༀ་འཕྲོས་སྟེང་ཕྱོགས་འཁོར་ལོས་གཏམས༔ རཾ་འཕྲོས་ཕྱི་རོལ་མེ་དཔུང་འབར༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོ་མེ་རིའི་གུར༔ རིམ་པ་དྲུག་གི་ཚུལ་དུ་བསྐོར༔ བསྐལ་པ་སྟོངས་ཀྱང་མི་འཇིག་ཅིང་༔ འབྱུང་བའི་གནོད་པས་ཚུགས་མི་འགྱུར༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརཾ་ཧཱུྃ་བྷྲཱུཾ་དྷཱི་རཾ་བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ་ཕཊཿ

གསུམ་པ་ཕྱག་རྒྱ་བཟུང་བ་ནི༔ རྡོ་རྗེ་གཡས་ལ་དྲིལ་བུ་གཡོན༔ ལག་ཏུ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ མ་འགགས་ཐབས་ཤེས་བརྡ་མཚོན་ཕྱིར༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ འགྲོ་བ་སེམས་ཅན་ཐམས་ཅད་ཀུན༔ སད་ནས་སངས་རྒྱས་སར་འཇུག་ཕྱིར༔ ཡང་དག་ཉིད་དུ་བརྡས་མཚོན་ནོ༔ ཟུང་འཇུག་ལམ་ལ་མ་བརྟེན་པར༔ མཐར་ཕྱིན་འབྲས་བུ་ཐོབ་མི་སྲིད༔ ཐབས་ཤེས་ཡང་དག་ཉིད་ལ་འཇུག༔ ༀ་བཛྲ་གྷནྜེ་དྷརྨ་ཧཱུྃ་ཨཱཿབཞི་པ་ཡན་ལག་བཅུ་པ་ནི༔ ཚོགས་ཞིང་ནམ་མཁར་དམིགས་བྱས་ལ༔ ༀ་ཨཱཿཧཱུྃ༔ ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན༔ བདེ་གཤེགས་རྒྱ་མཚོ་ཞི་ཁྲོ་རབ་འབྱམས་དང་༔ དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་རྒྱ་མཚོ་དམ་ཅན་ཚོགས་བཅས་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར༔ འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི༔ སྐྱབས་སུ་འགྲོ་བའི་ཡན་ལག་གོ༔ ཆོས་ཉིད་དབྱིངས་ཀྱི་རབ་འབྱམས་ཀློང་ཡངས་ནས༔ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པ༔ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམས༔ གནས་འདིར་འགྲོ་བའི་དོན་ལ་གཤེགས་སུ་གསོལ༔ སྤྱན་འདྲེན་པའི་ཡན་ལག་གོ༔ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་ཆེན་སེང་གེ་ལ་སོགས་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེང་༔ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ བཞུགས་སུ་གསོལ་བའི་ཡན་ལག་གོ༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པར་བདེ༔ རོལ་པའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ ཕྱག་འཚལ་བའི་ཡན་ལག་གོ༔ བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ མཆོད་པ་འབུལ་བའི་ཡན་ལག་གོ༔ ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་ཏེ༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་རྣམས༔ ངན་སོང་འཁོར་བའི་རྒྱུ་བསགས་ཐམས་ཅད་ཀུན༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ སྡིག་པ་བཤགས་པའི་ཡན་ལག་གོ༔ ཆོས་དབྱིངས་ཀུན་ཁྱབ་སྣང་སྲིད་བདེ་ཆེན་ཞིང་༔ འགྲོ་དོན་མཛད་དང་བསོད་ནམས་བྱང་ཆུབ་སེམས༔ བསོད་ནམས་ཡེ་ཤེས་དོན་འབྱུང་ཐམས་ཅད་ལ༔ དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ་༔ རྗེས་སུ་ཡི་རང་བའི་ཡན་ལག་གོ༔ ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་སྟོན་པ་རྣམས༔ སེམས་ཅན་དོན་དུ་ཐུགས་དམ་རྒྱུད་བསྐུལ་ཏེ༔ ནམ་མཁའི་མཐར་ཐུག་དབྱིངས་ཀྱིས་རབ་གང་བའི༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་གོ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་པར༔ དེ་སྲིད་འགྲོ་བ་རྒྱ་ཆེན་དོན་བྱེད་ཅིང་༔ མཐའ་ཡས་སངས་རྒྱས་སྟོན་པ་མ་ལུས་ཀུན༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་གོ༔ བདག་གིས་དུས་གསུམ་དགེ་བ་ཅི་བསགས་པས༔ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས༔ བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས༔ ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོག༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བའི་ཡན་ལག་གོ༔

ལྔ་པ་མཆོད་པ་བྱིན་གྱིས་བརླབས་པ་ནི༔ གྱེར་སྒོམ་དལ་བས་འདི་སྐད་དོ༔ ཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་ལས༔ ཐམས་ཅད་སྟོང་པའི་རང་བཞིན་ཉིད༔ སྨན་རཀ་གཏོར་མཆོད་དངོས་པོ་རྣམས༔ སྟོང་ཉིད་བདག་འཛིན་བྲལ་བ་ལས༔ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས༔ བདག་འཛིན་རྟོག་པའི་དྲི་མ་སྦྱངས༔ མེ་རླུང་ཆུ་ཡང་འོད་དུ་ཞུ༔ སྨན་རཀ་གཏོར་མཆོད་དངོས་པོར་གྱུར༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ བདུད་རྩི་བྱིན་གྱིས་བརླབ་པ་ནི༔ དཔའ་བོ་འབྲུ་ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལྔས་རྒྱུ་བྱས་ནས༔ དཔའ་མོ་འབྲུ་མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾལྔས་རྐྱེན་བྱས་ཏེ༔ ཐབས་ཤེས་གཉིས་མེད་བདུད་རྩིའི་ཆུ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ དཀར་དམར་མཐིང་གསུམ་བདུད་རྩིར་གྱུར༔ ༀ་ཨཱཿ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾཾཿཨཱཿཧཱུྃ་ཧྲཱིཿརཀྟ་བྱིན་གྱིས་བརླབ་པ་ནི༔ ཧཱུྃཿའདོད་ཆགས་ཞེ་སྡང་གཏི་མུག་ཆེ༔ དུག་གསུམ་སྟོང་གསལ་མ་འགགས་ངང་༔ རྒྱུ་རྐྱེན་རྣམ་དག་རཀྟར་འཁྱིལ༔ ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཋཱ༔ གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔར་བསྒྲལ་བའི༔ ཤ་ཆེན་ལྔ་ཡི་བརྡ་བསྟན་གཏོར་ཆེན་པོ༔ ཡེ་ཤེས་ལྔ་ཡི་རང་བཞིན་རྣམ་པར་དག༔ ༀ་ཨཱཿཧཱུྃ་མ་ཧཱ་བ་ལིང་ཏ་ཏེ་ཛོ་བ་ལིང་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཕྱི་མཆོད་འདོད་ཡོན་རྣམ་ལྔ་བྱིན་གྱིས་བརླབ་པ་ནི༔ ༀ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ གནས་སུ་དག་ཕྱིར་ཡུལ་སྣང་རྣམ་པར་དག༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཤོས༔ གནས་ཡུལ་རྣམ་དག་མཆོད་པ་ཆེན་པོའོ༔ ༀ་བཛྲ་པུཔྤེ་ཨཱཿཧཱུྃ༔ ༀ་བཛྲ་དྷུ་པེ་ཨཱཿཧཱུྃ༔ ༀ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ༔ ༀ་བཛྲ་གནྡྷེ་ཨཱཿཧཱུྃ༔ ༀ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔ ༀ་བཛྲ་ཤབྡ་ཨཱཿཧཱུྃ༔ ཞེས་གྱེར་སྒོམ་དལ་བར་བྱ༔ ཞི་ཁྲོ་འདུས་པའི་ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་གྱི་ཞེས་བྱ་བའི་སྔོན་དུ་འགྲོ་བའི་རིམ་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཞི་ཁྲོ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ དྲུག་པ་ཞི་ཁྲོའི་སྒོམ་ཁོག་ནི༔ ཐོག་མར་ཏིང་འཛིན་རྣམ་གསུམ་ལས༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པ་ནི༔ གྱེར་སྒོམ་ལྡན་པས་འདི་སྐད་དོ༔ ༀཿརྣམ་པར་རྟོག་གསུམ་བྲལ་བ་ཡི༔ དམིགས་མེད་བརྗོད་བྲལ་དེ་བཞིན་ཉིད༔ མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་ས་མ་ཏི་ཨཱཿགཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་བསྒོམ་པ་ནི༔ ཨཱཿརྟོག་བྲལ་ངང་ལས་རང་བྱུང་རྩལ༔ སྟོང་ཉིད་སྙིང་རྗེ་ཀུན་ཏུ་སྣང་༔ བཛྲ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཏི་ཨཱཿགསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་བསྒོམ་པ་ནི༔ ཧཱུྃ༔ གསལ་སྟོང་སྙིང་རྗེའི་ངང་ཉིད་ལས༔ རང་སེམས་རིག་རྩལ་འགགས་མེད་འདི༔ མཐིང་ནག་རྒྱུ་ཡི་ཡི་གེ་ཨ༔ བཛྲ་ཙིཏྟ་ཧཱུྃ་ཨ༔ བཞི་པ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི༔ སྟོང་གསལ་རང་བབས་གདོས་བཅས་བྲལ༔ སྣང་ལ་རང་བཞིན་མ་གྲུབ་པར༔ ནམ་མཁའི་གཟུགས་ཅན་འོད་ཟེར་འཕྲོ༔ ཨ་ལས་འོད་ཟེར་ཨེ་རུ་ཆད༔ ཨེ་ལས་ཆོས་འབྱུང་ཟུར་དྲུག་ལྡན༔ དེ་སྟེང་ཨ་ལས་ཡཾ་འཕྲོས་པས༔ ཡེ་ཤེས་ལྔ་ལྡན་རྒྱ་གྲམ་རླུང༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཆོས་སྐུའི་རང་རྩལ་ཤུགས་ལྡན་གནས༔ དེ་སྟེང་ཨ་ལས་བཾ་འཕྲོས་པས༔ བཾ་ལས་ཡེ་ཤེས་འབྱུང་བ་ཆུ༔ བཅུད་ལྡན་ཤིན་ཏུ་གཟུགས་མཛེས་པ༔ ཁ་དོག་མ་ངེས་རྒྱ་མཚོར་འཁྱིལ༔ ལཾ་འཕྲོས་རིན་ཆེན་ས་གཞིར་བརྡལ༔ གསེར་གཡུ་མུ་ཏིག་ཟངས་ལྕགས་ཚོགས༔ ཟུར་བཞི་ལོགས་བརྒྱད་ཁྲི་རྐང་དང་༔ རིན་ཆེན་ལྔ་ཡི་རི་རབ་བརྩེགས༔ ཨ་ལས་བྷྲཱུཾ་འཕྲོས་གཞལ་ཡས་ཁང་༔ རཏྣ་ལྔ་ལས་གྲུབ་པ་ཡི༔ ཟུར་བཞི་ལོགས་བཞི་སྒོ་བཞི་ལྡན༔ ལྷ་ཆེན་བརྒྱད་ཀྱིས་ཀ་གདུང་བྱས༔ ལྷ་བྲན་དྲལ་ཕྱམ་རིན་ཆེན་ཐོག༔ རུ་སྦལ་ཆུ་སྲིན་ཀ་བའི་གདན༔ མུ་ཏིག་འོད་ཕྲེང་རིན་ཆེན་བརྒྱན༔ གཟའ་བརྒྱད་ཀ་ཞུ་རྒྱུ་སྐར་འདེགས༔ ཕ་གུ་རིན་ཆེན་མིག་ཚག་ཕྲེང་༔ དྲིལ་བུ་རྩ་བརྒྱད་མཆོད་རྟེན་བསྐོར༔ མི་ནུབ་རྒྱལ་མཚན་བཅུ་ཡིས་བརྒྱན༔ རི་དྭགས་ཆོས་ཉན་ཆོས་འཁོར་ལྡན༔ གདུགས་དང་དར་དཔྱངས་བཀྲ་ཤིས་རྫས༔ ཕྱི་རིམ་དུར་ཁྲོད་གནས་བརྒྱད་དང་༔ རྡོ་རྗེ་མཚོན་ཆ་མེ་རིས་བསྐོར༔ སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ ཡིད་འོང་མཛེས་ལྡན་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷྲཱུཾཾ༔ ཨ་ཨེ་ཡཾ་བཾ་ལཾ་བྷྲཱུཾ༔ བི་ཤྭ་བི་ཤུདྡྷེ་ཨ༔ བྷྲཱུཾ་ཧཱུྃ༔ བྷྲཱུཾ་ཧཱུྃ་ཧཱུྃ༔ ལྔ་པ་ལྷ་ཚོགས་འཁོར་བཅས་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་པས་མ་ཆོད་སོ་མའི་ངང་༔ བསམ་བྲལ་ངང་ལས་སེམས་ཉིད་འདི༔ རྡོ་རྗེ་མཐིང་ནག་ཨ་ཡིས་མཚན༔ རྡོ་རྗེ་ཨར་བཅས་འོད་ཟེར་འཕྲོས༔ ཡར་རྒྱལ་བའི་ཐུགས་དམ་བསྐུལ་ཞིང་འགྲོ་བའི་དོན་བྱས་མར་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་རྡོ་རྗེ་ཨར་བཅས་པ༔ འོད་ཞུ་མ་རིག་ཉོན་མོངས་སྦྱངས༔ རིན་ཆེན་གཟུགས་སྐུ་བླུགས་པ་ལྟར༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང༔ ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔ མཉམ་བཞག་སྐྱིལ་ཀྲུང་གཉིས་མེད་འཁྲིལ༔ ཡེ་ཤེས་རིན་ཆེན་སྣ་ཚོགས་དང་༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཧཱུྃ་བཛྲ་ཙིཏྟ་ཨ༔ བཛྲ་ས་མནྟ་བྷ་དྲ་ༀ༔ དེ་ལྟར་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་རྣམ་སྣང་ཡབ་ཡུམ་བསྐྱེད་པ་དང་༔ ཀུན་བཟང་ཡབ་ཡུམ་རྣམ་སྣང་ཡབ་ཡུམ་གྱི་སྤྱི་བོར་བཏེགས་ལ་བཞུགས་སུ་གསོལ༔ དེ་ཉིད་ཐུགས་ལས་ༀ་ལཱཾ་འཕྲོས༔ རང་ཉིད་རྣམ་པར་སྣང་མཛད་ནི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་འཁོར་ལོ་ཐུགས་ཀར་འཛིན༔ གཡོན་ཤེལ་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་མཆོག་དབྱིངས་ཕྱུག་དཀར་དམར་ལ༔ ཆ་ལུགས་ཡབ་འདྲ་དགྱེས་པར་འཁྲིལ༔ སེང་ཆེན་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ༀ་ཛི་ན་ཛིཀཱ༔ ལཱཾ་ཏེ་ཤྭ་ར་ཏི་སྟྭཾ༔ ཨཿཀུན་བཟང་ཐུགས་ནས་ཧཱུྃ་མཱུཾ་འཕྲོས༔ རང་ཉིད་རྡོ་རྗེ་སེམས་དཔའ་ནི༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་ཤེལ་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་མཆོག་སངས་རྒྱས་སྤྱན་མཐིང་སྐྱ༔ ཆ་ལུགས་ཡབ་འདྲ་དགྱེས་པར་འཁྲིལ༔ གླང་ཆེན་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ཧཱུྃ་བཛྲ་དྷྲྀཀ༔ མཱུཾ་ད་དུ་ཤྭ་རི་སྟྭཾ༔ ཐུགས་ཀར་ཀྵི་དང་མཻ་འཕྲོས་པས༔ ཀྵི་ཞུ་གཡས་སུ་ས་སྙིང་དཀར༔ མྱུ་གུ་དྲིལ་འཛིན་སེམས་དཔའི་སྐྱིལ༔ མཻ་ཞུ་གཡོན་དུ་བྱམས་པ་དཀར༔ ཀླུ་ཤིང་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཡུམ་གྱི་ཐུགས་ནས་ཧཱུྃ་ཧཱུྃ་འཕྲོས༔ ཧཱུྃ་ཞུ་མདུན་དུ་ལཱ་སྱེ་དཀར༔ མེ་ལོང་གཙོ་བསྟན་ཕྱེད་སྐྱིལ་བཞུགས༔ ཧཱུྃ་ཞུ་རྒྱབ་ཏུ་པུཔྤེ་དཀར༔ མེ་ཏོག་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཀྵི་ཧི་ར་ཛ་ཡ་སྭཱ་ཧཱ༔ མེ་ཏྲི་དྷཱ་ར་ཎི་སྭཱ་ཧཱ༔ ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ༔ ཧཱུྃ་པུཔྤེ་ཨ་བེ་ཤ་ཡ་སྟྭཾ༔ ཨ༔ ཀུན་བཟང་ཐུགས་ནས་སྭཱ་མཱཾ་འཕྲོསཿརང་ཉིད་རིན་ཆེན་འབྱུང་ལྡན་ནི༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ནོར་བུ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་མཆོག་མ་མཱ་ཀཱི་སེར་སྐྱ༔ ཆ་ལུགས་ཡབ་འདྲ་དགྱེས་པར་འཁྲིལ༔ རྟ་མཆོག་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ སྭཱ་རཏྣ་དྷྲྀཀ༔ མཱཾ་མོ་ཧ་ར་ཏི་སྟྭཾ༔ ཡབ་ཀྱི་ཐུགས་ནས་ཧཱུྃ་ཏྲཱཾ་འཕྲོས༔ ཧཱུྃ་ཞུ་ཀུན་བཟང་དམར་སེར་གཡས༔ སྙེ་མ་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཏྲཱཾ་ཞུ་གཡོན་དུ་ནམ་སྙིང་སེར༔ རལ་གྲི་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཡུམ་གྱི་ཐུགས་ནས་ཏྲཱཾ་ཛཿའཕྲོས༔ ཏྲཱཾ་ཞུ་མཱ་ལྱེ་སེར་སྐྱ་མདུན༔ ཕྲེང་བ་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ ཛཿཞུ་དྷུ་པེ་སེར་མོ་རྒྱབ༔ སྤོས་ཕོར་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ་སྭཱ་རཱ་ཙ་ཡ་སྭཱ་ཧཱ༔ ཏྲཱཾ་ཨ་གརྦྷ་ཡ་སྭཱ་ཧཱ༔ ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོ༔ ཛཿདྷུ་པེ་པྲ་ཝེ་ཤ་ཡ་སྟྭཾ༔ ཨ༔ ཀུན་བཟང་ཐུགས་ནས་ཨཾ་པྱཱཾ་འཕྲོས༔ བདག་ཉིད་སྣང་བ་མཐའ་ཡས་ནི༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པདྨ་ཐུགས་ཀར་འཛིན༔ གཡོན་ཤེལ་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་ཆེན་གོས་དཀར་དམར་སྐྱ་ལ༔ ཆ་ལུགས་ཡབ་དང་མཚུངས་པར་འཁྲིལ༔ རྨ་བྱ་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ཨཾ་ཨ་རོ་ལཱྀཀ༔ པྱཱཾ་རཱ་ག་ར་ཏི་སྟྭཾ༔ ཡབ་གྱི་ཐུགས་ནས་ཧྲཱིཿམཱུཾ་འཕྲོས༔ ཧྲཱི་ཞུ་སྤྱན་གཟིགས་དཀར་དམར་གཡས༔ པདྨ་དྲིལ་འཛིན་སེམས་དཔའི་སྐྱིལ༔ མཱུཾ་ཞུ་འཇམ་དཔལ་དམར་སེར་གཡོན༔ ཨུཏྤལ་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཡུམ་གྱི་ཐུགས་ནས་ཧྲཱིཿབཾ་འཕྲོས༔ ཧྲཱིཿཞུ་གཱིརྟི་དམར་སྐྱ་མདུན༔ པི་ཝཾ་སྒྲ་སྒྲོགས་ཕྱེད་སྐྱིལ་བཞུགས༔ བཾ་ཞུ་ཨཱ་ལོ་དམར་མོ་རྒྱབ༔ མར་མེ་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ པདྨ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧྲཱི་ཧ་ཧཱུྃ་པདྨ་བྷ་ཏ་མ་སྭཱ་ཧཱ༔ མཱུཾ་ཤྲི་ཨ་རཾ་གྷ་ཡ་སྭཱ་ཧཱ༔ ཧྲཱི་གཱིརྟི་རཱ་ག་ཡ་ཧོ༔ བཾ་དཱི་པཾ་སུ་ཀི་ནི་ས་མ་ཡ་སྟྭཾ༔ ཨ༔ ཀུན་བཟང་ཐུགས་ནས་ཧཱ་ཏཱཾ་འཕྲོས༔ བདག་ཉིད་དོན་ཡོད་གྲུབ་པ་ནི༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྒྱ་གྲམ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་ཆེན་སྒྲོལ་མ་ལྗང་སྐྱ་ལ༔ ཆ་ལུགས་ཡབ་འདྲ་དགྱེས་པར་འཁྲིལ༔ ཤང་ཤང་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ཧཱ་པྲ་ཛྙཱ་དྷྲྀཀ༔ ཏཱཾ་བཛྲ་ར་ཏི་སྟྭཾ༔ ཡབ་ཀྱི་ཐུགས་ནས་ཐླྷི་ཾཛྷི་ཾའཕྲོས༔ ཐླྷི་ཾཞུ་སྒྲིབ་སེལ་ལྗང་གུ་གཡས༔ པོ་ཏི་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཛྷི་ཾཞུ་ཕྱག་རྡོར་ལྗང་གུ་གཡོན༔ རྡོ་རྗེ་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཡུམ་གྱི་ཐུགས་ནས་ཧོཿཨ་འཕྲོས༔ ཧོ་ཞུ་གནྡྷེ་ལྗང་གུ་མདུན༔ དུང་ཕོར་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ ཨཱ་ཞུ་ནཱིརྟི་ལྗང་གུ་རྒྱབ༔ ཞལ་ཟས་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཐླྷི་ཾས་རཾ་པཱ་ཡ་སྭཱ་ཧཱ༔ ཛྷི་ཾཀུ་རུ་པཱ་ཎི་ཧྲཱིཿསྭཱ་ཧཱ༔ ཧོཿགནྡྷེ་ཙིཏྟ་ཡ་ཧོ༔ ཨ་ནཱིརྟི་རཱ་ག་ཡ་མི་སྟྭཾ༔ ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱང་༔ དབུ་རྒྱན་སྟོད་གཡོགས་སྨད་དཀྲིས་དང་༔ སྐུ་རེག་ཕྱག་གདུབ་དཔུང་རྒྱན་མཛེས༔ ཅོད་པན་སྙན་ཆ་མགུལ་ཆུར་བཅས༔ དོ་ཤལ་རིན་ཆེན་ཕྲེང་བས་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ སྣང་ལ་རང་བཞིན་མེད་པ་ལ༔ འཛིན་མེད་མ་བཅོས་རང་གསལ་བསྒོམ༔ ཨ༔ བདག་ཉིད་ཀུན་བཟང་ཐུགས་ཀ་ནས༔ ཀྲེ་ཾཔྲེ་ཾཏྲུཾ་ཀྵཱཾ་སྲུཾ་ཡེ་འཕྲོས༔ དེ་དྲུག་ཞུ་བས་ཐུབ་དྲུག་སྐུ༔ སྟེང་དུ་བརྒྱ་ཤར་སྟོད་བྱིན་པི་ཝཾ་དཀར༔ འོག་ཏུ་ཆོས་ནུབ་སྨད་རྒྱལ་མེ་ཆུ་ནག༔ ཤར་ལྷོར་ཐག་བཟང་གོ་མཚོན་ལྗང་༔ ལྷོ་ནུབ་ཤཱཀ་ཐུབ་གསེག་པར་སེར༔ ནུབ་བྱང་སེང་གེ་པོ་ཏི་མཐིང་༔ བྱང་ཤར་ཁ་འབར་སྒྲོམ་བུ་དམར༔ འགྲོ་དོན་མཛད་པའི་ཐུབ་པ་དྲུག༔ པད་རྐྱང་སྟེང་ན་བཞེངས་སྟབས་སྐུ༔ གསལ་ལ་འཛིན་པ་མེད་པར་བསྒོམ༔ ༀ་མུ་ནེ་ཀྲེ་ཾསྭཱ་ཧཱ༔ ༀ་མུ་ནེ་པྲེ་ཾསྭཱ་ཧཱ༔ ༀ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ༀ་མུ་ནེ་ཀྵཾ་སྭཱ་ཧཱ༔ ༀ་མུ་ནེ་སྲུཾ་སྭཱ་ཧཱ༔ ༀ་མུ་ནེ་ཡེ་སྭཱ་ཧཱ༔ ས་མ་ཡ་སྟྭཾ༔ ཨཱཿབདག་ཉིད་ཀུན་བཟང་ཡབ་ཡུམ་གྱི༔ ཐུགས་ནས་ས་བོན་ཕྱོགས་བཞིར་འཕྲོས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་དང་༔ བཾ་ཧོཿའབྲུ་བརྒྱད་ཞུ་བ་ལས༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྕགས་ཀྱུ་དྲིལ་འཛིན་འདོར་སྟབས་འགྱིང་༔ ༀ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཛ༔ ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔ དབྱུག་ཏོ་ཞགས་འཛིན་འདོར་སྟབས་འགྱིང་༔ ༀ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ༔ བཛྲ་པཱ་ཤ་ཧཱུྃ༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔ ལྕགས་སྒྲོག་དྲིལ་འཛིན་འདོར་སྟབས་འགྱིང་༔ ༀ་པདྨ་ཏ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བྱང་སྒོར་བདུད་རྩི་དྲིལ་བུ་ལྗང་༔ རྒྱ་གྲམ་དྲིལ་འཛིན་འདོར་སྟབས་འགྱིང་༔ ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བཛྲ་གྷཎྜེ་ཧོ༔ ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱད༔ ཐོད་སྐམ་རིན་ཆེན་དབུ་ལ་བརྒྱན༔ ཅོད་པན་སྙན་ཆ་མགུལ་ཆུར་བཅས༔ ཐོད་ཕྲེང་ཚར་གསུམ་སྦྲུལ་ཞགས་བརྒྱན༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ ཐལ་ཆེན་ཚོམ་བུ་ཁྲག་ཐིག་སྤྲས༔ ཞག་གི་ཟོ་རིས་སྟག་ལྤགས་དཀྲིས༔ སྒེག་པ་དཔའ་བ་འཇིགས་སུ་རུང་ཿ དགོད་དང་གཤེད་དང་རྔམས་པར་སྟོན༔ སྙིང་རྗེ་ཞེ་སྡང་གཏུམ་པར་བཞུགས༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ ལྷ་ཉིད་ཀུན་ཀྱང་རང་སྣང་ལ༔ རང་སྣང་ཀུན་ཀྱང་ལྷ་རུ་གསལ༔ སྣོད་བཅུད་ཞི་བའི་དཀྱིལ་འཁོར་ལྷ༔ ཡེ་ནས་ལྷུན་གྲུབ་ཆེན་པོར་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་ཨཱཿཧཱུྃ༔ ༀ་ཨཱཿཧཱུྃ༔ ༀ་ཨཱཿཧཱུྃ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི༔ སྒོམ་ཁོག་ཚོར་བ་རང་གྲོལ་ལོ༔ དེ་ལྟར་ཞི་བའི་ལྷ་ཚོགས་ཀུན༔ བདག་བསྐྱེད་མདུན་བསྐྱེད་དཀྱིལ་བསྐྱེད་དང་༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང་༔ གང་ལྟར་བསྒོམ་ཡང་ཁྱད་པར་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔

དེ་ནས་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ནི༔ ཧཱུྃ༔ རང་བྱུང་རང་ཤར་དཀྱིལ་འཁོར་དབུས༔ ཀུན་བཟང་ཡབ་ཡུམ་ཐུགས་ལས་ཧཱུྃ༔ ཞུ་བས་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ རྡོ་རྗེ་ཁ་ཊྲཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ ཡུམ་ཆེན་ཀྲོ་དྷི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབས༔ མཁའ་ལྡིང་ཁྱུང་ཆེན་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་མ་ཧཱ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ༔ ཧཱུྃ༔ ཆེ་མཆོག་ཡབ་ཡུམ་ཐུགས་ཀ་ནས༔ ཧཱུྃ་ཧཱུྃ་འཕྲོ་འདུས་དོན་གཉིས་བྱས༔ ཞུ་བས་ཞུ་ལུགས་ཞུན་སྐུ་ལྟར༔ ན་རཀ་སྐོང་བཤགས་ཀྱི་སྐབས་སུ་དབུས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་༔ བཛྲ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད༔ རྣམ་སྣང་ཡབ་ཡུམ་དང་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ཤར་དུ་བསྐྱེད་དོ༔ བདག་ཉིད་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ འཁོར་ལོ་དགྲ་སྟྭ་རལ་གྲི་གཡས༔ དྲིལ་བུ་ཐོང་གཤོལ་བྷན་དམར་གཡོན༔ བུདྡྷ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབས༔ བྱོལ་སོང་གཙོ་བརྒྱད་རིན་ཆེན་བྲག༔ པདྨ་ཉི་ཟླའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་ཤར་དབུས་སུ༔ ཆེ་མཆོག་ཡབ་ཡུམ་ཐུགས་ལས་ཧཱུྃ༔ ཧཱུྃ་སྦྲེལ་མ་འདི་ཀུན་ལ་བསྐྱེད་དོ༔ ཧཱུྃ་ཞུ་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རྡོ་རྗེ་བྷནྡྷ་དགྲ་སྟྭ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ བཛྲ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབས༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་བཛྲ་ཀྲོོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་ལྷོ་དབུས་སུ༔ ཆེ་མཆོག་ཡབ་ཡུམ་ཐུགས་ལས་ཧཱུྃ༔ ཡབ་ཀྱི་ཐུགས་སྲོག་ཧཱུྃ་ལོག་ཡར་འབོད༔ ཡུམ་གྱི་ཐུགས་སྲོག་ཧཱུྃ་ཞེས་མར་འབོད་དོ༔ ཧཱུྃ་ཞུ་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ནག༔ རིན་ཆེན་ཁ་ཊྲཱཾ་བེ་ཅོན་གཡས༔ དྲིལ་བུ་བྷན་དམར་ཏྲི་ཤུལ་གཡོན༔ རཏྣ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་སྟོབས་འཁྲིལ༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་རཏྣ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་ནུབ་དབུས་སུ༔ ཆེ་མཆོག་ཡབ་ཡུམ་ཐུགས་ལས་ཧཱུྃ༔ ཧཱུྃ་ཞུ་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་མཐིང་དབུས་དམར་ནག༔ པདྨ་ཁ་ཊྲཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷན་དམར་རྔེའུ་ཆུང་གཡོན༔ པདྨ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་སྟོབས་འཁྲིལ༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ པདྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་བྱང་དབུས་སུ༔ ཆེ་མཆོག་ཡབ་ཡུམ་ཐུགས་ལས་ཧཱུྃ༔ ཧཱུྃ་ཞུ་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་ཀརྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ནག༔ རལ་གྲི་ཁ་ཊྲཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ ཀརྨ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་སྟོབས་འཁྲིལ༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ༔ ཁྲོ་གཉེར་སྤྱན་རྩ་སྡང་མིག་བགྲད༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ སྨ་ར་ཨག་ཚོམ་ཚྭ་ཚྭ་འཕྲོ༔ ཐོད་སྐམ་རིན་ཆེན་དབུ་ལ་བརྒྱན༔ ཅོད་པན་སྙན་ཆ་མགུལ་ཆུན་སྦྲུལ༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ ཐལ་ཆེན་རཀྟའི་ཐིག་ལེས་བརྒྱན༔ ཕྱག་གདུབ་ཞབས་གདུབ་སྟག་གཟིག་ཤམ༔ རུ་ཏྲ་ཆེ་ཆུང་སྐུ་རེག་མཛད༔ སྒེག་པ་དཔའ་བ་འཇིགས་སུ་རུང་༔ དགོད་དང་གཤེད་དང་རྔམ་པ་དང་༔ སྙིང་རྗེ་ཞེ་སྡང་གཏུམ་པར་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ དེ་ནས་ཀཽ་རཱི་མ་བརྒྱད་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཐུགས་ཀ་ནས༔ ཧ་བརྒྱད་འོད་འཕྲོས་ཞུ་བ་ལས༔ ཤར་ཕྱོགས་ཀཽ་རི་ཞིང་དབྱུག་དཀར༔ ཞིང་ཆེན་གདན་ལ་གར་སྟབས་འགྱིངས༔ ལྷོ་ཕྱོགས་ཙཽ་རཱི་མདའ་འགེངས་སེར༔ ནུབ་ཕྱོགས་པྲ་མོ་ཆུ་སྲིན་དམར༔ བྱང་ཕྱོགས་བེ་ཏཱ་བྷན་དམར་ལྗང་༔ ཤར་ལྷོར་པུསྐ་རྒྱུ་འདྲེན་སེར༔ ལྷོ་ནུབ་གྷསྨ་བྷན་དམར་ལྗང་༔ ནུབ་བྱང་ཙནྡྷ་རྒྱུ་ཟ་སེར༔ བྱང་ཤར་སྨེ་ཤ་རོ་ཟ་མཐིང་༔ ཀཽ་རཱི་ལ་སོགས་མ་མོ་བརྒྱད༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང་༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་བཛྲ་ཀཽ་རཱི་ཧ༔ ༀ་བཛྲ་ཙཽ་རཱི་ཧ༔ ༀ་བཛྲ་པྲ་མོ་ཧཱ་ཧ༔ ༀ་བཛྲ་བེ་ཏཱ་ལི་ཧ༔ ༀ་བཛྲ་པུསྐ་སཱི་ཧ༔ ༀ་བཛྲ་ཀསྨ་རཱི་ཧ༔ ༀ་བཛྲ་ཙནྡྷ་ལཱི་ཧ༔ ༀ་བཛྲ་སྨེ་ཤ་ནཱི་ཧ༔ དེ་ནས་སི་ཾཧ་མ་བརྒྱད་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ ཐུགས་ནས་ཧེ་བརྒྱད་འཕྲོས་ནས་ཞུ༔ དཀྱིལ་འཁོར་ཁྱམས་ཀྱི་ཤར་ཕྱོགས་སུ༔ སེང་ཧ་སེང་གདོང་རོ་ཟ་སྨུག༔ དཀྱིལ་འཁོར་ཁྱམས་ཀྱི་ལྷོ་ཕྱོགས་སུ༔ བྱཱ་ཀྲྀ་སྟག་གདོང་ལག་བསྣོལ་དམར༔ དཀྱིལ་འཁོར་ཁྱམས་ཀྱི་ནུབ་ཕྱོགས་སུ༔ སྲི་ལ་ཝ་གདོང་སྤུ་གྲི་ནག༔ དཀྱིལ་འཁོར་ཁྱམས་ཀྱི་བྱང་ཕྱོགས་སུ༔ ཤྭ་ན་སྤྱང་གདོང་རོ་ཐོགས་མཐིང་༔ རང་སྣང་དཀྱིལ་འཁོར་ཤར་ལྷོའི་ཁྱམས༔ ཀྲི་ཏ་བྱ་སྒོད་རྒྱུ་འདྲེན་སེར༔ རང་སྣང་དཀྱིལ་འཁོར་ལྷོ་ནུབ་ཁྱམས༔ ཀང་ཀ་དུར་བྱ་ཞིང་ཕྲག་དམར༔ རང་སྣང་དཀྱིལ་འཁོར་ནུབ་བྱང་ཁྱམས༔ ཁ་ཁ་བྱ་རོག་བྷན་གྲི་ནག༔ རང་སྣང་དཀྱིལ་འཁོར་བྱང་ཤར་ཁྱམས༔ ཧུ་ལུ་འུག་གདོང་ལྕགས་ཀྱུ་མཐིང་༔ སེང་ཧ་མ་མོ་བརྒྱད་རྣམས་ཀྱང་༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང་༔ སྣང་ལ་རང་བཞིན་མེད་པའི་སྐུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་བཛྲ་སེང་ཧ་མུ་ཁ་ཧེ༔ ༀ་བཛྲ་བྱཱ་ཀྲི་མུ་ཁ་ཧེ༔ ༀ་བཛྲ་སྲི་ལ་མུ་ཁ་ཧེ༔ ༀ་བཛྲ་ཤྭ་ན་མུ་ཁ་ཧེ༔ ༀ་བཛྲ་ཀྲི་ཏ་མུ་ཁ་ཧེ༔ ༀ་བཛྲ་ཀངྐ་མུ་ཁ་ཧེ༔ ༀ་བཛྲ་ཁ་ཁ་མུ་ཁ་ཧེ༔ ༀ་བཛྲ་ཧུ་ལུ་མུ་ཁ་ཧེ༔ དེ་ནས་སྒོ་མ་བཞི་བསྐྱེད་པ་ནི༔ ཧཱུྃ༔ ཆེ་མཆོག་རིགས་བཞིའི་ཐུགས་ཀ་ནས༔ ཛཿཧཱུྃ་བཾ་ཧོཿའབྲུ་བཞི་འཕྲོས༔ འབྲུ་བཞི་འོད་དུ་ཞུ་བ་ལས༔ ཤར་དུ་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོ་རུ་ཕག་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང་༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཞིང་ཆེན་བསྣོལ་བའི་གདན་སྟེང་དུ༔ གར་སྟབས་འགྱིང་བག་ཚུལ་དུ་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ༀ་བཛྲ་ཨཾ་ཀུ་ཤ་ཛ༔ ༀ་བཛྲ་པཱ་ཤ་ཧཱུྃ༔ ༀ་བཛྲ་སྥོ་ཊ་བཾ༔ ༀ་བཛྲ་གཎྜེ་ཧོ༔ དེ་ནས་དབང་ཕྱུག་ཉེར་བརྒྱད་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཐུགས་ཀ་ནས༔ འོད་ཟེར་ཉེར་བརྒྱད་བྷྱོ་འཕྲོས་པས༔ རིམ་པར་བྷྱོ་ཉིད་འོད་ཞུ་བས༔ ཤར་ཕྱོགས་ཞི་བའི་ལས་མཛད་བདུན༔ སྲིན་མོ་གཡག་གདོང་རྡོ་རྗེ་སྨུག༔ ཚངས་པ་སྦྲུལ་གདོང་པདྨ་སེར༔ ལྷ་ཆེན་གཟིག་གདོང་ཏྲི་ཤུལ་ལྗང་༔ གཏོགས་འདོད་སྲེ་གདོང་འཁོར་ལོ་སྔོ༔ གཞོན་དུ་དྲེད་གདོང་མདུང་ཐུང་དམར༔ བརྒྱ་བྱིན་དོམ་མགོ་རྒྱུ་ཞགས་དཀར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ལྷོ་རུ་རྒྱས་པའི་ལས་མཛད་བདུན༔ རྡོ་རྗེ་ཕ་ཝཾ་སྤུ་གྲི་སེར༔ ཞི་བ་ཆུ་སྲིན་བུམ་པ་དམར༔ བདུད་རྩི་སྡིག་གདོང་པདྨ་དམར༔ ཟླ་བ་ཁྲ་མགོ་རྡོ་རྗེ་དཀར༔ བེ་ཅོན་ཝ་གདོང་དབྱུག་ཏོ་ལྗང་༔ སྲིན་མོ་སྟག་གདོང་ཐོད་ཁྲག་ནག༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ནུབ་ཏུ་དབང་གི་ལས་མཛད་བདུན༔ ཟ་བ་བྱ་རྒོད་བེ་ཅོན་ལྗང་༔ དགའ་བ་རྟ་གདོང་ཁོག་ཆེན་དམར༔ སྟོབས་ཆེན་ཁྱུང་གདོང་དབྱུག་ཏོ་དཀར༔ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་པུ་ཤུད་མདའ་འགེངས་དམར༔ ནོར་སྲུང་ཤ་མགོ་བུམ་པ་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ བྱང་དུ་དྲག་པོའི་ལས་མཛད་བདུན༔ རླུང་ལྷ་སྤྱང་གདོང་བ་དན་ལྗང་༔ མི་མོ་སྐྱིན་གདོང་གསལ་ཤིང་དམར༔ ཕག་མོ་ཕག་གདོང་མཆེ་ཞགས་ནག༔ རྡོ་རྗེ་ཁ་གདོང་ཞིང་ཆུང་དམར༔ སྣ་ཆེན་གླང་ཆེན་བམ་ཆེན་ལྗང་༔ ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞགས་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ དཀྱིལ་འཁོར་ཕྱི་རིམ་ཤར་སྒོ་རུ༔ རྡོ་རྗེ་ཁུ་བྱུག་ལྕགས་ཀྱུ་དཀར༔ དཀྱིལ་འཁོར་ཕྱི་རིམ་ལྷོ་སྒོ་རུ༔ རྡོ་རྗེ་ར་གདོང་ཞགས་པ་སེར༔ དཀྱིལ་འཁོར་ཕྱི་རིམ་ནུབ་སྒོ་རུ༔ རྡོ་རྗེ་སེང་གདོང་ལྕགས་སྒྲོག་དམར༔ དཀྱིལ་འཁོར་ཕྱི་རིམ་བྱང་སྒོ་རུ༔ རྡོ་རྗེ་སྦྲུལ་གདོང་དྲིལ་བུ་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོབྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཕྱི་སྣོད་གཞལ་ཡས་ཁང་ཆེན་ཉིད༔ ནང་བཅུད་ལྷ་དང་ལྷ་མོར་གསལ༔ རང་ཉིད་ལྷ་ལ་ལྷ་ཉིད་རང་༔ དབྱེར་མེད་དུ་མ་རོ་གཅིག་གནས༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ བདེ་གཤེགས་ཞི་ཁྲོའི་སྒོམ་ཁོག་འདི༔ བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དང་༔ འབྲུ་བསྐྱེད་བུམ་བསྐྱེད་གང་བྱེད་ཀྱང་༔ སྒོམ་ཁོག་བློ་ལ་བྱང་བ་གཅེས༔ ཞི་ཁྲོ་འདུས་པའི་སྒོམ་ཁོག་ཚོར་བ་རང་གྲོལ་ཞེས་བྱ་བ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༈ སྤྱན་འདྲེན་དབུར། དེ་ལྟར་རང་བྱུང་སྣང་སྲིད་གཞིར་བཞེངས་ཀྱི་ལྷ་ཚོགས་གཙོ་དང་འཁོར་དུ་སྣང་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་དབྱིག་དང་། ཐུགས་སྲོག་དྭངས་མའི་ས་བོན་ལས་འོད་ཟེར་གྱི་དྲྭ་བ་ཆོས་དབྱིངས་ཁྱབ་པར་འབར་བས། ཀ་དག་ཟང་ཐལ་གྱི་ཕོ་བྲང་། ལྷུན་གྲུབ་རིན་པོ་ཆེའི་སྦུབས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་ནས། ཐོག་མའི་མགོན་པོ་ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཉི་ཟེར་ལ་རྡུལ་འཚུབ་པ་ལྟ་བུ་སྤྱན་དྲངས་བདག་མདུན་བུམ་པའི་དཀྱིལ་འཁོར་རྣམས་ལ་སིབ་སིབ་ཐིམ་པར་གྱུར། ཞེས་པའང་མཛོད་ལྔའི་ཤིང་རྟ་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཀྱི་གསུང་རབས་ལས་བྱུང་བ་སྟེ། འདི་ཞི་ཁྲོ་ཆགས་མེད་ལུགས་སུ་སྦྱར་རྒྱུ་གལ་ཆེ། ཞི་ཁྲོའི་ལྷ་བསྐྱེད་སྐབས་ཆགས་མེད་རིན་པོ་ཆེའི་ཞལ་སྐོང་ལྟར་རིག་འཛིན་ལྔ་དང་སྤོར་བྱེད་བརྒྱད་བཅས་གསལ་འདེབས་དགོས་པས། བྷྱོ་བྷྱོ། མཚམས། དཀྱིལ་འཁོར་ཕྱི་ཡི་བར་ཁྱམས་སུ། །རྒྱ་ཆེན་ཡངས་པ་དེ་ཡི་ནང་། །རིག་འཛིན་ལྔ་དང་སྤོར་བྱེད་བརྒྱད། །གཞན་ཡང་རྩ་བརྒྱུད་བླ་མ་དང་། །ཡི་དམ་ལྷ་ཚོགས་མཁའ་འགྲོ་དང་། །ཆོས་སྐྱོངས་དམ་ཅན་རྒྱ་མཚོའི་ཚོགས། །དམ་ཡེ་དབྱེར་མེད་དྲན་རྫོགས་གསལ། །ཕྱི་སྣོད་གཞལ་ཡས༴སྤྱན་འདྲེན་དབང་བསྐུར། འོག་མིན་གནས་ནས་ཡེ་ཤེས་པ། །ཁ་བ་བབས་ལྟར་སྤྱན་དྲངས་ནས། །བདག་བདུན་བུམ་པ་རྣམས་ལ་ཐིམ། །ཞེས་པ་འདི་ན་རཀ་དོང་སྤྲུགས་ཆགས་མེད་ལུགས་ལ་མེད་ཐབས་མེད་པར་གྲུབ་དབང་དཔལ་ཆེན་འདུས་པས་གསུང་པས་གལ་ཆེ་ཆེ། །བདུན་པ་ལྷ་ཚོགས་སྤྱན་འདྲེན་པ་ནི༔ སེང་གེའི་ང་རོས་འདི་སྐད་དོ༔ ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དབུས་ཕྱོགས་སུ༔ བླ་མ་རིན་ཆེན་ཀུན་བཟང་ཆོས་ཀྱི་སྐུ༔ ཉག་གཅིག་གསལ་དག་མཐའ་བྲལ་ལུ་གུ་རྒྱུད༔ ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་དུ༔ ཉོན་མོངས་ལྔ་དག་སྐུ་ལྔ་འདུ་འབྲལ་མེད༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ༀ་གུ་རུ་བཛྲ་ཨཾ་ཀུ་ཤ་ཛ༔ ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་ཕྱོགས་ལྔ་རུ༔ བླ་མ་ཀུན་བཟང་ལོངས་སྤྱོད་རྫོགས་པའི་སྐུ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་དང་ལྡན༔ ཕུང་ལྔ་རྣམ་དག་བཅོམ་ལྡན་རིགས་ལྔ་ཡབ༔ འབྱུང་ལྔ་རྣམ་དག་ཡུམ་མཆོག་ལྔ་དང་སྦྱོར༔ སྐུ་གསུང་ཐུགས་ཡོན་གསལ་ལ་འགགས་པ་མེད༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་གྲངས་མེད་ཚོགས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ༀ་ཨཱཿཧཱུྃ༔ ༀ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿམཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ༔ ཨཾ་ཀུ་ཤ་ཛཿཧཱུྃ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་མཚམས་ནས༔ འགྲོ་དོན་རྫོགས་མཛད་ཐུབ་པ་དྲུག་རྣམས་དང་༔ ཚད་མེད་བཞི་ལྡན་རྟག་ཆད་མུ་བཞི་བྲལ༔ ཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཞི་ཁྲོ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ ཞི་བ་བཞི་བཅུ་རྩ་གཉིས་སྤྱན་འདྲེན་ནོ༔ འགྲོ་ཀུན་བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ ས་མ་ཡ༔ དེ་ནས་ཁྲོ་བོའི་ལྷ་ཚོགས་སྤྱན་འདྲེན་པ་ནི༔ གྱི་ལིང་མཚེར་སྐད་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ་༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རི་འཁྲིལ༔ ཉོན་མོངས་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་ུགསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རི་ལྔ༔ དུག་ལྔ་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཧཱུྃཿསངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་མཛད་པའི༔ ཀཽ་རི་ལ་སོགས་གནས་བདག་མ་མོ་བརྒྱད༔ སེང་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ བཀའ་སྲུང་གཏེར་བདག་དམ་ཅན་ཆོས་སྐྱོང་སོགས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ འགྲོ་ཀུན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཛཿཧཱུྃ་བཾ་ཧོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ས་མ་ཡ༔ བཛྲ་ཨཾ་གུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཁྲོ་བོ་ཁྲག་འཐུང་སྤྱན་འདྲེན་ལེའུའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔

བརྒྱད་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཆུ་བོའི་རྒྱུན་དབྱངས་རིང་པོས་འདི་སྐད་དོ༔ ཧཱུྃཿསྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔ ཤང་ཤང་རིན་ཆེན་པདྨ་ཉི་ཟླའི་གདན༔ ཆོས་སྐུ་ཀུན་བཟང་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ལྔ་ཡི་རིག་རྩལ་ཆོ་འཕྲུལ་ལས༔ བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཡབ་ཡུམ་བཅུ༔ སེམས་དཔའ་སེམས་མ་བཅུ་དྲུག་འཁོར་དང་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ སྣ་ཚོགས་རིན་ཆེན་ཉི་ཟླ་པདྨའི་སྟེང་༔ ཀུན་བཟང་ཞི་རྒྱས་དབང་དྲག་ཆོ་འཕྲུལ་ལས༔ ཚད་མེད་བཞི་ལྡན་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུ་མུ་བཞི་གནས་དག་པའི༔ རྣམ་ཐར་བརྒྱད་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ རིན་ཆེན་ཉི་ཟླ་པདྨ་བརྩེགས་པའི་སྟེང་༔ ཆོས་སྐུ་ཀུན་བཟང་ཟག་མེད་ཆོ་འཕྲུལ་ལས༔ འགྲོ་བའི་རྣམ་རྟོག་རིགས་དྲུག་རྩད་གཅོད་ཕྱིར༔ བཅོམ་ལྡན་ཐུབ་དྲུག་ལ་སོགས་དཔག་མེད་འཕྲོས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཡྂ་བྂ་ལྂ་བྷྲཱུྂ༔ རཏྣ་མཎྜལ༔ པྂ་པདྨ་མཎྜལ༔ ཨ་ཙནྡྲ་མཎྜལ༔ མ་སུཪྱ་མཎྜལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་སངས་རྒྱས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས༔ རང་སྣང་གནས་ཡུལ་དག་པའི་དཀྱིལ་འཁོར་དུ༔ ཕྱོགས་མཚམས་རང་རང་བཞུགས་པའི་གདན་ཁྲི་ལ༔ ཆུ་ཉིད་ལ་ནི་ཆུ་ཉིད་ཐིམ་པ་ལྟར༔ དུ་མ་སོ་སོར་སྣང་ཡང་ངོ་བོ་གཅིག༔ གཉིས་མེད་རང་བཞིན་བརྟན་པར་བཞུགས་སུ་གསོལ༔ ༀ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཁྲག་འཐུང་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ དུག་ལྔ་འཇོམས་པའི་ལྷ་ཚོགས་དཔག་མེད་འཕྲོས༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ༔ ཀྲོ་ཏི་ཤྭ་རི་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ སྤྲུལ་པའི་ཁྲག་འཐུང་རིགས་ལྔ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཕྱུག་ཀྲོ་ཏི་ལྔ་དང་འཁྲིལ༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཁྲོ་རྒྱལ་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལྷ༔ རང་སྣང་དབང་པོ་ཚོགས་བརྒྱད་གནས་དག་པའི༔ ཀཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཁྲག་འཐུང་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལྷ༔ རང་སྣང་དབང་པོ་ཡུལ་བརྒྱད་གནས་དག་པའི༔ སེང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཁྲག་འཐུང་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལྷ༔ དཀྱིལ་འཁོར་ཕྱི་རིམ་མུ་རན་སྐྱོང་མཛད་མ༔ སྤྲུལ་པའི་ལས་མཛད་དབང་ཕྱུགས་ཉི་ཤུ་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཁྲག་འཐུང་རིགས་བཞིའི་ཐུགས་ལས་སྤྲུལ་པའི་ལྷ༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ ཕྱོགས་བཞིའི་ཞིང་རྐྱང་རང་རང་གདན་སྟེང་དུ༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འཇའ་ཚོན་བཞིན༔ རང་ལས་བྱུང་ཞིང་རང་བྱུང་རང་ཐིམ་ལྟར༔ གཉིས་མེད་ཟུང་འཇུག་དབྱེར་མེད་ཆེན་པོ་རུ༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ བྷྲཱུཾ་ཨེ་ཡཾ་བཾ་ལཾ་བྷྲཱུཾ༔ རཏྣ་ཙཀྲ་རཏྣ་སྟི་ར་བཾ༔ པཾ་པདྨ་སྟི་ར་བཾཿམ་སུཪྻ་སྟི་ར་བཾ༔ ཨ་ཙནྡྲ་སྟི་ར་བཾ༔ ༀ་ཨཱཿཧཱུྃ༔ ༀ་ཨཱཿཧཱུྃ༔ ༀ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དགུ་པ་ལྷ་ལ་གུས་ཕྱག་འཚལ་བ་ནི༔ སྟག་ཆུང་བུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ ཡིད་ཤེས་རྣམ་དག་ཀུན་ཏུ་བཟང་པོ་ཡབ༔ ཆོས་ཁམས་རྣམ་དག་ཀུན་ཏུ་བཟང་མོ་ཡུམ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་མེས་ལྷ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད༔ རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས༔ ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་༔ འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས༔ འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ༔ ཕུང་ལྔ་རྣམ་དག་ཡེ་ཤེས་ལྔ་དང་ལྡན༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ནམ་མཁའ་རྣམ་དག་ཡུམ་མཆོག་དབྱིངས་ཕྱུག་མ༔ ས་ཁམས་རྣམ་དག་ཡུམ་མཆོག་སངས་རྒྱས་སྤྱན༔ ཆུ་ཁམས་རྣམ་དག་ཡུམ་མཆོག་མ་མ་ཀཱི༔ མེ་ཁམས་རྣམ་དག་ཡུམ་མཆོག་ན་བཟའ་དཀར༔ རླུང་ཁམས་རྣམ་དག་ཡུམ་མཆོག་དམ་ཚིག་སྒྲོལ༔ ཁམས་ལྔ་རྣམ་དག་བདེ་ཆེན་ཡབ་ལ་སྦྱོར༔ གསང་བའི་ཡུམ་མཆོག་བདེ་སྟེར་རིགས་ལྔ་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང་༔ སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་བརྒྱད༔ སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ཉེ་བའི་སྲས་མཆོག་སེམས་དཔའ་བརྒྱད་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ལཱ་སྱེ་པུཥྤེེ་མཱ་ལྱེ་དྷུ་པེ་མ༔ གཱིརྟི་ཨཱ་ལོ་གནྡྷེ་ནཱིརྟི་བརྒྱད༔ སེམས་མའི་སར་གནས་དགྱེས་པ་སྐོང་མཛད་མ༔ གསང་བའི་ལྷ་མོ་སེམས་མ་བརྒྱད་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཉོན་མོངས་དྲུག་དག་རིགས་དྲུག་གནས་ནས་འདྲེན༔ བརྒྱ་བྱིན་ཐགས་བཟང་ཤཱཀ་ཐུབ་སེང་གེ་བརྟན༔ ཁ་འབར་ཆོས་རྒྱལ་རིགས་དྲུག་དོང་ནས་སྤྲུགས༔ འགྲོ་བའི་དོན་མཛད་མཛད་པ་བསམ་མི་ཁྱབ༔ སྤྲུལ་པའི་སྐུ་མཆོག་ཐུབ་པ་དྲུག་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ མུ་བཞི་གནས་དག་ཚད་མེད་བཞི་དང་ལྡན༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་ལོ༔ ས་མ་ཡ༔ ཧཱུྃ༔ མ་རིག་རྩ་གཅོད་ཆེ་མཆོག་ཧེ་རུ་ཀ༔ ཀྲོ་ཏི་ཤྭ་རི་དབྱིངས་ཕྱུག་ཡུམ་དང་སྦྱོར༔ ཁྲག་འཐུང་རྗེ་བཙུན་ཆེ་མཆོག་ཡབ་ཡུམ་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ གཏི་མུག་རྩད་གཅོད་བུདྡྷ་ཧེ་རུ་ཀ༔ ཞེ་སྡང་རྩད་གཅོད་བཛྲ་ཧེ་རུ་ཀ༔ ང་རྒྱལ་རྩད་གཅོད་རཏྣ་ཧེ་རུ་ཀ༔ འདོད་ཆགས་རྩད་གཅོད་པདྨ་ཧེ་རུ་་ཀ༔ ཕྲག་དོག་རྩད་གཅོད་ཀརྨ་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་ཏི་ལྔ་དང་སྦྱོར༔ ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ རྣམ་རྟོག་གཞོམ་ཕྱིར་ཁྲོ་མོ་ཀཽ་རི་མ༔ ཐབས་ཤེས་གཉིས་མེད་ཁྲོ་མོ་ཙཽ་རི་མ༔ འཁོར་བར་མི་གཏོང་ཁྲོ་མོ་པྲ་མོ་ཧཱ༔ ཆོས་ཉིད་འགྱུར་མེད་ཁྲོ་མོ་བེ་ཏ་ལི༔ ཉོན་མོངས་གནས་འདྲེན་ཁྲོ་མོ་པུསྐ་སཱི༔ འཁོར་བ་ཞལ་གསོལ་ཁྲོ་མོ་ཀསྨ་རཱི༔ ལོག་རྟོག་ཕྲལ་ཕྱིར་ཁྲོ་མོ་ཙཎྚ་ལི༔ རྟེན་དང་བྲལ་ཕྱིར་ཁྲོ་མོ་སྨེ་ཤ་ནཱི༔ གནས་ཀྱི་ཀཽ་རི་མ་མོ་བརྒྱད་རྣམས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ འཁོར་བ་ཀ་དག་སེང་ཧ་མུ་ཁ་མ༔ འཁོར་བ་ཞེ་གནོན་བྱཱ་ཀྲི་མུ་ཁ་མ༔ ཉོན་མོངས་གནས་དག་སྲི་ལ་མུ་ཁ་མ༔ འཁོར་བ་དོང་སྤྲུགས་ཤྭ་ན་མུ་ཁ་མ༔ དུག་གསུམ་རྩད་གཅོད་ཀྲི་ཏ་མུ་ཁ་མ༔ འཁོར་བ་དང་ལེན་ཀང་ཀ་མུ་ཁ་མ༔ ཉོན་མོངས་གསོལ་ཕྱིར་ཁ་ཁཱ་མུ་ཁ་མ༔ ལོག་རྟོག་ཕྲལ་ཕྱིར་ཧུ་ལུ་མུ་ཁ་མ༔ ཡུལ་བདག་སེང་ཧ་ཕྲ་མེན་བརྒྱད་རྣམས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ སྙིང་རྗེས་འདྲེན་ཕྱིར་རྟ་གདོང་ལྕགས་ཀྱུ་མ༔ བྱམས་པས་འཆིངས་ཕྱིར་ཕག་གདོང་ཞགས་པ་མ༔ དགའ་བས་སྡོམ་ཕྱིར་སེང་གདོང་ལྕགས་སྒྲོག་མ༔ བཏང་སྙོམས་འབེབས་ཕྱིར་སྦྲུལ་གདོང་དྲིལ་བུ་མ༔ ཚད་མེད་བཞི་ལྡན་སྒོ་མ་བཞི་རྣམས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ དཀར་མོ་ཉོན་མོངས་ཞི་བའི་ལས་བྱེད་བདུན༔ སེར་མོ་སྐུ་གསུམ་རྒྱས་པའི་ལས་བྱེད་བདུན༔ དམར་མོ་མཆོག་དང་ཐུན་མོང་དབང་སྡུད་བདུན༔ ལྗང་གུ་དྲག་པོའི་ཕྲིན་ལས་སྒྲུབ་མཛད་བདུན༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

བཅུ་པ་ཕྱི་ནང་གསང་མཆོད་འབུལ་བ་ནི༔ དང་པོ་ཕྱི་མཆོད་རྡོ་རྗེ་དྲིལ་སྟབས་ཀྱིས༔ ཆུ་བོའི་རྒྱུན་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ དཀར་སེར་དམར་ལྗང་མཐིང་གསལ་མདངས་དང་ལྡན༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་མེ་ཏོག་ཀུན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ སྣང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་པུཔྤེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་བདུག་སྤོས་སྣ་ཚོགས་རིགས༔ ཙན་དན་དུ་རུ་ཀ་དང་ཨ་ཀ་རུ༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་ངད་ལྡན་སྤོས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ཚོར་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་དྷུ་པེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་སྣང་གསལ་སྣ་ཚོགས་རིགས༔ འབྲུ་མར་རྩི་མར་ཤིང་རས་འོད་ཀྱི་མདངས༔ དཀར་སེར་དམར་ལྗང་མཐིང་གསལ་མདངས་ཆེན་འོད༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་སྣང་གསལ་ཀུན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ གསལ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་དྲི་ཆབ་སྣ་ཚོགས་རིགས༔ འོ་མ་ཆུ་སྣ་རྩི་དགུ་སྦྱར་བའི་ཆུ༔ རང་བྱུང་རང་ཤར་བྱུག་པ་བདེ་བྱེད་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ བདེ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་གནྡྷེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་ཞལ་ཟས་སྣ་ཚོགས་རིགས༔ རང་བྱུང་ལྷན་ཅིག་སྐྱེས་དང་སྦྱར་བའི་ཟས༔ རྩི་བཅུད་ཞལ་ཟས་འབྲུ་སྨན་སྣ་ཚོགས་ཀུན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ མྱོང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་ནཻ་ཝི་དྱཱ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་རོལ་མོ་སྣ་ཚོགས་རིགས༔ རྔ་ཏིང་གཡེར་ཁ་དྲིལ་བུ་རྫ་རྔ་དུང་༔ འབྱུང་ལྔའི་རང་སྒྲ་གླུ་གར་རོལ་མོ་དབྱངས༔ དངོས་འབྱོར་ཡིད་སྤྲུལ་དཔག་མེད་སྒྲ་སྙན་ཀུན༔ བླ་མ་རྒྱལ་བ་ཞི་ཁྲོ་ཚོགས་ལ་འབུལ༔ གྲགས་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་ཤབྡ་ཧཱུྃ༔ ཧཱུྃ༔ བླ་མ་ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔག་མེད་ནམ་མཁའ་གང་བའི་ལྷ་ཚོགས་ལ༔ དག་པ་རྣམ་གསུམ་ཡིད་ཀྱིས་མཆོད་པའི་སྤྲིན༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྣང་སྟོང་རིག་སྟོང་གསལ་སྟོང་བདེ་སྟོང་དང་༔ དྲན་སྟོང་གྲགས་སྟོང་ཚོར་སྟོང་མཆོད་པའི་ཚོགས༔ མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོར་བཅས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བདག་ལ་བྱིན་གྱིས་རླབས་ཏུ་གསོལ༔ ༀ་བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཛ་ཧོ༔ དེ་ནས་ནང་གི་མཆོད་པ་འབུལ་བ་ནི༔ རོལ་མོ་སྣ་ཚོགས་སྒྲོགས་ལ་འདི་སྐད་དོ༔ ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ ལྷ་རྫས་ནང་མཆོད་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་གཟུགས་སྣང་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་གཟུགས་མཆོད་འདི༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ༀ་ཨཱཿབཛྲ་རཱུ་པ་པྲ་ཏཱིཙྪ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་སྒྲ་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་སྒྲ་མཆོད་འདི༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ༀ་ཨཱཿབཛྲ་ཤབྡ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་དྲི་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་དྲི་མཆོད་ཀུན༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ༀ་ཨཱཿབཛྲ་གནྡྷེ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་རོ་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་ཞལ་ཟས་ཀུན༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ༀ་ཨཱཿབཛྲ་ནཻ་ཝིདྱཱ་ཧཱུྃ༔ ཧཱུྃ་སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་རེག་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་ན་བཟའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ༀ་ཨཱཿབཛྲ་སྤར་ཤེ་ཧཱུྃཿཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་དཔག་མེད་ཀུན༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ༀ་ཨཱཿབཛྲ་དྷརྨེ་ཧཱུྃ༔ དེ་ནས་གསང་བའི་མཆོད་པ་འབུལ་བ་ནི༔ པད་སྐོར་ཕྱག་རྒྱ་ལྡན་པས་འདི་སྐད་དོ༔ ཧཱུྃཿགསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་དར་ཤེ་ཧཱུྃ༔ ཧཱུྃ༔ གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོགས་མ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་མུ་ར་ཛེ་ཧཱུྃ༔ ཧཱུྃ༔ གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི༔ སྐུ་མདོག་མཐིང་མཛེས་པི་ཝཾ་སྒྲ་སྒྲོགས་མ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་ཝི་ནི་ཧཱུྃ༔ ཧཱུྃ༔ གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ནི༔ སྐུ་མདོག་སེར་མཛེས་ཅང་ཏེལ་༼གླིང་བུའི་༽སྒྲ་སྒྲོགས་མ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་བཾ་སེ་ཧཱུྃ༔ ཧཱུྃ༔ གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི༔ སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོགས་མ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ༀ་ཨཱཿབཛྲ་མེ་དྷེ་ཀེ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

བཞི་པ་སྨན་རག་གཏོར་གསུམ་འབུལ་བ་ནི༔ དང་པོ་བདུད་རྩི་བླངས་ལ་འདི་སྐད་དོ༔ ཧཱུྃ༔ རིགས་ལྔ་ཡབ་ཡུམ་གཉིས་ཀྱིས་རྒྱུ་བྱས་ནས༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་རྐྱེན་བྱས་ནས༔ ཐབས་ཤེས་རྒྱུ་ལ་མ་འགགས་རྐྱེན་སྦྱར་བའི༔ དམ་པ་རིགས་བརྒྱའི་འབྲུ་བཅུད་བདུད་རྩི་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལྷ་ཚོགས་ཀུན་ལ་རྐང་ཐོན་དུ་འབུལ་བར་བྱའོ༔ དམ་པ་རིགས་བརྒྱ་སོ་སོའི་མཚན་ཞབས་སུ་ཨ་མྲྀ་ཏ་ཁཱ་ཧི་བཏགས་ལ་འབུལ༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ལ་འབུལ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃཿརིགས་ལྔ་ཡབ་ཡུམ་སྦྱོར་བའི་བདུད་རྩིའི་རྒྱུན༔ མཚན་དང་ལྡན་པ་དབྱིངས་ཀྱི་བྷནྡྷ་རུ༔ ཡེ་ཤེས་ལྔ་ལྡན་རིགས་ལྔའི་བདུད་རྩི་འཁྱིལ༔ སྙིང་མོ་མེད་ལ་དངོས་གྲུབ་སྙིང་པོ་བླངས༔ ཀཱ་ཡ་སིདྡྷི་ༀ༔ ཝཀ་སིདྡྷིཨཱཿཙིཏྟ་སིདྡྷི་ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དེང་འདིར་སྩོལ༔ གཉིས་པ་རཀྟ་བླངས་ལ་འདི་སྐད་དོ༔ ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག༔ སྣང་སྟོང་གསལ་སྟོང་བདེ་སྟོང་དྲན་སྟོང་དང་༔ གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ལྷ་ཚོགས་ཐམས་ཅད་ལ་རཀྟ་ཁཱ་ཧི་བཏགས་ལ་འབུལ་ལོ༔ གསུམ་པ་གཏོར་མ་འབུལ་བ་འདི་སྐད་དོ༔ ༀ་ཨཱཿཧཱུྃ༔ གཟུགས་ཕུང་རྣམ་དག་བྷནྡྷ་རུ༔ ཚོར་བ་རྣམ་དག་གཏོར་ཆེན་བཤམས༔ འདུ་ཤེས་རྣམ་དག་མཐེབ་ཀྱུས་བསྐོར༔ འདུ་བྱེད་རྣམ་དག་རྒྱན་གྱིས་བརྒྱན༔ རྣམ་ཤེས་རྣམ་དག་གཏོར་ཆེན་པོ༔ ཀུན་བཟང་ཆོས་ཀྱི་སྐུ་ལ་འབུལ༔ ཨེཿསྟོང་པ་འགགས་མེད་བྷནྡྷ་རུ༔ གསལ་བ་ཡེ་ཤེས་གཏོར་ཆེན་བཤམས༔ ཐུགས་རྗེའི་ལུག་རྒྱུད་གཏོར་རྒྱན་སྤྲས༔ ཞི་བ་ལོངས་སྤྱོད་རྫོགས་ལ་འབུལ༔ ༀ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་འབུལ༔ ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷརྟུ་ཨ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཞན་ཡང་ལྷ་ཚོགས་ཐམས་ཅད་ཀྱི་མཚན་སྔགས་ཞབས་སུ་བ་ལིང་ཏ་ཁཱ་ཧི་བཏགས་ལ་འབུལ་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དེ་ནས་བཅུ་གཅིག་པ་བསྟོད་པ་བྱ་བ་ནི་བཞི་སྟེ༔ དང་པོ་ཀུན་ཏུ་བཟང་པོའི་དོན་བསྟོད་ཆུ་བོའི་ཉེར་དབྱངས་ཀྱིས་འདི་སྐད་དོ༔ ༀ༔ བླ་མ་ཀུན་བཟང་ཆོས་ཀྱི་སྐུ༔ མཚན་མ་ཚིག་བྲལ་ཟང་ཐལ་སྐུ༔ བསམ་བརྗོད་ཡུལ་འདས་ཀུན་བཟང་མོ༔ དུག་ལྔ་རང་གྲོལ་ཡེ་ཤེས་སྐུ༔ ཉག་གཅིག་མཐའ་བྲལ་ལུ་གུ་རྒྱུད༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བསྟོད༔ ཨཱཿགྲགས་སྟོང་རང་བྱུང་ཆོས་ཀྱི་གསུང་༔ སྒྲ་གྲགས་སྟོང་པ་ཅིར་མི་དགོངས༔ སྣ་ཚོགས་རང་གྲགས་དམིགས་གཏད་བྲལ༔ རྗེས་སུ་འཛིན་པའི་དངོས་པོ་སྟོང་༔ འགྲོ་འདུལ་གསུང་མཆོག་ཅིར་ཡང་སྟོན༔ ཀུན་བཟང་ཡབ་ཡུམ་གསུང་ལ་བསྟོད༔ ཧཱུྃ༔ རང་རིག་དྲན་སྟོང་གདོས་བཅས་བྲལ༔ སྣ་ཚོགས་ཤར་གྲོལ་འགགས་པ་མེད༔ དངོས་མེད་དངོས་བྲལ་གཟུང་ཡུལ་བྲལ༔ དགོངས་པ་གནས་ཡུལ་རང་སར་གྲོལ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ཐུགས༔ ཀུན་བཟང་ཡབ་ཡུམ་ཐུགས་ལ་བསྟོད༔ ཧྲཱིཿཐམས་ཅད་མ་བཙལ་གཞི་ལ་རྫོགས༔ ལྷུན་གྲུབ་འོད་གསལ་འོད་དཔག་མེད༔ བསམ་བརྗོད་དཔེ་བྲལ་ཡོན་ཏན་རྫོགས༔ ཀུན་བཟང་ཡབ་ཡུམ་ཡོན་ཏན་བསྟོད༔ ཧཱཿཐུགས་རྗེའི་རང་འོད་ཡེ་ཤེས་རྒྱས༔ མ་བཙལ་རྫོགས་ལྡན་ཐིག་ལེའི་སྐུ༔ དཔག་མེད་ཕྲིན་ལས་རྫོགས་པའི་དཔལ༔ ཀུན་བཟང་ཡབ་ཡུམ་ཕྲིན་ལས་བསྟོད༔

གཉིས་པ་ཡེ་ཤེས་ལྔ་ལ་བསྟོད་པ་ནི༔ ཧཱུྃ་ཧཱུྃ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོས་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགགས་པ་མེད༔ ཞེ་སྡང་རང་གྲོལ་དཀར་གསལ་ངང་༔ མེ་ལོང་ལྟ་བུའི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ ཧཱུྃ་སྭཱ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོས་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགགས་པ་མེད༔ ང་རྒྱལ་རང་གྲོལ་སེར་གསལ་ངང་༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ ཧཱུྃ་ཨཱཿརིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོས་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགགས་པ་མེད༔ འདོད་ཆགས་རང་གྲོལ་དམར་གསལ་ངང་༔ སོ་སོར་རྟོག་པའི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ ཧཱུྃ་ཧཱ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོས་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགགས་པ་མེད༔ ཕྲག་དོག་རང་གྲོལ་ལྗང་གསལ་ངང་༔ བྱ་བ་གྲུབ་པའི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ ཧཱུྃ་ༀ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོས་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགགས་པ་མེད༔ གཏི་མུག་རང་གྲོལ་མཐིང་གསལ་ངང་༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ གསུམ་པ་ཞི་བ་བཞི་བཅུ་རྩ་གཉིས་ལ༔

དད་པའི་སེམས་ཀྱིས་བསྟོད་པ་བྱ་བ་ནི༔ ༀ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ཞེ་སྡང་རྣམ་ཤེས་རང་གྲོལ་མེ་ལོང་སྐུ༔ མཐིང་གསལ་མདང་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ སྣ་ཚོགས་འཛིན་བྲལ་རྡོ་རྗེ་སེམས་དཔར་ཤར༔ ཐབས་ཤེས་གཉིས་མེད་ས་ཁམས་སྤྱན་མར་འཁྲིལ༔ གླང་ཆེན་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤང་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ ཡབ་ཀྱི་ཆ་འཛིན་ས་སྙིང་བྱམས་པ་དཀར༔ ཡུམ་གྱི་ཆ་འཛིན་ལཱ་སྱེ་པུཔྤེ་མ༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་དྲུག༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ༀ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ང་རྒྱལ་ཚོར་བ་རང་གྲོལ་མཉམ་ཉིད་ངང་༔ སེར་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ གསལ་སྟོང་འཛིན་བྲལ་རིན་ཆེན་འབྱུང་ལྡན་ཤར༔ ཐབས་ཤེས་གཉིས་མེད་ཆུ་ཁམས་མཱ་ཀིར་སྦྱོར༔ རྟ་མཆོག་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤངས་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་བུམ་པ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ ཡབ་ཀྱི་ཆ་འཛིན་ཀུན་བཟང་ནམ་སྙིང་དང་༔ ཡུམ་གྱི་ཆ་འཛིན་མ་ལྱེ་དྷུ་པེ་མ༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་དྲུག༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ༀ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ འདོད་ཆགས་འདུ་ཤེས་རང་གྲོལ་སོར་རྟོག་སྐུ༔ དམར་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ བདེ་སྟོང་འཛིན་བྲལ་སྣང་བ་མཐའ་ཡས་ཤར༔ ཐབས་ཤེས་གཉིས་མེད་མེ་ཁམས་གོས་དཀར་སྦྱོར༔ རྨ་བྱ་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤངས་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་བུམ་པ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ ཡབ་ཀྱི་ཆ་འཛིན་སྤྱན་གཟིགས་འཇམ་དཔལ་དང་༔ ཡུམ་གྱི་ཆ་འཛིན་གཱིརྟི་ཨ་ལོ་ཀེ༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་དྲུག༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་སྟོད༔ ༀ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ཕྲག་དོག་འདུ་བྱེད་རང་གྲོལ་བྱ་གྲུབ་སྐུ༔ ལྗང་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ གྲགས་སྟོང་འཛིན་བྲལ་དོན་ཡོད་གྲུབ་པར་ཤར༔ ཐབས་ཤེས་གཉིས་མེད་རླུང་ཁམས་སྒྲོལ་མར་སྦྱོར༔ ཤང་ཤང་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤངས་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་བུམ་པ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ ཡབ་ཀྱི་ཆ་འཛིན་སྒྲིབ་སེལ་ཕྱག་རྡོར་དང་༔ ཡུམ་གྱི་ཆ་འཛིན་གནྡྷེ་ནཱིརྟི་མ༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་དྲུག༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ༀ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ གཏི་མུག་གཟུགས་ཕུང་རང་གྲོལ་ཆོས་དབྱིངས་སྐུ༔ དཀར་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ དྲན་སྟོང་འཛིན་བྲལ་རྣམ་པར་སྣང་མཛད་ཤར༔ ཐབས་ཤེས་གཉིས་མེད་ནམ་མཁའ་དབྱིངས་ཕྱུག་སྦྱོར༔ སེང་ཆེན་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤང་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ རིགས་བཞི་ཡབ་ཡུམ་སེམས་དཔའ་སེམས་མར་བཅས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ༀ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ཉོན་དྲུག་རང་གྲོལ་སྤྲུལ་སྐུ་ཐུབ་དྲུག་ཤར༔ བརྒྱ་བྱིན་ཐག་བཟང་ཤཱཀྱ་ཐུབ་པ་དང་༔ སེང་གེ་རབ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ རྣམ་རྒྱལ་གཤེད་པོ་དབང་ཆེན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ སྟོང་གསལ་མདངས་ལྔ་ལྡན་ལ་ཕྱག་འཚལ་བསྟོད༔ ཅེས་པ་གདངས་དབྱངས་སྙན་པོས་བསྟོད་པར་བྱ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དོན་བསྟོད་ཆེན་མོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

བཞི་པ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ༔ དོན་བསྟོད་ཆེན་མོས་གུས་པར་བསྟོད་པ་ནི༔ ལག་ཏུ་རྔ་ཆེན་ཐོགས་ལ་རྔམས་པའི་དབྱངས་༔ འགྱིང་དང་ངར་དུ་ལྡན་པས་འདི་སྐད་དོ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཆོས་སྐུ་ཞི་བའི་རིག་རྩལ་ཆོ་འཕྲུལ་ལས༔ ཉོན་མོངས་འཇོམ་མཛད་ཁྲག་འཐུང་ཧེ་རུ་ཀ༔ མཐུ་རྩལ་ཐོགས་མེད་དུར་ཁྲོད་ཆས་བརྒྱད་རྫོགས༔ ཐབས་མཆོག་སྐུ་ལ་ཤེས་རབ་ཁྲོ་མོ་འཁྲིལ༔ རུ་ཏྲཱ་ཕོ་མོ་རིན་ཆེན་ཁྲི་རྐང་དང་༔ བྱོལ་སོང་པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་སྟོན་པ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་༔ སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ༔ བཅོམ་ལྡན་དཔལ་ཆེན་འཁོར་འདས་རྫོགས་ལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི་ཆོ་འཕྲུལ་ལས༔ གཏི་མུག་འཇོམས་མཛད་བུདྡྷ་ཧེ་རུ་ཀ༔ བུདྡྷ་ཀྲོ་དྷཱི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ སྐུ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃཿསྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྐུའི་ཐུགས་ཀྱི་ཆོ་འཕྲུལ་ལས༔ ཞེ་སྡང་འཇོམས་མཛད་བཛྲ་ཧེ་རུ་ཀ༔ བཛྲ་ཀྲོ་དྷཱི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ ཐུགས་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྐུའི་ཡོན་ཏན་ཆོ་འཕྲུལ་ལས༔ ང་རྒྱལ་འཇོམས་མཛད་རཏྣ་ཧེ་རུ་ཀ༔ རཏྣ་ཀྲོ་དྷི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ ཡོན་ཏན་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྐུའི་གསུང་གི་ཆོ་འཕྲུལ་ལས༔ འདོད་ཆགས་འཇོམས་མཛད་པདྨ་ཧེ་རུ་ཀ༔ པདྨ་ཀྲོ་དྷཱི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ གསུང་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྐུའི་ཕྲིན་ལས་ཆོ་འཕྲུལ་ལས༔ ཕྲག་དོག་འཇོམས་མཛད་ཀརྨ་ཧེ་རུ་ཀ༔ ཀརྨ་ཀྲོ་དྷཱི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ ཕྲིན་ལས་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྒེགས་པ་དཔའ་བ་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་༔ སྙིང་རྗེ་རྔམས་དང་ཞི་བ་གར་དགུར་ལྡན༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང་༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང་༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་རྫོགས༔ ཁྲོ་བོའི་ཆ་ལུགས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ ཧ་ཧ་ཕྱོགས་བཞི་མཚམས་བརྒྱད་དཀྱིལ་འཁོར་ནས༔ ཐུགས་རྗེ་སྤྲུལ་པའི་ཆ་འཛིན་ཀཽ་རཱི་བརྒྱད༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཆོ་འཕྲུལ་ལས༔ ཀཽ་རཱི་ཙཽ་རཱི་པྲ་མོ་བཻ་ཏཱ་ལི༔ པུསྐ་ཀསྨ་སྨེ་ཤ་ཙཎྚ་ལཱི༔ སྐུ་མདོག་ཕྱག་མཚན་ཅིར་ཡང་སྟོན་ཅིང་བསྒྱུར༔ ཕྲིན་ལས་ཀཽ་རི་བརྒྱད་ལ་ཕྱག་འཚལ་སྟོད༔ ཧེ་ཧེ༔ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་དཀྱིལ་འཁོར་ནས༔ ཐུགས་རྗེ་སྤྲུལ་པའི་ཆ་འཛིན་སེང་ཧ་བརྒྱད༔ རྣམ་ཤེས་ཡུལ་བརྒྱད་དག་པའི་ཆོ་འཕྲུལ་ལས༔ སེངྷ་བྱཱ་ཀྲི་སྲི་ལ་ཤྭ་ན་མ༔ ཀྲི་ཏ་ཀངྒ་ཁ་ཁ་ཧུ་ལུ་མ༔ སྐུ་མདོག་ཕྱག་མཚན་མགོ་བརྙན་སྟོན་ཅིང་བསྒྱུར༔ ཞི་རྒྱས་དབང་དྲག་རང་རྟགས་ཕྲིན་ལས་རྣམས༔ མཛད་པའི་སེངྷ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཛཿཧཱུྃ༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་སྒོ་བཞི་ནས༔ རྟ་གདོང་ཕག་གདོང་སེང་གདོང་སྦྲུལ་གདོང་མ༔ སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ འགུགས་འཆིངས་སྡོམ་དགྱེས་རང་རང་ཕྲིན་ལས་ཀུན༔ མཛད་པའི་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ བྷྱོ་བྷྱོ༔ དཀར་མོ་ཆེན་མོ་ཞི་བའི་ལས་བྱེད་བདུན༔ སེར་མོ་ཆེན་མོ་རྒྱས་པའི་ལས་བྱེད་བདུན༔ དམར་མོ་ཆེན་མོ་དབང་གི་ལས་བྱེད་བདུན༔ ལྗང་མོ་ཆེན་མོ་དྲག་པོའི་ལས་བྱེད་བདུན༔ སྤྲུལ་པའི་མགོ་བརྙན་ཕྱག་མཚན་སྟོན་ཅིང་བསྒྱུར༔ དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཅེས་པས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བསྟོད་པ་གཞན་ཡང་ཅི་བདེར་བསྟོད་ན་ལེགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དེ་ནས་བཅུ་གཉིས་པ་བཤགས་པ་བྱ་བ་ནི༔ གནོང་འགྱོད་དྲག་པོའི་སེམས་ཀྱིས་འདི་སྐད་དོ༔ ༀ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་ཆོས་ཀྱི་སྐུ༔ ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔ ཤར་གྲོལ་འགགས་མེད་སྤྲུལ་པའི་སྐུ༔ རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་དགོངས༔ བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི༔ གཏི་མུག་འཁྲུལ་སེམས་དཔག་མེད་བླངས་པ་ནས༔ ད་ལྟ་ཚེ་འདིའི་ལུས་བླངས་ཡན་ཆད་དུ༔ རིག་དང་མ་རིག་འཁྲུལ་པའི་ལས་དབང་གིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་གྱུར་པ་ཀུན༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ༀ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པ་ལ་ཡ༔ བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྛ་དྲྀ་དྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲ་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿགཞན་ཡང་ཞི་ཁྲོའི་ཀློང་བཤགས་སོགས༔ རྒྱས་བསྡུས་གང་འོས་སྐབས་དང་བསྟུན་ལ་བཤགས༔ ཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི༔ དངོས་གཞིའི་ལས་ཀྱི་རིམ་པ་ཨྠྀི་ས་མ་ཡ༔ རྒྱ་རྒྱ་རྒྱ༔

༁ྃ༔ བཅུ་གསུམ་ཚོགས་ཀྱི་ལས་རིམ་བཅུ་ཡིས་བསྟན༔ བགེགས་བསྐྲད་བསང་སྦྱང་སྤྱན་འདྲེན་མཆོད་བཤགས་བསྒྲལ༔ ཞལ་དུ་བསྟབ་རོལ་ཡར་གནས་མར་གནས་བཅུ༔ འདོད་པའི་ཡོན་ཏན་ཐམས་ཅད་ཚོགས་སུ་བཤམས༔ བསང་ཆུ་འཐོར་ཞིང་ཐོག་མར་བགེགས་བསྐྲད་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལུས་ངག་སེམས་ལ་གནོད་བྱེད་པའི༔ དུག་ལྔ་དུག་གསུམ་རྣམ་རྟོག་བགེགས༔ ང་དང་བདག་ཏུ་འཛིན་པའི་འདྲེ༔ ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ༔ ལན་ཆགས་གནས་འདིར་མ་འདུག་པར༔ ང་ཡི་བཀའ་ལ་ཁྱོད་མ་འདའ༔ རང་རང་གནས་སུ་མྱུར་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊཿགཉིས་པ་བསང་སྦྱང་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔར་གསལ༔ སེམས་དཔའི་སྐུར་གསལ་ཐུགས་ཀ་ནས༔ ཚོགས་འཁོར་བྱིན་གྱིས་རློབ་པ་ཡི༔ ༀ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔ ཞལ་ཟས་དངོས་པོ་ཐམས་ཅད་ཀུན༔ ༀ་ཨཱཿཧཱུྃ་གསུམ་ངོ་བོར་གྱུར༔ གཞན་ཡང་ཕྱི་ནང་སྣོད་བཅུད་ཀྱི༔ ཞལ་ཟས་བཅུད་ལྡན་རོ་མཆོག་རྣམས༔ ཡི་གེ་གསུམ་གྱི་ངོ་བོར་གྱུར༔ ཡི་གེ་གསུམ་ལས་མེ་འབར་བས༔ ཚོགས་ཀྱི་དངོས་འཛིན་དྲི་མ་བསྲེགས༔ མེ་ཡི་ཤུགས་ལས་རླུང་བྱུང་བས༔ ཚོགས་ཀྱི་བག་ཆགས་རྣམ་རྟོག་གཏོར༔ མེ་རླུང་འཐབ་པས་ཆུ་བྱུང་བས༔ ཚོགས་ཀྱི་གཉིས་འཛིན་རྣམ་རྟོག་བཀྲུས༔ ༀ་ཨཱཿཧཱུྃ༔ རཾ་ཡཾ་ཁཾ༔ མེ་དང་རླུང་དང་ཆུ་དང་གསུམ༔ འོད་དུ་ལྟེམ་གྱིས་ཞུ་བ་ལས༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ནི༔ དཀར་དམར་མཐིང་ག་གསུམ་དུ་གྱུར༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ མཉེས་མཆོད་བདུད་རྩི་ཆེན་པོར་གྱུར༔ ༀ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧྲཱི་ཧ་ཧོ༔ གསུམ་པ་ཚོགས་ལ་སྤྱན་འདྲེན་ནི་འདི་སྐད་དོ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ རྒྱལ་བ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དག་པ་དབྱིངས་ཀྱི་གཞལ་ཡས་ནས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ༔ སོ་སོའི་རིགས་ཀྱི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ རིགས་འཛིན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ནས༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ སོ་སོའི་རིགས་ཀྱི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནས་ཚོགས་ཕུད་ཆ་གསུམ་དུ་བཅད་བྱས་ནསཿ ཚོགས་ཕུད་དང་པོ་མཆོད་ལ་འདི་སྐད་དོ༔ ཧཱུྃ༔ བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔ ཅིར་མི་དགོངས་པ་སྤྲུལ་པའི་སྐུ༔ རྒྱལ་བ་རྒྱ་མཚོ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཚོགས་ཕུད་བར་པས་བཤགས་པ་འདི་སྐད་དོ༔ ཧཱུྃ༔ བདག་ཅག་འཁོར་བའི་སེམས་གཞི་བླངས་པ་ནས༔ ཐ་མ་ད་ལྟའི་དུས་འདི་ཡན་ཆད་དུ༔ རིག་དང་མ་རིག་བག་ཆགས་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔ བཟོད་པར་བཞེས་ནས་ཚངས་པར་སྩལ་དུ་གསོལ༔ ཡི་གེ་བརྒྱ་པ་ན་རཀ་ལ་སོགས་འདོན༔ སྐབས་འདིར་ཞི་ཁྲོའི་མདངས་སྐོང་ལ་སོགས་དང་༔ སྐོང་བ་གཞན་ཡང་ཅི་རིགས་བཀླག་པར་བྱ༔ ཚོགས་ཕུད་ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཚོགས་ཟན་ཉ་བོ་ཧོམ་ཁུང་ནང་དུ་བཅུག༔ བདག་ཉིད་ཆེ་མཆོག་སྐུར་གསལ་བདེན་སྟོབས་བརྗོད༔ དགུག་བཞུག་ལན་གསུམ་རྗེས་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ མི་མངོན་དབྱིངས་ན་བཞུགས་པ་ཞི་ཁྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ མི་མངོན་དབྱིངས་ནས་བདག་གི་གྲོགས་ལ་བྱོན༔ དང་པོ་བླ་སྲོག་རྟེན་ལ་འགུགས་པ་ནི༔ ཧཱུྃ༔

ཁྲག་འཐུང་སྐུ་ཡི་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ ཡིད་ལ་བརྣགས་པའི་དགྲ་བགེགས་ལས་ངན་རྣམས༔ བླ་སྲོག་རྣམ་ཤེས་རྟེན་ལ་མྱུར་དུ་ཁུག༔ ༀ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཨཾ་གུ་ཤ་ཛ༔ ཧོ༔ དཔལ་ཆེན་བུདྡྷ་ཧེ་རུ་ཀའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས༔ ཡིད་ལ་བརྣགས་པའི་དགྲ་བགེགས་ལས་ངན་འདི་རྣམས༔ སྐད་ཅིག་ཉིད་ལ་མྱུར་དུ་ཁུག་ཅིག༔ གཉིས་པ་ལྷ་དང་ཕྲལ་བ་ནི༔ ཧཱུྃ༔ ཁྲག་འཐུང་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ ཡིད་ལ་བརྣགས་པའི་དགྲ་བགེགས་ལས་ངན་འདི༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲལ་བར་གྱིས༔ ༀ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས༔ མཱ་མ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕྱེས༔ ཧོ༔ དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས༔ ཡིད་ལ་བརྣགས་པའི་དགྲ་བགེགས་ལས་ངན་འདི༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲལ་བར་གྱིས་ཤིག༔ གསུམ་པ་བྱད་དུ་གཞུག་པ་ནི༔ ཧཱུྃ༔ ཁྲག་འཐུང་ཡོན་ཏན་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོ་ཕྲིན་ལས་མཛད་པའི་དུས་ལ་བབས༔ བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི༔ ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས༔ ༀ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཨཱ་པ་ན་ཡ་ཧཱུྃ་ཕཊཿཧོ༔ དཔལ་ཆེན་པོ་རཏྣ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས༔ བསྟན་པ་བཤིགས་པའི་དགྲ་བགེགས་ལས་ངན་འདིའི་ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་བྱད་དུ་ཆུག་ཅིག༔ བཞི་པ་གཏུན་དུ་བརྡུང་བ་ནི༔ ཧཱུྃ༔ ཁྲག་འཐུང་གསུང་གི་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་གྱིས༔ ༀ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿདགྲ་བགེགས་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊཿཧོ༔ དཔལ་ཆེན་པོ་པདྨ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས༔ བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི་རྣམས་རྡོ་རྗེ་ཐོ་བས་ཐལ་བའི་རྡུལ་དུ་བརླག་པར་གྱིས་ཤིག༔ ལྔ་པ་སྨྱོ་རུ་གཞུགས་པ་ནི༔ ཧཱུྃ༔ ཁྲག་འཐུང་ཕྲིན་ལས་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི༔ ལུས་ངག་ཡིད་གསུམ་སྨྱོ་ཞིང་བརྒྱལ་དུ་ཆུག༔ ༀ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿདགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊཿཧོ་དཔལ་ཆེན་པོ་ཀརྨ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས༔ བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི་རྣམས༔ སྨྱོ་ཞིང་བརྒྱལ་ནས་རེངས་སུ་ཆུག་ཅིག༔ དྲུག་པ་ཕོ་ཉ་བསྐུལ་ཞིང་བསྒྲལ་བ་ནི༔ ཧཱུྃ་བྷྱོ༔ ཕོག་པར་རྒྱོབ་ཅིག་མ་མོ་ཀཽ་རཱི་མ༔ སྙིང་ལ་གཟིར་ཞིག་མ་མོ་ཙཽ་རཱི་མ༔ དབང་དུ་བསྡུས་ཤིག་མ་མོ་པྲ་མོ་ཧཱ༔ གློ་སྙིང་ཕྱུངས་ཤིག་མ་མོ་བེ་ཏཱ་ལཱི༔ རྒྱུ་ཞགས་དྲོངས་ཤིག་མ་མོ་པུསྐ་སཱི༔ སྙིང་ཁྲག་འཐུངས་ཤིག་མ་མོ་གྷསྨ་རཱི༔ ཙིཏྟ་ཕྱུངས་ཤིག་མ་མོ་སྨེ་ཤ་ནཱི༔ མགོ་ལུས་ཕྲོལ་ཤིག་མ་མོ་ཙཎྚ་ལཱི༔ ཤ་ལ་རོལ་ཅིག་ཕྲ་མེན་སེང་ཧ་མ༔ རུས་པ་འཆོས་ཤིག་ཕྲ་མིན་བྱཱ་ཀྲི་མ༔ པགས་རློན་བཤུས་ཤིག་ཕྲ་མེན་སྲི་ལ་མ༔ ཤ་ལ་རོལ་ཅིག་ཕྲ་མེན་ཤྭ་ན་མ༔ ཀླད་ཁྲག་འཐུངས་ཤིག་ཕྲ་མེན་ཀྲི་ཏ་མ༔ ནང་རོལ་ཟོ་ཞིག་ཕྲ་མེན་ཀངྐ་མ༔ མིག་ཚིལ་བྲུས་ཤིག་ཕྲ་མེན་ཁ་ཁཱ་མ༔ གློ་སྙིང་ཟོ་ཞིག་ཕྲ་མེན་ཧུ་ལུ་མ༔ སྙིང་ནས་དྲོངས་ཤིག་རྟ་གདོང་ལྕགས་ཀྱུ་མ༔ མགུལ་ནས་ཆིངས་ཤིག་ཕག་གདོང་ཞགས་པ་མ༔ ཡན་ལག་སྡོམས་ཤིག་སེང་གདོང་ལྕགས་སྒྲོག་མ༔ རྡུལ་དུ་རློགས་ཤིག་སྦྲུལ་གདོང་དྲིལ་བུ་མ༔ ཤ་ཁྲག་དོན་སྙིང་ནང་རོལ་མ་ལུས་པ༔ དཔལ་ཆེན་ཞལ་དུ་སྟོབས་ཤིག་དབང་ཕྱུག་རྣམས༔ ཞེས་པས་ཉ་བོའི་ཕུང་པོ་བསྒྲལ་བར་བྱའོ༔ བདུན་པ་ཕུང་པོ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ དམ་ཉམས་བསྒྲལ་བའི་ཡིད་ཆོས་མཆོད་པ་འབུལ༔ ཞི་བ་ལོངས་སྐུའི་སངས་རྒྱས་རིགས་ལྔ་ལ༔ དགྲ་བོའི་ཕུང་པོ་རྣམ་ལྔ་མཆོད་པར་འབུལ༔ གསང་བའི་བདེ་སྟེར་ཡུམ་མཆོག་ལྔ་པོ་ལ༔ དགྲ་བགེགས་ཤ་ཁྲག་འབྱུང་ལྔ་མཆོད་པར་འབུལ༔ ཉེ་བའི་སྲས་མཆོག་སེམས་དཔའ་བརྒྱད་རྣམས་ལ༔ དགྲ་བགེགས་རྣམ་ཤེས་ཚོགས་བརྒྱད་མཆོད་པར་འབུལ༔ གསང་བའི་ལྷ་མོ་སེམས་མ་བརྒྱད་རྣམས་ལ༔ དགྲ་བགེགས་དབང་པོ་ཡུལ་བརྒྱད་མཆོད་པར་འབུལ༔ སྤྲུལ་པའི་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ལ༔ ཡན་ལག་ཉ་བཞི་ཚིགས་བཞི་མཆོད་པར་འབུལ༔ སྤྲུལ་པའི་སྐུ་མཆོག་ཐུབ་པ་དྲུག་རྣམས་ལ༔ རྣམ་ཤེས་དབང་པོ་ཚོགས་དྲུག་མཆོད་པར་འབུལ༔ ཧཱུྃ༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཡབ་ཡུམ་ལ༔ དགྲ་བགེགས་བསྒྲལ་བའི་ཉོན་མོངས་ཞལ་དུ་བསྟབས༔ སྤྲུལ་པའི་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ལ༔ དགྲ་བགེགས་དུག་ལྔ་ཕུང་ལྔ་ཞལ་དུ་བསྟབས༔ གནས་ཀྱི་ཀཽ་རི་མ་མོ་བརྒྱད་རྣམས་ལ༔ དགྲ་བགེགས་དོན་སྙིང་ནང་རོལ་ཞལ་དུ་བསྟབས༔ ཡུལ་གྱི་སིངྷ་ཕྲ་མེན་བརྒྱད་རྣམས་ལ༔ དགྲ་བགེགས་ཕྱི་ཤ་ལྷུ་ཚིགས་ཞལ་དུ་བསྟབས༔ རྟ་གདོང་ཡེ་ཤེས་སྒོ་མ་བཞི་རྣམས་ལ༔ དགྲ་བགེགས་ཡན་ལག་རྣམ་བཞི་ཞལ་དུ་བསྟབས༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ལ༔ སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ཞལ་དུ་བསྟབས༔ གཞན་ཡང་བཀའ་ཡི་སྲུང་མ་ཐམས་ཅད་ལ༔ ཤ་རུས་པགས་པ་རྩ་རྒྱུས་ལ་སོགས་པ༔ ཕུང་པོ་ལྷག་མ་མེད་པར་ཞལ་དུ་བསྟབས༔ བསྟབས་སོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཁྱེད་ཀྱི་ཐུགས་དམ་གཉེན་པོ་བསྐངས་གྱུར་ནས༔ བདག་ལ་ཚེ་དབང་ལོངས་སྤྱོད་དངོས་གྲུབ་སྩོལ༔ རྣལ་འབྱོར་འཁོར་དང་དཔལ་འབྱོར་རྒྱས་པར་མཛོད༔ དགྲ་བགེགས་རྣམ་ཤེས་བདེ་གཤེགས་སྲས་གྱུར་ཅིག༔ དགྲ་བགེགས་དམ་སྲིའི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀི་ཾནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ ཞེས་པས་ཕུང་པོ་གཏོར་མར་བསྟབ་པར་བྱའོ༔ བརྒྱད་པ་རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ ལས་ཀྱི་སློབ་བུས་ཚོགས་བཏེགས་ལ་འདི་སྐད་དོ༔ ཧོ༔ རྣལ་འབྱོར་ཕོ་མོ་མཆེད་དང་ལྕམ་དྲལ་རྣམས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རང་བཞིན་སྐུ༔ དགའ་ལྡན་ལྷ་ཡི་ཚོགས་མཆོད་དཔག་ཏུ་མེད༔ འཕྲུལ་དགའ་ལྷ་ཡི་ཏིང་འཛིན་ཡིད་ཀྱིས་སྤྲུལ༔ ཚོགས་མཆོད་དག་པ་བདུད་རྩིའི་རང་བཞིན་འདི༔ དགྱེས་པ་མཆོག་གི་ལོངས་སྤྱོད་རྣམ་པར་རོལ༔ ཨ་ལ་ལ་ཧོ༔ བླ་མས་པད་སྐོར་ཕྱག་རྒྱས་འདི་སྐད་བླངས༔ ཧོ༔ སྐུ་རྡོ་རྗེ་མི་འགྱུར་བའི་དངོས་གྲུབ༔ གསུང་རྡོ་རྗེ་མི་འགགས་པའི་དངོས་གྲུབ༔ ཐུགས་རྡོ་རྗེ་སྤྲོས་བྲལ་གྱི་དངོས་གྲུབ༔ སྐུ་གསུང་ཐུགས་རྡོ་རྗེ་མི་འགྱུར་བའི་དངོས་གྲུབ་དམ་པ་ཨ་ལ་ལ་ཧོ༔ ཞེས་པས་རྣལ་འབྱོར་མཆེད་ལྕམ་དུ་ཡོད་ཀུན༔ ཆེ་ཆུང་ཕམ་རྒྱལ་མེད་པར་རོལ་བར་བྱའོ༔ དེ་ནས་ཚོགས་ཀྱི་ལྷག་མའི་ཆོ་ག་ནི༔ ཡར་གནས་མར་གནས་རྣམ་པ་གཉིས་སུ་བསྟན༔ དགུ་པ་ཡར་གནས་གཙང་ལྷག་གཏོར་མར་བསྟབས༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ནམ་མཁའི་རང་བཞིན་ལ༔ ལོངས་སྐུ་འགགས་མེད་བདེ་གཤེགས་ཞི་ཁྲོའི་ཚོགས༔ ཚོགས་ཕུད་དགྱེས་པ་ཆེན་པོས་ཡར་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ༔ ཧཱུྃ༔ དང་པོ་གཙང་མའི་ཕུད་ཀྱིས་མི་མཆོད་རྒྱུ༔ རྒྱལ་བ་བཞི་བཅུ་རྩ་གཉིས་ཕུད་ལ་དགྱེས༔ བར་དུ་བཅུད་ལྡན་ཚོགས་ལ་མི་རོལ་རྒྱུ༔ ཁྲག་འཐུང་འབར་བའི་ཚོགས་ཀྱང་ཚོགས་ལ་དགྱེས༔ ཐ་མ་ཚོགས་ཀྱི་ལྷག་མས་མི་བརྔན་རྒྱུ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལྷག་ལ་དགྱེས༔ ཕུད་ལ་དགྱེས་པའི་བདེ་གཤེགས་ཕུད་ལ་རོལ༔ ཚོགས་ལ་དགྱེས་པའི་ཁྲག་འཐུང་ཚོགས་ལ་རོལ༔ ལྷག་ལ་དགྱེས་པའི་བྲན་མོ་ལྷག་ལ་རོལ༔ སོ་སོའི་ཐུགས་དམ་གཉན་པོ་བསྐངས་གྱུར་ཅིག༔ དེ་ནས་ཕུད་དང་ལྷག་མ་བསྲེ་བྱས་ལ༔ ཧཱུྃ༔ བར་དུ་གཉིས་མེད་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ དེ་ནས་ཚོགས་ལྷག་ཁ་ཆུས་བཏབ་ནས་ནི༔ ཧཱུྃ༔ ཐ་མ་ལྷག་མ་ཁ་ཆུས་མི་འདེབས་རྒྱུ༔ ཁྱོད་དང་ང་གཉིས་རྡོ་རྗེའི་ཐ་ཚིག་གཅིག༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ལ་མི་འཚལ་དཀྱིལ་འཁོར་མུ་རན་སྐྱོང་༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ཞུཿཅི་བགྱིའི་བཀའ་ཉན་སྒྲུབ་ཅེས་ཁས་བླངས་བཞིན༔ ལྷག་མའི་བཤལ་ཆུ་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ བཅུ་པ་ལྷག་མ་མར་གནས་བསྐུལ་བ་ནི༔ བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ཤར་ནས་གཤེགས་པའི་རྣལ་འབྱོར་དབང་ཕྱུག་བདུན༔ སྐུ་མདོག་དཀར་ནག་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་འགྲིམས་ཤིང་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ལྷོ་ནས་གཤེགས་པའི་རྣལ་འབྱོར་དབང་ཕྱུག་བདུན༔ སྐུ་མདོག་སེར་ནག་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་འགྲིམས་ཤིང་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ནུབ་ནས་གཤེགས་པའི་རྣལ་འབྱོར་དབང་ཕྱུག་བདུན༔ སྐུ་མདོག་དམར་ནག་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་འགྲིམས་ཤིང་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ བྱང་ནས་གཤེགས་པའི་རྣལ་འབྱོར་དབང་ཕྱུག་བདུན༔ སྐུ་མདོག་ལྗང་ནག་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་འགྲིམས་ཤིང་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་ལྷག་མའི་གཏོར་མ་བསྐྱལ་བར་བྱའོ༔ ཞི་ཁྲོ་འདུས་པའི་ཚོགས་མཆོད་ལས་རིམ་འདི༔ སྐལ་ལྡན་སྐྱེས་བུ་རྣམས་ཀྱིས་བརྩོན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དེ་ནས་བཅུ་བཞི་པ་ཐུགས་དམ་བསྐུལ་བ་ནི༔ རྣམ་པ་གསུམ་སྟེ་ཞི་ཁྲོ་ཕོ་ཉ་གསུམ༔ དང་པོ་ཞི་བ་བཞི་བཅུའི་སྤྱི་བསྐུལ་ནི༔ ཧཱུྃ་བྷྱོ༔ རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་ཀློང་ཡངས་ནས༔ ཀུན་བཟང་ཆེ་མཆོག་རྒྱལ་བ་ཞི་ཁྲོའི་ལྷ༔ མི་མངོན་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ལ༔ ལོག་འདྲེན་སེམས་ཅན་འདུལ་བའི་གྲོགས་ལ་བྱོན༔ ཧཱུྃ༔ ཞི་བ་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ རྒྱལ་བ་ཀུན་གྱི་སྤྱི་མེས་ཀུན་ཏུ་བཟང་༔ རྒྱལ་བའི་སྐྱེད་ཡུམ་ཆོས་ཉིད་བཟང་མོ་ཡུམ༔ གཉིས་མེད་རོལ་པའི་ལྕམ་དྲལ་བྱུང་བ་ནི༔ རྣམ་སྣང་རྡོ་རྗེ་སེམས་དཔའ་རིན་ཆེན་འབྱུང་༔ སྣང་མཐའ་དོན་ཡོད་གྲུབ་པ་རིགས་ལྔ་ཡབ༔ དབྱིངས་ཕྱུག་སངས་རྒྱས་སྤྱན་དང་མཱ་མ་ཀཱི༔ གོས་དཀར་སྒྲོལ་མ་ལ་སོགས་ཡུམ་མཆོག་ལྔ༔ ཐོག་མའི་དུས་ཀྱི་ཐུགས་དམ་ཉེར་དགོངས་ལ༔ མི་མངོན་དབྱིངས་ནས་སེམས་ཅན་དོན་ལ་བྱོན༔ ཧཱུྃ༔ གཉིས་མེད་སྤྲུལ་པའི་སེམས་དཔའ་ལྕམ་དྲལ་ནི༔ ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང་༔ སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་བརྒྱད༔ ལཱ་སྱེ་པུཥྤ ེ་མཱ་ལེ་དྷུ་པེ་མ༔ གཱིརྟི་ཨཱ་ལོ་གནྡྷེ་ནཱིརྟི་བརྒྱད༔ སེམས་དཔའ་ཡབ་ཡུམ་ལྕམ་དྲལ་བཅུ་དྲུག་ཀྱང་༔ ཐོག་མའི་དུས་ཀྱི་ཐུགས་དམ་ཉེར་དགོངས་ལ༔ མི་མངོན་དབྱིངས་ནས་སེམས་ཅན་དོན་ལ་བྱོན༔ ཧཱུྃ༔ གཉིས་མེད་རོལ་པའི་འགྲོ་འདུལ་སྤྲུལ་སྐུ་དྲུག༔ བརྒྱ་བྱིན་ཐགས་བཟང་ཤཱཀ་ཐུབ་སེང་གེ་བརྟན༔ ཁ་འབར་ཆོས་རྒྱལ་རིགས་དྲུག་འདུལ་མཛད་དྲུག༔ འགྲོ་འདུལ་སྤྲུལ་པའི་ཐུབ་ཆེན་དྲུག་པོ་ཡང་༔ ཐོག་མའི་དུས་ཀྱི་ཐུགས་དམ་ཉེར་དགོངས་ལ༔ མི་མངོན་དབྱིངས་ནས་འགྲོ་དྲུག་དོན་ལ་བྱོན༔ ཧཱུྃ༔ གཉིས་མེད་རོལ་པའི་སྒོ་སྲུང་ཡབ་ཡུམ་བརྒྱད༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་འཁྲོལ་མ༔ འགུགས་འཆིངས་སྡོམ་དགྱེས་ལས་མཛད་སྒོ་མ་རྣམས༔ ཐོག་མའི་དུས་ཀྱི་ཐུགས་དམ་ཉེར་དགོངས་ལ༔ མི་མངོན་དབྱིངས་ནས་བདག་གི་གྲོགས་ལ་བྱོན༔ ཁྱེད་ཀྱི་བསྟན་པ་གཉན་ལ་དགྲ་དར་བས༔ མ་རུངས་སྙིགས་མའི་སེམས་ཅན་གདུལ་དཀའ་བས༔ ཁྱེད་ཀྱི་དམ་བཅས་དུས་འདིར་མ་དགོངས་ན༔ བསྟན་པའི་རུ་ཏྲ་ཡན་པར་ཤོར་ཏ་རེ༔ འགྲོ་བ་སེམས་ཅན་ངན་འགྲོར་ལྟུང་ཏ་རེ༔ རྒྱལ་བའི་བསྟན་པ་ནུབ་པར་གྱུར་ཏ་རེ༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྲུང་མར་བཅས༔ སོ་སོའི་ཐུགས་དམ་གཉན་པོ་དུས་ལ་བབས༔ གཉིས་པ་ཁྲག་འཐུང་དྲུག་ཅུའི་སྤྱི་བསྐུལ་ནི༔ ཧཱུྃ་ཧཱུྃ་ཆོས་སྐུ་ཞི་བའི་རིག་རྩལ་ཆོ་འཕྲུལ་ལས༔ ཉོན་མོངས་གདུག་པ་འདུལ་བའི་ཁྲག་འཐུང་འཕྲོས༔ བྷྱོ༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཁྲོ་རྒྱལ་རྗེ་བཙུན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་དབྱིངས་ཕྱུག་ཁྲོ་མོ་འཁྲིལ༔ འཁྲིལ་སྦྱོར་རོལ་པའི་ཁྲག་འཐུང་བྱུང་བ་ནི༔ བུདྡྷ་བཛྲ་རཏྣ་པདྨ་དང་༔ ཀརྨ་ཧེ་རུ་ཀ་སོགས་ཁྲག་འཐུང་ལྔ༔ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་དབྱིངས་ཕྱུག་ལ་སོགས་ཀྲོ་ཏི་ལྔ༔ ཁྱོད་ཀྱི་བསྟན་ལ་གདུག་པའི་དགྲ་དར་བས༔ དྲག་པོ་ཁྲོས་པའི་ཚུལ་གྱིས་གྲོགས་ལ་བྱོན༔ ཧཱུྃ་ཧ༔ གཉིས་མེད་རོལ་པའི་མ་མོ་སྤྲུལ་པ་ནི༔ ཀཽ་རཱི་ཙོ་རཱི་པྲ་མོ་བེ་ཏཱ་ལཱི༔ པུསྐ་ཀསྨ་སྨེ་ཤ་ཙཎྜ་ལཱི༔ གནས་ཀྱི་ཀཽ་རཱི་མ་མོ་བརྒྱད་རྣམས་ཀྱང་༔ སངས་རྒྱས་བསྟན་ལ་སྡང་བའི་དགྲ་དར་བས༔ ཟ་བྱེད་རྔམས་པའི་ཚུལ་གྱིས་གྲོགས་ལ་བྱོན༔ ཧཱུྃ་ཧེ༔ གཉིས་མེད་རོལ་པའི་ཕྲ་མེན་སྤྲུལ་པ་ནི༔ སེངྷ་བྱཱ་ཀྲི་སྲི་ལ་ཤྭ་ན་མ༔ ཀྲི་ཏ་ཀངྐ་ཁ་ཁཱ་ཧུ་ལུ་མ༔ ཡུལ་གྱི་སིངྷ་ཕྲ་མེན་བརྒྱད་རྣམས་ཀྱང་༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་བས༔ གསོད་བྱེད་འཇིགས་པའི་ཚུལ་གྱིས་གྲོགས་ལ་བྱོན༔ ཧཱུྃ་ཛ༔ གཉིས་མེད་རོལ་པའི་སྒོ་སྲུང་སྤྲུལ་པ་ནི༔ རྟ་གདོང་ཕག་གདོང་སེང་གདོང་སྦྲུལ་གདོང་བཞི༔ འགུགས་འཆིངས་སྡོམ་དགྱེས་ཕྲིན་ལས་བཞི་མཛད་མ༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་བས༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ སྒྲོལ་བྱེད་འཁྱུགས་པའི་ཚུལ་གྱིས་གྲོགས་ལ་བྱོན༔ ཧཱུྃ་བྷྱོ༔ གཉིས་མེད་རོལ་པའི་ཡང་སྤྲུལ་ཕོ་ཉ་ནི༔ ཤར་ནས་ཞི་བའི་ལས་མཛད་དབང་ཕྱུག་བདུན༔ ལྷོ་ནས་རྒྱས་པའི་ལས་མཛད་དབང་ཕྱུག་བདུན༔ ནུབ་ནས་དབང་གི་ལས་མཛད་དབང་ཕྱུག་བདུན༔ བྱང་ནས་དྲག་པོའི་ལས་མཛད་དབང་ཕྱུག་བདུན༔ སྤྲུལ་པའི་མགོ་བརྙན་རྫུ་འཕྲུལ་ཅིར་ཡང་སྟོན༔ བཀའ་ཡི་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ མྱུར་མགྱོགས་མཐུ་དང་རྫུ་འཕྲུལ་ལྡན་པ་རྣམས༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་བས༔ དགྲ་བགེགས་བསྒྲལ་ཕྱིར་བདག་གི་གྲོགས་ལ་བྱོནཿཧཱུྃ་བྷྱོ༔ ཞི་ཁྲོ་རིགས་བརྒྱའི་བཀའ་ཉན་ལས་བྱེད་རྣམས༔ སྔོན་ཚེ་སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ དེང་འདིར་ཁྱོད་ཀྱི་བསྟན་པ་ནུབ་ལ་ཉེ༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་བས༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ ཁྱེད་ཀྱི་ཐུགས་དམ་གཉན་པོའི་དུས་ལ་བབས༔ མྱུར་ཞིང་རིངས་པའི་ཚུལ་གྱིས་འདིར་གཤེགས་ལ༔ བསྟན་པའི་དགྲ་བགེགས་བརླགས་པའི་ཕྲིན་ལས་མཛོད༔ མི་མཐུན་རྐྱེན་ཚོགས་བཟློག་པའི་ཕྲིན་ལས་མཛོད༔ བཅོལ་པའི་ཕྲིན་ལས་མྱུར་མགྱོག་གྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

གསུམ་པ་ཕོ་ཉ་སྒོས་སུ་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ བཀའ་དང་དམ་ཚིག་གཞལ་ཡས་སུ༔ ཞི་ཁྲོ་སྤྲུལ་པ་ཡང་སྤྲུལ་དང་༔ བཀའ་ཉན་ལས་བྱེད་སྲུང་མའི་ཚོགས༔ ལ་ལས་བསྟན་པའི་གཞི་འཛིན་མཛད༔ ལ་ལས་བཀའ་ཡི་བྱ་ར་མཛད༔ ལ་ལས་ཆོས་མཛད་སྲུང་མ་མཛད༔ ལ་ལས་གཙུག་ལག་དཀོར་ཁང་སྲུང་༔ ལ་ལས་ཡུལ་དགོན་དབེན་གནས་སྲུང་༔ ལ་ལས་དམ་ཚིག་ལས་རྗེས་གཅོད༔ ལ་ལས་སྒྲུབ་པའི་སྡོང་གྲོགས་མཛད༔ ལ་ལས་སྟོང་གསུམ་ཁྱབ་པར་ཉུལ༔ ལ་ལ་བསམ་གཏན་ངང་ལ་གནས༔ ལ་ལས་སྐྱེ་འགྲོའི་བླ་ཚེ་རྐུ༔ ལ་ལ་སྲོག་གཅོད་སྲིན་པོའི་རིགས༔ ལ་ལ་གཙང་སྦྲ་བྲམ་ཟེའི་རིགས༔ ལ་ལ་རིམས་དང་ནད་ཀྱི་བདག༔ ལ་ལ་ལྟས་ངན་ཆོ་འཕྲུལ་བདག༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་ལས་བྱེད་བྱེ་བ་འབུམ༔ ཀུན་ཀྱང་ཞི་ཁྲོའི་ཆོ་འཕྲུལ་ཏེ༔ རིག་རྩལ་རོལ་པ་ཐོགས་མེད་འཕྲོ༔ ཁྱེད་ཅག་སྔོན་གྱི་ཐ་ཚིག་ཅན༔ རྒྱལ་བའི་སྤྱན་སྔར་ཁས་བླངས་བཞིན༔ ད་ལྟ་བསྟན་ལ་དགྲ་དར་བས༔ མ་གཡེལ་བཀའ་ཡི་སྲུང་མ་རྣམས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བསྟན་པ་བཤིག་པའི་དགྲ་བགེགས་རྣམས༔ ཡུད་ཙམ་གྱིས་ནི་བརླག་པར་མཛོད༔ ས་མ་ཡ༔ བཅོ་ལྔ་བཀའ་ཡི་ཆད་ཐོ་འདི་སྐད་དོ༔ ཧཱུྃ༔ དུས་གསུམ་དུས་མེད་ཀ་དག་དུས་ཀྱི་ཚེ༔ རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་ཀློང་ཡངས་སུ༔ ཀུན་ཏུ་བཟང་པོ་གྲོལ་གཞིའི་དུས་ཀྱི་ཚེ༔ ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཡིས༔ མ་བཅོས་རང་ཤར་རང་དམ་བཅས་པ་བཞིན༔ འཁོར་འདས་གཞི་ནས་གྲོལ་བར་མ་ཆད་དམ༔ འཁྲུལ་པ་ཀ་ནས་དག་པར་མ་ཆད་དམ༔ འཁོར་བ་དོང་ནས་སྤྲུགས་པར་མ་ཆད་དམ༔ ཡེ་གྲོལ་གཤིས་ཀྱི་གཏོར་མ་འདི་བཞེས་ལ༔ ཀུན་གཞི་ཀློང་ནས་གྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རྣམ་དག་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡིས༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་ལ༔ ཆོས་སྐུའི་དགོངས་པས་བྱིན་གྱིས་བརླབས་པའི་ཚེ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐམས་ཅད་ཀྱིས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཕུང་ཁམས་གནས་སུ་དག་པར་མ་ཆད་དམ༔ རིགས་དྲུག་དབྱིངས་སུ་སྒྲོལ་བར་མ་ཆད་དམ༔ འཁོར་བ་དོང་ནས་སྤྲུགས་པར་མ་ཆད་དམ༔ རྟོག་ཚོགས་རང་གྲོལ་གཏོར་མ་འདི་བཞེས་ལ༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ འཁོར་བ་ཀ་ནས་དག་པའི་ཕྲིན་ལས་མཛོད༔ ཧཱུྃ༔

དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཁྲག་འཐུང་རིགས་ལྔ་ཞི་ཁྲོ་སྤྲུལ་འཁོར་གྱིས༔ དྲེགས་པ་རུ་ཏྲའི་སྡེ་དཔོན་འདུལ་བའི་ཚེ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ དྲེགས་པ་ཅན་གྱི་འཁོར་ཚོགས་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བར་གྱི་བསྐལ་པ་ཕྱི་མ་ལ༔ བོད་ཡུལ་ཁ་བ་ཅན་གྱི་ཡུལ་ལྗོངས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བྲག་དམར་དཔལ་གྱི་བསམ་ཡས་བཞེངས་པའི་ཚེ༔ བོད་ཀྱི་ལྷ་སྲིན་དྲེགས་པ་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་རྐྱེན་ངན་བཟློགས་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ ཤེས་རབ་ཡུམ་ཆེན་མཁའ་འགྲོ་མཚོ་རྒྱལ་གྱིས༔ ཟབ་ཆོས་མཐའ་དག་གཏེར་དུ་སྦས་པའི་ཚེ༔ གཏེར་བདག་ཆོས་ཀྱི་སྲུང་མ་ཐམས་ཅད་དང་༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ད་དུས་སྙིགས་མའི་དུས་ལ་བབས་པའི་ཚེ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་བཀྱེས་ནས་སུ༔ ཟབ་ཆོས་མཐའ་དག་གཏེར་ནས་བཏོན་པའི་ཚེ༔ སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་དང་༔ གསངས་སྔགས་ཆོས་ཀྱི་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

བཅུ་དྲུག་པ་སྒོ་དབྱེ་བྱ་བ་འདི་སྐད་དོ༔ ཧཱུྃ་ཛ༔ ཤར་ཕྱོགས་སྒོ་མ་རྟ་གདོང་མ༔ སྙིང་རྗེ་ཚད་མེད་ལྕགས་ཀྱུ་ཡིས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ ཞེ་སྡང་དགྲ་བགེགས་ཚར་ཆོད་ལ༔ འཇིགས་པ་བརྒྱད་སོགས་ཞི་བ་དང་༔ གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར༔ ཧཱུྃ་ཧཱུྃ༔ ལྷོ་ཕྱོགས་སྒོ་མ་ཕག་གདོང་མ༔ བྱམས་པ་ཚད་མེད་ཞགས་པ་ཡིས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ ང་རྒྱལ་དགྲ་བགེགས་ཚར་གཅོད་ལ༔ བསོད་ནམས་ཡེ་ཤེས་རྒྱས་པ་དང་༔ གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར༔ ཧཱུྃ་བཾ༔ ནུབ་ཕྱོགས་སྒོ་མ་སེང་གདོང་མ༔ དགའ་བ་ཚད་མེད་ལྕགས་སྒྲོག་གིས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ འདོད་ཆགས་དགྲ་བགེགས་ཆར་ཆོད་ལ༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར༔ ཧཱུྃ་ཧོ༔ བྱང་ཕྱོགས་སྒོ་མ་སྦྲུལ་གདོང་མ༔ བཏང་སྙོམས་ཚད་མེད་དྲིལ་བུ་ཡིས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ ཕྲག་དོག་དགྲ་བགེགས་ཚར་ཆོད་ལ༔ མི་མཐུན་རྐྱེན་ངན་བཟློག་པ་དང་༔ གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ༔ དེ་ན་ཕྱོགས་སྐྱོང་བཅུ་པོ་བཞུགས༔ ཕྱོགས་སྐྱོང་ཕོ་རྣམས་ཁྲག་ཏུ་སྐྱུགས༔ ཕྱོགས་སྐྱོང་མོ་རྣམས་འབོག་ཅིང་བརྒྱལ༔ ཕྱོགས་སྐྱོང་ཕྲུ་གུ་དམྱལ་ཐག་ཆོད༔ དེར་ཡང་སྙིང་རྗེའི་ཟོར་མི་འཕེན༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་འཕེན༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བཅུ་བདུན་གཏོར་སྐྱོང་བྱ་བ་འདི་སྐད་དོ༔ ཧཱུྃ་བྷྱོ༔ བརྟན་མ་སྐྱོང་མཛད་མ་སྲིང་ཚོགས༔ དབང་ཕྱུགས་ཉི་ཤུ་རྩ་བརྒྱད་དང་༔ འཛམ་གླིང་བརྟན་མ་བཅུ་གཉིས་རྣམས༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ ཤར་ནས་ཞི་བའི་ལས་བྱེད་བདུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ དགྲ་བགེགས་ཞི་བའི་ཕྲིན་ལས་མཛོད༔ ལྷོ་ནས་རྒྱས་པའི་ལས་བྱེད་བདུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ བསོད་ནམས་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ནས་དབང་གི་ལས་བྱེད་བདུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ འཁོར་འདས་དབང་སྡུད་ཕྲིན་ལས་མཛོད༔ བྱང་ནས་དྲག་པོའི་ལས་བྱེད་བདུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ བོད་ཁམས་བརྟན་མ་བཅུ་གཉིས་དང་༔ གཡའ་མ་སྐྱོང་མའི་ཚོགས་རྣམས་ཀྱང་༔ བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ སྔོན་ཚེ་རྒྱལ་བ་ཞི་ཁྲོའི་བཀའ༔ དེ་རྗེས་སློབ་དཔོན་པདྨའི་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་དང་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་མཛོད༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་ཚིག་འདི་ལས་ཁྱོད་མ་འདའ༔ དམ་ཚིག་འདི་ལས་ཁྱོད་འདའ་ན༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གྱིས༔ སྙིང་ཁྲག་འཐུང་ནས་རླག་པར་བྱེད༔ དེ་བས་དམ་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་བཅོ་བརྒྱད་གཏོར་བྲོ་བརྡུང་བ་ནི༔ མཆེད་ལྕམ་ཞི་ཁྲོ་ཁྲག་འཐུང་སྐུར་བསྒོམ་ཞིང་༔ ལག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ༔ མ་རིག་ཉོན་མོངས་དགྲ་བགེགས་མ་ལུས་པ༔ དགུག་གཞུག་ཐར་མེད་གནས་སུ་མནན་པར་བསམ༔ གཏོར་གཞོང་ཁ་སྦུབ་དེ་སྟེང་འདི་སྐད་དོ༔ (བྲོ་འགུགས་ནི། ན་མོ། དཀོན་མཆོག་གསུམ་དང་ཡི་དམ་ཞི་ཁྲོ་རབ་འབྱམས། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པས། གནོད་བྱེད་དམ་སྲི་སྒབ་འདྲེ་གནོད་ཅིང་འཚེ་བའི་གདོན་བགེགས། བཀའ་དང་དམ་ལ་མི་གནས་པའི་འགྱུར་ལྡོག་འཕར་ལྡང་། མགོ་གཡོག་མགོ་བསྐོར་བྱེད་པ་ཐམས་ཅད་ས་རིམ་པ་དགུའི་མར་ཞབས། ལས་ཀྱི་གཤིན་རྗེའི་ལྟོ་བ། ཀླུ་བདུད་ནག་པོའི་ལག་པ། ཆུ་སྲིན་གདུག་པའི་གྲེ་བ། གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ལན་གསུམ། ཛཿ་ཧཱུྃ་བཾ་ཧོཿༀ་བཛྲ་པཱ་ཎི་མ་མ་རཀྵ་ཆོ་ག་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སྒབ་འདྲེའི་སྲོག་ལ་ཏྲི་ཏྲི་ཧུར་ཐུཾ། གཟེར་ཐུཾ་རཾ་རཾ། ཤ་རུས་ཁུག་ཁུག །ཆོ་ག་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སྒབ་འདྲེ་ཁུག་ཁུག་སྒབ་འདྲེའི་སྙིང་ལ་ཛཿཛཿལན་གསུམ། ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་སྟེང་ཕྱོགས་ནས༔ གཏི་མུག་འཇོམས་པའི་ཆོས་དབྱིངས་ཡེ་ཤེས་གསལ༔ མཐིང་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ དབུས་ཕྱོགས་བདེ་གཤེགས་རིགས་ཀྱིས་བྲོ་བརྡུངས་པས༔ གཏི་མུག་མགོ་ལ་འོད་གསལ་ཆེམས་སེ་ཆེམ། བྲོ་ཡང་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་གླུ༔ ཆོས་དབྱིངས་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ རྣམ་རྟོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཤར་ཕྱོགས་ནས༔ ཞེ་སྡང་འཇོམས་པའི་མེ་ལོང་ཡེ་ཤེས་གསལ༔ དཀར་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱིས་བྲོ་བརྡུངས་པས༔ ཞེ་སྡང་མགོ་ལ་རང་གྲོལ་ཆེམས་སེ་ཆེམ༔ བྲོ་ཡང་མེ་ལོང་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་མེ་ལོང་ཡེ་ཤེས་ཆེན་པོའི་གླུ༔ མེ་ལོང་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ ཞེ་སྡང་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ལྷོ་ཕྱོགས་ནས༔ ང་རྒྱལ་འཇོམས་པའི་མཉམ་ཉིད་ཡེ་ཤེས་གསལ༔ སེར་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱིས་བྲོ་བརྡུངས་པས༔ ང་རྒྱལ་མགོ་ལ་གསལ་སྟོང་ཆེམས་སེ་ཆེམ༔ བྲོ་ཡང་མཉམ་ཉིད་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་མཉམ་ཉིད་ཡེ་ཤེས་ཆེན་པོའི་གླུ༔ མཉམ་ཉིད་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ ང་རྒྱལ་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ནུབ་ཕྱོགས་ནས༔ འདོད་ཆགས་འཇོམས་པའི་སོར་རྟོག་ཡེ་ཤེས་གསལ༔ དམར་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ནུབ་ཕྱོགས་པདྨ་རིགས་ཀྱིས་བྲོ་བརྡུངས་པས༔ འདོད་ཆགས་མགོ་ལ་བདེ་སྟོང་ཆེམས་སེ་ཆེམ༔ བྲོ་ཡང་སོར་རྟོག་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་སོར་རྟོག་ཡེ་ཤེས་ཆེན་པོའི་གླུ༔ སོར་རྟོག་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ འདོད་ཆགས་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་བྱང་ཕྱོགས་ནས༔ ཕྲག་དོག་འཇོམས་པའི་བྱ་གྲུབ་ཡེ་ཤེས་གསལ༔ ལྗང་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱིས་བྲོ་བརྡུངས་པས༔ ཕྲག་དོག་མགོ་ལ་གྲགས་སྟོང་ཆེམས་སེ་ཆེམ༔ བྲོ་ཡང་བྱ་གྲུབ་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་བྱ་གྲུབ་ཡེ་ཤེས་ཆེན་པོའི་གླུ༔ བྱ་གྲུབ་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ ཕྲག་དོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ༀ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ ཧྲཱིཿལཾ༔ སྭཱ་ལཾ༔ སྟྭཾ་བྷ་ཡ་ནན༔ སརྦ་ཤཱ་ཏྲུཾ་ཀཱ་ཡ་ཝཱཀ་ཙིཏྟ་སྟྭཾ་བྷ་ཡ་ནན༔ རྒྱ་རྒྱ་རྒྱ༔

དེ་ནས་ནང་དུ་ལོག་ནས་བཀྲ་ཤིས་དང་༔ བསྔོ་བ་སྨོན་ལམ་རྗེས་ཀྱི་ལས་རིམ་ནི༔ དང་པོ་བཤགས་པ་བཟོད་གསོལ་བསྐང་བ་ནི༔ བདག་ཉིད་སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔ རྡོ་རྗེ་དྲིལ་འཛིན་ཕྱེད་སྐྱིལ་བཞུགས་པ་ཡི༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་རྒྱུན་བབས་ཉམས་ཆགས་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར༔ ༀ་བཛྲ་ས་ཏྭ་ས་མ་ཡ༔ སོགས་། ས་ཏྭ་ཨཱ༔ ཨ་ཨ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཱ༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཀུན་གཞི་མ་བཅོས་ཀློང་ཡངས་ངང་ཉིད་ལས༔ རང་རིག་གསལ་སྟོང་ཡེ་ནས་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་བདེ་ཆེན་ཀུན་བཟང་མོ༔ དབྱེར་མེད་མ་བཅོས་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་པའི་ཡུལ་ལས་ཡེ་ནས་འདས༔ འདི་ལྟར་རྟོགས་ན་སྐོང་བཤགས་མཆོག་ཏུ་འགྱུར༔ དེ་ནས་ལྷ་ལ་བཟོད་པར་གསོལ་བ་ནི༔ གང་ཡང་བདག་བློ་མ་རིག་གཏི་མུག་པས༔ ཡེ་ནས་ཀ་དག་ཆེན་པོའི་རང་བཞིན་ལ༔ དེ་ལྟར་མ་རྟོགས་གཉིས་འཛིན་འཁྲུལ་པ་ཡིས༔ ཆོ་ག་ལྷག་ཆད་ནོར་འཁྲུལ་ཅི་མཆིས་པ༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ཚངས་པར་རྩལ་ནས་དངོས་གྲུབ་རྩལ་དུ་གསོལ༔ གཉིས་པ་བཀྲ་ཤིས་བརྗོད་པ་འདི་སྐད་དོ༔ ༀ༔ སྟོང་ཞིང་བདག་མེད་ཀ་དག་ལྷུན་གྱིས་གྲུབ༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱཿགསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔ རིགས་ལྔ་ཡབ་ཡུམ་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ༔ ཐུགས་རྗེའི་རྒྱུན་གྱིས་རིགས་དྲུག་གནས་ནས་འདྲེན༔ སྤྲུལ་སྐུ་ཐུབ་དྲུག་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧྲི༔ སྟོང་ཉིད་སྙིང་རྗེས་འཁོར་བའི་འགྲོ་བ་སྐྱོབ༔ སེམས་དཔའ་སེམས་མའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཛ༔ ཕྲིན་ལས་རྣམ་བཞིས་གདུལ་བྱའི་རེ་བ་སྐོང་༔ སྒོ་བ་སྒོ་མའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ༔ སྣ་ཚོགས་ཐབས་ཀྱིས་ལོག་འདྲེན་རཱུ་ཏྲ་འདུལ༔ ཁྲག་འཐུང་ལྔ་བཅུའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧྲཱིཿསྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་བརྙེས༔ པདྨ་འབྱུང་གནས་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱཿམཐོང་ཐོས་དྲན་རེག་སྐད་ཅིག་སངས་རྒྱས་ཐོབ༔ དགོངས་པ་རང་གྲོལ་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ གཞི་ཡི་བཀྲ་ཤིས་རང་རྒྱུད་འདུལ་བར་ཤོག༔ ལམ་གྱི་བཀྲ་ཤིས་གཞན་རྒྱུད་སྦྱོང་བར་ཤོག༔ འབྲས་བུའི་བཀྲ་ཤིས་གཞི་ཐོག་སྨིན་པར་ཤོག༔ དམིགས་མེད་མཐའ་བྲལ་ལྟ་བའི་བཀྲ་ཤིས་ཤོག༔ ཡེངས་མེད་རྐྱེན་ཐུབ་སྒོམ་པའི་བཀྲ་ཤིས་ཤོག༔ ཕྱོགས་མེད་རྣམ་རྒྱལ་སྤྱོད་པའི་བཀྲ་ཤིས་ཤོག༔ སྐུ་གསུམ་ལྷུན་གྲུབ་འབྲས་བུའི་བཀྲ་ཤིས་ཤོག༔ དེ་ནས་བསྔོ་བ་སྨོན་ལམ་གདབ་པ་ནི༔ ན་མོ༔ འཁོར་གསུམ་ཡོངས་དག་རབ་དཀར་དགེ་བ་འདིས༔ ཁམས་གསུམ་རིགས་དྲུག་སེམས་ཅན་མ་ལུས་པ༔ ཀུན་ཏུ་བཟང་པོའི་གཞི་ཐོག་གྲོལ་བར་ཤོག༔ ལོངས་སྐུ་ཞི་ཁྲོའི་གོ་འཕང་ཐོབ་པར་ཤོག༔ སྤྲུལ་སྐུ་ཐུབ་དྲུག་གདུལ་བྱ་རྫོགས་པར་ཤོག༔ སྐུ་གསུམ་འབྲས་བུ་མྱུར་དུ་སྨིན་པར་ཤོག༔ བཞི་པ་ལྷ་ཚོགས་གཤེགས་སུ་གསོལ་བ་ནི༔ ༀ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྟོགས་པ་མངོན་གྱུར་དངོས་གྲུབ་རྩོལ༔ དོན་ལ་གཤེགས་བཞུད་མི་མངའ་ཡང་༔ ཆོས་དབྱིངས་ཀློང་དུ་གཤེགས་ནས་ཀྱང་༔ འགྲོ་བ་སེམས་ཅན་དོན་སླད་དུ༔ བདག་གིས་སྤྱན་འདྲེན་གསོལ་འདེབས་དུས༔ ཆོས་སྐུའི་དབྱིངས་ནས་སྐུར་བཞེངས་ལ༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ༀ་བཛྲ་མུ༔ རྗེས་སུ་རྫོགས་པའི་རིམ་པ་བསྒོམ་པ་ནི༔ གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ ལྷ་ཚོགས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར༔ སྣང་སྟོང་གཉིས་མེད་མཐའ་བྲལ་ངང་ལ་བཞག༔ སྒྲ་གྲགས་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསུང་༔ གྲགས་སྟོང་ནམ་མཁའི་འབྲུག་སྒྲ་ཡལ་བ་ལྟར༔ གྲགས་སྟོང་བརྗོད་མེད་ངང་ལ་མཉམ་པར་བཞག༔ དྲན་བསམ་ཐམས་ཅད་ཞི་ཁྲོའི་ཐུགས་སུ་ཤར༔ ཤར་གྲོལ་ཀློང་ཐིམ་མཁའ་ལ་སྤྲིན་དེངས་ལྟར༔ ཐུགས་དགོངས་མ་བཅོས་སྐྱེ་མེད་ངང་ལ་བཞག༔ བསམ་དུ་མེད་དེ་སེམས་ཉིད་ནམ་མཁའ་ཆེ༔ བརྗོད་དུ་མེད་དེ་རྣམ་ཤེས་གཟུགས་དང་བྲལ༔ ཨ་ཨ་ཨ༔ དེ་ནས་སྤྱོད་ལམ་རྣམ་བཞི་རྗེས་ཐོབ་དུས༔ སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལས༔ རྡོ་རྗེ་སེམས་དཔའི་ང་རྒྱལ་མ་བྲལ་བར༔ སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཞི་ཁྲོ་འདུས་པའི་ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་ཞེས་བྱ་བ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ་འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་བ་མ་ལུས་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མ་སུཪྱ་ཙནྡྲ་རསྨི་ལ་བཀའ་བབས་པའི་ཟབ་ཆོས་ལགས་སོ༔ མངྒ་ལཾ༔

ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོ།

༁ྃ༔ ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོ་ཞེས་བྱ་བ་བཞུགས་སོ༔

དབྱིངས་རིག་རང་བཞིན་ཆོས་དབྱིངས་ཀ་ནས་དག༔ རིག་པའི་ངོ་བོ་མ་བཅོས་ལྷུན་གྱིས་གྲུབ༔ གཉིས་མེད་ཐུགས་རྗེ་ཞི་དང་ཁྲོ་གར་སྟོན༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཞི་ཁྲོའི་ཕྲིན་ལས་ཤིན་ཏུ་མདོར་བསྡུས་པ༔ གཏོར་སྒྲུབ་རང་གྲོལ་ལས་བྱང་སྙིང་པོ་འདི༔ ཕྱི་རབ་དོན་དུ་པདྨ་བདག་གིས་ནི༔ ཉམས་སུ་བླང་བའི་རིམ་པ་བསྟན་པར་བྱ༔ འདི་ལ་སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་དང་རྣམ་གསུམ་ལས༔ དང་པོ་སྔོན་འགྲོ་མཚམས་གཅོད་རྣམ་པ་བཞི༔ ཐོག་མར་ཁྲོ་བོའི་རོལ་མཚམས་བཅད་པ་ནི༔ སྐད་ཅིག་དྲན་རྫོགས་ཧེ་རུ་ཀ་རུ་བསྐྱེད༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་ལས་ཀྱི་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་རྡོ་རྗེ་དྲིལ་བུ་བསྣམས༔ སྐུ་ལས་འོད་འཕྲོས་ཕྱོགས་བཅུ་མཐར་ཐུག་པའི༔ ཐམས་ཅད་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཏེ༔ ཁམས་གསུམ་གདུག་པ་མ་ལུས་རྡུལ་དུ་བརླག༔ ལྷ་ལས་མ་གཏོགས་བགེགས་ཀྱི་མིང་ཡང་མེད༔ ༀ་བཛྲ་ཧེ་རུ་ཀ་ལོ་ཀ་ཏི་ར་བཾ༔ སྟཾ་བྷ་རཀྵ་ཧཱུྃ༔ གཉིས་པ་མཚོན་ཆ་འབར་བས་མཚམས་བཅད་པ་ནི༔ ཧཱུྃ་བདག་དང་སྤྲུལ་པ་ཀུན་གྱི་འོད་ཟེར་ལས༔ ཡི་གེ་འབྲུ་དྲུག་མཚོན་ཆ་ལྔ་དང་མེ༔ ཕྱོགས་བཅུར་འཕྲོས་ཏེ་བླ་རེ་ས་གཞི་དང་༔ མཚོན་ཆའི་རྩིག་པ་མཚོན་ཆའི་གུར་དུ་གྱུར༔ མེ་དཔུང་ཆེན་པོ་ལྔ་ལྡན་སྲིད་གསུམ་བསྲེགས༔ བར་མཚམས་མེད་པར་མེ་དང་མཚོན་ཆས་གཏམས༔ ༀ་ཧཱུྃ་ཕཊ་ཨ་ཛྭ་ལ་རཾ༔ གསུམ་པ་བཤགས་པ་གསང་བའི་མཚམས་གཅོད་ནི༔ ཧཱུྃ༔ ཆོས་ཉིད་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ འཁོར་འདས་སྣོད་བཅུད་རབ་འབྱམས་མ་ལུས་ཀུན༔ ཀློང་ཡངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ དབྱིངས་དང་ཡེ་ཤེས་དབྱེར་མེད་རིག་པའི་ལྷ༔ མཉམ་ཡངས་ཆེན་པོར་མ་རྟོགས་མཐོལ་ལོ་བཤགས༔ གཉིས་མེད་རོལ་པ་ཆེན་པོར་རྟོགས་པར་བྱའོ༔ ༀ་སརྦ་དྷརྨ་དྷཱ་ཏུ་ཛྙཱ་ན་ས་མ་ཡ་ཨཱཿ བཞི་པ་གཏོར་མ་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ བྷན་དྷའི་ནང་དུ་ཤ་ལྔ་བདུད་རྩི་ལྔ༔ ཉི་ཟླ་རྡོ་རྗེ་འབར་བས་རབ་བརྒྱན་ཏེ༔ ཧཱུྃ་ལས་རླུང་གཡོས་མེ་འབར་ཐོད་པ་དྲོས༔ མ་དག་སྦྱངས་ཏེ་སྨན་རཀ་གཏོར་མར་སྤྲུལ༔ འདོད་ཡོན་ལྔ་ལྡན་འཆི་མེད་བདུད་རྩིར་གྱུར༔ ཟག་མེད་བདེ་བ་ཆེན་པོར་བྱིན་གྱིས་བརླབས༔ ༀཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ ༀ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿ་ཐཱཿༀ་ཨཱཿཧཱུྃ༔ མ་ཧཱ་བྷ་ལིང་ཏ་ཏེ་ཛྭ་བྷ་ལིང་ཏ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ མེ་རླུང་དྲག་པོ་འབར་བའི་སྦྱོར་བ་ཡིས༔ སྨན་རག་གཏོར་གསུམ་བདུད་རྩི་ཁོལ་བ་ལས༔ ཟེར་མ་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་འཕྲོ༔ སྣོད་ཀྱི་འཇིག་རྟེན་བདུད་རྩི་གཏོར་མ་ལ༔ བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ངང་༔ བདེ་བ་ཆེན་པོའི་འདོད་ཡོན་མེར་མེར་གང་༔ ཧཱུྃ་ཡཾ་རཾ་ཨ་མྲྀ་ཏ་བྷ་ལིང་ཏ་རཀྟ་སུ་ཁ་ༀ་ཨཱཿཧཱུྃ༔ སྔོན་འགྲོའི་ལས་རིམ་དང་པོའོ༔ གཉིས་པ་དངོས་གཞི་བསྐྱེད་པའི་རིམ་པ་ནི༔ ༀ་སྟོང་ཉིད་སྙིང་རྗེ་གཉིས་མེད་རང་རིག་ཨ༔ དྲན་རྫོགས་རང་རིག་ཀུན་བཟང་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིསམཐིང་ག་གཉིས་མེད་འཁྲིལ༔ རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་དབྱེར་མེད་རོལ༔ མཚན་དང་དཔེ་བྱད་སྣང་ལ་རང་བཞིན་མེད༔ འོད་ཟེར་དཔག་མེད་བྱིན་བརླབས་དབང་དང་ལྡན༔ བཛྲ་ཙིཏྟ་ཧཱུྃ༔ ས་མནྟ་བྷ་དྲ་ༀ་ཨཱཿཧཱུྃ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལས༔ རྒྱ་གྲམ་ལྗང་ཀུ་རླུང་གི་དཀྱིལ་འཁོར་འཁྲིགས༔ དམར་ནག་གྲུ་གསུམ་མེ་ཡི་དཀྱིལ་འཁོར་འབར༔ ཀེང་རུས་རི་རབ་དབང་ཆེན་ས་གཞི་བརྡལ༔

དུར་ཁྲོད་རིན་ཆེན་ཡེ་ཤེས་གཞལ་ཡས་ཁང་༔ འབྱུང་བ་ཡུམ་ལྔ་ཞི་ཁྲོའི་གཞལ་ཡས་གསལ༔ ཨེ་ཡཾ་རཾ་སུཾ་ཀིཾ་རཾ་བྷྲཱུཾ༔ གཞལ་ཡས་དབུས་སུ་ལྷ་ཚོགས་བསྐྱེད་པ་ནི༔ ཧཱུྃ༔ ཀུན་བཟང་ཡབ་ཡུམ་སྤྲུལ་པའི་ལྕམ་དྲལ་ནི༔ རྡོ་རྗེ་སེམས་དཔའ་རིགས་ལྔ་སངས་རྒྱས་ཡབ༔ དབྱིངས་ཕྱུག་སྤྱན་མ་རིགས་ལྔ་ཡུམ་དང་འཁྲིལ༔ སེམས་དཔའ་སེམས་མ་ལྕམ་དྲལ་བཅུ་དྲུག་དང་༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་ལ་སོགས༔ བཞི་བཅུ་རྩ་གཉིས་ཞི་བའི་ལྷ་ཚོགས་གསལ༔ ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཧཱུྃ༔ ཀུན་བཟང་ཆེ་མཆོག་ཡབ་ཡུམ་རིག་རྩལ་ལས༔ བཛྲ་ཧེ་རུ་ཀ་སོགས་ཁྲག་འཐུང་ལྔ༔ ཀྲོ་དྷཱི་ཤྭ་རི་དབྱིངས་ཕྱུག་ཡུམ་ལྔ་སྦྱོར༔ ཀཽ་རཱི་བརྒྱད་དང་སེང་ཧ་ཕྲ་མེན་བརྒྱད༔ སྒོ་མ་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད༔ ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་ལྷ་ཚོགས་གསལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གཉིས་པ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས༔ རོལ་པའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས༔ ཆོས་ཀྱི་དབྱིངས་ལས་འགྲོ་དོན་སྐུར་སྤྲུལ་ཏེ༔ ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ གསུམ་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ འབྱུང་བ་རིམ་བརྩེགས་ཡེ་ཤེས་གཞལ་ཡས་འདིར༔ མ་བཅོས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ༔ གླང་ཆེན་སེང་གེ་རྟ་མཆོག་རྨ་བྱ་དང་༔ ཤང་ཤང་རཱུ་ཏྲ་བམ་དང་ཉི་ཟླའི་སྟེང་༔ དབྱིངས་དང་རིག་པ་གཉིས་མེད་དགྱེས་པ་ཡི༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས་སུ་གསོལ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཏིཥྛ་ལྷན༔ བཞི་པ་ལྷ་ལ་གུས་ཕྱག་འཚལ་བ་ནི༔ ཧཱུྃ༔ སྐུ་ནི་གསལ་སྟོང་དབྱེར་མེད་བསྒྲེས་རྒུད་བྲལ༔ གསུང་ནི་གྲགས་སྟོང་དབྱེར་མེད་སྐྱེ་འགགས་བྲལ༔ ཐུགས་ནི་རིག་སྟོང་དབྱེར་མེད་གཟུངས་འཛིན་བྲལ༔ ཡོན་ཏན་བདེ་སྟོང་དབྱེར་མེད་སྡུག་བསྔལ་བྲལ༔ ཕྲིན་ལས་སྣང་སྟོང་དབྱེར་མེད་འགྲོ་འོང་བྲལ༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙྪ་ཧོ༔ ན་མི་ན་མོ་ཧཱུྃ༔ ལྔ་པ་ཕྱི་ནང་གསང་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ མཆོད་ཡོན་བདུན་དང་རྒྱལ་སྲིད་རིན་ཆེན་བདུན༔ འདོད་ཡོན་ལྔ་ལྡན་ཕྱི་ཡི་མཆོད་པ་འབུལ༔ ལྷ་མོ་བརྒྱད་དང་གླུ་གར་སྨན་རཀ་གཏོར༔ སྦྱོར་སྒྲོལ་དུག་ལྔ་ནང་གི་མཆོད་པ་འབུལ༔ རྣམ་ཤེས་ཚོགས་བརྒྱད་དགའ་བཞི་བདེ་སྟོང་གསལ༔ ཡེ་ཤེས་ལྔ་ལྡན་གསང་བའི་མཆོད་པ་འབུལ༔ ༀ་ཨཱཿཧཱུྃ་སརྦ་པཱུ་ཛ་ཨཱཿཧཱུྃ༔ དེ་ནས་གཏོར་མའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་གཏོར་མར་སྦྱར༔ འདོད་ཡོན་སྣ་ཚོགས་ཕྱི་ཡི་གཏོར་མར་འབུལ༔ དུག་ལྔ་ཕུང་པོ་ཤ་ལྔ་བདུད་རྩིར་བསྒྱུར༔ ཡེ་ཤེས་བདུད་རྩི་ནང་གི་གཏོར་མ་འབུལ༔ ཉོན་མོངས་ཡེ་ཤེས་ལྔ་རུ་བྱིན་བརླབས་ནས༔ སྤྲོས་མེད་ཏིང་འཛིན་གསང་བའི་གཏོར་མར་འབུལ༔ ༀ་ཨཱཿཧཱུྃ༔ ན་མོ་རཏྣ་གུ་རུ༔ དྷརྨ་ཀ་ཡ༔ སཾ་བྷོ་ཀཱ་ཡཱ༔ ནིརྨ་ཀཱ་ཡ༔ ས་མནྟ་བྷ་དྲ༔ ཛ་ཡ་པཉྩ༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུྃ་ལཱྃ་མཱྃ་པྱྃ་ཏཱྃ༔ སརྦ་ཧེ་རུ་ཀ་ཀྲོ་ཏ༔ བཛྲ་བུདྡྷ་རཏྣ་པདྨ་ཀརྨ༔ སརྦ་བུདྡྷ་དྷརྨཱ་སཾ་ཀ་རཏྣ་ཏྲ་ཡཱ་ཡ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བུདྡྷ་བོ་དྷི་ས་ཏྭ༔ སརྦ་བྷི་ར༔ ཌཱ་ཀི་ནཱི༔ སརྦ་ཡོ་གི་ནཱི༔ བྷོ་དྷི་ས་ཏྭ་དེ་ཝ་དེ་ཝཱི༔ སརྦ་དུཥྚཱན༔ ཡགྴ་བ་སུ་དེ་ཝ༔ ན་ཐཱ་མ་ཧཱ་ཀཱ་ལ༔ མ་མ་ཨེ་ཀ་ཛ་ཊཱི༔ རེ་མ་ཏི༔ ས་མ་ཡ༔ དྷརྨཱ༔ ཀྵེ་ཏྲ་པཱ་ལ༔ ས་པཱ་རི་ཝ་ར་ཨེ་དཾ་བ་ལིང་ཏ༔ གྲྀཧྣ་གྲྀཧྣ༔ གྲྀཧྣ་ཧོ༔ བྷུཉྫ་ཧོ༔ ཨ་མྲྀ་ཏ༔ རཀྟ་པི་པ་ཧོ༔ མ་ཏི་པྲ་མ་ཏི༔ ས་མ་ཡ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དྷརྨ་སིདྡྷི་སྭཱ་ཧཱ༔ ཞེས་གཏོར་མ་འབུལ་ནས་བཤགས་པ་ནི༔ ཧཱུྃ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དགོངས་སུ་གསོལ༔ ཐམས་ཅད་ཆོས་དབྱིངས་མཉམ་པའི་ངང་ཉིད་ལས༔ རིག་རྩལ་མ་འགགས་ལྷུན་གྲུབ་རོལ་པ་རྣམས༔ གཉིས་མེད་མཉམ་པའི་ངང་ལས་མ་གཡོས་ཀྱང་༔ མ་རིག་དབང་གིས་ཕྱོགས་རིས་སོ་སོར་བཟུང་༔ དབྱེར་མེད་རོ་གཅིག་ངང་དུ་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཨ་ཨཱཿ དྲུག་པ་ཞི་ཁྲོའི་ལྷ་ལ་བསྟོད་པ་ནི༔ ཧཱུྃ༔ གདོད་ནས་མ་སྐྱེས་སྐྱེ་མེད་ཀུན་ཏུ་བཟང་༔ འགག་མེད་རོལ་པ་ཡུམ་ཆེན་ཀུན་བཟང་མོ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོས༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་ཉིད་ཞི་བའི་རིག་རྩལ་ཆོ་འཕྲུལ་ལས༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང་༔ སྙིང་རྗེ་ཞི་དང་ཁྲོ་ཚུལ་གར་དགུ་ལྡན༔ མཉམ་ཉིད་ཞི་བའི་དབྱིངས་ལས་ཁྲོ་རྒྱལ་སྐུ༔ ཁྲག་འཐུང་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་གར་སྤྲུལ༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་རེ་འདོད་བསྐང་༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ ཚོགས་ལས་བྱེད་ན་ཚོར་བ་རང་གྲོལ་ལྟར་སྐབས་འདིར་ཤེས་པར་བྱའོ༔ བདུན་པ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་མཁའ་དབྱིངས་དག་པ་ལས༔ རོལ་པ་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་བཅས་པའི་དམ་ཚིག་ཅན༔ འགྲོ་བའི་དོན་དུ་ཐུགས་རྗེས་སྐུར་བཞེངས་ལ༔ ཕྱི་ནང་དམ་ཅན་ཐུགས་དམ་གནད་བསྐུལ་ཏེ༔ ཕྲིན་ལས་རྣམ་བཞི་སྩོལ་བའི་ལས་མཛོད་ཅིག༔ ས་མ་ཡ༔ དངོས་གཞི་ལས་ཀྱི་རིམ་པའོ༔ སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་གྱི༔ དང་པོ་གཏོར་མའི་ལྷ་དབང་བསྐུར་བ་ནི༔ ཧཱུྃ༔ ཀུན་བཟང་ཞི་ཁྲོ་སྐུ་གསུམ་ལྷ་ཚོགས་ཀྱི༔ ཐབས་དང་ཐུགས་རྗེ་སྤྱོད་པས་འགྲོ་བའི་དོན༔ ཡེ་ནས་རྣམ་དག་རང་བྱུང་ཡེ་ཤེས་ངང་༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་འདི་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་ནས༔ སྐུ་གསུམ་ཞི་ཁྲོ་རབ་འབྱམས་དབང་ཐོབ་ཤོག༔ ཀཱ་ཡ་སིདྡྷི་ༀ༔ ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ རྗེས་སུ་གཏོར་མར་དངོས་གྲུབ་བླང་བ་ནི༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ ༀ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ གཏོར་ཕུད་སྦྱིན་སྲེག་བྱ་སྟེ་ལྷག་མ་རོལ༔ གཉིས་པ་སྔོན་གྱི་ཐ་ཚིག་ཆད་མདོ་ནི༔ ཧཱུྃ༔ རྒྱལ་བ་ཞི་ཁྲོ་བླ་མ་རིག་འཛིན་གྱི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དཀྱིལ་འཁོར་དུ༔ ཡོན་ཏན་ཡོངས་རྫོགས་ཕྲིན་ལས་མཛད་པའི་ཚེ༔ མ་དང་མཁའ་འགྲོ་ཆོས་སྐྱོང་དྲེགས་པའི་ཚོགས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ གསུམ་པ་བཤལ་ཆུས་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ བརྟན་སྐྱོང་དཔལ་ལྡན་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མེ་ཏོག་མ༔ ཟླ་འོད་བྱང་རྒྱལ་གསེར་ཐང་ཀུན་བཟང་མ༔ ཤཱནྷིཾ་དཔལ་དང་ཀླུ་མོ་གཟི་འབར་སོགས༔ མ་སྲིང་འཁོར་བཅས་ཁྱེད་ཅག་དམ་ཚིག་ཅན༔ བོད་ཁམས་རྟག་ཏུ་བདེ་བའི་ཕྲིན་ལས་མཛོད༔ བཞི་པ་ཡེ་ཤེས་སེམས་དཔའ་གཤེགས་ནས་ཀྱང་༔ དམ་ཚིག་བསྡུ་ཞིང་རྒྱུན་སྤྱོད་བྱ་བ་ནི༔ ༀ་ཡེ་ཤེས་ལྷ་ཚོགས་ཐུགས་རྗེས་འཁོར་བ་སྟོང་༔ རང་བཞིན་དམིགས་མེད་ཞིང་དུ་གཤེགས་སུ་གསོལ༔ ཆོས་སྐུའི་ཀློང་གི་རོལ་པ་སྣ་ཚོགས་ལས༔ ཐམས་ཅད་མཉམ་པ་དམིགས་མེད་ཀློང་དུ་བསྡུ༔ སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ནས༔ ལྟ་སྤྱོད་ཟུང་འབྲེལ་མཁྱེན་པའི་སྤྱོད་ལམ་བྱའོ༔ ༀ་བཛྲ་མུ༔ ༀ་ཨཱཿཧཱུྃ༔ ལྔ་པ་དགེ་བའི་རྩ་བ་བསྔོ་བ་ནི༔ ཨེ་མ་ཧོ༔ བདག་གཞན་དགེ་བ་ཡོད་དང་དུས་གསུམ་དུ༔ བྱས་བསྐུལ་ཡི་རང་ཟག་བཅས་ཟག་མེད་ཀྱི༔ བསོད་ནམས་ཡེ་ཤེས་དམིགས་མེད་གཏེར་དུ་སྦ༔ བདག་དང་འགྲོ་ཀུན་སྐུ་གསུམ་སངས་རྒྱས་ཤོག༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག༔ ཆོས་རྣམས་ཀ་དག་ཟད་སར་སྐྱོལ་བར་ཤོག༔ དྲུག་པ་ཞིང་དུ་སྨོན་ལམ་བཏབ་པ་ནི༔ བདག་གི་དགེ་བ་འདི་ཡི་བསོད་ནམས་ཀྱིས༔ ནམ་མཁའི་མཐའ་མཉམ་ཞིང་ཁམས་རབ་འབྱམས་སུ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག༔ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ བདུན་པ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་དོར་བ་ནི༔ ཧཱུྃ༔ ཀུན་བཟང་ཆོས་སྐུའི་བཀྲ་ཤིས་འགྱུར་བ་མེད༔ ལོངས་སྐུ་ཞི་ཁྲོའི་བཀྲ་ཤིས་འགགས་པ་མེད༔ སྤྲུལ་སྐུ་འགྲོ་འདུལ་བཀྲ་ཤིས་རྩོལ་བ་མེད༔ སྐུ་གསུམ་རབ་འབྱམས་བཀྲ་ཤིས་སེམས་ཀྱི་གཏེར༔ བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར༔ བསམ་པ་ཐམས་ཅད་དེང་འདིར་གྲུབ་པར་ཤོག༔ ༀ་སུ་པྲ་ཏིཥྛ་བཛྲེ་མངྒ་ལམ་བྷ་ཝནྟུ༔ རྗེས་སུ་ཡིག་བརྒྱ་ཨཱ་ལི་ཀཱ་ལི་དང་༔ རྟེན་འབྲེལ་སྙིང་པོས་ལྷག་ཆད་ཁ་བསྐང་བྱ༔ ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ༔ ཕྲིན་ལས་རང་གྲོལ་སྙིང་པོ་ཞེས་བྱ་བ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བར༔ དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས་གདན་དྲངས་པའོ། །

༈ ལས་བྱང་བསྡུས་པ་འདི་ཉིད་ཉག་ཞི་བ་དགོན་ནས་གསར་དུ་རྙེད་པ་ཡིན།

བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ཞེས་བྱ་བ་བར་དོ་ཐོས་གྲོལ་གྱི་ཆ་ལག་བཞུགས་སོ༔

༁ྃ༔ ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་སྡིག་སྒྲིབ་ཀུན་བྱང་ནས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ དམ་པ་རིགས་བརྒྱ་ཞི་ཁྲོ་རབ་འབྱམས་ལ༔ སྡིག་སྒྲིབ་སྦྱང་ཕྱིར་བརྒྱ་ཕྱག་འཚལ་བའི་ཐབས༔ ཕྱག་འཚལ་སྡིག་སྒྲིབ་རང་གྲོལ་འདི་བསྟན་གྱིས༔ དུས་གསུམ་ཀུན་ཏུ་འདི་ལ་འབད་པར་གཅེས༔ ན་མོ༔ དང་པོའི་སངས་རྒྱས་འོད་མི་འགྱུར་བའི་སྐུ༔ ཡིད་ཤེས་རྣམ་དག་སངས་རྒྱས་ཀུན་གྱི་ཡབ༔ ནམ་མཁའི་མདོག་ཅན་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཀུན་བཟང་ཆོས་ཀྱི་སྐུ་རུ་ཡེ་ནས་གསལ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཁམས་རྣམ་དག་དྲི་མེད་ཤེལ་ལྟར་དཀར༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་ཀུན་བཟང་མོའི་སྐུ་རུ་གསལ་ལ་ཕྱག་འཚལ་ལོ༔ སེང་ཆེན་ཁྲི་སྟེང་གཏི་མུག་མ་སྤངས་དག༔ གཟུགས་ཕུང་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་༔ དུང་མདོག་ཕྱག་ན་འཁོར་ལོ་དྲིལ་བུ་བསྣམས༔ སྐུ་མཆོག་རྣམ་སྣང་སྐུ་རུ་ཡེ་ནས་གསལ་ལ་ཕྱག་འཚལ་ལོ༔ གླང་ཆེན་ཁྲི་སྟེང་ཞེ་སྡང་མ་སྤངས་དག༔ རྣམ་ཤེས་རྣམ་དག་མེ་ལོང་ཡེ་ཤེས་ངང་༔ མཐིང་མདོག་ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས༔ ཐུགས་མཆོག་རྡོ་རྗེ་སེམས་དཔའི་སྐུ་རུ་གསལ་ལ་ཕྱག་འཚལ་ལོ༔ རྟ་མཆོག་ཁྲི་སྟེང་ང་རྒྱལ་མ་སྤངས་དག༔ ཚོར་བ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་༔ གསེར་མདོག་ཕྱག་ན་རིན་ཆེན་དྲིལ་བུ་བསྣམས༔ ཡོན་ཏན་རིན་ཆེན་འབྱུང་ལྡན་སྐུ་རུ་གསལ་ལ་ཕྱག་འཚལ་ལོ༔ རྨ་བྱའི་ཁྲི་སྟེང་འདོད་ཆགས་མ་སྤངས་དག༔ འདུ་ཤེས་རྣམ་དག་སོར་རྟོག་ཡེ་ཤེས་ངང་༔ ཟངས་མདོག་ཕྱག་ན་པདྨ་དྲིལ་བུ་བསྣམས༔ གསུང་མཆོག་སྣང་མཐའ་ཡས་ཀྱི་སྐུ་རུ་གསལ་ལ་ཕྱག་འཚལ་ལོ༔ ཤང་ཤང་ཁྲི་སྟེང་ཕྲག་དོག་མ་སྤངས་དག༔ འདུ་བྱེད་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་༔ གཡུ་མདོག་ཕྱག་ན་རྒྱ་གྲམ་དྲིལ་བུ་བསྣམས༔ ཕྲིན་ལས་དོན་ཡོད་གྲུབ་པའི་སྐུ་རུ་གསལ་ལ་ཕྱག་འཚལ་ལོ༔ མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམ་པའི་སྐབས་སུ༔ སྐུ་ལ་ཕྱག་འཚལ་ལོ༔ ཞེས་པའི་མལ་དུ་སྐུ་རུ་ཡེ་ནས་གསལ༔ ཞེས་ཚིགས་ལ་བསྒྱུར་ཤེས་པར་བྱའོ༔ ནམ་མཁའ་རྣམ་དག་སངས་རྒྱས་རིགས་ཀྱི་ཡུམ༔ ཟླ་བའི་མདོག་འདྲ་འཁོར་ལོ་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ ས་ཁམས་རྣམ་དག་རྡོ་རྗེ་རིགས་ཀྱི་ཡུམ༔ བཻཌཱུར་མདོག་འདྲ་རྡོ་རྗེ་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲུལ༔ ཡུམ་ཆེན་སངས་རྒྱས་སྤྱན་ལ་ཕྱག་འཚལ་ལོ༔ ཆུ་ཁམས་རྣམ་དག་རིན་ཆེན་རིགས་ཀྱི་ཡུམ༔ བཙོ་མའི་མདོག་འདྲ་རིན་ཆེན་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་མཱ་མ་ཀི་ལ་ཕྱག་འཚལ་ལོ༔ མེ་ཁམས་རྣམ་དག་པདྨ་རིགས་ཀྱི་ཡུམ༔ མེ་ཤེལ་མདོག་འདྲ་པདྨ་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་གོས་དཀར་མོ་ལ་ཕྱག་འཚལ་ལོ༔ རླུང་ཁམས་རྣམ་དག་ལས་ཀྱི་རིགས་ཀྱི་ཡུམ༔ ཨིནྡྲའི་མདོག་འདྲ་རྒྱ་གྲམ་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་དམ་ཚིག་སྒྲོལ་ལ་ཕྱག་འཚལ་ལོ༔ མིག་གི་རྣམ་ཤེས་མ་སྤངས་གནས་སུ་དག༔ གངས་རིའི་མདོག་ཅན་མྱུ་གུ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ༔ རྣ་བའི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྤྲིན་དཀར་མདོག་འདྲ་ཀླུ་ཤིང་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ བྱམས་པ་མཻ་ཏྲིའི་ཞབས་ལ་ཕྱག་འཚལ་ལོ༔ སྣ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྦུར་ལེན་མདོག་འདྲ་སྙེ་མ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ ཀུན་ཏུ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ༔ ལྕེ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག༔ གསེར་ཆེན་མདོག་འདྲ་རལ་གྲི་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ ནམ་མཁའི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ༔ ལུས་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག༔ བྱེ་རུའི་མདོག་ཅན་པདྨ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ སྤྱན་རས་གཟིགས་དབང་ཞབས་ལ་ཕྱག་འཚལ་ལོ༔ ཡིད་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག༔ ལི་ཁྲིའི་མདོག་ཅན་ཨུདྤལ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ འཇམ་དཔལ་གཞོན་ནུའི་ཞབས་ལ་ཕྱག་འཚལ་ལོ༔ ཀུན་གཞིའི་རྣམ་ཤེས་མ་སྤངས་གནས་སུ་དག༔ ཀུན་དྷའི་མདོག་ཅན་པོ་ཏི་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ སྒྲིབ་པ་རྣམས་སེལ་ཞབས་ལ་ཕྱག་འཚལ་ལོ༔ ཉོན་ཡིད་རྣམ་ཤེས་མ་སྤངས་གནས་སུ་དག༔ མརྒད་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ ཕྱག་ན་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ༔ གཟུགས་སུ་སྣང་བ་མ་སྤངས་གནས་སུ་དག༔ ཆུ་ཤེལ་མདོག་ཅན་མེ་ལོང་དྲིལ་བུ་འཛིན༔ དུས་གསུམ་བདེ་གཤེགས་སྤྱན་ལ་མཆོད་འབུལ་མ༔ ལཱ་སྱ་དཀར་མོའི་ཞབས་ལ་ཕྱག་འཚལ་ལོ༔ འདས་པའི་རྟོག་པ་མ་སྤངས་གནས་སུ་དག༔ མུ་ཏིག་མདོག་ཅན་པད་དཀར་དྲིལ་བུ་འཛིན༔ དུས་གསུམ་བདེ་གཤེགས་མཆོད་པས་མཉེས་བྱེད་མ༔ པུཥྤེ་དཀར་མོའི་ཞབས་ལ་ཕྱག་འཚལ་ལོ༔ ཆོས་ཅན་རྟོག་པ་མ་སྤང་གནས་སུ་དག༔ གུར་གུམ་མདོག་ཅན་ཕྲེང་བ་དྲིལ་བུ་འཛིན༔ དུས་གསུམ་བདེ་གཤེགས་ཕྱག་རྒྱས་མཉེས་བྱེད་མ༔ མཱ་ལེ་སེར་མོའི་ཞབས་ལ་ཕྱག་འཚལ་ལོ༔ དྲི་རུ་བསྣམས་པ་མ་སྤངས་གནས་སུ་དག༔ རཏྣའི་མདོག་ཅན་དྲི་ཞིམ་སྤོས་ཕོར་བསྣམས༔ དུས་གསུམ་བདེ་གཤེགས་ཤངས་ལ་མཆོད་འབུལ་མ༔ དྷུཔྤེ་སེར་མོའི་ཞབས་ལ་ཕྱག་འཚལ་ལོ༔ སྒྲ་རུ་གྲགས་པ་མ་སྤངས་གནས་སུ་དག༔ ཧ་ལོའི་མདོག་ཅན་པི་ཝཾ་སྒྲ་སྒྲོགས་མ༔ དུས་གསུམ་བདེ་གཤེགས་སྙན་ལ་མཆོད་འབུལ་མ༔ གིརྟི་དམར་མོའི་ཞབས་ལ་ཕྱག་འཚལ་ལོ༔ མ་འོངས་རྟོག་པ་མ་སྤངས་གནས་སུ་དག༔ པདྨའི་མདོག་ཅན་སྣང་གསལ་མར་མེ་འཛིན༔ དུས་གསུམ་བདེ་གཤེགས་སྐུ་ལ་མཆོད་འབུལ་མ༔ ཨཱ་ལོ་དམར་མོའི་ཞབས་ལ་ཕྱག་འཚལ་ལོ༔ ད་ལྟའི་རྟོག་པ་མ་སྤངས་གནས་སུ་དག༔ ཨུཏྤལ་མདོག་ཅན་དྲི་ཡི་དུང་ཕོར་འཛིན༔ དུས་གསུམ་བདེ་གཤེགས་ཐུགས་ལ་མཆོད་འབུལ་མ༔ གནྡྷེ་ལྗང་མོའི་ཞབས་ལ་ཕྱག་འཚལ་ལོ༔ རོ་བྲོའི་རྟོག་པ་མ་སྤང་གནས་སུ་དག༔ རྒྱ་མཚོའི་མདོག་ཅན་བཅུད་ལྡན་ཞལ་ཟས་བསྣམས༔ དུས་གསུམ་བདེ་གཤེགས་ལྗགས་ལ་མཆོད་འབུལ་མ༔ ནིརྟི་ལྗང་གུའི་ཞབས་ལ་ཕྱག་འཚལ་ལོ༔ རྟག་པར་ལྟ་བ་མ་སྤངས་གནས་སུ་དག༔ སྐུ་མདོག་དཀར་པོ་དབྱུག་ཏོ་དྲིལ་བུ་འཛིན༔ ཁྲོ་བོའི་གཟུགས་ཀྱིས་ཤར་སྒོའི་བར་ཆད་སྲུང་༔ རྣམ་པར་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ༔ ཆད་པར་ལྟ་བ་མ་སྤངས་གནས་སུ་དག༔ སྐུ་མདོག་སེར་པོ་ཐོད་དབྱུག་དྲིལ་བུ་འཛིན༔ ཁྲོ་བོའི་གཟུགས་ཀྱིས་ལྷོ་སྒོའི་བར་ཆད་སྲུང་༔ གཤིན་རྗེ་གཤེད་པོའི་ཞབས་ལ་ཕྱག་འཚལ་ལོ༔ བདག་ཏུ་ལྟ་བ་མ་སྤངས་གནས་སུ་དག༔ སྐུ་མདོག་དམར་པོ་ལྕགས་སྒྲོགས་དྲིལ་བུ་འཛིན༔ ཁྲོ་བོའི་གཟུགས་ཀྱིས་ནུབ་སྒོའི་བར་ཆད་སྲུང་༔ རྟ་མགྲིན་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ༔ མཚན་མར་ལྟ་བ་མ་སྤངས་གནས་སུ་དག༔ སྐུ་མདོག་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན༔ ཁྲོ་བོའི་གཟུགས་ཀྱིས་བྱང་སྒོའི་བར་ཆད་སྲུང་༔ བདུད་རྩི་འཁྱིལ་པའི་ཞབས་ལ་ཕྱག་འཚལ་ལོ༔ སྙིང་རྗེ་ཚད་མེད་རིགས་དྲུག་གནས་ནས་འདྲེན༔ སྐུ་མདོག་དཀར་མོ་འགུགས་བྱེད་ལྕགས་ཀྱུ་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ༔ བྱམས་པ་ཚད་མེད་འགྲོ་བའི་དོན་མཛད་མ༔ སྐུ་མདོག་སེར་མོ་འཆིང་བྱེད་ཞགས་པ་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ༔ དགའ་བ་ཚད་མེད་འགྲོ་བ་དང་དུ་ལེན༔ སྐུ་མདོག་དམར་མོ་སྡོམ་བྱེད་ལྕགས་སྒྲོག་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༔ བཏང་སྙོམས་ཚད་མེད་འགྲོ་ལ་ཉེ་རིང་མེད༔ སྐུ་མདོག་ལྗང་གུ་འབེབས་བྱེད་དྲིལ་བུ་འཛིནཿཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ༔ ང་རྒྱལ་རྣམ་དག་ལྷ་ཡི་འཇིག་རྟེན་འདྲེན༔ སྐུ་མདོག་དཀར་པོ་སྒྲ་སྙན་པི་ཝཾ་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ལྷ་དབང་བརྒྱ་བྱིན་ཞབས་ལ་ཕྱག་འཚལ་ལོ༔ ཕྲག་དོག་རྣམ་དག་ལྷ་མིན་འཇིག་རྟེན་འདྲེན༔ སྐུ་མདོག་ལྗང་གུ་སྐྱོབ་བྱེད་གོ་མཚོན་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པ༔ ཐག་བཟང་རིས་ཀྱི་ཞབས་ལ་ཕྱག་འཚལ་ལོ༔ འདོད་ཆགས་རྣམ་དག་མི་ཡི་འཇིག་རྟེན་འདྲེན༔ གསེར་མདོག་ཕྱག་ན་ལྷུང་བཟེད་མཁར་བསིལ་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ༔ གཏི་མུག་རྣམ་དག་བྱོལ་སོང་འཇིག་རྟེན་འདྲེན༔ སྐུ་མདོག་མཐིང་ག་པོ་ཏི་གླེགས་བམ་འཛིན༔ སྤྲུལ་སྐུའི་ཚུལ་ཀྱིས་འགྲོ་བའི་དོན་མཛད་པའི༔ སེང་གེ་རབ་བརྟན་ཞབས་ལ་ཕྱག་འཚལ་ལོ༔ སེར་སྣ་རྣམ་དག་ཡི་དྭགས་འཇིག་རྟེན་འདྲེན༔ སྐུ་མདོག་དམར་པོ་རིན་ཆེན་སྒྲོམ་བུ་འཛིན༔ སྤྲུལ་སྐུའི་ཚུལ་ཀྱིས་འགྲོ་བའི་དོན་མཛད་པའི༔ བཅོམ་ལྡན་ཁ་འབར་ཞབས་ལ་ཕྱག་འཚལ་ལོ༔ ཞེ་སྡང་རྣམ་དག་དམྱལ་བའི་འཇིག་རྟེན་འདྲེན༔ ནག་པོ་ཕྱག་ན་བསིལ་དྲོད་མེ་ཆུ་བསྣམས༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ༔ ༈ སྨུག་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རྡོ་རྗེ་ཁ་ཊཱྃ་རྔེའུ་ཆུང་གཡས་ན་འཛིན༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དམར་སྨུག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ འཁོར་ལོ་དགྲ་སྟ་རལ་གྲི་གཡས་ན་འཛིན༔ དྲིལ་བུ་ཐོང་གཤོལ་བྷནྟ་གཡོན་ན་བསྣམས༔ བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རྡོ་རྗེ་བྷན་དྷ་དགྲ་སྟ་གཡས་ན་འཛིན༔ དྲིལ་བུ་བྷནྟ་ཐོང་གཤོལ་གཡོན་ན་བསྣམས༔ བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སེར་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རིན་ཆེན་ཁ་ཊ྄ཱྃ་བེ་ཅོན་གཡས་ན་འཛིན༔ དྲིལ་བུ་བྷན་དྷ་ཏྲི་ཤུལ་གཡོན་ན་བསྣམས༔ རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དམར་ནག་ཞལ་གསུམ་ཕྱག་དྲུག་དཀར་སྔོ་ཞལ༔ པདྨ་ཁ་ཊྲཱྃ་དབྱུག་ཏོ་གཡས་ན་འཛིན༔ དྲིལ་བུ་བྷན་དྷ་རྔེའུ་ཆུང་གཡོན་ན་བསྣམས༔ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རལ་གྲི་ཁ་ཊྲཱྃ་དབྱུག་ཏོ་གཡས་ན་འཛིན༔ དྲིལ་བུ་བྷན་དྷ་ཐོང་གཤོལ་གཡོན་ན་བསྣམས༔ ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དབྱིངས་ཕྱུག་མཐིང་ནག་རྡོ་རྗེ་འཛིན༔ དམར་ཆེན་བྷན་དྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཀྲོ་ཏི་ཤྭ་རི་མ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་དབྱིངས་ཕྱུག་དམར་སྨུག་འཁོར་ལོ་འཛིན༔ དམར་ཆེན་བྷན་དྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ བྷུད་དྷ་ཀྲོ་ཏི་མ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་དབྱིངས་ཕྱུག་མཐིང་སྐྱ་རྡོ་རྗེ་འཁྱུད༔ དམར་ཆེན་བྷན་དྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ བཛྲ་ཀྲོ་དྷི་མ་ལ་ཕྱག་འཚལ་ལོ༔ རིན་ཆེན་དབྱིངས་ཕྱུག་སེར་སྐྱ་རིན་ཆེན་འཁྱུད༔ དམར་ཆེན་བྷན་དྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ རཏྣ་ཀྲོ་ཏི་མ་ལ་ཕྱག་འཚལ་ལོ༔ པདྨ་དབྱིངས་ཕྱུག་དམར་སྐྱ་པདྨ་འཁྱུད༔ དམར་ཆེན་བྷན་དྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ པདྨ་ཀྲོ་ཏི་མ་ལ་ཕྱག་འཚལ་ལོ༔ ལས་ཀྱི་དབྱིངས་ཕྱུག་ལྗང་སྐྱ་རྒྱ་གྲམ་འཁྱུད༔ དམར་ཆེན་བྷན་དྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཀརྨ་ཀྲོ་ཏི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དཀར་མོ་ཞིང་ཆེན་གདན་ལ་འགྱིང་༔ འཁོར་བའི་རྣམ་རྟོག་གཞོམ་ཕྱིར་ཞིང་དབྱུག་ཕྱར༔ ཁྲོ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཤར་ཕྱོགས་ཀོའུ་རི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་སེར་མོ་ཞིང་ཆེན་གདན་ལ་འགྱིང་༔ ཐབས་ཤེས་གཉིས་སུ་མེད་ཕྱིར་མདའ་གཞུང་འགེང་༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ལྷོ་ཕྱོགས་ཙོའུ་རི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དམར་མོ་ཞིང་ཆེན་གདན་ལ་འགྱིང་༔ འཁོར་བ་མི་གཏོང་ཆུ་སྲིན་རྒྱལ་མཚན་འཛིན༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ནུབ་ཕྱོགས་པྲ་མོ་ཧ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་ལྗང་ནག་ཞིང་ཆེན་གདན་ལ་འགྱིང་༔ ཆོས་ཉིད་འགྱུར་མེད་རྡོ་རྗེ་བྷན་དྷ་འཛིན༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ བྱང་ཕྱོགས་བཻ་ཏ་ལཱི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དམར་སེར་ཞིང་ཆེན་གདན་ལ་འགྱིང་༔ ཉོན་མོངས་གནས་ནས་འདྲེན་ཕྱིར་རྒྱུ་མ་གསོལ༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཤར་ལྷོ་པུསྐ་སཱི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་ལྗང་ནག་ཞིང་ཆེན་གདན་ལ་འགྱིངས༔ འཁོར་བ་ཞལ་དུ་གསོལ་ཕྱིར་དུང་ཁྲག་འཐུང་༔ མ་མོའི་གཟུགས་གྱིས་འགྲོ་བའི་དོན་མཛད་པའི༔ ལྷོ་ནུབ་ཀསྨ་རི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་སེར་སྐྱ་ཞིང་ཆེན་གདན་ལ་འགྱིང་༔ ལོག་རྟོག་ཕྲལ་ཕྱིར་བམ་རོ་མགོ་ལུས་ཕྲལ༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ནུབ་ཕྱོགས་ཙན་དྷ་ལཱི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་མཐིང་ནག་ཞིང་ཆེན་གདན་ལ་འགྱིང་༔ འཁོར་བ་རྟེན་དང་ཕྲལ་ཕྱིར་བམ་ཆེན་ཕྲལ༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ བྱང་ཤར་སྨེ་ཤ་ནི་ལ་ཕྱག་འཚལ་ལོ༔ སྨུག་ནག་སེང་གེའི་གདོང་ཅན་ཁ་རོ་ཐོགས༔ འཁོར་བ་གཏིང་ནས་སྤྲུགས་ཕྱིར་རལ་པ་བསིགས༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སིང་ཧ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ དམར་མོ་སྟག་གདོང་ལག་གཉིས་ཐུར་དུ་བསྣོལ༔ འཁོར་བ་ཞེ་ལ་གནོན་ཕྱིར་འབྲུ་ཚུགས་བལྟ༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ བྱ་ཀྲྀ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ ནག་མོ་ཝཱ་ཡི་གདོང་ཅན་སྤུ་གྲི་ཕྱར༔ ཉོན་མོངས་གནས་སུ་དག་ཕྱིར་གློ་སྙིང་ཟ༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སྲི་ལ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ མཐིང་ནག་སྤྱང་མོའི་མགོ་ཅན་བམ་རོ་འདྲད༔ འཁོར་བ་དོང་ནས་སྤྲུགས་ཕྱིར་འབྲུ་ཚུགས་བལྟ༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཤྭ་ན་མུ་ཁ་མ་ལ་ཕྱག་འཚལ་ལོ༔ དཀར་སེར་བྱ་རྒོད་མགོ་ཅན་བམ་རོ་ཐོགས༔ དུག་གསུམ་རྩད་ནས་གཅོད་ཕྱིར་རྒྱུ་མ་འདྲེན༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཀྲི་ཏ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ དམར་ནག་ཀང་ཀའི་མགོ་ཅན་བམ་རོ་ཁུར༔ འཁོར་བ་དང་དུ་ལེན་ཕྱིར་ཕྲག་ལ་གཟར༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཀང་ཀ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ ནག་མོ་བྱ་རོག་གདོང་ཅན་རལ་གྲི་ཕྱར༔ ཉོན་མོངས་བསྒྲལ་ཞིང་གསོལ་ཕྱིར་དུང་ཁྲག་འཐུང་༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཁྭ་ཁ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ མཐིང་ནག་འུག་པའི་གདོང་ཅན་ལྕགས་ཀྱུ་འཛིན༔ འཁོར་བའི་ལོག་རྟོག་འདྲེན་ཕྱིར་བྷན་དྷ་ཐོགས༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཧུ་ལུ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ སྙིང་རྗེ་ཚད་མེད་འཁོར་བ་གནས་ནས་འདྲེན༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ རྟ་གདོང་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ བྱམས་པ་ཚད་མེད་ལོག་རྟོག་འཆིང་བར་བྱེད༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཕག་གདོང་ཞགས་པ་མ་ལ་ཕྱག་འཚལ་ལོ༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་འཛིན༔ དགའ་བ་ཚད་མེད་མ་རིག་ཉོན་མོངས་སྡོམ༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སེང་གདོང་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༔ བྱང་སྒོར་སྦྲུལ་གདོང་ལྗང་གུ་དྲིལ་བུ་འཛིན༔ བཏང་སྙོམས་ཚད་མེད་དུག་ལྔའི་རྟོག་པ་འཇོམས༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སྦྲུལ་གདོང་དྲིལ་བུ་མ་ལ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་དག་ཅིར་ཡང་སྣང་བ་ཡིས༔ སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ༔ སྟོང་ཁམས་གནས་སྤོར་ཉི་ཟེར་ཞགས་པ་འཕེན༔ སྤོར་བྱེད་ཞགས་འཕེན་མ་ལ་ཕྱག་འཚལ་ལོ༔ རྣམ་རྟོག་ནད་རྣམས་རྟག་ཏུ་བསལ་བའི་ཕྱིར༔ ཉོན་མོངས་ལྔ་སྦྱོང་ཐོད་ཁྲག་མདུང་ཐུང་འཕེན༔ ཐུགས་རྗེ་ཐབས་མཁས་མི་རྣམས་གནས་ནས་སྤོར༔ སྤོར་བྱེད་མདུང་ཐུང་འཕེན་ལ་ཕྱག་འཚལ་ལོ༔ མ་རིག་སེམས་ཅན་དབྱིངས་སུ་བཟུད་བའི་ཕྱིར༔ སྟོང་གསུམ་དབང་སྡུད་དུང་ཁྲག་ཐུགས་ཀར་བསྐྱིལ༔ བརྗིད་པའི་རོལ་པས་སྟོང་ཁམས་གནས་སུ་སྤོར༔ སྤོར་བྱེད་དྲིལ་འཁྲོལ་མ་ལ་ཕྱག་འཚལ་ལོ༔ མདོག་བཟང་དཀར་སེར་ཞི་དྲག་ལྡན་པའི་སྐུ༔ འདོད་ལྔ་དབང་མཛད་དུང་ཁྲག་ཐུགས་ཀར་བསྐྱིལ༔ ལྷ་རྣམས་གནས་སྤོར་རྡོ་རྗེ་ཁྱུང་ཆེན་འཛིན༔ སྤོར་བྱེད་ཁྱུང་ཐོགས་མ་ལ་ཕྱག་འཚལ་ལོཿམཐིང་ནག་ཆེན་མོ་རྔམ་པའི་སྐུ་མངའ་ཞིང་༔ གཡུལ་ཆེན་རབ་བཟློག་རྡོ་རྗེ་སྐར་མདའ་འཕེན༔ ལྷ་མིན་གནས་སྤོར་དུང་ཁྲག་ཞལ་དུ་གསོལ༔ སྤོར་བྱེད་སྐར་མདའ་འཕེན་ལ་ཕྱག་འཚལ་ལོ༔ སྐུ་མདོག་དམར་ནག་དབང་དྲག་འཛོམ་པའི་ཞལ༔ ཕྱི་ནང་སྒྲིབ་གཉིས་སྦྱངས་ནས་བདེ་བའི་ཕྱིར༔ རྡོ་རྗེ་གློག་ཕྲེང་ཡི་དྭགས་གནས་སུ་སྤོར༔ སྤོར་བྱེད་གློག་ཕྲེང་འཛིན་ལ་ཕྱག་འཚལ་ལོ༔ དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ༔ གཏི་མུག་སྟོང་མཛད་ཐོད་ཁྲག་ཞལ་དུ་གསོལ༔ བྱོལ་སོང་གནས་སྤོར་རྡོ་རྗེ་གློག་ཤ་རྡེག༔ སྤོར་བྱེད་གློག་ཤ་རྡེག་ལ་ཕྱག་འཚལ་ལོ༔ སྐུ་མདོག་སེར་ནག་དྲག་པོ་རྒྱས་པའི་སྐུ༔ དམྱལ་བ་སྟོང་མཛད་ཐོད་ཁྲག་ཞལ་དུ་གསོལ༔ དམྱལ་བ་གནས་སྤོར་རྡོ་རྗེ་རལ་གྲི་འཛིན༔ སྤོར་བྱེད་རལ་གྲི་འཛིན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་སྨུག་རྡོ་རྗེ་བྷན་དྷ་འཛིན༔ སྲིན་མོ་གཡག་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་སེར་རྡོ་རྗེ་པདྨ་འཛིན༔ ཚངས་པ་སྦྲུལ་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་ལྗང་རྡོ་རྗེ་ཏྲི་ཤུལ་འཛིན༔ ལྷ་ཆེན་གཟིག་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་སྔོ་རྡོ་རྗེ་འཁོར་ལོ་འཛིན༔ གཏོགས་འདོད་སྲེ་མོང་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་དམར་རྡོ་རྗེ་མདུང་ཐུང་འཛིན༔ གཞོན་ནུ་དྲེད་གདོང་མ་ལ་ཕྱག་འཚལ་ལོ༔ རྣམ་འབྱོར་དཀར་མོ་རྡོ་རྗེ་རྒྱུ་ཞགས་འཛིན༔ བརྒྱ་བྱིན་དོམ་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སེར་མོ་རིན་ཆེན་སྤུ་གྲི་འཛིན༔ རྡོ་རྗེ་ཕ་ཝཾ་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སེར་རིན་ཆེན་བུམ་པ་འཛིན༔ ཞི་བ་ཆུ་སྲིན་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སེར་རིན་ཆེན་པད་མ་འཛིན༔ བདུད་རྩི་སྡིག་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་སེར་རིན་ཆེན་རྡོ་རྗེ་འཛིན༔ ཟླ་བ་ཁྲ་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སེར་ལྗང་རིན་ཆེན་དབྱུག་ཏོ་འཛིན༔ བེ་ཅོན་ཝ་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སེར་ནག་རིན་ཆེན་ཐོད་ཁྲག་འཐུང་༔ སྲིན་མོ་སྟག་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་ལྗང་པདྨ་བེ་ཅོན་འཛིན༔ ཟ་བ་བྱ་རྒོད་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་པདྨ་ཁོག་ཆེན་འཛིན༔ དགའ་བ་རྟ་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སྐྱ་པདྨ་དབྱུག་ཏོ་འཛིན༔ སྟོབས་ཆེན་ཁྱུང་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་པདྨ་རྡོ་རྗེ་འཛིན༔ སྲིན་མོ་ཁྱི་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་པདྨ་མདའ་གཞུ་འཛིན༔ འདོད་པ་པུ་ཤུད་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་ལྗང་པདྨ་བུམ་པ་འཛིན༔ ནོར་སྲུང་ཤ་བའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་སྔོན་རྒྱ་གྲམ་བ་དན་ཕྱར༔ རླུང་ལྷ་སྤྱང་མོའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་དམར་རྒྱ་གྲམ་གསལ་ཤིང་འཛིན༔ མི་མོ་སྐྱིན་གྱི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་ནག་རྒྱ་གྲམ་མཆེ་ཞགས་འཛིན༔ ཕག་མོ་ཕག་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་དམར་རྒྱ་གྲམ་ཞིང་ཆུང་འཛིན༔ རྡོ་རྗེ་ཁྭ་ཏའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་ནག་རྒྱ་གྲམ་བམ་ཆེན་འཛིན༔ སྣ་ཆེན་གླང་ཆེན་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་གུ་རྒྱ་གྲམ་སྦྲུལ་ཞགས་འཛིན༔ ཆུ་ལྷ་སྦྲུལ་གདོང་མ་ལ་ཕྱག་འཚལ་ལོ༔ སྒོ་མ་དཀར་མོ་རྡོ་རྗེ་ལྕགས་ཀྱུ་འཛིན༔ རྡོ་རྗེ་ཁུ་བྱུག་མགོ་ལ་ཕྱག་འཚལ་ལོ༔ སྒོ་མ་སེར་མོ་རིན་ཆེན་ཞགས་པ་འཛིན༔ རྡོ་རྗེ་ར་གདོང་མ་ལ་ཕྱག་འཚལ་ལོ༔ སྒོ་མ་དམར་མོ་པདྨ་ལྕགས་སྒྲོག་འཛིན༔ རྡོ་རྗེ་སེང་གདོང་མ་ལ་ཕྱག་འཚལ་ལོ༔ སྒོ་མ་ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན༔ རྡོ་རྗེ་སྦྲུལ་གདོང་མ་ལ་ཕྱག་འཚལ་ལོ༔ ཞེས་པས་རྣལ་འབྱོར་མཆེད་ལྕམ་དུ་ཡོད་ཀུན༔ གཅེར་བུར་ཕྱུང་སྟེ་བརྐྱངས་ཕྱག་གུས་པར་འཚལ༔ ངག་གིས་ཚིག་དབྱངས་སྙན་པར་བསྟོད་བྱས་ནས༔ ཡིད་ཀྱིས་དུས་གསུམ་བསགས་པའི་སྡིག་སྒྲིབ་རྣམས༔ གནོང་འགྱོད་ཚུལ་གྱིས་བརྒྱ་ཕྱག་གུས་པར་འཚལ༔ ཞི་ཁྲོའི་ལྷ་ཕྱག་བརྒྱ་དང་བཅུར་ལོངས་པའི༔ སྒྲིབ་སྦྱང་ཁྱད་འཕགས་སྡིག་སྒྲིབ་རང་གྲོལ་འདི༔ ན་རཀ་བསྐང་བཤགས་ལ་སོགས་གང་བྱེད་ཀྱང་༔ འདི་བཞིན་བྱས་པས་བསོད་ནམས་ཚད་ལས་འདས༔ དེ་ཕྱིར་བརྒྱ་ཕྱག་འདི་ལ་རབ་ཏུ་འབོད༔ ཞི་ཁྲོ་དམ་པ་རིགས་བརྒྱའི་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ཞེས་བྱ་བ༔ འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ བར་དོ་ཐོས་གྲོལ་གྱི་ཆ་ལག༔ ན་རག་བསྐང་བཤགས་ཀྱི་ཆ་རྐྱེན༔ ཞི་ཁྲོའི་ལས་བྱང་གསུམ་གྱི་དོན་འདུས༔ ཤིན་ཏུ་ཟབ་པར་བསྟན་པ་འདི་ནི༔ ཀུན་ལ་སྤེལ་ཞིང་དུས་གསུམ་ལ་མ་ཆགས་པར་བརྩོན་པར་གྱིས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀརྨ་གླིང་པའི་གཏེར་མའོ༔ མངྒ་ལཾ༔

ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས།

ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་དགོངས་པ་རང་གྲོལ་བཞུགས་སོ། །

རང་བྱུང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་གསལ་གདབ་ནི། །སྐྱབས་སེམས་ཡན་ལག་བདུན་བཅས་སྔོན་སོང་རྗེས། །ༀ་ཨཱཿཧཱུྃ། སྐྱེ་མེད་ཆོས་དབྱིངས་ཞིང་ཁམས་སུ། །འགག་མེད་གསལ་དག་ཐིག་ལེའི་དབུས། །རིན་ཆེན་ཁྲི་རྐང་པད་ཟླའི་སྟེང་། །རང་སེམས་མ་བཅོས་སྟོང་པའི་མདངས། །རང་རིག་རྡོ་རྗེ་སེམས་དཔར་ཤར། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །སྣང་སྟོང་རྡོ་རྗེ་དྲིལ་བུ་འཛིན། །རིགས་ལྔས་དབུ་བརྒྱན་ལོངས་སྐུའི་ཆས། །རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལས། །ཡིག་བརྒྱས་བསྐོར་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་མཆོད་འགྲོ་རྣམས་ཀྱི། །སྒྲིབ་སྦྱོངས་རྡོར་སེམས་སྐུ་རུ་གྱུར། །དེ་ནས་རང་ཉིད་རྡོར་སེམས་ཀྱི། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ཡེ་ཤེས་འོད་ལྔའི་ཐིག་ལེར་གསལ། །སེང་གེ་གླང་ཆེན་རྟ་མཆོག་དང་། །རྨ་བྱ་ཤང་ཤང་ཉི་ཟླའི་སྟེང་། །ཀུན་བཟང་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། །སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད། །གནས་དྲུག་སྤྲུལ་སྐུ་ཐུབ་པ་དྲུག །རང་རང་རྒྱན་དང་ཆ་ལུགས་ལྡན། །སྣང་ལ་རང་བཞིན་མ་གྲུབ་པ། །སྣང་སྟོང་ལྷུན་གྲུབ་འོད་ཀྱི་སྐུ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །དེ་ཡི་རང་མདངས་མ་འགགས་རྩལ། །དུང་ཁང་འཇའ་འོད་མེ་དཔུང་ཀློང་། །ཁྲག་འཐུང་ཡབ་ཡུམ་བཅུ་གཉིས་དང་། །ཀེའུ་རཱི་བརྒྱད་དང་སིང་ཧ་བརྒྱད། སྒོ་མ་བཞི་དང་དབང་ཕྱུག་མ། །ཉི་ཤུ་རྩ་བརྒྱད་ཁྲག་འཐུང་ལྷ། །ཁྲོ་གཏུམ་གར་དགུའི་ཉམས་དང་ལྡན། །དཔལ་ཆེན་དུར་ཁྲོད་ཆས་རྣམས་རྫོགས། །གསལ་སྟོང་འོད་ཀྱི་སྐུ་རུ་བཞུགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །འཇའ་འོད་འཁྲིགས་པའི་ཀློང་དཀྱིལ་དུ། །རིག་འཛིན་ཡབ་ཡུམ་བཅུ་པོ་ལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །གསལ་འཚེར་མདངས་དང་ལྡན་པར་བཞུགས། །གཞན་ཡང་རང་ལུས་རྩ་ཁམས་སུ། །རྩ་བ་གསུམ་གྱི་ལྷ་ཚོགས་དང་། །དཔའ་བོ་དཔའ་མོ་གྲངས་མེད་བཅས། །ཏིལ་གྱི་གོང་བུ་ཕྱེས་པ་བཞིན། །ཡེ་ནས་ལྷུན་གྲུབ་ཆེན་པོར་བཞུགས། །དེ་ལྟར་ཞི་ཁྲོའི་ལྷ་ཚོགས་རྣམས། །གདོད་ནས་རང་དང་ལྷན་ཅིག་ཏུ། །དབྱེར་མེད་ལྷན་ཅིག་སྐྱེས་པར་བཞུགས། །དེ་དག་རང་སྣང་དག་པའི་ལྷ། །ཡིན་པར་ཤེས་ཤིང་ཡིན་ཚུལ་དུ། །མ་བཅོས་རང་མདངས་རང་གསལ་གདབ། །ༀ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ༈ ལྷ་རྣམས་ཐུགས་ཀར་ཟླ་བའི་སྟེང་། །རང་རང་ས་བོན་གསལ་བ་ལ། །ཞི་བ་རྣམས་ནི་བྷོ་དྷིས་བསྐོར། །ཁྲོ་བོ་རྣམས་ལ་རུ་ལུས་བསྐོར། །རང་རང་ཞལ་ནས་སྔགས་སྒྲ་སྒྲོགས། །འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད། །ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བསྡུས། །མར་འཕྲོས་འགྲོ་བའི་སྡིག་སྒྲིབ་སྦྱངས། །ཐམས་ཅད་ཞི་ཁྲོའི་སྐུ་རུ་གྱུར། །སྔགས་སྒྲ་སྒྲོགས་པས་སྣང་སྲིད་ཁེངས། །ཕྱི་སྣོད་དག་པ་ལྷ་ཡི་ཞིང་། །ནང་བཅུད་ལྷ་དང་ལྷ་མོར་གྱུར། །སྒྲ་གྲགས་སྔགས་ཀྱི་རང་བཞིན་ལ། །དྲན་རྟོགས་ཆོས་ཉིད་རོལ་པའི་ངང་། །མ་བཅོས་རྩོལ་མེད་རང་ལུགས་སུ། །མ་ཡེངས་རང་གསལ་ངང་དུ་བཞག །ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་འདི། །རྫོགས་ཆེན་དོན་ལ་བློ་ཕྱོགས་པའི། །པདྨ་མ་ཏིས་བྲིས་པ་འདིའི། །དགེ་བས་ཀུན་བཟང་ཀློང་གྲོལ་ཤོག །བཀྲ་ཤིས་པར་གྱུར་ཅིག །

སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།མི་འདྲ་བ་ཐེ་ཚོམ་ཅན་འདམ་ངའི་རྟགས། ལྷག་མོ་ཡིན་ནམ་སྙམ་པའི་རྟགས། ་་་་་་་་་་་མ་དཔེ་མི་གསལ་བའི་རྟགས། མ་དཔེ་ལས་ཆད་པ་ཡིན་སྙམ་པའི་རྟགས། གོ་བ་ལེན་བདེ་བའི་ཆེད་དུ་གསར་དུ་བསྣན་རྟགས། གསལ་བཤད་ཉུང་ངུ་།༈ དེ་ཡང་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་དག་ནི་འཛམ་གླིང་མཁས་པ་དག་གིས་གདེང་འཇོག་མཐོན་པོར་གནང་བའི་ཆོས་ཚུལ་ཁྱད་པར་ཅན་ཞིག་ཡིན་པ་དང་། འདིའི་དབང་ལུང་དང་ཁྲིད་རྒྱུན་ཆོ་གའི་ཕྱག་བཞེས་སོགས་ད་དུང་རྒྱུན་མ་ཆད་པར་དར་ཁྱབ་ཆེ་བས། ཟབ་ཆོས་འདིའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཕྱིར། གསུང་འདི་དག་གལ་ཆེ་བའི་གནས་སུ་བཟུང་ནས་མ་དཔེ་འཚོལ་སྡུད་སོགས་ལ་དཀའ་ངལ་མང་ཙམ་བྱས་ཏེ་དེབ་འདི་དག་བསྐྲུན་པ་ཡིན་ཀྱང་མ་དཔེ་ཇི་བཞིན་མ་ཆོད་པ་སོགས་སྐྱོན་དུ་མ་ཡོད་སྲིད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ངེས་དགོས་ཤིང་། གཞན་ཡང་གཏེར་ཁ་གསར་རྙིང་གི་ཐོས་གྲོལ་གྱི་ཆོ་གའི་སྐོར་གྱི་ཡི་གེ་དག་ནི་དར་ཁྱབ་ཆེ་བས་འདིར་འགྲེལ་བཤད་དག་གི་གཞི་བྱས་པའི་ཆོ་གའི་གཞུང་ཉུང་བསྡུས་ཙམ་ལས་མ་བཀོད་ལ། དེ་མིན་དབང་དང་འགྲེལ་བཤད་ཁྲིད་ཡིག་རྒྱབ་ཆོས་ཀྱི་ཆོས་ཚན་གང་རྙེད་མཐའ་དག་ཕྱོགས་བསྡུས་བྱས་ཡོད་པ་ཡིན་ནོ།། །།བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་པས།


previousབར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་ལས་གྲོལ་བྱེད་བསྐྱེད་རིམ་དང་འབྲེལ་བའི་ལྷའི་མངོན་རྟོགས་ཁོལ་བྱུང་།no next