Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
སྔོན་འགྲོའི་འགྲེལ་པ་མེ་ཏོག་ཕྲེང་མཛེས་ལས་ཡེ་ཤེས་སྐུ་མཆོག་ཌཱིཀྐ་ལོགས་སུ་ཕྱུང་བ།
   
   
   
   
   
   
   
   
   
   
   
   
   


 
previousསྔོན་འགྲོའི་འགྲེལ་པ་མེ་ཏོག་ཕྲེང་མཛེས་ལས་ཡེ་ཤེས་སྐུ་མཆོག་ཌཱིཀྐ་ལོགས་སུ་ཕྱུང་བ།next

སྔོན་འགྲོའི་འགྲེལ་པ་མེ་ཏོག་ཕྲེང་མཛེས་ལས་ཡེ་ཤེས་སྐུ་མཆོག་ཌཱིཀྐ་ལོགས་སུ་ཕྱུང་བ།

སྔོན་འགྲོའི་འགྲེལ་པ་མེ་ཏོག་ཕྲེང་མཛེས་ལས་ཡེ་ཤེས་སྐུ་མཆོག་ཌཱིཀྐ་ལོགས་སུ་ཕྱུང་བ་བཞུགས་སོ། །

ༀ་སྭ་སྟི་སིདྡྷི། །བླ་མ་དང་ཡི་དམ་བཀའ་སྡོད་ཀྱི་ཚོགས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་ཡངས་པའི་དཀྱིལ། །ལོངས་སྐུ་ཉི་མས་གདུལ་བྱ་ལ། །སྤྲུལ་སྐུ་ཚ་ཟེར་དཔག་མེད་འཕྲོས། །ཀུན་མཁྱེན་པདྨོའི་གཉེན་ལ་འདུད། །དེས་སྟོན་རྒྱུད་རྒྱལ་གསང་སྙིང་གི། རྒྱུད་དོན་སྒྲུབ་ཐབས་ལྟར་བཤད་པའི། །ཆོ་ག་སྦྱོར་དངོས་རྗེས་གསུམ་ལས། །སྔོན་འགྲོའི་གསལ་བྱེད་བྲི་བར་བྱ། །དེ་ལ་འདིར་བཤད་པར་བྱ་བ་ནི། ཡེ་ཤེས་སྐུ་མཆོག་བརྗོད་མེད་དོན་གྱི་བཤད་པ་འདི་ལྟར་བྱ་སྟེ། དེ་ཡང་སྤྱིར་ཆོས་ཐམས་ཅད་ལ་བཤད་པའི་སྒོའི་ཡུལ་རྣམ་པར་བཤད་པ་མང་ན་ཡང་། མདོར་བསྡུ་ན་བཞི་སྟེ། རྒྱུད་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད། ལུང་ཐམས་མདོ་གཅོད་བདུན་གྱིས་འཆད། བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔས་འཆད། །མན་ངག་ཐམས་ཅད་དགོས་དོན་ལྔས་འཆད་པ་ལས། །དེ་ལ་ཡེ་ཤེས་སྐུ་མཆོག་འདི་མན་ངག་ཡིན་པའི་ཕྱིར། །དགོས་དོན་ལྔ་ཡིས་འཆད་ཏེ། །སློབ་དཔོན་ལོ་རྒྱུས་ཀྱི་དོན་དང་། །རྩ་བ་མཚན་གྱི་དོན་དང་། ཡོ་ག་ཕྱོགས་ཀྱི་དོན་དང་། གང་ཟག་དགོས་ཆེད་ཀྱི་དོན་དང་། ས་གཅོད་ཚིག་གི་དོན་ནོ། །དེ་ལ་སློབ་དཔོན་ལོ་རྒྱུས་ཀྱི་དོན་ནི། སྔོན་བྱུང་དང་། རྗེས་འཇུག་གཉིས་སྟེ། དེ་ལ་སྔོན་བྱུང་ནི། བྲམ་ཟེ་མེའི་ཐོད་པ་ཅན་གྱིས། ཀུན་

འདུས་རིག་པའི་ལེའུ་བརྒྱད། རྐོང་བ་ལས་ཀྱི་ལེའུ། དཔལ་ཆེན་པོའི་སྤྱན་སྔར་བཤགས་པ་བྱས་པ་ཡིན་ལ། རྗེས་སུ་མཇུག་ཏུ་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་དབྱངས་ཀྱིས་བྱས་ཏེ། སློབ་དཔོན་དེ་ཡང་རྒྱ་གར་གྱི་མཁན་པོ་ནི་མ་ཡིན། བོད་ཀྱི་དགེེ་བའི་བཤེས་གཉེན་ལགས། གདུང་ནི་གཉེན་ཡི་སྡེ་ངམ་དུ་ཕུག་པ་ཡིན། ཡུལ་ལྷ་ས་དན་འབངས་སུ་བཞུགས་སོ། །སྐུ་ཆེ་བའི་ཡོན་ཏན་ནི། མཁྱེན་པའི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡིན་སྟེ། སློབ་དཔོན་ཡོན་ཏན་དར་བའི་དུས་དེ་ན། བོད་ཀྱི་མངའ་བདག་རྒྱལ་པོ་རལ་པ་ཅན་གྱི་ཞལ་སྔ་ནས་ཀྱང་། ཆོས་སྐྱོང་བའི་ཕྲིན་ལས་གཙོ་བོར་མཛད་པ་རྒྱ་གར་གྱི་མཁན་ཆེན་པཎྜི་ཏ་སྤྱན་དྲངས་བ་མང་དུ་བཞུགས་པ་དང་། བོད་ཀྱི་མཁས་པ་ཁྱད་པར་ཅན་ཡང་མང་དུ་བཞུགས་ཏེ། སློབ་དཔོན་དང་མཁྱེན་པ་བསྡུར་བས། མཁྱེན་པའི་རྣམ་གྲངས་སློབ་དཔོན་བས་མང་བ་ཡང་མ་བྱུང་། སློབ་དཔོན་ཀྱིས་ཕྱི་ནང་གི་ཆོས་ལ་བམ་པོ་བརྒྱ་ཙམ་འཆད་པར་མཛད་དེ། ཟབ་ཅིང་གཏིང་ཕྱིན་པར་མཛད། རྒྱ་བོད་ཀུན་གྱི་ཐེ་ཚོམ་དང་གལ་འགགས་སེལ་བར་མཛད་དོ། །དེ་ཡང་དུས་རེ་ཞིག་ན། ཝས་ཀྱི་རྒྱལ་པོ་ཁྲོས་ཏེ། འབྲོས་ཀྱིས་བསད་པའི་དུས་སུ། ཁོའི་བུ་ཝས་ལོ་བུ་ལོ་ཆུང་གིས་ཕ་ཤ་བླང་བས། འབྲོས་གྲངས་མེད་བསམ་ཡས་པ་བསད། ཆུ་ཁྲག་གིས་དམར་པོར་སོང་བ་ཙམ་བསད་ནས། ཚུར་ལ་ལོག་ཙམ་ན་རོ་ལ་ལམ་མ་ཐར་བ་གཅིག་བསད་སྐད། དེའི་ལས་ཀྱི་རྣམ་པར་སྨིན་པ་འཇིག་རྟེན་འདི་ནས་སྨིན་པས། ཚ་བའི་ནད་ཀྱིས་གདུང་ཞིང་སྡུག་བསྔལ་བ་སྟེ། གངས་ཀྱི་ཐོགས་ན་ཉལ་ནའང་གངས་ཞུ་བར་གྱུར་པ་དང་། ལོ་བུ་ལོ་ཆུང་གི་མ་འབལ་ཟ་ངན་ལམ་མ་བྱ་བ་གཅིག་ཡོད་པ་དེ། སློབ་དཔོན་དཔལ་དབྱངས་ཀྱི་ཡོན་བདག་མོ་

ཡིན་པས། མ་དེས་སློབ་དཔོན་ལ་དམ་བསྐང་ཞུས་པ་ལས། སློབ་དཔོན་དོན་ལ་ནི་མ་གནང་ལ། ཞལ་གྱིས་གནང་བས། ཡོན་བདག་མོ་བཤགས་པ་མ་བྱས་ན་དམ་ཚིག་ཉམས་པས་བཤགས་པ་ནི་བྱའོ། །ཡས་སྟག་ནི་ཤིན་ཏུ་དཀའོ་གསུངས་པས། ཡོན་ཅི་འཚལ་ཞུས་པ་ལས། ལུག་དཀར་མོ་བརྒྱ། ནག་མོ་བརྒྱ། ར་དཀར་མོ་བརྒྱ། ནག་མོ་བརྒྱ། བྱ་དཀར་མོ་བརྒྱ། ནག་མོ་བརྒྱ་ལ་སོགས་པ་དགོས་ན། དཀའ་གསུངས་པ་ལས་ཝས་ཀྱི་མས་ན་རེ། གནང་ན་དེ་ཙམ་རྙེད་ཞུས་ནས། བུའི་དྲུང་དུ་ཕྱིན་པས། བུས་སློབ་དཔོན་ཀྱིས་གནང་ངོ་ཟེར་བ་ལས། གནང་དང་གནང་སྟེ། ཡས་སྟག་ནི་མི་རྙེད་པ་མང་པོ་དགོས་པར་སྣང་བྱས་བས། བུས་ན་རེ། ཡས་སྟག་རྙེད་ནས་འོང་གི་གནོང་བས་ཆོག་ཟེར་ནས། ཁོང་སློབ་དཔོན་ཁྱད་པར་ཅན་ཡིན་པས། ཡས་སྟག་རྙེད་པ་ཡིན་ཟེར། དེར་བཙལ་བས་ཞག་གསུམ་ནས་རྙེད་སྐད། དེ་ནས་སློབ་དཔོན་ཀྱིས་སྐད་གདགས་པ་གཞན་མ་རྙེད་ནས། སྐོང་བ་མཛད་པས། ཁོ་རང་གི་ན་ཚ་དེ་ཉིད་སློབ་དཔོན་གྱིས་བྱིན་རླབས་ཀྱིས་ཞི་ནས། སློབ་དཔོན་ཉིད་ལ་དེའི་ཉམས་གྲིབ་བྱུང་ནས། ཞལ་དང་། ཤངས་དང་། སྤྱན་རྣམས་ནས་རྣག་ཁྲག་འཛག་པ་ལས། དེའི་དུས་སུ་སློབ་དཔོན་ལ་ལྟས་ངན་པ་ཉི་ཚེ་བྱུང་ནས་ཡང་། བསྙུང་ནད་དྲག་པོའི་ཁར་མ་བཏང་བས། རྒྱུད་སྡེ་མང་པོ་སྤྱན་དྲངས་ནས། དེའི་ནང་ནས་དམ་ཚིག་གི་བཤགས་པ་བརྒྱ་རྩ་བརྒྱད་མཛད་པ་ལས། དེའི་ནང་ནས་མཆོག་ཏུ་གྱུར་པ། ཡེ་ཤེས་སྐུ་མཆོག་གི་བཤགས་པ་འདི་ཀུན་འདུས་ལེའུ་བརྒྱད་པ་ནས་ཕྱུང་ནས་བཤགས་སོ། །དེ་ཡང་དང་པོ་ཤངས་གི་ཁྲག་ཕྱག་གི་འཛུབ་མོས་བཀག་ནས། ཡེ་ཤེས་སྐུ་མཆོག་གི་དབུ་གསུངས་པས། སེམས་ཀྱི་རང་བཞིན་ནས་མར་སླེབ་ཙམ་ནས། ཁྲག་དང་རྣག་ཆད་ནས། ཐུགས་རྗེའི་གདུངས་འཚོབ་ནས་

མར་སླེབ་ཙམ་ནས་སྐུ་སོར་ཆུད་དོ། །དེས་ན་སྔོན་བྱུང་དང་། རྗེས་འཇུག་གི་སློབ་དཔོན་དེ་གཉིས་ཀྱིས་མཛད་དོ། །རྩ་བ་མཚན་གྱི་དོན་ནི། དོན་གྱི་ངོ་བོ་ཉིད་ལ་བཏགས་པ་སྟེ། ཡེ་ཤེས་ནི་རིག་པའི་ཡེ་ཤེས་སོ། །སྐུ་མཆོག་ནི་ཆོས་སྐུའོ། །དེ་ནི་དོན་དམ་པར་བརྗོད་དུ་མེད་པས་བརྗོད་མེད་དོ། །ཡོ་ག་ཕྱོགས་ཀྱི་དོན་ནི། རྣལ་འབྱོར་ནང་པར་གཏོགས་སོ། །གང་ཟག་དགོས་ཆེད་ཀྱི་དོན་ནི། རྣལ་འབྱོར་པས་ཉམས་ཆགས་སྐོང་བའི་ཕྱིར་མཛད་དོ། །བཤགས་ཅིང་བྱང་བར་མ་བྱས་ན། མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་ཏེ། དེའི་དཔེ་ནི་སྣམ་བུ་སྣུམ་གྱིས་ཞེན་པ་ལ་ཚོས་མི་འགོ་བ་བཞིན་ནོ། །དེ་བས་བཤགས་པ་བྱེད་པའི་དུས་སུ་དཔང་པོ་བསྐྱེད་ལུགས་མང་དུ་སྣང་ཡང་། འདིར་ཆོས་རྗེ་རིན་པོ་ཆེའི་མན་ངག་བམ་གསུམ་མ་ལྟར་ན། སྣང་སྲིད་ཞིང་ཁམས་རྣམ་པར་དག་པ་གཞལ་ཡས་ཁང་དུ་བསམ། དེའི་ནང་དུ་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཐུགས་སྲོག་གི་ཡིག་འབྲུས་མཚན་པ། དེ་ལས་འོད་ཟེར་བམ་གསུམ་མདུན་གྱི་ནམ་མཁར་འཕྲོས་པ་ལས། པདྨ་སུམ་བརྩེགས་དུ་བསམ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་བཛྲ་ས་མ་ཡ་ཛཿཧཱུྃ་ཛཿཅེས་ལན་གསུམ་བརྗོད་ལ། སེ་གོལ་གཡས་སུ་གདབ་པས་ཞི་བའི་ལྷ་ཚོགས། གཡོན་དུ་གདབ་པས་ཁྲོ་བོའི་ལྷ་ཚོགས། དབུས་སུ་གདབ་པས་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་བརྒྱུད་པ་མཁའ་འགྲོ་ཆོས་སྐྱོང་དཔང་པོའི་ལྷ་ཚོགས་སུ་སྤྱན་དྲངས་ལ། སྟེང་ཕྱོགས་ཀྱི་པདྨའི་གདན་ལ་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། བར་གྱི་པདྨའི་གདན་ལ་ལོངས་སྐུ་རྣམ་པར་སྣང་མཛད་ལ་ས་བཅུའི་བྱང་ཆུབ་སེམས་

དཔས་བསྐོར་བ། འོག་གི་པདྨའི་གདན་ལ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་ཉན་ཐོས་དང་རང་རྒྱལ་ཀྱི་ཚོགས་ཀྱིས་བསྐོར་བ། དེའི་མདུན་དུ་གཡས་སུ་ཞི་བ། གཡོན་དུ་ཁྲོ་བོ་ལ་ཕྱི་ནང་གི་ཆོས་སྐྱོང་གི་ཚོགས་ཀྱིས་བསྐོར་བ། གཡས་སུ་དེ་བཞིན་གཤེགས་པའི་སྐུའི་རྟེན་ལུགས་སུ་བླུགས་པ་འབུར་དུ་བཏོད་པ། རིས་སུ་བྲིས་པ་ལ་སོགས་པ་ནམ་མཁར་ཁྱབ་པར་བསྒོམ་མོ། །རྒྱབ་ཕྱོགས་སུ་གསུང་གི་རྟེན་གསེར་གྱི་ཤོག་གུ་ལ་བཻཌཱུཪྱ་ཞུན་མས་བྲིས་པའི་པོ་ཏི་གླེགས་བམ། ཨ་ལི་ཀ་ལིའི་ཆོས་སྒྲ་ཏི་རི་རི་གྲགས་པར་བསྒོམ། གཡོན་ཕྱོགས་སུ་ཐུགས་རྟེན་དང་། དགེ་འདུན་དཀོན་མཆོག །དུས་གསུམ་གྱི་ཕ་མ། མཁན་སློབ་རྣམས་བསྒོམ། དེ་རྣམས་ཀྱི་སྟེང་ཕྱོགས་ཀྱི་ནམ་མཁའ་ལ། རྩ་བའི་བླ་མ་ལ་བཀའ་བརྒྱུད་ཀྱི་བླ་མའི་ཚོགས་ཀྱིས་བསྐོར་ནས་ནམ་མཁའ་ལ་སྤྲིན་ལྟར་གཏིབ་པར་བསམ། དེ་རྣམས་ལ་ཇ་འདྲེན་གྱི་ཚུལ་དུ་མཆོད་པ་ནི། ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཨཱཿཧཱུྃ། དྷུཔྤེ། པུཥྤེ། ཨཱལོ་ཀེགྷནྡྷེ། ནེ་ཝི་ཏྱེ། ཤབྷ་པྲ་ཏཱི་ཙྪ་ཨ་ཧཱུྃ། ཅེས་སོགས་བརྗོད་དོ། །ས་གཅོད་ཚིག་གི་དོན་ལ་ལུང་རྣམ་པ་གཉིས་ལས། དང་པོ་དཔལ་དབྱངས་ལྟར་ནི་བཞི་སྟེ། །དགོངས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་བ་དང་། སྡིག་པ་བཤགས་པ་དངོས་སོ། བཤགས་པ་ལའང་། དོན་དམ་བཤགས་པ་དང་། ཀུན་རྫོབ་བཤགས་པའོ། །དོན་དམ་བཤགས་པ་ལའང་། རྒྱུད་མ་ཧཱའི་ལྟ་བ་གསལ་བ་དང་། ལུང་ཨ་ནུའི་ལྟ་བ་གསལ་བ་དང་། མན་ངག་ཨ་ཏིའི་ལྟ་བ་གསལ་བ་སྟེ། དེ་ལྟར་དུ་ས་བཅད་པའོ། །གཉིས་པ་ཟུར་བཟང་པོ་དཔལ་པ་ལྟར་ན། དབུ་ནས་ཞབས་སུ་བསྡུས་པའི་དོན་ལ་གསུམ་སྟེ། བཤགས་པའི་རྒྱུ་དང་། གཉེན་པོའི་སྟོབས་དང་། ཇི་ལྟར་བཤགས་

པའི་ཐབས་སོ། །བཤགས་པའི་རྒྱུ་ནི། ཀུན་གཞི་ལ་ཚེ་ཐོག་མེད་དུས་ནས་བག་ཆགས་ཀྱི་སྒྲིབ་པ་བསགས་པ་རྣམས་བཤགས་དགོས་ལ། གཉེན་པོའི་སྟོབས་ནི། ལུས་ཀྱི་སྒོ་ནས་ཙོག་པུར་འདུག །ལོང་བུ་སྤྲད། རྐང་རྟིང་གཤིབ། ཐལ་ལམ་༼མོ་༽སྦྱར། སྲིན་ལག་རྩེ་སྤྲད། བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་པ་དང་། ངག་གི་སྒོ་ནས་ཚིག་བཅད་དབྱངས་དང་བཅས་པའི་སྒོ་ནས་ཉམས་པ་ཡོད་ན་ཚིགས་སུ་བཤགས། ཡིད་ཀྱི་སྒོ་ནས་སེམས་གདུང་བ་དང་བཅས་པས་སྔར་བྱས་ལས་ལ་འགྱོད་པ་བསྐྱེད། ཕྱིན་ཆད་མི་བྱེད་པར་སྡོམ་པའི་བློ་དང་ལྡན་པའི་སྒོ་ནས་བཤགས་སོ། །ཇི་ལྟར་བཤགས་པའི་ཐབས་ལ། ལྟ་བའི་སྒོ་ནས་ཁྱུང་ནམ་མཁའ་ལ་འཕུར་བ་ལྟར་དུ་བཤགས་པ་དང་། སྤྱོད་པའི་སྒོ་ནས་གླང་ཆེན་ཆུར་འཇུག་པ་ལྟར་དུ་བཤགས་པ་དང་། ཏིང་འཛིན་གྱི་སྒོ་ནས་སྤང་ལ་མེ་མཆེད་པ་ལྟར་དུ་བཤགས་དགོས་པ་ལས། བརྗོད་མེད་ཀྱི་བཤགས་པ་འདི་ལ་ལྟ་སྤྱོད་སྒོམ་གསུམ་གྱི་བཤགས་པ་ཚང་བ་ཡིན་པས། དེ་ལ་གསུམ་སྟེ། ལུས་ཀྱི་སྒོ་ནས་བཤགས་པ་དང་། ཡིད་ཀྱི་སྒོ་ནས་བཤགས་པ་དང་། ངག་གི་སྒོ་ནས་བཤགས་པའོ། །དང་པོ་ལུས་ཀྱི་སྒོ་ནས་བཤགས་པ་ལ་གསུམ་སྟེ། དང་པོ་ཐུགས་རྗེ་ཡེ་ཤེས་ཀྱི་སྒོ་ནས་སྤྱན་དྲངས་ཞིང་བཞུགས་སུ་གསོལ་བ་ནི། ཨཱོཾ༷། ཡེ་ཤེས་ལྔ་ལྡན་གླུའི་མགོ་འདྲེན་ཡེ༷་ཤེ༷ས་ཀྱི་མཆོག་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ལ། སྐུ༷༷་མཆོ༷ག་དེ་ནི་ཆོས་སྐུ་སྟེ། དེ་གཉིས་ནི་ར༷ང་བཞིན༷་མ་བཅོས་པའི་དཀྱིལ༷་འཁོར༷་སྟེ། དེ་ནི༷་དཔེར་ན་ཟླ༷་བ་རྒྱས༷་པ་ལ་གྲྭ་ཟུར་མེད་པ༷་ལྟ་བུར༷་གཟུང་འཛིན་གྱི་སྤྲོ༷ས་པ༷་མི༷་མང༷འ་ཡ༷ང་། ཅི་སྙེད་མཁྱེན་པའི་ཡེ་ཤེས་སམ། གཟུགས་སྐུའི་རང་རྩལ་འགག་མེད་དུ་ཐུག༷ས་རྗེ༷་ཉི༷་མ་ཤར༷་བ་བཞི༷ན་གདུལ་བྱ་ཡོངས་ལ་སྙོམ༷ས་པར་གང་ལ་གང་འདུལ་གྱི་སྒོ་ནས་དོན་

མཛ༷ད་པ༷འི་ཕྱིར། བཤགས་པའི་དབང་པོ་རྣམས་འདི༷ར་གཤེག༷ས་ལ་བདག༷་ལ༷་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་ཐུགས་ཀྱིས་དགོང༷ས་ཤི༷ང་བདག་གི་སྡིག་སྒྲིབ་དག་ནས་དོན་མ་རྫོགས་ཀྱི་བར་བཞུག༷ས་སུ༷་གསོ༷ལ་ཞེས་བརྟན་ཅིང་མི་འགྱུར་བར་བཞུགས་པར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་བྱུང་བའི་རྩེ་མོ་གཉིས་སུ་གྱེས་པའི་ཆ་གཅིག་ཡི་དམ་གྱི་ཐུགས་ཀར་བསྟིམས། ཆ་གཅིག་རྩ་བའི་བླ་མའི་ཐུགས་ཀར་བསྟིམ་པའི་རྒྱུད་ལ་ཕར་བཤགས་ཚིག་དང་མཆོད་པ་འབུལ། ཚུར་ལ་དངོས་གྲུབ་སྟེར་བར་བསམ་མོ། །གཉིས་པ་སྐུ་གསུམ་ལ་ཕྱག་འཚལ་བ་ནི། ཧཱུྃ་ཆ་ལྔ་ཡེ་ཤེས་ལྔ་ལྡན་གླུའི་མགོ་འདྲེན། སྨྲ་བསམ་བརྗོ༷ད་དུ་མེ༷ད་ཅིང་ཤེས༷་རབ༷་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མཐའ་གང་གིས་ཀྱང་མི༷་གཡོ༷་ཞིང་ཆོས༷་ཐམས་ཅད་ཀྱི༷་འབྱུང་ངམ་གཞིར་གྱུར་པས་དབྱིངས༷་སྟེ། ཆོས་སྐུ་དེ་ཉིད་འགགས་མེད་དུ་འཁོར་འདས་གཉིས་ལ་བདེ༷་བ་ཆེན༷་པོར་ལོངས་སྤྱོད་ཀྱང་འཁོར་འདས་གཉིས་ཀྱི་དྲི་མས་མ་གོས་པས་ལོང༷ས་སྤྱོད༷་རྫོག༷ས་པའི་སྐུ༷་རིག༷ས་ལྔ༷འི་གཙོ༷་བོར་སྣང་ཞིང་། གདུལ་བྱ་སྣ་ཚོགས་པའི་དོན་ལ་ཐུག༷ས་རྗེ༷་ཆེ་ཞིང་ཐབ༷ས་མཁ༷ས་པ་རྒྱ༷་ཆེར༷་སྟོན་པས་རོ༷ལ་པ༷་སྣ་ཚོགས་པའི༷་སྐུ༷་ཞི༷་ཁྲོ༷་རྣམས་སུ་སྣང་ནས་དོན་སྣ་ཚོགས་མཛད་པ་ནི་སྤྲུལ༷་པའི༷་སྐུ་སྟེ་དེ་གསུམ་ལ༷་ཕྱག་འཚ༷ལ་ལོ༷། །ཅེས་བརྗོད་དོ། །དེ་ལའང་རབ་འབྲིང་ཐ་མ་གསུམ་སྟེ། རབ་ལྟ་བའི་ཕྱག །འཁོར་གསུམ་མི་དམིགས་པའི་ངང་ནས་ཕྱག་འཚལ་བས་ཚོགས་གཉིས་རྫོགས་པ་དང་། བློ་འབྲིང་གིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བས། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་བྱུང་བས་རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བསམ་མོ། །ཐ་མས་ལུས་ངག་ཡིད་གསུམ་ཀྱིས་དངོས་སུ་

འཚལ་ཞིང་། མོས་གུས་གདུང་བ་བསྐྱེད་དོ། །གསུམ་པ་ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། དངོ༷ས་སུ༷་འབྱོ༷ར་བ་རྫས་བཤམ་པའི་མཆོད་པ་རྣམས་དང༷་། ཏིང་ངེ་འཛིན་གྱི་སྒོ་ནས་ཡིད༷་ཀྱིས༷་མངོ༷ན་པར་སྤྲུལ༷་སྟེ། སྣང་སྲིད་ཐམས་ཅད་མཆོད་པའི་རྫས་སུ་མ་གྱུར་པ་མེད་ཅིང་ངན་པའི་མཚན་ཉིད་མེད་པས་ཀུན༷་ཏུ་བཟ༷ང་པོ་རྫས་ཉི་ཚེ་ལས་ཁྱད་པར་དུ་གྱུར་པས་བླ༷་ན་མེད༷་པའི་མཆོ༷ད་པ་ནམ་མཁའི་སྤྲིན༷་བཞིན་ཏུ་ཟད་མ ི་ཤེས་པའི་ཚོགས་ཀྱིས༷་ནམ་མཁའ༷་དབྱིང༷ས་ཀྱི་གར་ཁྱབ་བདལ་ཞིང་ཏིང་འཛིན་གྱི་སྒོ་ནས་མཆོད་སྤྲིན་རྣམ༷་དག༷་རྒྱ༷་ཆེ༷ན་ཡོ༷ངས་སུ་བཀོ༷ད་དེ༷། བཀང་སྟེ་འབུལ་ལོ། །དེ་ཡང་ཕྱི༷འི༷་མཆོད་པ་ནི། རྒྱ་མཚོ་ཐམས་ཅད་ཡོན་ཆབ། རྩི་ཤིང་ནགས་ཚལ་ཐམས་ཅད་མེ་ཏོག །ལྷོ་སྤྲིན་ན་བུན་ཐམས་ཅད་བདུག་སྤོས། ཉི་ཟླ་གཟའ་སྐར་ཐམས་ཅད་ནི་མར་མེ། ཆུ་བོ་ཐམས་ཅད་ནི་དྲི་ཆབ། རི་བོ་ཐམས་ཅད་ཞལ་ཟས། སྒྲར་གྲགས་པ་ཐམས་ཅད་ནི་རོལ་མོར་བསྒོམ་མོ། །ན༷ང་གི་མཆོད་པ་ནི། དེ་རྣམས་གཟུགས་སྡུག་པ། སྒྲ་སྙན་པ། རོ་མངར་བ། དྲི་ཞིམ་པ། རེག་བྱ་འཇམ་པར་བསྒོམ། གས༷ང་བ༷འི་མཆོ༷ད་པ༷་ནི་སྣང་བ་ཐམས་ཅད་མཆོད་པའི་ཚོགས། སྒྲ་གྲགས་པ་ཐམས་ཅད་རོལ་མོ་དང་མཆོད་པ་འབུལ་བའི་ཚིག །རྟག་༼དྲན་༽རྟོག་ཐམས་ཅད་དེ་ལས་མི་འདའ་བར་བསྒོམ་པའི་ཁྱེར་སོ་གསུམ་མམ། ཡང་ན་སྣང་བ་སྐུ། གྲགས་པ་གསུང། རྟག་༼དྲན་༽རྟོག་ཐུགས་ཀྱི་ཁྱེར་སོ་གསུམ་དང་མ་བྲལ་བར་བྱའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། འཁོར་འདས་ལམ་པའི་སྤྱོད་པ་མ་ལུས་པ་ཀུན་བསལ་བཞག་རྡུལ་ཙམ་ཡང་མེད་པས་ཐམས་ཅད་མ་སྐྱེས་པས་ཀུན་ཏུ་བཟང་མོའི་ངང་དུ་རོ་གཅིག་པའི་དེ་ཁོ་ན་ཉིད། དེ་མ་འགག་པར་འཁོར་འདས་ཀྱི་ཆོས་རྣམས་མཆོད་པའི་

ཚོགས་སུ་ཅིར་ཡང་འཆར་བ་ནི་ཀུན་ཏུ་བཟང་པོའི་དེ་ཁོ་ན་ཉིད། དེ་གཉིས་ཀྱང་ངོ་བོ་ལ་དབྱེར་མེད་པ་ནི་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་དོ། །དེ་རྣམས་གཏིང་དཔག་དཀའ་བས་རྒྱ༵་མཚོ༷་ལྟ་བུའི་མཆོད༷་དོ། །གསང་བའི་མཆོད་པ་དངོས་ནི། ཆོས་དབྱིངས་ཀུན༷་ཏུ༷་བཟ༷ང་མོ༷། ཡུམ་གྱི་བ་༷ག་གས༷ང་བའི༷་པདྨའི་གཞལ་ཡས་ཁང་གི་ནང་ལ༷། དཀྱིལ༷་འཁོ༷ར་ནི་ལྷ་དང་ལྷ་མོ་མ༷་ལུས༷་པ་དང་། རབ༷་འབྱམ༷ས་སྤྲུལ་པ་དང་བཅས་པ་ཀུན༷། ཡེ་ནས་དུས་གསུམ་དུ་འདུ༷་འབྲ༷ལ་མེ༷ད་པའི༷་དོན་ཆོས་ཀྱི་དབྱིང༷ས་སུ༷་རོ༷༷་གཅི༷ག་པ༷འི་ཕྱིར། ཡབ་ཡུམ་ཐབས་ཤེས་གཉིས༷་སུ་མེད༷་པའི་བྱ༷ང་ཆུ༷བ་སེམ༷ས་ཀྱིས༷་དཀྱིལ་འཁོར་ཀྱི་ལྷ་ཚོགས་རྣམས་མཉེ༷ས་པར་གྱུར༷་ཅི༷ག །ཅེས་པའམ། ཡང་ན་ཆོས་རྗེ་རིན་པོ་ཆེ་བཞེད་ཀྱིས། ལྷ་ཐམས་ཀྱི་སྤྱི་བོར་ཀུན་བཟང་ཡབ་ཡུམ་སྦྱོར་བ་མཛད་པས། བྱང་སེམས་ཆུ་རྒྱུན་རང་རང་གི་སྤྱི་བོ་དང་། མགྲིན་པ་དང་། སྙིང་ཁ་དང་། ལྟེ་བ་རྣམས་སུ་བབ་པས། རིམ་པ་བཞིན་ཏུ་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་ཉམས་སུ་མྱོང་བ་ནི། གསང་མཆོད་དམ། རྨད་བྱུང་གི་གཏོར་མ་ཅེས་ཀྱང་ཟེར་རོ། །དེ་ལྟར་རྟོགས་ན་གསང་བའི་མཆོད་པའོ། །ཡང་ན་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་བྱང་སེམས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཟག་མེད་ཀྱི་བདུད་རྩི་སྤྱན་དྲངས་ནས། སྤྱི་གཙུག་ཏུ་བབ། རྡོ་རྗེའི་ལམ་དུ་བྱུང་། ཡུམ་གྱི་བྷ་གར་བདེ་བར་གཤེགས་པ་རྣམས་བསམ་ནས་མཆོད་ཅེས་པ་དང་། ཡང་ན་ཕྱི་མཆོད་རྣམ་ལྔ་དང་། ནང་མཆོད་ལྷ་མོ་བཅུ་དྲུག་དང་། སྨན་རག་གཏོར་གསུམ་དང་། གསང་མཆོད་དུག་གསུམ་གྱི་མཆོད་པར་འདོད་པ་སྣང་ཡང་། འབྲེལ་མ་འབྲེལ་བརྟག་པར་བྱའོ། །གཉིས་པ་སེམས་ཀྱི་སྒོ་

ནས་བཤགས་པ་ལ་གསུམ། སེམས་བསྐྱེད་པ་དང་། ལྟ་བ་གསལ་བ་དང་། དགོངས་སུ་གསོལ་བའོ། །དང་པོ་སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་འདུས་ལ་སེམ༷ས་ཀྱི༷་ར༷ང་བཞི༷ན་ནི་ཆོ༷ས་དབྱིང༷ས་ཏེ། ནམ༷་མཁ༷འ་ཆེན༷་མོ་ལྟར་ཐམས་ཅད་ལ་ཁྱབ་ཅིང་། ཆོ༷ས་དབྱིང༷ས་ནི་བྱང་ཆུབ་ཀྱི་སེམས་སྟེ། དེ་ཉིད་སྣ་ཚོགས་སུ་ཤར་ཡང་། ཤར་དུས་སུའང་གཟུང་འཛིན་གྱི་དྲི་མས་གོས་མ་མྱོང་བས་རྣམ༷་པར་དག༷་ཅིང་། ཡེ༷་གདོད་མ་ནས༷་འོད༷་གསལ་བའི་རང་བཞིན་ཡིན་ཞི༷ང་། དེ་ལྟ་བུའི་རྣལ༷་མ་ལ་རང་གི་བློ་འབྱོར༷་པར་འདོད་ཅིང་། དེ་ལྟར་སྣང་སྟོང་མཉ༷མ་པ་ཉི༷ད་སྨྲ༷་བའི་ཚིག་དང་། བསམ༷་པའི་བློ་བརྗོད་ལ༷ས་འད༷ས་པའི༷་ཆོས་དབྱིངས་མཉམ༷་ཉི༷ད་བྱང༷་ཆུབ༷་སེམ༷ས་ལ༷་དུས་རྟག༷་ཏུ༷་འདུ༷ད་པ་ནི་སེམས་བསྐྱེད་པའོ། །གཉིས་པ་ལྟ་བ་གསལ་བ་ལ་གསུམ་སྟེ། དང་པོ་རྒྱུད་མ་ཧཱའི་ལྟ་བ་གསལ་བ་ནི། ཡེ་ཤེས་ཀུན༷་བཟ༷ང་རོལ་པ་འགགས་མེད་དུ་ཤར་བའི་རྩལ་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་པར་གསལ། གསལ་དུས་རང་སྣང་ཉིད་དུ་ཡོངས་སུ་རྫོག༷ས་ཅིང་དེའི་གོང་ན་གཞན་མེད་པས་ཆེ༷ན་པོ་དེ་ཉིད་ཡེ༷་ནས༷་འཁོར་འདས་ཀུན་ལ་བརྡ༷ལ་ཞིང་ཁྱབ་པ༷་ཡི༷་ཕྱིར། ཕྱི༷་ཡུམ། ནང༷་ཡབ། གསང༷་བ༷་ཡ༷བ་ཡུམ༷་ཁ་སྦྱོར་དུ་བཀོད༷་པའི༷་དཀྱིལ༷་འཁོ༷ར་འདིར༷་སྣང་བ་རྣམས་ནི་ལོག་ན་ཡོད་པ་མ་ཡིན་ཏེ། སྣང༷་སྲིད༷་ཕྱི་ནང་གི་ཆོས་རྣམ༷ས་ཡེ་ནས་དག༷་པ་ལྷ༷་དང༷་ལྷ༷་མོ༷འི་ཚོག༷ས་སུ་སྣང་བ་ཡིན་ཏེ། འབྱུང༷་བ་ལྔ་ཡུམ་ཡིན་པ་དང༷་། འབྱུང༷་གྱུར༷་ཕུང་པོ་ལྔ་ཡབ་ལྔ་སྟེ། དེ་ལྟར་ཡབ༷་ཡུམ༷་ལྷུན༷་གྲུབ་ཏུ་རྫོག༷ས་ཤི༷ང་རྣམ་པ་དག་པ་ནི། བསྐྱེད་པ་མ་ཧཱ་ཡོ་གའི་ལྟ་བའོ། །གཉིས་པ་ལུང་ཨ་ནུ་ཡོ་གའི་ལྟ་བ་གསལ་བ་ནི། དེ་ལྟར་རོལ་བ་འགག་མེད་དུ་ཤར་དུས། ཐབས་ཤེས་རབ་གཉིས་མེད་ཀྱི་བྱང་སེམས་དེ། ཀུན་གྱི་ཐུན་མོང་གི་

སྤྱོད་ཡུལ་དུ་མ་གྱུར་པས། གསང༷་ཆེ༷ན་ཐིག་ལེ་སྐུ་ཉམས་སུ་བསྟར་བས་ར༷བ་དགྱེས༷། བདེ་སྟོང་འཛིན་པ་ལས་མི་འདའ་བས། གཟུང༷ས་ཆེ༷ན་ཡུམ་ལྔའི་བད༷ག་ཉིད༷་མ༷་དབྱིངས་ཀུན་ཏུ་བཟང་མོའི་མཁ༷འ་དབྱིང༷ས་བ་ག་ཀློང༷་ཡང༷ས་པ༷དྨོ༷་རང་འཁྲུངས་དུ་འཁྱིལ༷་པ༷་ཡིན༷། གཞལ་ཡས་ཁང་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་ནི། རྫོགས་པ་ཨ་ནུའི་ལྟ་བའོ། །གསུམ་པ་མན་ངག་ཨ་ཏིའི་ལྟ་བ་གསལ་བ་ནི། དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས༷་མེད༷་མི་འགྱུར་བརྡལ་ཁྱབ་ཐི༷ག་ལེ༷་ཆེ༷ན་པོར༷་རང་བཞིན་གྱིས་འོད༷་གས༷ལ་ཞིང༷། ཡེ་ནས་དེ་ལྟར་དུ་གནས་པས། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་བོས་མ༷་བཅོ༷ས་གཟུང་འཛི༷ན་གྱི་སྤྲོས་པ་མེད༷་ཅིང་། བྱང༷་བ་སྟོང་པ། ཆུབ༷་པ་སྣང་བ་སྙིང༷་པོ༷་དབྱེར་མེད་པ་ནི་ཆོས་སྐུ་གསང་བ་ཆེན་པོའི་སྐུའོ། །དེ་ཉིད་ཅི༷ར་ཡང༷་འགགས་མེད་དུ་སྣང༷་བ༷་ལ་ཟུག་རྔུ་མི་མངའ་བས་བདེ༷་བ་ཆེན༷་པོ། འགྱུར་བ་མེད་པས་གཡུང༷་དྲུང༷་ཆོས་ཀྱི་སྐུ་དང་། ལྷ་ཞི་ཁྲོའི་ཚོགས་སུ་སྣང་ཞིང་སྣང་དུས་ཉིད་ནས་ཆོས་སྐུ་ལས་མ་གཡོས་པ་སྟེ། གཉིས་སུ་མེད་པ་ནི་རྫོགས་པ་ཆེན་པོ་ཨ་ཏིའི་ལྟ་བའོ། །གསུམ་པ་དགོངས་སུ་གསོལ་བ་ལ་གསུམ་ལས། ཞི་བའི་ལྷ་ཚོགས་ལ་དགོངས་སུ་གསོལ་བ་ནི། དེ་ལྟར་ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་མོ་དང་། རིག་པའི་ཡེ་ཤེས་ཀུན་ཏུ་བཟང་པོ་ཡབ་ཡུམ་དུས་ཀུན་དུ་འདུ༷་འབྲ༷ལ་མེད༷་པ༷་ཆེན་པོའི་དཀྱིལ༷་འཁོར༷་དུ༷་དཀྱིལ་འཁོར་ཐམས་ཅད་ཀྱི་བདག༷་ཉིད༷་ཆེན༷་པོ༷་ཀུན་བཟང་ཡབ་ཡུམ། རྡོ་རྗེ་སེམས་དཔའ་ལ་སོགས་རི༷གས་ལྔ༷་ཡ༷བ་ཡུ༷མ་བཅུ༷་དང་། སེམས་དཔའ་བརྒྱད། སེམས་མ་བརྒྱད་དེ་བྱ༷ང་ཆུབ་སེ༷མས་དཔའ་ལྕ༷མ་དྲ༷ལ་ཡབ་ཡུམ་བཅུ་དྲུག་དང་། སྒོ་སྲུང་ཁྲོ༷་བོ༷་བཞི་དང་། ཁྲོ༷་མོ༷་བཞིའི་འཁོར་དང་། ཚོག༷ས་ནི་ཐུབ་དྲུག་དང་། ཞི་བའི་

ལྷག་སྡུད་མཁའ་འགྲོ་མ་རྣམས་སོ། །ཁྲོ་བོའི་ལྷ་ཚོགས་ལ་དགོངས་སུ་གསོལ་བ་ནི། རྡོ༷་རྗེ༷་ནི་ཡེ་ཤེས་ཀྱི་ལྷ༷་མོ༷འི་ཚོ༷གས་ཀྱི་རྗེ༷་བོ། མ་མོ་དང་མཁའ་འགྲོ་མའི་ཚོ༷གས་ཀྱི༷་བད༷ག་པོ་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ལ་སོགས་པའི་རི༷གས་ལྔ༷་དཔལ༷་ཆེ༷ན་ཁྲོ༷་རྒྱལ༷་ཡ༷བ་ཡུམ༷་བཅུ༷༷་དང་། འཁོར་ཀོ་རི་ལ་སོགས་གན༷ས་མ་བརྒྱད་དང༷་། སེང་ཧ་ལ་སོགས་ཡུལ༷་གྱི༷་ཕྲ་མེན་མ་བརྒྱད་དང་། རྟ་གདོང་ལ་སོགས་ཕྱག༷་རྒྱ༷་སྒོ༷་མ༷་བཞི༷་དང་། ཡེ༷་ཤེས༷་སྤྲུལ༷་པའི༷་ལྷ༵་ཚོག༷ས་ཁྲོ་བོ་བཅུ་དང་། ཟ་བྱེད་གསོད་བྱེད་མང༷་པོ༷་དང༷་། ཤར་ནས་མ༷་ལྟར༷་བྱམས༷་ཤི༷ང་། ལྷོ་ནས་སྲིང༷་ལྟར༷་གདུང༷་པ་ལ༷་སོག༷ས་གི་སྒྲས། ནུབ་ནས་གཟུངས་ལྟར་བརྩེ་བ། བྱང་ནས་བྲན་ལྟར་མྱུར་བ་སྟེ། དབང་ཕྱུག་ཉེར་བརྒྱད་དང་། མཁའ་འགྲོ་རིག་འཛིན་ལྷ་ཚོགས་ལ་དགོངས་སུ་གསོལ་བ་ལ་ནི། གཞན་ཡང་ལེ༷གས་ཉེས༷་ཀྱི་སྟང༷ས་འཛི༷ན་ཅིང་དམ༷་ཚིག༷་གི་རྗེས༷་གཅོད༷་པ། དམ་ཉམས་ཀྱི་གཤེད་མ༷། ཕྱིའི༷་ལས་ལ་གྲུབ་པ་མོ་ལྷག་མ་ལ་དབང་བ་རྣམས་དང་། ན༷ང་གི་མཁའ༷་འགྲོ༷་མ་ཚོགས་གཏོར་ལ་དབང་བ་རྣམས་དང་། གསང་བའི་རྣལ་འབྱོར་མ༷་ལྟ་དགོངས་ལ་དབང་བ་རྣམས་དང་། ཚོག༷ས་ནི་རིག་འཛིན་སློབ་དཔོན་གྱི་ཚོགས་དང་བཅ༷ས་པ་བཤགས་པའི་དཔ༷ང་པོར་གྱུར༷་པ། རྡོ༷་རྗེ༷་ནི་ཡེ་ཤེས་ཀྱི་ལྷ་ཚོགས། དམ༷་ཅན༷་མ་ཚོགས་མཁའ་འགྲོའི་རིག་འཛིན་རྣམས་དགོང༷ས་སུ༷་གསོལ༷། ཅེས་བརྗོད་པས་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཐུགས་ཀྱིས་དགོངས་ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས་པར་བསམ་མོ། །གསུམ་པ་ངག་གི་སྒོ་ནས་བཤགས་པ་ལ་དྲུག་སྟེ། དང་པོ་རྣལ་འབྱོར་པས་དམ་ཚིག་ཇི་ལྟར་དམ་པ་ནོས་པ་ནི། རྒྱལ༷་བའི༷་གདུང༷་འཚོ༷བ་ཅིང་བསྟན་པ་རྗེས་སུ་འཛིན་པའི་གསང་མཚན་སྟེ། རྡོ༷་རྗེ༷་ཆེ་གེ་མོ་བདག༷་ཅ༷ག་གི༷ས་འགྲོ༷་བའི༷་དོན་བྱ་

བའི་ཕྱིར༷། སྨོན་འཇུག་གིས་བྱང༷་ཆུ༷བ་མཆོག་ཏུ་སེམས༷་བསྐྱེད༷་དོ༷། །བླ༷་ན་མེ༷ད་པའི་འབྲས་བུ་བྱང༷་ཆུབ༷་སངས་རྒྱས་ཀྱི་གོ༷་འཕང༷་ཐོབ་པའི་ཐབས་ལམ་བགྲོད༷་པའི༷་ཕྱིར༷། རྒྱལ་བའི་བསྟན༷་པ༷་རྒྱ༷་མཚོ༷་དང་འདྲ་བའི་ནང་ནས་སོ༷་སོ༷ར་ཐར་བའི་འདུལ༷་ཁྲིམ༷ས་དང༷་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། རྒྱལ་བའི་སྐུ༷་གསུ༷ང་ཐུག༷ས་དང༷་བདག་གི་ལུས་ངག་ཡིད་གསུམ་མཉམ༷་པར་སྦྱོར༷་བར་བྱེད་པ་ནི་སྡོམ༷་པའི༷་མཆོག༷་སྟེ་གསང་སྔགས་རྡོ༷་རྗེ༷་ཐེག་པའི་བསྲུང་བྱ་འད༷འ་བར་དཀའ༷་བའི་དམ༷་ཚི༷ག་ཚེ་གཏན༷་གྱི༷་གཉེ༷ར་བྱ་ལ། ཐེག་པ་རྟོག་༼འོག་༽མ་དང་ཐུན་མོང་སྤྱིའི་བསྲུང་བྱ་རྣམས་དང༷་ཁྱད༷་པར༷་གསང་སྔགས་བླ་མེད་ཀྱི་བསྲུང་བྱ་རྩ་བ་དང་ཡན་ལག་རྣམས་དང་། ལྷག༷་པའི༷་དམ༷་ཚི༷ག་ལ་མཛད་པ་ནི། བརྗོད་བྱའི་དོན་ཐམས་ཅད་མཉམ་པའི་དམ་ཚིག་རྣམ༷ས་ལས། སྔ༷་ཕྱི་ཀུན་ཏུ་དབང་ཞུ་བའི་དུས་སུ་མནོ༷ས་ཤིང༷་། དམ་དབོག་པ་རྣམས་ཀྱིས་དོན་ཉམས་སུ་བླང་བྱ་གཉེ༷ར་དུ༷་མ་བགྱིས་ནས། སྨྲས༷་ནི་ཉམས་སོ༷་འཚལ༷་བ་སྟེ། ཞོར་ལ་ཉམས་ཤོར་བ་མ་གཏོགས་པ་གཏན་ནས་བསྲུང་བྱ་རྣམས་ལ་རི༷ང་དུ༷་མི༷་གཏོང༷་ཞིང་དོན་དང་འགལ་བའི་འདའ༷་བར༷་མི༷་བགྱིད་ཅིང་། སྲུང་བྱའི་བསྲུང་མཚམས་གྱི་དོན༷་མ་ཤེས་ནས་དེ་ལ༷་གོལ༷་ཞིང༷་མི་བསྲུང་བའི་སེམས་ཀྱིས་ལྡོག༷་སེམ༷ས་མ༷་མཆི༷ས་ཀྱང༷་། གཉིས་པ་ལེ་ལོ་དང་། སྙོམས་ལས་ཀྱི་དབང་དུ་བཏང་བ་ནི། མི་བསྲུང་བར་བསམ་པ་མིན་ཀྱང་། གདོ༷ད་བྱ་ད༷་རུང་ལོང༷ས་སྤྱོད༷་སྙམ༷་དུ་སེམས་པའི༷་ལེ༷་ལོ༷་ཡི༷ས་དབང་དུ་སོང་བས་ལྟ་སྒོམ་ཀློ༷ང་དུ༷་མ་གྱུར༷་པས། རྩལ༷་ཤུག༷ས་ཆུང༷་བ༷་དང༷་། ཡང་ན་ལྟ་སྒོམ་ཀློང་དུ་མ་གྱུར་པས་སྤྱོད་པའི་རྩལ་ཤུགས་ཆུང་བ་དང་། གསུམ་པ་ཚུལ་བཞིན་དུ་མ་བསྲུང་བའི་སྐྱོན་ནི། དྲན་པ་དང་ཤེས༷་བཞི༷ན་གྱི་བྱ་ར་བ་དང་མི༷་ལྡན༷་པའི་སྤྱོད་པ་བག༷་མེད་པའི་དབ༷ང་དུ་གྱུར༷་སྟེ༷།

བསྐྱེད་རྫོགས་ཀྱི་སྒོམ༷་ལ༷་མི༷་བརྩོན༷་ཞིང་བསྙེན༷་སྒྲུབ༷་རྣམ་བཞི་གཡེལ༷་བར་འདོར་བ་ལ༷་སོགས༷་ཉེས་པའི་ཚོགས་ཚོར༷་བ་དང་མ༷་ཚོར༷་བ་དང་མ༷་རི༷ག་པའི་དབ༷ང་གིས༷་ན༷། སྟོན༷་པ༷་རྒྱལ་བས་གསུངས་པའི་བཀའ༷་དང༷་། དམ༷་ཚིག་ལས༷་འགལ༷་བར་གྱུར༷་ཏེ། བདག་གིས་ཆགས་ཉམས་བྱས་པ་རྣམས་དང་། བཞི་པ་གཞན་གྱི་ཉམས་སྒྲིབ་རང་ལ་གནོད་པ་ནི། རྣལ༷་འབྱོར༷་པ་གང༷་ཞིག༷་དམ༷་ཚི༷ག་ཉམ༷ས་པ༷་ཅན་དང༷་། སྐད༷་ཅིག༷་ཙམ༷་ཡང༷་འཕྲད༷་པ་དང་གཏམ་སྨྲ༷་བར་མི༷་བྱ༷་ཞེས༷། རྒྱལ་བའི་བཀ༷འ་ལ༷ས་བྱུང༷་བ༷་དེ༷་ལྟར༷་མ༷་ལྕོག༷་སྟེ༷། གསང༷་སྔགས་ཀྱི་སྒོ༷་འཆལ༷་བས༷། ཉམས་པ་ཅན་ཡིན་མིན་དབྱེ༷་བསལ༷་དཀའ༷་བ༷་དང༷་། མངོ༷ན་ཤེས༷་ཆུང༷་བས༷་སྐྱོན༷་ཅན༷་རྣམས་མ་རྟོག༷ས་པ༷་སྟེ། དམ་ཚིག་ཉམ༷ས་པ་ཅན་དང༷་ཚོག༷ས་ལྷན་ཅིག་ལ་འདྲེ༷ས་པ་དང་ཉམ༷ས་པ༷་ཅན་གྱི་བསྐ༷ང་བ༷་བྱས་པ་དང༷་། ཉམ༷ས་པ་ཅན་དང༷་སྣོད༷་མེད༷་པ་རྣམ༷ས་ལ༷་ཆོས༷་བཤད༷་པ་དང༷་། དམ་ཚིག་ཉམ༷ས་པ་ཅན་ལ༷་མི༷་འཛེམ༷་པས་ཉམས༷་པའི༷་སྐྱོན༷་ལ༷་སོག༷ས་པ་དང་། གཞན་ཡང་དམ་ཚིག་ཉམ༷ས་པ་ཅན༷་དང༷་འགྲོག༷ས་ཤིང༷་བསྡད་ན་དམ་ཚིག་ཉམ༷ས་པ༷་ཅན་དེ༷་དག༷་གིས༷། ཉམ༷ས་སྒྲིབ༷་ཀྱི་སྐྱོན༷་གྱིས༷་བདག་ལ་གོ༷ས་པར༷་གྱུར༷་ཏོ༷་འཚལ༷་རྣམས་ཀྱིས། ལྔ་པ་ཉམས་སྒྲིབ་བཤགས་ཤིང་ཐུགས་རྗེས་བཟུང་བར་ཞུ་བ་ནི། ཉམས་སྒྲིབ་དེས་བདག་གི་ཚེ༷་འདི༷འི་རྐྱེན༷་དང༷་ཡུན༷་གྱི༷་སྒྲིབ་པར་གྱུར་པ༷་རྣམ༷ས་ར༷ང་གནོ༷ང་ཞིང་འགྱོད༷་པའི་སེམ༷ས་ཀྱི༷་སྒོ་ནས་སྡིག་པ་གང་བྱས་ངག་ཏུ་མཐོལ༷་ཞིང་བཤག༷ས་ན༷། དཔང་པོ་ཁྱེད་རྣམས་ཀྱིས་བྱམ༷ས་པ༷འི་ཐུ༷གས་རྗེ༷ས་བདག་ལ་ཐུགས་ཀྱི་དགོ༷ངས་ན༷ས་ཀྱ༷ང་བཤགས་བྱའི་ཡུལ་དང་བཤགས་བྱེད་ཀྱི་མཁན་པོ་གཉི༷ས་སུ་མེ༷ད་པའི་ཆོས་ཉིད་མི༷་འགྱུར༷་བའི་དབྱིང༷ས་ལ༷་བད༷ག་བཀོ༷ད་དེ༷། དཔང་པོ་ཁྱེད་རང་རྣམས་ཐུགས་ཀྱི་དགོངས་པ་ཆོས་དབྱིངས་མི༷་དམི༷གས་བཏང༷་སྙོམ༷ས་ཆེན་པོའི་

ངང༷་དུ༷་བཞུགས་ནས༷་ཀྱང༷་། བདག་ལ་བཤགས་བྱ་བཤགས་བྱེད་གཉིས༷་མེད༷་དོ༷ན་ཀྱི་དམ་ཚིག་ཆགས་ཉམས་ཐམས་ཅད་ཚ༷ངས་པ༷་སྩལ༷་དུ༷་གསོལ༷། དྲུག་པ་ཀུན་རྫོབ་ཀྱི་འགལ་འཁྲུལ་དོན་དམ་དུ་བཤགས་པ་ནི། དོན༷་དམ༷་པར་བཤགས་བྱའི་ཡུལ་དང་བཤགས་བྱེད་ཀྱི་མཁན་པོ་གཉི༷ས་སུ་མེ༷ད་ཅིང་གཟུང་འཛིན་གྱི་སྤྲོས༷་པ་ལས༷་འད༷ས་པ༷་ལ༷་ཉམས་ཆགས་གི་རྣ༷མ་རྟོག༷་གང༷་ཡང༷་རང་རྒྱུད་དུ་དམིག༷ས་པར་མི་འགྱུར༷་ཏེ༷་སྟོང་ལ། ཀུན༷་རྫོབ༷་ཏུ་དངོས་པོའི་ཆོས་ཀུན་སྣང་བཞིན་དུ་རང་རྒྱུད་དུ་མ་གྲུབ་པ་སྒྱུ༷་མ༷་ཙམ༷་གྱི༷་ངོ་བོ་ལ་སྣང་བའི་དབ༷ང་གིས༷་ན༷། སྡིག༷་པ༷་ཅི༷་བགྱིས༷་ཐམས་ཅད་རང༷་གནོ༷ང་ནས་རང་སྣང་གཉིས་མེད་ཀྱི་ངང་དུ་བཟོ༷ད་པར༷་གསོ༷ལ་བ་ནི། ཡེ་ཤེས་ཀྱི་ལྷ་རྣམས་ལ་བཤགས་པའོ། །དེ་ལྟར་ཡེ་ཤེས་ཀྱི་ལྷ་ལ་རྟོག་པ་མི་མངའ་ཡང་། དེའི་འཁོར་དུ་གནས་པའི་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པ་རྣམས་ལ་ཆགས་ཉམས་དུ་གང་བྱས་ངག་ཏུ་མཐོ༷ལ་ལོ༷་བཤ༷གས་སོ༷་དམ༷་ཅན༷་བཀའ་ཉན༷་གྱི༷་ཚོག༷ས། སེམ༷ས་གནོ༷ང་ངོ༷་འགྱོད༷་དོ་དམ༷་ཅན༷་བཀའ་ཉན༷་གྱི༷་ཚོག༷ས། ཉམས་ཆགས་སྡིག་སྒྲིབ་སྦྱོང༷་ངོ༷་བས༷ལ་ལོ༷་དམ༷་ཅན༷་བཀའ་ཉན༷་གྱི༷་ཚོག༷ས། ཉེས་བྱས་ཀྱི་ནོ༷ང་བ༷་བདག་ལ་མཆིས༷་ན༷་མི༷་འཆ༷བ་སྟེ་མི་གསང་ནས་བཤགས་པས་བཟོད༷་པར༷་གསོ༷ལ་བས། བཟོད༷་པར་ཞལ་གྱི་བཞེ༷ས་ནས༷་བདག་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚང༷ས་པར༷་སྩལ༷་དུ༷་གསོ༷ལ། ཅེས་བརྗོད་པས། མདུན་གྱི་དཔང་པོའི་ལྷ་རྣམས་ཀྱིས། ཞལ་འཛུམ་པའི་མདངས་ཕྱུང་ནས། སྡིག་པ་དང་ཆགས་ཉམས་དག་པའི་གནང་བ་སྦྱིན་པར་བསམ་མོ། །རྨད་བྱུང་ལེགས་བཤད་གསུང་བའི་༼གི་༽བདུད་རྩི་ཀུན། །བསྡུས་པའི་བརྒྱད་ལྡན་མེ་ཏོག་བཀྲམ་བཅས་མཚོར། །ཁ་དོག་ཚིག་ལ་མ་ཞེན་དོན་རྟོགས་མཛོད། །འདི་བརྩམས་དགེ་དང་དགེ་བ་གཞན་

དག་རྣམས། །རྣམ་པ་གཅིག་ཏུ་བསྡུས་པས་འགྲོ་བ་ཀུན། །ཀུན་ཀྱང་མཚན་འཛིན་འཛིན་པ་ལས་གྲོལ་ཞིང་། །ཞིང་རྣམས་ཀུན་ཁྱབ་ཁྱབ་པའི་སངས་རྒྱས་ཤོག །ཞེས་ཡེ་ཤེས་སྐུ་མཆོག་གི་ཌཱིཀྐི་ཆགས་ཉམས་སྐོང་བའི་རྒྱལ་པོ་ཞེས་བྱ་བ་འདི་ཀཿཐོག་ཡང་དགོན་དུ་སྔགས་འཆང་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་སྦྱར་བ་རེ་ཞིག་རྫོགས་སོ། །སླར་ཡང་ལུང་སྤེལ་གྱི་སྲི་ཞུ་བགྱི་བ་པོ་ནི་འདི་རྒྱ་བསྟན་པའི་ཉིད་ལའོ། །ཤུ་ུབྷཾ།


previousསྔོན་འགྲོའི་འགྲེལ་པ་མེ་ཏོག་ཕྲེང་མཛེས་ལས་ཡེ་ཤེས་སྐུ་མཆོག་ཌཱིཀྐ་ལོགས་སུ་ཕྱུང་བ།next