Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
ཞི་ཁྲོ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལས་ཞི་ཁྲོ་གསུང་གི་དཀྱིལ་འཁོར་གྱི་བསྒོམ་བཟླས།
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལས་ཞི་ཁྲོ་གསུང་གི་དཀྱིལ་འཁོར་གྱི་བསྒོམ་བཟླས།next

ཞི་ཁྲོ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལས་ཞི་ཁྲོ་གསུང་གི་དཀྱིལ་འཁོར་གྱི་བསྒོམ་བཟླས།

ཞི་ཁྲོ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལས་ཞི་ཁྲོ་གསུང་གི་དཀྱིལ་འཁོར་གྱི་བསྒོམ་བཟླས་བཞུགས་སོ། །

ཀུན་བཟང་ཞི་ཁྲོའི་ལྷ་ལ་འདུད། །དབང་བསྐུར་རྒྱས་པར་ཐོབ་ཕྱིན་ནས། །ཕྱི་ཡི་དཀྱིལ་འཁོར་ཉི་ཤུ་གཅིག །ནང་གི་དཀྱིལ་འཁོར་རྣམ་པ་གསུམ། །གསང་བའི་དཀྱིལ་འཁོར་ཉི་ཤུ་གཅིག །བཞི་བཅུ་ཞེ་ལྔ་ཉམས་སུ་ལེན། །ཐམས་ཅད་ཉམས་ལེན་མ་འགྲུབ་ཅིང་། །ལས་བྱང་འདོན་པ་མང་མི་འཁྱོངས་ལ། །ཚེ་འདིར་ཚེ་བསོད་འཕེལ་བ་དང་། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །སྐྱེ་འདོད་ཞི་ཁྲོར་དད་ཆེ་ན། །ཞི་ཁྲོ་གསུང་གི་དཀྱིལ་འཁོར་འདི། །དྲན་རྫོགས་ཡིད་ཀྱིས་བསྒོམས་བྱས་ཤིང་། །སྙིང་པོ་བཟླ་བ་ཁོ་ནས་ཆོག །ཨཱཿསྟོང་པའི་ངང་ལས་སྐད་ཅིག་གིས། །མེ་རི་རྡོ་ར་དུར་ཁྲོད་དབུས། །ཕྱི་ནི་རིན་ཆེན་སྣ་ཚོགས་ལ། །ནང་ནི་ཐོད་པའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས། །དེ་དབུས་འཁོར་ལོ་རྩིབས་བཞི་དང་། །རྩིབས་བརྒྱད་པད་ཉི་རོ་ཡི་སྟེང་། །དབུས་སུ་པདྨ་ཧེ་རུ་ཀ། དེ་སྟེང་ཆེ་མཆོག་ཧེ་རུ་ཀ། དེ་སྟེང་པད་ཟླར་རང་ཉིད་ནི། །སྣང་མཐའ་གོས་དཀར་སྐུ་མདོག་དམར། །པདྨ་དྲིལ་འཛིན་གཉིས་མེད་འཁྲིལ། །དབུ་གཙུག་ཀུན་བཟང་ཡབ་ཡུམ་བཞུགས། །རྩིབས་བཞིར་ཁྲག་འཐུང་རིགས་བཞི་སྟེ། །བུདྡྷ་ཁྲག་འཐུང་ནུབ་དུ་བསྒོམ། །ཁྲག་འཐུང་རིགས་བཞིའི་དབུ་གཙུག་ཏུ། །རྒྱལ་བ་རིགས་བཞི་ཡབ་ཡུམ་ཏེ། །རྣམ་སྣང་ཡབ་ཡུམ་ནུབ་ཏུ་བཞུགས། །ཕྱོགས་བཞིར་སེམས་དཔའ་ཡབ་ཡུམ་

བསྒོམས། །མཚམས་བཞིར་སྟེང་འོག་ཐུབ་པ་དྲུག །འོག་གི་ཕྱོགས་མཚམས་ཕྱི་ནང་དུ། །ཀཽའུ་རི་དང་སེང་ཧ་བརྒྱད། །སྒོ་བཞི་གཡོན་ཟུར་སྒོ་མ་བཞི། །གོང་གི་ཕྱོགས་མཚམས་ཕྱི་ནང་དུ། །ཀོའུ་རི་བརྒྱད་དང་སེང་ཧ་བརྒྱད། །སྒོ་བཞི་གཡོན་ཟུར་སྒོ་མ་བཞི། །གཡས་སུ་སྒོ་བ་ཡབ་ཡུམ་གསལ། །ཕྱི་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །ཀུན་གྱི་གནས་གསུམ་འབྲུ་གསུམ་དང་། །རང་རང་ས་བོན་རང་སྔགས་བསྐོར། །འོད་འཕྲོས་འོག་མིན་ཞིང་ཁམས་ནས། །ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ། །སྤྲུལ་པའི་ལྷ་མོ་དཔག་མེད་ཀྱིས། །མཆོད་རྫས་དུ་མས་མཆོད་ཅིང་བསྟོད། །གཙོ་བོ་ཡབ་ཡུམ་ཐུགས་ཀ་རུ། །ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་། །ཧྲཱིཿདང་པྱཾ་གི་མཐའ་སྐོར་དུ། །ཡབ་ཀྱི་སྔགས་འཕྲེང་གཡས་སུ་འཁོར། །ཡུམ་གྱི་སྔགས་ཕྲེང་གཡོན་དུ་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །དེ་ལྟར་བསྒོམ་ཞིང་སྔགས་འདི་བཟླ། །ཨོཾ་ཨ་རོ་ལྀཀ། པྱཾ་ར་ག་ར་ཏི་སྟྭཾ། ཞེས་པ་དེ་ལ་བརྒྱ་རྩ་སོགས། །ཅི་ཙམ་ནུས་པ་བྱས་པའི་རྗེས། །བོ་དྷི་ཙིཏྟ་བདུན་ནམ་གསུམ། །བཏགས་གྲོལ་འབྲུ་དྲུག་ཚར་བདུན་བརྗོད། །དེ་རྗེས་སྨོན་ལམ་བཏབ་པ་ནི། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ནས། །བདེ་བ་ཅན་གྱིས་ཞིང་ཁམས་ན། །ཐམས་ཅད་འོད་ཀྱི་རང་བཞིན་ཏེ། །འོད་དང་འོད་ཟེར་འགྱུར་བ་མེད། །སེམས་ཅན་སྲོག་ནི་རླུང་སེམས་ཏེ། །དེ་ཡི་སྙིང་པོ་ཡི་གེ་ཨཱཿ། དེ་ལ་བརྟེན་ནས་བདག་ཅག་ཀྱང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཞིང་མཆོག་དེ་རུ་སྐྱེས་གྱུར་ནས། །འོད་དཔག་མེད་དང་དབྱེར་མེད་ཤོག །ཅེས་བརྗོད་མི་དམིགས་ངང་ལ་བཞག །རྫོགས་ཆེན་ཨ་ཏི་ཡོ་གའི་ལུགས། །ཞི་ཁྲོ་གསུང་གི་དཀྱིལ་འཁོར་

འདི། །རྒྱུན་ཁྱེར་ཐུགས་དམ་སུས་བྱས་པ། །བདེ་བ་ཅན་དུ་སྐྱེ་བར་ངེས། །རཱ་ག་ཨ་གསེས་གཞན་ཕན་བློས། །པདྨ་མཐར་ཕྱིན་ཞེས་པ་ཡིས། བྲིས་པ་སྲུང་མ་རྣམས་ལ་བཤགས། །དགེ་བས་འགྲོ་དོན་རྒྱ་ཆེན་ཤོག །མངྒ་ལཾ། །


previousཞི་ཁྲོ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལས་ཞི་ཁྲོ་གསུང་གི་དཀྱིལ་འཁོར་གྱི་བསྒོམ་བཟླས།next