Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་འབྲིང་པོ།
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་འབྲིང་པོ།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་འབྲིང་པོ།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་འབྲིང་པོ་བཞུགས་སོ༔

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ བཏགས་གྲོལ་འཁོར་ལོ་འབྲིང་པོ་བྲི་བ་ནི༔ དར་རས་ཤོག་གུ་སོར་ནི་ཉེར་བཞི་ལ༔ ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲིས་དེ་དབུས༔ ཨ༔ གཞུག་རྡོ་རྗེའི་རྭ་བར་བཞི་རུ་ནི༔ ཐིག་ལེའི་ནང་དུ་ཧཱུྃ་ཏྲྃ་ཧྲཱི༔ ་ཨ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་རིམ་པ་བཞི༔ ཕྱི་ནས་རིམ་བཞིན་ཕོ་ཡིག་མོ་ཡིག་དང་༔ རིགས་ལྔའི་སྙིང་པོ་ཤམ་བུ་འདོད་གསོལ་བྱ༔ ༀ་ཛི་ན་ཛིཀ༔ རྣམ་པར་སྣང་མཛད་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་སོགས་རིགས་ལྔ་ཡབ་ཡུམ་སྙིང་པོ་བཀོད༔ དེའི་ཕྱི་རིམ་ཐིག་ལེ་ཉི་ཤུ་ལྔ༔ ཞེན་ལོག་ཉེར་ལྔའི་སྔགས་ཡིག་བཀོད་པར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ སྒྲིབ་པ་དག་བྱེད་ཡིག་བརྒྱའི་གཟུངས་སྔགས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ དབྱངས་ཡིག་བཅུ་དྲུག་གསལ་བྱེད་སུམ་ཅུ་བཞི༔ རིགས་གསུམ་མགོན་པོ་ལ་སོགས་གཟུངས་སྔགས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་བཞི་པོ་ཡི༔ འདོད་གསོལ་བཅས་པ་བཏགས་གྲོལ་གཞུང་ལྟར་དང་༔ གནས་པ་རྒྱུན་གྲོལ་སྙིང་པོ་བྲི་བར་བྱ༔ ཕྱི་རོལ་ཟུར་བཞི་ཐིག་ལེ་བཞི་ཡི་ནང་༔ ཁྲོ་ཆེན་བཞི་ཡི་སྙིང་པོ་བྲི་བར་བྱ༔ བར་མཚམས་རྣམས་སུ་ཡི་གེ་དྲུག་པ་དང་༔ བཀྲ་ཤིས་རྟགས་བརྒྱད་བཀོད་ནས་མཛེས་ཚོན་བཀྱེ༔ རྡོ་རྗེའི་གདོང་གིས་མཛེས་པར་
བྱས་པའོ༔ རབ་གནས་ལྡན་པས་བཏགས་ན་ཚེ་གཅིག་གིས༔ སངས་རྒྱས་སར་འགྲོ་ངེས་པར་གྲོལ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་འབྲིང་པོ།next