Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོའི་ལག་ལེན་ཟིན་བྲིས།
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོའི་ལག་ལེན་ཟིན་བྲིས།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོའི་ལག་ལེན་ཟིན་བྲིས།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོའི་ལག་ལེན་ཟིན་བྲིས་བཞུགས་སོ། །

ཀུན་བཟང་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དམ་པ་རིགས་བརྒྱའི་བཏགས་གྲོལ་འཁོར་ལོ་ཆེན་མོ་འདི་ལ་ལྷའི་ས་བོན་དང་། སྙིང་པོ་དང་སྨོན་ལམ་སྤེལ་ཚིགས་དང་བཅས་པའི་ཟིན་རིས་ནི། འཁོར་ལོ་བཀོད་ལུགས་དཔེའུ་རིས་ལྟར་བྲིས་ལ། དབུས་ཀྱི་ལྟེ་བ་ལ། ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་ཀུན་བཟང་ཡབ་ཡུམ་གྱི་ས་བོན་ཨཱཿༀ་བཀོད། ཧཱུྃ་བཛྲ་ཙིཏྟ་ཨཱཿབཛྲ་ས་མནྟ་བྷ་ཏྲ་ༀ༔ བདག་ཆེ་གེ་མོའི་ཡིད་འཛིན་གྱི་རིག་པ་དང་༔ ཆོས་ཀྱི་མཚན་ཉིད་འཛིན་པའི་རིག་པ་འགྱུ་སྟོང་སྐྱེ་མེད་དུ་གྲོལ་ནས་ཀུན་བཟང་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་དབུས་ཀྱི་ཡིག་མགོ་ནུབ་བམ་ཤར་གང་རུང་ལ་བསྟན། གཞན་ཡིག་མགོ་ཐམས་ཅད་ཕྱིར་བསྟན་ལ་བྲིའོ། །ཤར་གྱི་ཐིག་ལེའི་དབུས་སུ་བྷུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་ས་བོན་་ཧཱུྃ་བཀོད། ༀ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བུདྡྷ་ཀྲོ་ཏི་ཤྭ་རི་སྟྭྃ༔ འཆང་བ་པོའི་ཉོན་མོངས་པ་གཏི་མུག་དང་གཟུགས་ཡུལ་གྱི་རྟོག་པ་རང་སར་གྲོལ་ནས་སངས་རྒྱས་ཧེ་རུ་ཀ་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོའི་ཐིག་ལེའི་དབུས་སུ། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ས་བོན་ཨཱོཾ་ལཱྃ་བཀོད་ལ། ཨཱོཾ་ཛཱི་ན་ཛིཀ྄༔ ལཱྃ་ཏེ་ཤྭ་ར་ཏི་སྟྭྃ༔ འཆང་བ་པོའི་གཟུགས་ཕུང་དང་ནམ་མཁའི་སྣང་བ་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ནས་རྣམ་པར་སྣང་མཛད་ཡབ་ཡུམ་དང་གཉིས་སུ་མེད་

པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་ཀྱི་ཐིག་ལེའི་དབུས་སུ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་ས་བོན་་ཧཱུྃ་བཀོད་ལ། ༀ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་སྟྭྃ༔ འཆང་བ་པོའི་མ་རིག་ཉོན་མོངས་པ་དང་ཆོས་ཅན་གྱི་རྟོག་པ་རང་སར་གྲོལ་ནས་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་གི་ཐིག་ལེའི་དབུས་སུ་རིག་འཛིན་ཡབ་ཡུམ་གྱི་ས་བོན་ཨཱོཾ་ཧྲཱིཿབཀོད་ལ། བདག་འཆང་བ་པོའི་རྣམ་པར་སྨིན་པའི་རིག་འཛིན་བླ་ན་མེད་པ་པདྨ་གར་གྱི་དབང་ཕྱུག་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་བྲིའོ། །མཚམས་བཞིའི་ཐིག་ལེའི་ནང་དུ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརེ་རེ་བྲི་བར་བྱའོ༔ དེའི་ཕྱི་རོལ་ཤར་གྱི་ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ས་བོན་ཧཱུྃ་མཱུྃ་བཀོད་ལ༔ ཧཱུྃ་བཛྲ་དྷྲྀཀ྄༔ མཱུྃ་དྷ་ཏུ་ཤྭ་རི་སྟྭྃ༔ བདག་ཆེ་གེ་མོའི་རྣམ་ཤེས་དང་ས་ཁམས་མེ་ལོང་ཡེ་ཤེས་སུ་གྲོལ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ གཡས་ཀྱི་ཐིག་ལེའི་དབུས་སུ་སེམས་དཔའ་ས་ཡི་སྙིང་པོའི་ས་བོན་ཀྵིཿབཀོད་ལ། ཀྵི་ཧི་རཱ་ཙ་ཡ་སྭཱ་ཧཱ༔ བདག་འཆང་བ་པོའི་མིག་གི་རྣམ་ཤེས་རང་སར་གྲོལ་ནས་ས་ཡི་སྙིང་པོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ གཡོན་གྱི་ཐིག་ལེའི་དབུས་སུ་སེམས་དཔའ་བྱམས་པའི་ས་བོན་མཻཿབཀོད་ལ། མཻ་ཏྲི་དྷཱ་ར་ཎི་སྭཱ་ཧཱ༔ འཆང་བ་པོའི་རྣ་བའི་རྣམ་ཤེས་རང་སར་གྲོལ་ནས་བྱམས་པ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ མདུན་གྱི་ཐིག་ལེའི་དབུས་སུ་སེམས་མ་ལཱ་ཱསྱེ་མའི་ས་བོན་ཧཱུྃ་བཀོད་ལ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭྃ༔ འཆང་བ་པོའི་གཟུགས་ཡུལ་གྱི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་ལཱ་སྱེ་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོ་ཡི་རྒྱབ་ཀྱི་ཐིག་ལེའི་དབུས་སུ་སེམས་མ་པུཥྤེ་མའི་ས་བོན་ཧཱུྃ་བཀོད་ལ། ཧཱུྃ་པུཥྤེ་ཨཱ་ཝེ་ཤ་ཡ་སྟྭྃ༔ བདག་འཆང་བ་པོའི་འདས་པའི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་མེ་ཏོག་མ་དང་

གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོ་ཡི་ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ས་བོན་སྭཱ་མཱྃ་བཀོད་ལ། སྭཱ་རཏྣ་དྷྲྀཀ྄༔ མཱྃ་མོ་ཧ་ར་ཏི་སྟྭྃ༔ བདག་ཆེ་གེ་མོའི་ཚོར་བའི་ཕུང་པོ་དང་ཆུའི་ཁམས་མཉམ་ཉིད་ཡེ་ཤེས་ཀྱི་ངང་དུ་གྲོལ་ནས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ གཡས་གྱི་ཐིག་ལེའི་དབུས་སུ། སེམས་དཔའ་ཀུན་བཟང་གི་ས་བོན་ཧཱུྃ་བཀོད་ལ། ཧཱུྃ་སྭཱ་རཱ་ཙ་ཡ་སྭཱ་ཧཱ༔ བདག་འཆང་བ་པོའི་སྣ་ཡི་རྣམ་ཤེས་རང་སར་གྲོལ་ནས་ཀུན་བཟང་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ གཡོན་གྱི་ཐིག་ལེའི་དབུས་སུ་སེམས་དཔའ་ནམ་སྙིང་གི་ས་བོན་ཏྲཱྃ་བཀོད་ལ། ཏྲཱྃ་ཨ་གརྦྷ་ཡ་སྭཱ་ཧཱ༔ འཆང་བ་པོའི་ལྕེའི་རྣམ་ཤེས་རང་སར་གྲོལ་ནས་ནམ་མཁའི་སྙིང་པོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ མདུན་གྱི་ཐིག་ལེའི་དབུས་སུ། ཕྲེང་བ་མའི་ས་བོན་ཏྲཱྃ་བཀོད། ཏྲཱྃ་མཱ་ལྱེ་ས་མ་ཡ་སྟྭྃ༔ འཆང་བ་པོའི་ཆོས་ཅན་གྱི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་ཕྲེང་བ་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ རྒྱབ་ཀྱི་ཐིག་ལེའི་དབུས་སུ་ལྷ་མོ་བདུག་སྤོས་མའི་ས་བོན་ཛཿབཀོད། ཛ་དྷུ་པེ་པྲ་ཝེ་ཤ་ཡ་སྟྭྃ༔ འཆང་བ་པོའི་དྲི་ཡུལ་གྱི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་བདུག་སྤོས་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་ཀྱི་ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་ས་བོན་ཨཱྃཿཔྱཱྃ་བཀོད། ཨཱྃཿཨ་རོ་ལྀཀ྄༔ པྱཱྃ་རཱ་ག་ར་ཏི་སྟྭྃ༔ བདག་འཆང་བ་པོའི་འདུ་ཤེས་ཀྱི་ཕུང་པོ་དང་མེ་ཁམས་སོར་རྟོག་ཡེ་ཤེས་སུ་གྲོལ་ནས་སྣང་བ་མཐའ་ཡས་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ གཡས་ཀྱི་ཐིག་ལེའི་དབུས་སུ་སྤྱན་རས་གཟིགས་ཀྱི་ས་བོན་ཧྲཱིཿབཀོད་ལ། ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ་མ་སྭཱ་ཧཱ༔ འཆང་བ་པོའི་ལུས་ཀྱི་རྣམ་ཤེས་རང་སར་གྲོལ་ནས་སྤྱན་རས་གཟིགས་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ གཡོན་གྱི་

ཐིག་ལེའི་དབུས་སུ་འཇམ་དཔལ་གྱི་ས་བོན་མུྃ་བཀོད། མུྃ་ཤྲི་ཨ་རཾ་གྷཱ་ཡ་སྭཱ་ཧཱ༔ འཆང་བ་པོའི་ཡིད་ཀྱི་རྣམ་ཤེས་རང་སར་གྲོལ་ནས་འཇམ་དཔལ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ མདུན་གྱི་ཐིག་ལེའི་དབུས་སུ་ལྷ་མོ་པི་ཝཾ་མའི་ས་བོན་ཧྲཱིཿབཀོད། ཧྲཱིཿགཱིརྟི་རཱ་ག་ཡ་ཧོ༔ འཆང་བ་པོའི་སྒྲའི་ཡུལ་གྱི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་པི་ཝཾ་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ རྒྱབ་ཀྱི་ཐིག་ལེའི་དབུས་སུ་མར་མེ་མའི་ས་བོན་བཾཿབཀོད༔ བཾ་དི་པཾ་སུ་ཀི་ནི་ས་མཱ་ཡ་སྟྭྃ༔ འཆང་བ་པོའི་མ་འོངས་པའི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་མར་མེ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་གི་ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ས་བོན་ཧཱ་ཏཱྃ་བཀོད། ཧཱ་པྲཛྙཱ་དྷཱྀཀ྄༔ ཏཱྃ་བཛྲ་ར་ཏི་སྟྭྃ༔ བདག་འཆང་བ་པོའི་འདུ་བྱེད་ཀྱི་ཕུང་པོ་དང་རླུང་ཁམས་བྱ་གྲུབ་ཡེ་ཤེས་ཀྱི་ངང་དུ་གྲོལ་ནས་དོན་ཡོད་གྲུབ་པ་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ གཡས་ཀྱི་ཐིག་ལེའི་དབུས་སུ་སྒྲིབ་པ་རྣམ་སེལ་གྱི་ས་བོན་ཐླྷིཾ་བཀོད། ཐླྷིཾ་ས་རཾ་པ་ཡ་སྭཱ་ཧཱ༔ འཆང་བ་པོའི་ཀུན་གཞིའི་རྣམ་ཤེས་རང་སར་གྲོལ་ནས་སྒྲིབ་པ་རྣམ་སེལ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ གཡོན་གྱི་ཐིག་ལེའི་དབུས་སུ་ཕྱག་ན་རྡོ་རྗེའི་ས་བོན་ཛྷིཾ་བཀོད། ཛྷིཾ་ཀུ་རུ་པཱ་ཎི་ཧྲཱིཿསྭཱ་ཧཱ༔ འཆང་བ་པོའི་ཉོན་ཡིད་ཀྱི་རྣམ་ཤེས་རང་སར་གྲོལ་ནས་ཕྱག་ན་རྡོ་རྗེ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ མདུན་གྱི་ཐིག་ལེའི་དབུས་སུ་གྷནྡྷེ་མའི་ས་བོན་ཧོ་བཀོད། ཧོ་གྷནྡྷེ་ཙིཏྟ་ཧོ༔ འཆང་བ་པོའི་ད་ལྟར་གྱི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་དྲི་ཆབ་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ རྒྱབ་ཀྱི་ཐིག་ལེའི་དབུས་སུ། ཞལ་ཟས་མའི་ས་བོན་ཨཱཿབཀོད། ཨཱ་ནཱིརྟི་རཱ་ག་ཡ་མི་སྟྭྃ༔ འཆང་བ་པོའི་རོ་ཡུལ་གྱི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་ཞལ་ཟས་མ་དང་གཉིས་སུ་མེད་པར་

འཚང་རྒྱ་བར་གྱུར་ཅིག༔ ཅེས་བྲི། དེའི་ཕྱི་རོལ་ཏུ་ུདབྱངས་ཡིག་བཅུ་དྲུག་པ་འདི་བཀོད། ཨ་ཨཱ༔ ཨི་ཨཱི༔ ཨུ་ཨུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཱ༔ མཚམས་ཀྱི་ཤར་ལྷོའི་ཐིག་ལེ་གཅིག་གམ་གཉིས་ཀྱི་དབུས་སུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་ས་བོན་ཧཱུྃ་བཀོད། ༀ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ འཆང་བ་པོའི་ཉོན་མོངས་པ་ཞེ་སྡང་ཀ་དག་ཏུ་གྲོལ་ནས་རྡོ་རྗེ་ཁྲག་འཐུང་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ༀ་བཛྲ་ཀྲོ་དྷཱི་ཤྭཱ་རི་སྟྭྃ༔ འཆང་པ་པོའི་སྒྲ་ཡུལ་གྱི་རྟོག་པ་རང་སར་གྲོལ་ནས་རྡོ་རྗེ་དབྱིངས་ཕྱུག་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོ་ནུབ་ཀྱི་ཐིག་ལེ་གཉིས་ཀྱི་དབུས་སུ་རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱི་ས་བོན་ཧཱུྃ་བཀོད། ཨཱོཾ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ འཆང་བ་པོའི་ཉོན་མོངས་པ་ང་རྒྱལ་ཀ་དག་ཏུ་རང་སར་གྲོལ་ནས་རིན་ཆེན་ཁྲག་འཐུང་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་རཏྣ་ཀྲོ་དྷཱི་ཤྭ་རི་སྟྭྃ༔ འཆང་བ་པོའི་དྲི་ཡུལ་གྱི་རྟོག་པ་རང་སར་གྲོལ་ནས་རཏྣ་༼རིན་ཆེན་༽དབྱིངས་ཕྱུག་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་བྱང་གི་ཐིག་ལེ་གཉིས་ཀྱི་དབུས་སུ་པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་ས་བོན་་ཧཱུྃ་བཀོད། ཨཱོཾ་པདྨ་ཀྲོ་ཏ་མཱ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ འཆང་བ་པོའི་ཉོན་མོངས་པ་འདོད་ཆགས་ཀ་དག་ཏུ་གྲོལ་ནས་པདྨ་ཁྲག་འཐུང་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་པདྨ་ཀྲོ་དྷཱི་ཤྭ་རི་སྟྭྃ༔ འཆང་བ་པོའི་རོ་ཡུལ་གྱི་རྟོག་པ་རང་སར་གྲོལ་ནས་པདྨ་དབྱིངས་ཕྱུག་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་ཤར་གྱི་ཐིག་ལེ་གཉིས་ཀྱི་དབུས་སུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་ས་བོན་ཧཱུྃ་བཀོད། ༀ་ཀརྨཱ་ཀྲོ་ཏ་མ་ཧཱ་ཤཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ འཆང་བ་པོའི་ཉོན་མོངས་པ་ཕྲག་དོག་ཀ་དག་ཏུ་གྲོལ་ནས་ཀརྨ་ཁྲག་འཐུང་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་ཀརྨ་ཀྲོ་དྷཱི་ཤྭ་རི་སྟྭྃ༔ འཆང་བ་པོའི་རེག་ཡུལ་གྱི་རྟོག་པ་རང་སར་

གྲོལ་ནས་ལས་ཀྱི་དབྱིངས་ཕྱུག་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་བྲིའོ། །དེའི་ཕྱི་ཁྱམས་ལ། ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཞེས་བྲི། དེའི་ཕྱི་རོལ་ཏུ་ཐིག་ལེ་ཉི་ཤུ་རྩ་དྲུག་པ་ལ། ཤར་དུ་ཐིག་ལེ་བཞི། ལྷོར་གསུམ། ནུབ་དུ་བཞི། བྱང་དུ་གསུམ། མཚམས་བཞི་ལ་ཐིག་ལེ་གསུམ་གསུམ་མོ། །དེ་ལ་ཐུབ་དྲུག །རིག་འཛིན་བཞི། ཀཽ་རཱི་བརྒྱད། སེང་ཧ་མ་བརྒྱད་བཞུགས་ཏེ། ཤར་སྟོད་ཐིག་ལེ་དང་པོ་ལ། ཀཽ་རཱི་མའི་ས་བོན་ཧ་བཀོད། ཀཽ་རཱི་མ་བརྒྱད་ཀྱི་ས་བོན་ཐམས་ཅད་ཧའོ། །ༀ་བཛྲ་ཀཽ་རཱི་ཧ༔ འཆང་བ་པོའི་ཉོན་མོངས་པའི་རྣམ་རྟོག་ཐམས་ཅད་གཞོམ་ནས་ཀཽ་རཱི་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཤར་གྱི་ཐིག་ལེ་གཉིས་པ་ལ་ལྷའི་ཐུབ་པའི་ས་བོན་ཀྲེཾ་བཀོད། ༀ་མུ་ནེ་ཀྲེཾ་སྭཱ་ཧཱ༔ འཆང་བ་པོའི་ང་རྒྱལ་ལྷའི་སྐྱེ་སྒོ་ཁེག་ནས་ལྷ་དབང་བརྒྱ་བྱིན་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཤར་གྱི་ཐིག་ལེ་གསུམ་པ་ལ་ས་ལ་གནས་པའི་རིག་འཛིན་ཡབ་ཡུམ་གྱི་ས་བོན་ར་ཧ་བཀོད། འཆང་བ་པོ་ས་ལ་གནས་པའི་རིག་འཛིན་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཤར་གྱི་ཐིག་ལེ་བཞི་པ་ལ་སེང་ཧ་ཕྲ་མེན་མའི་ས་བོན་ཧེ་བཀོད། སེང་ཧ་མ་བརྒྱད་ཀྱི་ས་བོན་ཧེ་བརྒྱད་ཡིན། ཨཱོཾ་བཛྲ་སེང་ཧ་མུ་ཁ་ཧེ༔ འཆང་བ་པོའི་འཁོར་བ་ཀ་ནས་དག་ཅིང་བཛྲ་སེང་ཧ་མུ་ཁ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཤར་ལྷོའི་ཐིག་ལེ་དང་པོ་ལ་པུསྐ་སཱིའི་ས་བོན་ཧ་བཀོད། ཨཱོཾ་བཛྲ་པུསྐ་སཱི་ཧ༔ འཆང་བ་པོའི་ཉོན་མོངས་པ་གནས་ནས་འདྲེན་ཞིང་རྡོ་རྗེ་པུསྐ་སཱི་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཤར་ལྷོའི་ཐིག་ལེ་གཉིས་པ་ལ་ལྷ་མིན་ཐུབ་པའི་ས་བོན་བྲེཾ་བཀོད། ཨཱོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ འཆང་བ་པོའི་ཕྲག་དོག་ལྷ་མིན་སྐྱེ་སྒོ་ཁེགས་ནས༔ ཐག་བཟང་རིས་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཤར་ལྷོའི་ཐིག་ལེ་གསུམ་པ་ལ། ཀྲྀ་ཏ་མུ་ཁའི་ས་བོན་ཧེ་

བཀོད། ཨཱོཾ་བཛྲ་ཀྲྀ་ཏ་མུ་ཁ་ཧེ༔ འཆང་བ་པོའི་དུག་གསུམ་རྩད་ནས་གཅོད་ཅིང་རྡོ་རྗེ་ཀྲྀ་ཏ་མུ་ཁ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོའི་ཐིག་ལེ་དང་པོ་ལ་ས་བོན་ཧ་བཀོད། ཨཱོཾ་བཛྲ་ཙཽའུ་རཱི་ཧ༔ འཆང་བ་པོ་རིགས་དྲུག་གནས་ནས་སྤར་ཞིང་བཛྲ་ཙཽའུ་རཱི་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོའི་ཐིག་ལེ་གཉིས་པ་ལ་ཚེ་ལ་དབང་བའི་རིག་འཛིན་ཡབ་ཡུམ་གྱི་ས་བོན་ཙ་རི་བཀོད། འཆང་བ་པོ་ཆེ་གེ་མོ་ཚེ་ལ་དབང་བའི་རིག་འཛིན་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོའི་ཐིག་ལེ་གསུམ་པ་ལ་ས་བོན་ཧ་བཀོད། ཨཱོཾ་བཛྲ་བྱཱ་ཀྲྀ་མུ་ཁ་ཧེ༔ འཆང་བ་པོ་འཁོར་བ་གནས་ནས་དག་ཅིང་རྡོ་རྗེ་བྱཱ་ཀྲི་མུ་ཁ་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོ་ནུབ་ཀྱི་ཐིག་ལེ་དང་པོ་ལ་ས་བོན་ཧ་བཀོད། ཨཱོཾ་བཛྲ་གྷསྨ་རཱི་ཧ༔ འཆང་བ་པོ་འཁོར་བ་གནས་ནས་དག་ཅིང་༔ བཛྲ་གྷསྨ་རཱི་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིང་༔ ལྷོ་ནུབ་ཀྱི་ཐིག་ལེ་གཉིས་པ་ལ་མིའི་ཐུབ་པའི་ས་བོན་ཏྲུྃ་བཀོད། ཨཱོཾ་མུ་ནེ་ཏྲུྃ་སྭཱ་ཧཱ༔ འཆང་བ་པོའི་འདོད་ཆགས་མི་ཡི་སྐྱེ་སྒོ་ཁེགས་ནས་སངས་རྒྱས་ཤཱཀྱ་ཐུབ་པ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོ་ནུབ་ཀྱི་ཐིག་ལེ་གསུམ་པ་ལ་ས་བོན་ཧེ་བཀོད། ཨཱོཾ་བཛྲ་ཀངྐ་མུ་ཁ་ཧེ༔ འཆང་བ་པོའི་འཁོར་བ་དང་ལེན་འདྲེན་པར་མཛད་ཅིང་རྡོ་རྗེ་ཀངྐ་མུ་ཁ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་ཀྱི་ཐིག་ལེ་དང་པོ་ལ་ས་བོན་ཧ་བཀོད། ཨཱོཾ་བཛྲ་པྲ་མོ་ཧ༔ འཆང་བ་པོ་འཁོར་བར་མི་གཏོང་འདྲེན་པར་བྱེད་ཅིང་བཛྲ་པྲ་མོ་ཧ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་ཀྱི་ཐིག་ལེ་གཉིས་པ་ལ་དམྱལ་བའི་ཐུབ་པའི་ས་བོན་ཡེ་བཀོད། ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ༔ འཆང་བ་པོའི་ཞེ་སྡང་དམྱལ་བའི་སྐྱེ་སྒོ་ཁེགས་ནས་ཆོས་ཀྱི་རྒྱལ་པོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་ཀྱི་ཐིག་ལེ་གསུམ་པ་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡབ་ཡུམ་གྱི་

ས་བོན་ཧྲི་ནི་བཀོད། འཆང་བ་པོ་ཆེ་གེ་མོ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་ཀྱི་ཐིག་ལེ་བཞི་པ་ལ་ས་བོན་ཧེ་བཀོད། ཨཱོཾ་བཛྲ་སྲི་ལ་མུ་ཁ་ཧེ༔ འཆང་བ་པོའི་ཉོན་མོངས་པ་གནས་ནས་དག་པར་བྱེད་ཅིང་རྡོ་རྗེ་སྲི་ལ་མུ་ཁ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་བྱང་གི་ཐིག་ལེ་དང་པོ་ལ་ས་བོན་ཧ་བཀོད༔ ཨཱོཾ་བཛྲ་ཙནྟྲ་ལཱི་ཧ༔ འཆང་བ་པོའི་ཉོན་མོངས་པ་ལོག་རྟོག་ཕྲལ་བར་བྱེད་ཅིང་བཛྲ་ཙནྟྲ་ལཱི་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་ཀྱི་ཐིག་ལེ་གཉིས་པ་ལ་བྱོལ་སོང་ཐུབ་པའི་ས་བོན་ཀྵཾ་བཀོད། ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ འཆང་བ་པོ་གཏི་མུག་དུད་འགྲོའི་སྐྱེ་སྒོ་ཁེགས་ནས་སངས་རྒྱས་སེང་གེ་རབ་བརྟན་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་བྱང་གི་ཐིག་ལེ་གསུམ་ལ་ས་བོན་ཧེ། ཨཱོཾ་བཛྲ་ཁྭ་ཁ་མུ་ཁ་ཧེ༔ འཆང་བ་པོའི་ཉོན་མོངས་པ་རོལ་པའི་ཀློང་དུ་དག་ནས་རྡོ་རྗེ་ཁ་ཁ་མུ་ཁ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་གི་ཐིག་ལེ་དང་པོ་ལ་ས་བོན་ཧ། ཨཱོཾ་བཛྲ་བཻ་ཏཱ་ལི་ཧ༔ འཆང་བ་པོའི་ཆོས་ཉིད་འགྱུར་མེད་ཀྱི་དགོངས་པ་རང་སར་གྲོལ་ནས་བཛྲ་བཻ་ཏཱ་ལི་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་གི་ཐིག་ལེ་གཉིས་པ་ལ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཡབ་ཡུམ་གྱི་ས་བོན་ཡ་ས་བཀོད། འཆང་བ་པོ་ཆེ་གེ་མོ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཡབ་ཡུམ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་གི་ཐིག་ལེ་གསུམ་པ་ལ་ས་བོན་ཧེ། ཨཱོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ འཆང་བ་པོ་འཁོར་བ་དོང་ནས་སྤྲུག་ཅིང་རྡོ་རྗེ་ཤྭ་ན་མུ་ཁ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་ཤར་གྱི་ཐིག་ལེ་དང་པོ་ལ་ས་བོན་ཧ། ཨཱོཾ་བཛྲ་སྨེ་ཤ་ནི་ཧ༔ འཆང་བ་པོའི་ཉོན་མོངས་པ་རྟེན་དང་བྲལ་བར་བྱེད་ཅིང་བཛྲ་སྨེ་ཤ་ནི་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་ཤར་གྱི་ཐིག་ལེ་གཉིས་པ་ལ། ཡི་དྭགས་ཀྱི་ཐུབ་པའི་ས་བོན་

སྲུཾ་བཀོད། ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ འཆང་བ་པོའི་སེར་སྣ་ཡི་དྭགས་ཀྱི་སྐྱེ་སྒོ་ཁེགས་ནས་སངས་རྒྱས་ནམ་མཁའ་མཛོད་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་ཤར་གྱི་ཐིག་ལེ་གསུམ་པ་ལ་ས་བོན་ཧེ༔ ཨཱོཾ་བཛྲ་ཧུ་ལུ་མུ་ཁ་ཧེ༔ འཆང་བ་པོའི་ལོག་རྟོག་རྟེན་དང་ཕྲལ་བར་བྱེད་ཅིང་༔ རྡོ་རྗེ་ཧུ་ལུ་མུ་ཁ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་བྲིའོ། །ཐུབ་པ་དྲུག་གི་བཞུགས་ཚུལ་འདི་ལས་བྱང་ནས་གསུངས་པ་ལྟར་རོ། །དེའི་ཕྱི་རོལ་ཏུ་ཐིག་ལེ་ཉི་ཤུ་རྩ་བརྒྱད་ལ་དབང་ཕྱུག་མ་རྣམས་བཀོད། ས་བོན་ཐམས་ཅད་བྷྱོ། ཤར་གྱི་མ་བདུན་ལ། དང་པོ་ཤར་སྟོད་ནས། ཐིག་ལེའི་རེ་རེའི་ནང་དུ་བྲི། ཨཱོཾ་མ་ནུ་རཀྴ་སཱི་བྷྱོ༔ སྲིན་པོའི་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་པྲ་ཧྨ་ཎི་༼པྲ་མ་ནི་༽བྷྱོ༔ ཚངས་པའི་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་རེའུ་ཏྲི་མ་བྷྱོ༔ ལྷ་ཆེན་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བྷ་ན་བྷྱ་བྷྱོ༔ ཁྱབ་འཇུག་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་ཀུ་མ་ར་བྷྱོ༔ གཞོན་ནུའི་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་ཨིནྡྲ་ཡ་ནི་བྷྱོ༔ བརྒྱ་བྱིན་གྱི་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་སིཾ་ཧ་ཀཱ་ལ་ནི་བྷྱོ༔ མ་ཧ་དཱེ་ཝའི་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོའི་མ་བདུན་ནི། ཨཱོཾ་ཨ་མྲྀ་ཏྃ་བྷྱོ༔ ཉི་མའི་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་སོའུ་ནི་བྷྱོ༔ ཟླ་བའི་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་ཏ་ན་ཧྃ་བྷྱོ༔ བེ་ཅོན་གྱི་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་རཀྴ་སཱི་བྷྱོ༔ སྲིན་པོའི་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བཀྴ་སཱི་བྷྱོ༔ ཟ་བྱེད་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་ར་ཏྲི་མ་བྷྱོ༔ དགའ་བྱེད་ཆུང་མ་དང་གཉིས་

སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་རེ་ཏྲི་རེ་མ་ཏི་བྷྱོ༔ སྟོབས་བཟང་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་ཀྱི་མ་བདུན་ནི། ཨཱོཾ་ཨེ་ཀ་ཙ་ར་མ་བྷྱོ༔ གཤིན་རྗེའི་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་མ་ནུ་ཧ་ར་མ་བྷྱོ༔ འདོད་ལྷའི་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་སི་ཏི་ཀ་རཱ་བྷྱོ༔ ནོར་སྲུང་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བྷ་ཡ་བྷེ་བྷྱོ༔ རླུང་ལྷའི་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་མ་ཧཱ་མ་ར་ན་བྷྱོ༔ གསོད་བྱེད་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་ཨགྣེ་ཡེ་བྷྱོ༔ མེ་ལྷའི་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བཱ་ར་ཧི་བྷྱོ༔ ཕག་གི་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་གི་མ་བདུན་ནི། ཨཱོཾ་ཙ་མུན་ཏྲི་བྷྱོ༔ རྒན་བྱེད་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བྷུ་ཏ་ན་བྷྱོ༔ དབང་ལྡན་སྲིང་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་པཱ་ཎི་བཛྲ་བྷྱོ༔ ཆུ་ལྷའི་ཆུང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་མ་ཧཱ་ཀ་ལ་བྷྱོ༔ ཁུ་བྱུག་ནག་མོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་ཙ་ཀ་ལ་བཛྲ་བྷྱོ༔ ར་མགོ་དམར་སེར་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བཛྲ་བུམྤ་ཀ་ར་ན་བྷྱོ༔ སེང་གདོང་དམར་སེར་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བཛྲ་ལམྦོ་དྷ་ར་ན་བྷྱོ༔ སྦྲུལ་གདོང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་བྲི། དེའི་ཕྱི་རོལ་མུ་ཁྱུད་ལ་གསང་སྔགས་ཡི་གེ་འབྲུ་བརྒྱ་ནི། ཨཱོཾ་བཛྲ་ས་ཏྭ་ས་མ་ཡཱ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔

ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ༔ ཧྲྀ་དཱ་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཱ་ཏྭ་ཨཱ༔ འཆང་བ་པོའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ གནས་པ་རྒྱུད་གྲོལ་ཡང་སྙིང་མཆོག །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ ཕྲིན་ལས་མཐའ་རྒྱས་ཤམ་བུ་ནི། འཆང་བ་པོའི་ནད་གདོན་འཇིགས་བརྒྱད་སྡིག་པ་དང་སྒྲིབ་པ་ཐམས་ཅད་རང་རིག་ངང་དུ་ཞི་བར་གྱུར་ཅིག༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ༔ ཞིང་ཁམས་ཐམས་ཅད༔ རིག་པའི་ངང་དུ་རྒྱས་པར་གྱུར་ཅིག༔ པིུཤྚཾ་ཀུ་རུ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དཀོན་མཆོག་གསུམ༔ འཁོར་འདས་ལམ་གསུམ་ཐམས་ཅད་རིག་པའི་ངང་དུ་དབང་དུ་སྡུས་ཤིག །༔ པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ དགྲ་དང་བགེགས་དང་ནད་དང་གནོད་པ་དུག་ལྔ་དུག་གསུམ་ཐམས་ཅད་རིག་པའི་ངང་དུ་བརླག་པར་གྱིས་ཤིག༔ མཱ་ར་ཡ་ཕཊ་༼སྭ་ཧཱ༽༔ ཅེས་བྲིས། དེའི་ཕྱི་རོལ་ཏུ་ཁ་དོག་སྣ་ལྔའི་འཇའ་རིས་ཀྱིས་བསྐོར། དེའི་ཕྱི་རོལ་དཀྱིལ་འཁོར་སྒོ་རྫོགས་བྲི། ཤར་སྒོའི་ནང་དུ་ཐིག་ལེ་གཉིས་ཀྱི་དབུས་སུ་རྣམ་རྒྱལ་ཡབ་ཡུམ་གྱི་ས་བོན་ཧཱུྃ་ཛཿབཀོད། ཨཱོཾ་བཛྲ་ཀྲོ་ཏ་བཱི་ཛ་ཡ་ཧཱུྃ༔ འཆང་བ་པོའི་རྟག་ལྟ་ལས་གྲོལ་ནས་ཞི་བའི་ལས་གྲུབ་ཅིང་རྣམ་པར་རྒྱལ་བ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ འཆང་བ་པོའི་རྫུས་སྐྱེས་ཀྱི་སྒོ་ཁེགས་ནས་སྙིང་རྗེ་རྒྱུད་ལ་སྐྱེ་ཞིང་ལྕགས་ཀྱུ་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོ་སྒོའི་ཐིག་ལེ་གཉིས་ཀྱི་དབུས་སུ་གཤིན་རྗེ་གཤེད་ཡབ་ཡུམ་གྱི་ས་བོན་ཧཱུྃ་ཧཱུྃ་བཀོད། ཨཱོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ འཆང་བ་པོའི་ཆད་ལྟའི་རྟོག་པ་རང་སར་གྲོལ་ནས་རྒྱས་པའི་ལས་འགྲུབ་ཅིང་གཤིན་རྗེ་གཤེད་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བཛྲ་པཱ་ཤ་ཧཱུྃ༔ འཆང་བ་པོའི་

མངལ་སྐྱེས་ཀྱི་སྒོ་ཁེགས་ནས་བྱམས་པ་རྒྱུད་ལ་སྐྱེ་ཞིང་ཞགས་པ་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་སྒོའི་ཐིག་ལེའི་དབུས་སུ་རྟ་མགྲིན་ཡབ་ཡུམ་གྱིས་ས་བོན་ཧཱུྃ་བྃ་བཀོད། ཨཱོཾ་པདྨཱནྟ་ཀྲི་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ འཆང་བ་པོ་བདག་ལྟ་ལས་གྲོལ་ནས་དབང་གི་ལས་འགྲུབ་ཅིང་རྟ་མགྲིན་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བཛྲ་སྥོ་ཊ་བྃ༔ འཆང་བ་པོ་སྒོང་སྐྱེས་ཀྱི་སྒོ་ཁེགས་ནས་དགའ་བ་རྒྱུད་ལ་སྐྱེ་ཞིང་ལྕགས་སྒྲོགས་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་སྒོའི་ཐིག་ལེ་གཉིས་ཀྱི་དབུས་སུ་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱི་ས་བོན་ཧཱུྃ་ཧོ། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྚ་ལི་ཧཱུྃ༔ འཆང་བ་པོ་མཚན་མར་ལྟ་བ་རང་སར་གྲོལ་ནས་དྲག་པོའི་ལས་འགྲུབ་ཅིང་བདུད་རྩི་འཁྱིལ་པ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཨཱོཾ་བཛྲ་གྷཎྚཻ་ཧོ༔ འཆང་བ་པོ་དྲོད་གཤེར་གྱི་སྐྱེ་སྒོ་ཁེགས་ནས་དྲིལ་བུ་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཤར་སྒོའི་ཐིག་ལེ་ཕྱི་མ་ལ་རྟ་གདོང་མའི་ས་བོན་ཛཿབཀོད། ཨཱོཾ་བཛྲ་ཨངྐུ་ཤ་ཛ༔ འཆང་བ་པོ་འཁོར་བ་གནས་ནས་འདྲེན་ཅིང་རྟ་གདོང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོ་སྒོའི་ཐིག་ལེ་ཕྱི་མ་ལ་ཕག་གདོང་མའི་ས་བོན་ཧཱུྃ་བཀོད། ཨཱོཾ་བཛྲ་པཱ་ཤ་ཧཱུྃ༔ འཆང་བ་པོའི་ལོག་རྟོག་འཆིངས་ནས་ཕག་གདོང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་སྒོའི་ཐིག་ལེ་ཕྱི་མ་ལ་སེང་གདོང་མའི་ས་བོན་བཾ་བཀོད། ཨཱོཾ་བཛྲ་སྥོ་ཊ་བྃ༔ འཆང་བ་པོའི་མ་རིག་ཉོན་མོངས་བསྡམ་ནས་སེང་གདོང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་སྒོའི་ཐིག་ལེ་ཕྱི་མ་ལ་སྦྲུལ་གདོང་མའི་ས་བོན་ཧོཿབཀོད། ཨཱོཾ་བཛྲ་གྷནྚེ་ཧོ༔ འཆང་བ་པོའི་དུག་ལྔའི་རྟོག་པ་འཇོམས་ཤིང་སྦྲུལ་གདོང་མ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་བྲི། སྒོའི་གྲུ་ཆད་བཞིའི་ནང་དུ་ཁྲོ་ཆེན་བཞི་ཡི་སྙིང་པོ་ནི། ཤར་ལྷོའི་ཐིག་ལེའི་ནང་

དུ། ཨཱོཾ་བཛྲ་ཀྲོ་ཏ་ཀྱེ་མ་ཀྱེ་རི༔ ཀ་རི་མསྟ༔ བྷ་ལི་བྷ་ལི༔ ཨ་ཏ་ཨེ་ཀ་ར༔ སུ་ལི་བྷས་ཏ༔ ཨེ་ནི་ལ་ནི་ལ༔ ཀ་ཡ་ཝཱཀ྄་༼ཀ་ཡེ་བི་ན་༽ཨ་བྷི་ཥིཉྩ༔ འཆང་བ་པོའི་ཕུང་པོའི་བདུད་བཅོམས་ཤིང་རང་བྱུང་ཀློང་དུ་གྲོལ་ནས་སངས་རྒྱས་སེང་གེའི་སྒྲ་གཞོན་ནུ་བུམ་པའི་སྐུ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལྷོ་ནུབ་ཀྱི་ཐིག་ལེའི་ནང་དུ། ཨཱོཾ་བཛྲ་ཀྲོ་ཏ་མཱ་ཧཱ་མུ་ཏྲ༔ མུ་དྲ༔ ཛྙཱ་ན་ཨ་ཛི་སྥ་ར་ཎ་ཧཱུྃ༔ སྥ་ར་ཎ་ཕཊ་སྭཱ་ཧཱ༔ འཆང་བ་པོའི་ཉོན་མོངས་པའི་བདུད་བཅོམས་ཤིང་༔ དུག་ལྔའི་མཐའ་ལས་གྲོལ་ནས་སྤྲུལ་པ་ཡང་སྤྲུལ་གྱིས་འགྲོ་དོན་བྱེད་ཅིང་སངས་རྒྱས་སེང་གེའི་སྒྲ་བཛྲ་ཧེ་རུ་ཀ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ནུབ་བྱང་གི་ཐིག་ལེའི་ནང་དུ། ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྚ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ འཆང་བ་པོའི་ལྷའི་བདུད་བཅོམས་ནས་ངན་འགྲོའི་སྡུག་བསྔལ་ལས་གྲོལ་ནས་ཕྲིན་ལས་ཕྱོགས་མེད་འགྲུབ་ཅིང་སངས་རྒྱས་སེང་གེའི་སྒྲ་བདུད་རྩི་འཁྱིལ་པ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ བྱང་ཤར་གྱི་ཐིག་ལེའི་ནང་དུ། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ༔ མ་ཧཱ་པཉྩ༔ ཨཱོཾ་ཨཱ༔ ཡུཿཛྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨཱོཾ༔ འཆང་བ་པོའི་འཆི་བདག་གི་བདུད་བཅོམས་ནས་མ་རིག་པའི་ཉོན་མོངས་པ་རྩད་ནས་བཅད་ནས་ཚེའི་དངོས་གྲུབ་ཐོབ་ནས་སེང་གེའི་སྒྲ་བཅོམ་ལྡན་འདས་རྟ་མགྲིན་རྒྱལ་པོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་དང་། བསྡུ་ན་སྙིང་པོའི་སྔགས་ཤམ་དུ་ལྷ་འདི་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ཅེས་པའམ། གཉིས་སུ་མེད་པར་གྱུར་ཅིག༔ ཅེས་གང་རུང་བྱ། ཡང་ན་སྙིང་པོ་གཅིག་བྲིའོ། །གཡས་གཡོན་བརྒྱད་ལ་༼མདུན་རྒྱབ་ལ་༽རྒྱལ་སྲིད་སྣ་བདུན་དང་། གཏེར་གྱི་བུམ་པ། བཀྲ་ཤིས་རྟགས་བརྒྱད། རིགས་དྲུག་ཀློང་གྲོལ་གྱི་ཡི་གེ་འབྲུ་དྲུག །འཿཨཿཧཿཤཿསཿམཿདང་། ཨཿཧྃཿ༼ཨཿཏི་༽ཞེས་དང་རྡོ་རྗེ། རིན་ཆེན།

པདྨ། རྒྱ་གྲམ་ལ་སོགས་ལེགས་པར་བཀོད། མཛེས་པའི་ཚོན་བཀྱེ། དེ་ནས་དུས་བཟང་ལ་རིགས་ལྔའི་དཀྱིལ་འཁོར་བཞེངས་ལ། མཆོད་གཏོར་དང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དབང་བསྐུར། མེ་ཏོག་དོར། དར་སྣ་ལྔས་དྲིལ་ལ་དྲོད་དང་མ་བྲལ་བར་བཅངས་པས། རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །བཏགས་གྲོལ་གྱི་རབ་གནས་དང་ཕན་ཡོན་ཐམས་ཅད་གཞན་དུ་གསལ་ལོ། །བཏགས་གྲོལ་འཁོར་ལོ་ཆེན་མོའི་ལག་ལེན་ཟིན་བྲིས་དང་། རྗེ་བཙུན་གོང་མ་རྣམས་ཀྱི་གདམས་པ་རྣམས་ལ་བརྟེན་ནས་བཏགས་གྲོལ་ཕུང་པོ་རང་གྲོལ་ནས་བཀོད་པ་འདི་ཉིད། བདག་འདྲ་བློ་དམན་རྣམས་ཀྱི་དོན་དུ་ཆུ་ཕོ་བྱི་བའི་ལོ་ཟླ་བ་དྲུག་པའི་ཉ་ལ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཀྱི་མདུན་ངོས་ཆུ་བོ་གསེར་ལྡན་ལོ་ཧི་ཏའི་གཡས་ངོས། གཏམ་མྱོག་གངས་རིའི་༼གངས་ཕུའི་རི་༽ཁྲོད་དུ་རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བྲིས་པའི་དགེ་བས། རྩོལ་མེད་ཨ་ཏིའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་སེམས་ཅན་ཐམས་ཅད་ཀུན་བཟང་དགོངས་པའི་ཀློང་དུ་གྲོལ་བར་གྱུར་ཅིག །སརྦ་མངྒ་ལཾ། བྷ་ཝནྟ། །


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོའི་ལག་ལེན་ཟིན་བྲིས།next