Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
གསང་བ་འདུས་པའི་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བྱ་ཚུལ་གྱི་ཆོག་བསྒྲིག་དངོས་གྲུབ་སྙེ་མ།
   
   
   
   
   
   


 
previousགསང་བ་འདུས་པའི་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བྱ་ཚུལ་གྱི་ཆོག་བསྒྲིག་དངོས་གྲུབ་སྙེ་མ།next

གསང་བ་འདུས་པའི་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བྱ་ཚུལ་གྱི་ཆོག་བསྒྲིག་དངོས་གྲུབ་སྙེ་མ།

གསང་བ་འདུས་པའི་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བྱ་ཚུལ་གྱི་ཆོག་བསྒྲིག་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས།

བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་བའི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་དཔལ་གསང་བ་འདུས་པའི་མདུན་བསྐྱེད་བསྒྲུབ་ཚུལ་ཞིག་འཆད་པར་བྱ་སྟེ། དེ་ཡང་རྡུལ་མཚོན་གྱི་དཀྱིལ་འཁོར་ཇི་ལྟར་བསྒྲུབ་ཅིང་མཆོད་པ་ན ི་རྗེའི་དེ་ཉིད་རབ་གསལ་སོགས་ལས་ཤེས་པར་བྱ་ཞིང་། སྐབས་འདིར་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་བསྒྲུབ་པའི་ཚུལ་ཙམ་ཞིག་དགོད་པའི་དང་པོ་ནི། གནས་ཡིད་དང་མཐུན་པར་སྟེགས་ཇི་ལྟར་འཚམས་པའི་སྟེང་དུ་གྲུབ་ན་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་ལེབ་མོར་བཀྲམས་ནས་མདུན་དུ་ཉེར་སྤྱོད་སོགས་ལྷ་གྲངས་དང་མཉམ་པའམ། མ་འབྱོར་ན་དེ་བསྟུན་གྱིས་བྱ་ཞིང་། ཆུ་བཞི་སོགས་གཞུང་ནས་བཤད་པ་རྣམས་ཀྱང་བཤམ། སྤྱིར་མདུན་བསྐྱེེད་ལ་བདག་མདུན་ཐ་དད་དང་ཐ་མི་དད་ཀྱི་སྒྲུབ་ཚུལ་གཉིས་ཡོད་ཀྱང་། འདིར་ཕྱི་མ་ལྟར་བྱ་བ་ཡིན་ལ། དེ་ཡང་བདག་བསྐྱེད་རྒྱས་བསྡུས་གང་རུང་སྔོན་དུ་བཏང་སྟེ། རང་ཉིད་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པར་མོས་ནས། ༀ་ཨཱཿ བིགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་པ་དང་ནང་མཆོད་བུམ་ཆུ་གང་རིགས་ཀྱིས་བསངས། ཤཱུ་ནྱ་ཏ ས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེ་ས་གཞི་ར་བ། ཞེས་པ་ནས། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་ༀ་ཨཱཿཧཱུཾ་ཧཱུཾ། ༀ་ཨཱ་ༀ་ཧཱུཾ། ཞེས་པ་ནས། ༀ་ཨཱཿཧཱུཾ་ཧཱུཾ་བཅུ་རྣམས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི། སྤྱན། རྡོ་རྗེ། པདྨ། ཨུཏྤལ། མེ་ལོང་དམར་པོ། པི་ཝང་སྔོན་པོ། དྲིའི་དུང་ཆོས། རོ་སྣོད། ཀླུ་ཤིང་གི་མེ་ཏོག་སྡོང་པོ་དང་བཅས་པ་འཁོར་ལོས་མཚན་པ། འཁོར་ལོ། །རིན་པོ་ཆེ་གཉིས། པདྨ་གཉིས། རལ་གྲི་གཉིས། ཐོ་བ། རྡོ་རྗེས་མཚན་པའི་དབྱུག་པ། པདྨ། སྣ་ཚོགས་རྡོ་རྗེ། རལ་གྲི། ཞགས་པ། རལ་གྲི་དང་རལ་གྲི། གཙུག་ཏོར་གྱི་མཚན་མ་དང་ཞགས་པ། རས་བྲིས་ཀྱི་དཀྱིལ་འཁོར་ལའང་མཚན་མ་བསྐྱེད་ཚུལ་འདི་ལྟར་བྱ་བ་ནི་རྗེའི་དགོངས་པ་ཡིན་ཏེ། །དེ་ཉིད་རབ་གསལ་ལས། དཀྱིལ་འཁོར་སྒྲུབ་པའི་ཚུལ་དེ་ནི་རས་བྲིས་ཀྱི་ཆོ་ག་ལ་ཡང་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་ད་ལྟ་ཁ་ཅིག་དཀྱིལ་འཁོར་རྒྱལ་མཆོག་ལྟར་བསྐྱེད་པ་ནི་རྗེའི་དགོངས་པ་ཅུང་མིན་ནོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་རིམ་གྱིས་ལྷ་སུམ་ཅུ་རྩ་གཅིག་ཏུ་གྱུར་པ་ནི། དབུས་ཀྱི་གདན་ལ་རང་ཉིད་མི་བསྐྱོད་པ་ཞི་བ་མཐིང་ནག་མི་བསྐྱོད་པའི་དབུས་རྒྱན་ཅན། སྔོ་དཀར་དམར་བའི་ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རང་གི་སྙིང་ག་ནས་རང་རིགས་ཀྱི་རིག་མ་ཕྱུང་། ༀ་ཤཱུ་ནྱ་ཏཱ། ཞེས་པ་ནས། ཧཾ་རིག་མ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ཨཱཿཁཾ་ཧཱུཾ་ལས་ཁ་དོག་སྣ་ཚོགས་པའི་གོས། དེ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞེས་པ་ནས་ཤམ་ཐབས་འཕྱར་བ། འོད་ཀྱིས་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཤར་དུ་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཞེས་པ་ནས། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། ཞེས་པའི་བར་སྒྲུབ་ཐབས་ཇི་ལྟར་བཞིན་ནོ། །ཡུམ་གྱི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་ༀ་དཀར་པོ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་ནག་དམར་བའི་ཞེས་པ་ནས་ལྟེ་བ་ནས་བརླའི་རྩ་བའི་བར་དུ་ཧཱ་ལྗང་ཀུ་ཡོངས་སུ་གྱུར་པ་ལས། དོན་གྲུབ་ལྗང་གུ་ཞེས་པ་ནས། ནོར་བུ་འཛིན་པ། ཡབ་ཀྱིི་གསང་གནས་མི་དམིགས་པའི་ངང་ལས། ཞེས་པ་ནས། བུ་ག་ཡི་གེ་ཕཊ་སེར་པོས་བཀང་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་གང་བར་གྱུར། ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས་བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་སུམ་ཅུ་རྩ་གཉིས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། ༀ་ཨཱཿཧཱུཾ་ཧཱུཾ། ༀ་ཨཱཿཁཾ་ཧཱུཾ། ཞེས་པ་ནས། ༀ་ཨཱཿཧཱུཾ་ཧཱུཾ་བཅུ་རྣམས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་རྡོ་རྗེ། འཁོར་ལོ། །ཞེས་པ་ནས། རྡོ་རྗེ་དང་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས། རིམ་གྱིས་ལྷ་སུམ་ཅུ་རྩ་གཉིས་སུ་གྱུར་པ་ནི། དབུས་སུ་རང་ཉིད་མི་བསྐྱོད་པ་ཞེས་པ་ནས། ཤར་ལྷོར་རང་ཉིད་གཟུགས་རྡོ་རྗེ་མ་དཀར་མོ། །ཞེས་པ་ནས། ཤར་དུ་རང་ཉིད་བྱམས་པ་དང་། ས་སྙིང་དཀར་པོ་ཞེས་པ་ནས། ཤར་དུ་རང་ཉིད་གཤིན་རྗེ་གཤེད་ཅེས་པ་ནས། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱི་བཞུགས་པར་གྱུར། མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། ཆོས་འཁོར་བསྐོར་བ་ལ་སོགས་པའི་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་དུ་ཡང་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་བ་རྣམས་གཅིག་ཏུ་འདུས། ཞེས་པ་ན། གནོད་མཛེས་རྒྱལ་པོ་རང་གི་ཐུགས་ཀར་དྲངས། སུམྦྷ་རཱ་ཛ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། བརྟན་པ་དང་གཡོ་བའི་དུག་དང་ཀླུ་དང་ས་བདག་གི་གདོན་བཅོམ། སྤྲུལ་བ་རྣམས་གཅིག་ཏུ་འདུས། དེ་ཐམས་ཅད་ཀྱང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ཏེ། རང་རང་གི་ཡེ་ཤེས་པ་དང་གཅིག་ཏུ་གྱུར་ནས་མཆོག་ཏུ་དགའ་བའི་སྐུ་དང་ལྡན་པས་སླར་འབྱོན་བར་བཞེད་པའི་སྒོ་ནས་བཞུགས་པར་གྱུར། རང་དང་རང་འདྲ་བའི་ཡེ་ཤེས་པའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ། དམ་ཚིག་པ་དང་ཡེ་ཤེས་པའི་ལྷ་གཞན་རྣམས་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་རང་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་རེ་རེ། ཡེ་ཤེས་སེམས་དཔའ་དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་གདན་ལ། རྡོ་རྗེ། འཁོར་ལོ། །རིན་པོ་ཆེ། ཞེས་པ་ནས། རྡོ་རྗེ་དང་རྡོ་རྗེ། དེ་རྣམས་ཀྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཁཾ་ༀ་སྭཱ་ཨཱཿཧཱ། ལཾ་མཱཾ་པཾ་ཏཱཾ། ཛཿཧཱུཾ་བཾ་ཧོ༔ མཻཾ་ཐླྷིཾ་ༀ་ༀ་། ༀ་ཧཱུཾ་ༀ་སཾ། ཧཱུཾ་བཅུ་རྣམས་འོད་ཟེར་གྱི་ཕུང་པོ་ཆེན་པོ་དང་བཅས་པར་གྱུར། རང་དང་དམ་ཚིག་པའི་ལྷ་གཞན་རྣམས་ཀྱི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་རྣམས་གཅིག་ཏུ་གྱུར་པས་ཡེ་ཤེས་པ་སེམས་དཔའ་སུམ་བརྩེགས་ཅན་རྣམས་ཀྱི་ཐུགས་ཀར་བཏབ་པས་བསྐུལ་བའི་འོག་ཏུ་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གནོད་མཛེས་བཀུག་ནས་མདུན་དུ་བཀའ་ནོད་པ་ལ་རྒྱལ་བ་རྣམས་འབྱོན་པར་བསྐུལ་ཞིང་། ཅེས་བཀའ་བསྒོས་པས་དེས་ཀྱང་རང་རང་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཤིང་། དེ་རྣམས་ཀྱང་རང་རང་གི་དམ་ཚིག་པ་སོ་སོ་ལ་ཐིམ་པས་རང་མི་བསྐྱོད་པ་ཞི་བ་དེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག །ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་པ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས་པར་གྱུར། ཨེ་ཧྱེ་ཧི་བྷ་ག་ཝ་ན་ས་མ་ཡ་མ་ནུ་སྨ་ར་ཏིཥྛ་ཏིཥྛ་མ་ནུ་སྨ་ར་སྨ་ར་ༀ་ཨཱཿ ཧཱུཾ་སྭཱཧཱ། ལན་གསུམ། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱི་རྒྱལ་བ་རྣམས་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་ཞེས་པ་ནས། སྤཪྴ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤི་ཡེ་ཨཱཿཧཱུཾ། རྡོར་དྲིལ་འཛིན་པས། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ལན་གསུམ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ལ། ༀ་བཛྲ་ས་མཱ་ཡ་ཛཿཛཿཛཿཛཿ། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། སྟ་གོན་ཡོད་ན། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོ་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ནམ་མཁར་བཏེག་པའི་སྟ་གོན་གྱི་དཀྱིལ་འཁོར་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཞེས་པ་ནས། སྤར་ཤ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲཱིཿབེ་ཨཱཿཧཱུཾ། ཛཿཧཱུཾ་བཾ་ཧོཿ། རང་རང་གི་དམ་ཚིག་པ་དང་གཉིས༴ གྱུར། ཞེས་བྱ། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་ཀྱིས་ལྷ་སོ་སོ་ལ་དབང་བསྐུར་བར་གྱུར། སྟ་གོན་མ་བྱས་ན་སྟ་གོན་གྱི་ལྷ་འབེབས་རྒྱུ་མེད་པས། རས་བྲིས་ལ་བརྟེན་བདག་གིས་ཚུལ་དེ་གཉིས་ཕྱེད་པར་བྱ་སྟེ། །བསམ་གཏན་གྱི་དཀྱིལ་འཁོར་ཇི་ལྟ་བུ་ནི་འཆད་པར་འགྱུར་རོ། །རང་ཉིད་གཙོ་བོ་ལ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཕྱེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀྱི་ཕྱི་རོལ་དུ་མཆོད་པའི་ལས་ལ་གནས་པར་གྱུར། མཆོད་པ་རྣམས་ལས་བུམ་གྱི་ཆུས་བསང་ཞིང་། ༀ་ཨཱཿབིགྷྲཱ ནྟ་ཀྲྀ་ཏ་ཧཱུཾ། ༀ་ཤཱུ་ནྱ་ཏཱ་ཞེས་པ་ནས་ཨཱཏྨ་ཀོ་྅ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཾ་པཾ་བུཾ་ལ་སོགས་པ་ཞེས་པ་ནས་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །ཞེས་པ་ནས། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེ་བར་གྱུར། ༀ་ཨཱརྒྷཾ་ཨཱཿཧཱུཾ། པཱ་དྱཾ། ཨཉྩ་མཱ་ཎཾ། པྲོ་ཀྵ་ཎཾ། པུཥྤེ་ནས། སྤ་ར་ཨཱཿཧཱུཾ། ཞེས་སྦྱར་ཏེ་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ལ། དེ་ནས་དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ༀ་ཨཱཿཧྲིཿཔྲ་ཝ་ར་ས་ད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ་མཆོག་འདི་དག །ཞལ་བསིལ་མཆོག་འདི་དག །བསང་གཏོར་མཆོག་འདི་དག །ཅེས་སྦྱར་བའི་ཚིགས་བཅད་ཀྱི་མཐར། རིམ་བཞིན། པཱ་དྱཾ། ཨཱཉྩ་མ་ཎཾ། པྲོ་ཀྵ་ཎཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཅེས་པའི་མཇུག་ཏུ་རྒྱས་པར་ན་སྡེ་ཚན་སོ་སོར་བྱས་ནས་འབུལ་ཞིང་། དོན་གཞན་དུ་ཤེས་པར་བྱས་ལ། འདིར་བསྡུས་པ་ཐུན་མོང་དུ་འབུལ་བའི་དབང་དུ་བྱས་ན། ད་ལྟ་གཙོ་བོ་ཡབ་ཡུམ་གཉིས་ཀྱི་སྔགས་ཙམ་གྱི་མཇུག་ཏུ་མཆོད་སྔགས་སྦྱར་ནས་འབུལ་བ་དར་ཞིང་། བླ་མ་ཁ་ཅིག་ཤིན་ཏུ་བསྡུས་པ་ལ་དེ་རུང་བར་བཞེད་པས། དེ་ལྟར་ན། ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ལ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ༀ་ཨཱཿབཛྲ་དཆྀ་ཀ་སྤཪྴ་བཛྲ་པུཥྤེ་པྲ ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ། བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན་དམ་པ་འདི། །ཞེས་སོ་སོར་སྦྱར་ནས་རང་རང་གི་སྔགས་ཀྱིས་འབུལ་ལོ། ཁོ་བོ་ལྟར་ན་ཚུལ་དེ་ནིི་མཆོད་པ་རྒྱས་པར་འབུལ་བའི་ཚེ་གཙོ་བོ་ཡབ་ཡུམ་ལ་སྒེར་དུ་འབུལ་བའི་ལུགས་ཀྱིི་ཤན་ཤོར་བ་སེམས་ཞིང་། བསྡུས་ཏེ་འབུལ་ཚུལ་ནི་འདིའི་གོང་དེ་མ་ཐག་དང་བུམ་བསྐྱེད་དང་ས་ཆོག་གི་སྐོར་རྣམས་དང་ཚོགས་ཞིང་བཏང་རག་གི་མཆོད་པ་སོགས་ཀྱི་རིགས་འགྲོས་སྦྱར་ན། ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། སོགས་སོ་སོར་སྦྱར་ཏེ་ཕུལ་ན་ལེགས་པར་མཐོང་ཡང་དཔྱད་པར་བྱའོ། །དེ་མིན་གཙོ་བོ་ཡབ་ཡུམ་གཉིས་ཀྱི་སྔགས་ཀྱི་མཐར་ས་པཱ་རི་ཝ་ར་ཞེས་སྦྱར་ན་ལེགས་སམ་སྙམ་མོ། །ནང་གི་ཉེར་སྤྱོད་ལྔ་རོལ་མོ་ལག་པའི་ཕྱག་རྒྱ་མེད་པར། །གསང་བའི་འཁོར་ལོར་ཨིནྡྲ་ནཱི་ལ་ལྟར། །ཤིན་ཏུ་སྔོ་བའི་རྡོ་རྗེའི་བུད་པ་ཡིས། །བསྐྱོད་པའི་པདྨོ་ལས་འོངས་མེ་ཏོག་དམར། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། ༀ་ཨཱཿནས་པུ་པེ་པྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱ། སྤྲུལ་བའི་འཁོར་ལོ་གཏུམ་མོའི་མེས་བསྲེགས་པས། །ཡིད་འོང་དྲི་ཡི་ངད་ལྡང་ག་བུར་སྤོས། །ཉམས་སུ་མྱོང་བས་ཡིད་རབ་ཚིམ་བྱེད་པ། །མི་བསྐྱོད་རྡོ་རྗེའི་སོགས་དང་། དྷུ་པེ༴ ཆོས་ཀྱི་འཁོར་ལོའི་དབུས་ན་བདེ་བའི་དངོས། །ཧཱུཾ་ཡིག་ཉི་མ་གསལ་བའི་འོད་ཟེར་ཅན། མི་ཤེས་མུན་འཇོམས་སྔགས་ཀྱི་མར་མེ་མཆོག །མི་བསྐྱོད༴ ཨཱ་ལོ་ཀེ༴ བདེ་ཆེན་འཁོར་ལོའི་དབུས་ན་ལེགས་གནས་པ། །ཀུནྡ་ལྟར་དཀར་དྲི་ཡི་བྱུགས་པ་ཡིས། །ལུས་ཀུན་ཁྱབ་པས་བདེ་བའི་མཆོག་སྟེར་བ། མི་བསྐྱོད་རྡོ་རྗེའི༴ གནྡྷེ༴ རྨི་ལམ་ཡུལ་ལ་རོལ་བ་ཇི་བཞིན་དུ། །གང་གང་དབང་པོའི་ལམ་ནས་བྱུང་ནས་ནི། །དེ་དང་དེ་ཡི་ཡུལ་ལ་ལོངས་སྤྱོད་ཟས། །མི་བསྐྱོད༴ ནཻ་ཝེདྱེ༴ སྙོམས་འཇུག་དགའ་བའི་རོལ་པ་ལས་བྱུང་བའི། །མི་ཤིགས་ཡི་གེ་མཆོག་གི་རོལ་མོའི་སྒྲ། །ཨ་ལི་ཀཱ་ལིའི་གདངས་སུ་ཤར་བ་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ༀ༴ ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱ། དང་ལྷའི་མཚན་སྔགས་རྒྱས་བསྡུས་ཅི་རིགས་སྦྱར་ནས་འབུལ། དེ་ནས། རིན་ཆེན་དབང་གི་རྒྱལ་པོ་བཻ་ཌཱུཪྱ། སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་དབུལ་བར་བྱ། །ༀ་ཨཱཿནས་རཱུ་པ་ཞེས་སོགས་དང་། མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྙན་ལ༴ །ཤཔྟ་སོགས་དང་། ག་བུར་ཨ་ཀར་ཛ་ཏི་ལ་སོགས་པའི། །ལེགས་པར་སྦྱར་ལས་བྱུང་བ་དྲི་ཡི་ཚོགས། །རྣམ་གསུམ་དྲི་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ཤངས་ལ༴ གནྡྷེ་ཞེས་སོགས་དང་། ལུས་མཆོག་རྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་ཁོར་ལྷ་ཡི་ལྗགས་ལ༴ །ར་ས་ཞེས་སོགས་དང་། ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པ་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྐུ་ལ་དབུལ་བར་བྱ། །སྤར་ཤ་དང་སྔགས་རྒྱས་བསྡུས་ཅི་རིགས་སྦྱར་ནས་སོ་སོའི་ཕྱག་རྒྱ་དང་བཅས་ཏེ་ཕུལ། དེ་ནས། འདོད་པའི་སྒྱུ་རྩལ་དྲུག་ཅུ་བཞི་ལ་མཁས། །ཡིད་འཕྲོག་གཟུགས་མཛེས་ལང་ཚོའི་དཔལ་ཡོན་ཅན། །པདྨ་ཅན་སོགས་ཕྱག་རྒྱའི་གཟུགས་མཆོག་རྣམས། །མི་བསྐྱོད་རྡོ་རྗེ་སོགས་དང་། ཟུར་གྱིས་ལྟ་ཞིང་འཛུམ་པའི་བཞིན་རས་ཅན། །དྲུག་ལྡན་ལ་སོགས་ཡང་དག་གླུ་ལ་མཁས། པདྨ་ཅན་སོགས་ཕྱག་རྒྱའི་གླུ་དབྱངས་མཆོག །མི་བསྐྱོད་རྡོ་རྗེ་སོགས་དང་། ལྷན་ཅིག་སྐྱེས་དང་སྦྱར་བ་བཟང་པོའི་དྲི། །གང་གི་ལུས་ལ་རྟག་ཏུ་རྣམ་འབྱུང་བ། །པདྨ་ཅན་སོགས་ཕྱག་རྒྱའི་དྲི་མཆོག་རྣམས། །མི་བསྐྱོད་རྡོ་རྗེ་སོགས་དང་། གང་ཞིག་མྱངས་པས་བྱང་ཆུབ་སེམས་འཇུ་བ། །བིམྦ་ལྟར་དམར་མ་མཆུའི་སྦྲང་རྩི་སོགས། །པདྨ་ཅན་སོགས་ཕྱག་རྒྱའི་རོ་མཆོག་རྣམས། །མི་བསྐྱོད་རྡོ་རྗེ་སོགས་དང་། གསང་བའི་སྣ་རྩེ་ཕན་ཚུན་ཕྲད་པ་ཡི། །རེག་བྱ་མྱོང་བས་གཏུམ་མོ་བསྐུལ་བྱེད་པ། །པདྨ་ཅན་སོགས་ཕྱག་རྒྱའི་རེག་བྱ་མཆོག །མི་བསྐྱོད་རྡོ་རྗེའི་ཞེས་སོགས་དང་། རང་རང་གི་སྔགས་སྦྱར་ནས་ནང་གི་འདོད་ཡོན་འབུལ་ཞིང་། ནང་གི་འདོད་ཡོན་ལ་ཡང་ལག་པའི་ཕྱག་རྒྱ་མི་དགོས་སོ། །དེ་ནས་ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །ཞེས་སོགས་སོ་སོའི་སྔགས་དང་བཅས་པས་སམ། ཡང་ན་ཐུན་མོང་དུ། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ལ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སཔྟ་རཏྣ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་པས་རིན་ཆེན་བདུན་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་འབུལ། དེ་ནས། བཛྲ་དྷྲྀཀ་ༀ་ཨཱཿཧཱུཾ། སོགས་ཀྱི་ལྷ་སོ་སོ་ལ་ནང་མཆོད་དང་། ཡང་ནང་མཆོད་བཟུང་སྟེ། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པ་འཚལ། །ཐུགས་ནི་རྩེ་བས་ཉེར་དགོངས་ཏེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ༀ་ཨཱཿབཛྲ་དྷྲྀ ཀ་ནས་སུམྦྷ་རཱ་ཛའི་མཐར་པཉྩ་ཨ་མྲྀ་ཏ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་པའམ། བསྡུ་ན་ཐུན་མོང་དུ། ༀ་སརྦ་ཏ་ཐཱ་ག་ཏ་པཉྩ་སོགས་ཀྱིས་བདུད་རྩི་ལྔ་དབུལ་ལོ། །རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས། །གཙོ་བོ་དང་ཐ་མི་དད་པར་གྱུར། །ཡུམ་རེག་བྱ་རྡོ་རྗེ་མ་ཡོངས་སུ་གྱུར་པ་ལས་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། །སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་ཨུཏྤ ལ་སྔོ་དམར། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དེའི་སྙིང་གར་ཧཱུཾ་ལས་མི་བསྐྱོད་པ། སྤྱི་བོར་ༀ་ལས་རྣམ་པར་སྣང་མཛད། །ཞེས་པ་ནས། བརླའི་རྩ་བར་ཧཱ་ལས་དོན་ཡོད་གྲུབ་པ། རང་གི་གསང་གནས་མི་དམིགས་པའི་ངང་ལས་ནས་རང་ཉིད་དོན་གྲུབ་ཏུ་གྱུར། ཕཊ། ༀ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་ལམ་ནས་ཡུམ་གྱི་པདྨར་ཕྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པའི་དེ་བཞིན་གཤེགས་པ་ཡབ་ཡུམ་ནམ་མཁའི་ཁམས་གང་བ་སྙོམས་པར་ཞུགས་པས་མཆོད། དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ནས་བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་དགྱེས་པར་གྱུར། ཞེས་གསང་བ་སྙོམས་འཇུག་གི་མཆོད་པ་དབུལ། བདག་ནི་མི་བསྐྱོད་རྡོ་རྗེ་ཡིས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྲོང་། ཡོ་བྱད་ཅི་འབྱོར་བ་ཡིན་ནི། དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་བསྠཱ་ནཱ་ཡ། ཨཱཏྨ་ནཾ་ནི་ཪྱཱ་ཏ་ཡཱ་མི། ༀ་ཨཱཿ ཧཱུཾ། ཞེས་བདག་ཉིད་དབུལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་ཨ་ནུ་ཏ་ར་སརྦ་པཱུ་ཛ་མེ་གྷ་ས་མུངྒ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། ཡང་ན། ༀ་བཛྲ་ཝསྟ་ཡེ་ཨཱཿཧཱུཾ་སྭཱཧཱ། ཞེས་གོས་དབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ༀ་བཛྲ་ཨ་ལངྐ་ར་ཝ་བུ་ཥ་ནི་ཨཱཿཧཱུཾ་སྭཱཧཱ། ཞེས་རྒྱན་དབུལ། བརྩེ་བའི་འཁོར་ཡུག་སྙན་པའི་བ་དན་དང་། ཏིང་འཛིན་བླ་རེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ༀ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུཾ། ཞེས་ཉེ་བར་མཁོའི་ཡོ་བྱད་དབུལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་དང་ཉོན་མོངས་དྲི་མ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ༀ་བཛྲ་ཀ་ལ་ཤ་ཨཱཿཧཱུཾ་སྭཱཧཱ། ཞེས་གང་བུམ་དབུལ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་མཆོད་པའི་ང་རྒྱལ་བཟུང་། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥོ། སུ་སུ་ཁོ། བཛྲ་ས་ཏྭ་ཨཱཿདྷྱ་སིད་དྷྱ་མཾ། ལན་གསུམ་བསྐོར་བ་དང་། ༀ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏ་ན། ཞེས་བསུ་ཕྱག་བྱ། གཞུང་ཁ་ཅིག་དང་ཆོ་ག་ལས་ནི། སྔགས་ཀྱིས་ཕྱག་བྱས་ནས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་དང་། གང་ཞིག་གཟུགས་དང་ཞེས་སོགས་ཀྱི་མཇུག་ཏུ་ཁྱབ་བདག་མས་བསྟོད་པའི་རྗེས་སུ་གང་ཞིག་ཐོག་མེད་ཅེས་སོགས་དང་། དཀོན་མཆོག་གསུམ་ལ་ཞེས་སོགས་དང་། རིགས་ལྔའི་སྡོམ་བཟུང་བྱེད་པར་བཤད་ཅིང་། ད་ལྟ་ནི་བསྟོད་པ་གཞན་གཉིས་བཞག་ནས། བཤགས་པ་སོགས་ཕྱི་མ་གསུམ་བྱས་པའི་མཇུག་ཏུ། ༀ་པྲ་ན་མ་མི་སརྦ་ཞེས་སོགས་ཀྱིས་ཕྱག་བྱས་ཏེ། ཁྱབ་བདག་མ་འདོན་པ་དོར། འོན་ཀྱང་གོ་རིམ་འབྲེལ་བའི་དབང་དུ་བྱས་ན་བསྟོད་པ་རྒྱས་བསྡུས་གང་ཡིན་སྔོན་དུ་བཏང་ནས་སྡིག་བཤགས་སེམས་བསྐྱེད་སྡོམ་བཟུང་རྣམས་རྗེས་སུ་བྱས་ན་ལེགས་པར་སྐབས་འདི་དང་གཞུང་གཞན་གྱི་རིགས་འགྲོས་ཀྱིས་ཤེས་ལ། དེ་ཉིད་རབ་གསལ་ལས་ནི་མི་བསྐྱོད་རྡོ་རྗེའམ་གང་ཞིག་གཟུགས་དང་ཞེས་པ་གཉིས་གང་རུང་གིས་བསྟོད་པ་ལས་གཞན་མ་བཤད་དེ་རྒྱས་བསྡུས་སོ། །བསྟོད་པ་ནི། གཞུང་གི་བསྟོད་པ་གཉིས་དང་། དེ་ནས། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་། དབྱེར་མེད་བླ་མ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིད་བཞིན་ནོར། །བསམ་འཕེལ་དབང་གི་རྒྱལ་པོ་ལ་ཕྱག་འཚལ། །གཉིས་སྣང་སྤྲོས་པའི་ཀུན་རྟོག་དབྱིངས་སུ་ཐིམ། །སྲིད་པའི་འཁོར་ལོ་རླུང་གི་རྒྱུ་བ་བཅད། །ཐམས་ཅད་སྟོང་པ་ལྷན་སྐྱེས་དགའ་བའི་མཆོག །བདེ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །སྲོག་འཛིན་ཆེས་ཕྲ་ནོར་བུ་ཆུ་ཤེལ་ནི། །རྣམ་དག་འོད་གསལ་ལྷ་ཡི་ལམ་ལས་འོངས། །རབ་དཀར་ཟླ་ཟེར་བྱེ་བས་འཁྱུད་པའི་སྐུ། །ཟུང་འཇུག་དང་པོའི་མགོན་པོ་ལ་ཕྱག་འཚལ། །མགོན་དེས་སྤྲུལ་པའི་གར་མཛད་རྡོ་རྗེ་འཛིན། ཨིནྡྲ་ནཱི་ལའི་ལྷུན་པོ་དབང་པོའི་གཞུས། །ཀུན་ནས་ཀླུབས་པ་ཇི་བཞིན་ཡིད་འཕྲོག་པ། །ཞི་ཞིང་འཛུམ་ལྡན་མི་བསྐྱོད་ལ་ཕྱག་འཚལ། །རང་རིགས་ཕྱག་རྒྱ་མཆོག་གི་མཛེས་མ་དང་། །སྙོམས་འཇུག་ལྷན་སྐྱེས་དགའ་བའི་རོལ་པ་ལས། །ཉིད་སྐུའི་ཆ་ཤས་སུམ་ཅུ་རྩ་གཉིས་ཀྱི། །འཁོར་ལོ་མཆོག་ཏུ་སྤྲུལ་ལ་ཕྱག་འཚལ་ལོ། །མཆེ་བ་རབ་དཀར་ཁྲོ་ཆགས་བརྗིད་པའི་ཞལ། །མིག་སྨན་མདོག་ཅན་ཉི་མ་འབུམ་གྱི་འོད། །མཚན་དཔེ་ལ་འགྲན་རིན་ཆེན་རྒྱན་མང་མཛེས། །དཔལ་ལྡན་ཞེ་སྡང་རྡོ་རྗེ་ལ་ཕྱག་འཚལ། །དེ་ཉིད་ཐུགས་ལ་དགའ་བསྐྱེད་ཡིད་འཕྲོག་མ། །ནུ་མ་མངོན་དགའ་རིན་ཆེན་དོ་ཤལ་དགོད། །རེག་བྱ་རྡོ་རྗེ་ནམ་མཁའི་མཛེས་པ་འཕྲོོག །མཛེས་སྡུག་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །གཟུགས་ཕུང་རྣམ་དག་མེ་ལོང་ཡེ་ཤེས་དངོས། །རྣམ་བཀྲ་འཇའ་ཚོན་གོས་ཀྱིས་འཁྱུད་པ་ཡི། །ཟླ་བའི་ཕུང་པོ་ལྟ་བུའི་སྐུ་མངའ་བ། །རྒྱལ་བ་རྣམ་སྣང་མཛད་ལ་ཕྱག་འཚལ་ལོ། །ཚོར་བ་རྣམ་དག་མཉམ་ཉིད་ཡེ་ཤེས་དངོས། །ཉིན་བྱེད་བྱེ་བའི་མདངས་ལྡན་གསེར་གྱི་རི། །རྣམ་མང་རྒྱུ་སྐར་དོ་ཤལ་འཕྱང་བ་བཞིན། །རབ་མཛེས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ། །འདུ་ཤེས་རྣམ་དག་སོར་རྟོག་ཡེ་ཤེས་དངོས། །ལི་ཁྲིའི་རྒྱ་མཚོ་ལྟ་བུའི་འོད་མངའ་བ། །འཇིག་རྟེན་ཀུན་གྱི་མིག་གི་དགའ་སྟོན་མཆོག །མཐའ་ཡས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདུ་བྱེད་རྣམ་དག་བྱ་སྒྲུབ་ཡེ་ཤེས་དངོས། །མར་གད་ཕུང་པོ་ཉི་འོད་དང་འགྲོགས་པས། །ཐུབ་ཀུན་ཡིན་ནི་ཆགས་པར་བྱེད་པ་བཞིན། །རབ་གསལ་དོན་ཡོད་རྡོ་རྗེ་ལ་ཕྱག་འཚལ། ཁམས་བཞི་རྣམ་དག་ཚད་མེད་བཞི་ཡི་དངོས། །ཨུཏྤལ་མིག་ཅན་བིམྦའི་མཆུ་སྒྲོས་ཅན། །ཟུར་གྱིས་བལྟ་ཞིང་བདེ་སྟེར་བཅོམ་ལྡན་མ། །འཇོ་སྒེག་ལྷ་མོ་བཞི་ལ་ཕྱག་འཚལ་ལོ། །རྒྱལ་སྲས་དགའ་མ་གཟུགས་སོགས་རྣམ་དག་ཅིང་། །དབང་པོར་བདེ་སྟེར་ཆགས་པའི་ཉམས་ལྡན་མ། །རབ་རྩེད་གར་གྱིས་རོལ་པའི་རྡོ་རྗེ་ནི། །དགའ་བསྐྱེད་ལྷ་མོ་བཞི་ལ་ཕྱག་འཚལ་ལོ། །སྐྱེ་མཆེད་ཚིགས་དང་རྩ་རྒྱུད་རྣམ་དག་ཅིང་། །ཕྱོགས་ཀྱི་བདེ་གཤེགས་འོད་ཀྱིས་འཁྱུད་པའི་སྐུ། །ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་འ ཆང་། །བློ་ཆེན་རྒྱལ་སྲས་བརྒྱད་ལ་ཕྱག་འཚལ་ལོ། །བཞད་པའི་གད་རྒྱངས་འབར་བའི་མཆེ་བ་ཅན། །ལྟོས་འགྲོའི་དོ་ཤལ་སྤྱན་རྩ་གློག་ལྟར་འཁྱུག །ཡན་ལག་རྣམ་དག་དུས་མཐའི་མེ་དཔུང་འོད། །སྟོབས་ཆེན་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ལྷན་སྐྱེས་དགའ་བའི་རོལ་བ་ལས། །དུ་མར་སྤྲོ་ཞིང་ཅིག་ཅར་སྡུད་པ་དང་། །གཉིས་མེད་གཉིས་བྲལ་བདེ་སྟོང་ལྷ་ཡི་སྐུ། །རྟེན་དང་བརྟན་པར་ཤར་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་རབ་དཀར་དགེ་བའི་ཚོགས། །ཇི་སྙེད་ཐོབ་དེས་འགྲོ་བ་མ་ལུས་པའི། །སྙིང་གི་བུམ་པ་བདེ་ཆེན་བདུད་རྩིའི་ཆུས། །བདེ་བླག་ཉིད་དུ་གང་བ་ཐོབ་གྱུར་ཅིག །ཅེས་པས་བསྟོད། དེ་ནས་བཤགས་པ་དང་སྡོམ་པ་གཉིས་གཞུང་ནས་འབྱུང་བ་ལྟར་བཟུང་ལ། སྔགས་རྣམས་ཅི་འགྲུབ་ཟླས་ནས་མཐར་ཡིག་བརྒྱས་བརྟན་པར་བྱའོ།། །། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིགས་བརྒྱའི་ཁྱབ་བདག་བླ་མ་རྡོ་རྗེ་འཆང་། །སྤྲུལ་བའི་གར་མཛད་དཀྱིལ་འཁོར་འཁོར་ལོའི་གཙོ། ཁྲོ་ཆགས་བརྗིད་ཉམས་མཚན་དཔེའི་དཔལ་འབར་བ། །བཅོམ་ལྡན་ཞེ་སྡང་རྡོ་རྗེ་ལ་ཕྱག་འཚལ། །ཉིད་སྐུ་ཡིད་འཕྲོག་མཛེས་སྡུག་ལྷ་མོའི་སྐུར། །རྣམ་པར་བསྟན་ན་རྗེས་ཆགས་རོལ་པ་ཡིས། །གང་གི་ཐུགས་ལ་ལྷན་སྐྱེས་དགའ་བའི་དཔལ། །སྟེར་མཛད་བཅོམ་ལྡན་འདས་མ་ལ་ཕྱག་འཚལ། །ཕུང་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་དངོས། །དབང་སྔོན་དུང་གསེར་བྱི་རུ་མར་གད་མདོག །ལྷ་རྫས་རྒྱན་ལྡན་འཇའ་འོད་འཁྲིགས་པའི་སྐུ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ་ཕྱག་འཚལ། ཁམས་དང་ཡུལ་བཞི་རྣམ་དག་ཚད་མེད་དངོས། །གཟུགས་མཛེས་སྒེག་ཉམས་ཡིད་འོང་བཞིན་འཛུམ་ཅན། །མཆུ་སྒྲོས་རབ་དམར་ཟུར་ལྟ་ཨུཏྤལ་སྤྱན། །དགའ་སྟེར་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །རྩ་རྒྱུས་སྐྱེ་མཆེད་ཚིགས་ཀུན་རྣམ་དག་ཅིང་། །རང་ཕྱོགས་བདེ་གཤེགས་མདོག་དང་ཆ་ལུགས་བཞིན། །ཟབ་ཡངས་སྤྱོད་པའི་རྒྱ་མཚོ་ཆེར་རོལ་བ། །མཐུ་ཆེན་རྒྱལ་སྲས་བརྒྱད་ལ་ཕྱག་འཚལ་ལོ། །ཞལ་གདངས་མཆེ་གཙིགས་ཁྲོ་གཉེར་དཔྲལ་བར་བསྡུས། །སྤྱན་གསུམ་སྡང་མིག་དབུ་སྐྲ་དམར་སེར་འབར། །རིན་ཆེན་སྦྲུལ་རྒྱན་ཧ་ཧའི་གད་རྒྱངས་ཅན། །སྟོབས་ལྡན་ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པས་མཆོག་ཐུན་དངོས་རྣམས་དང་། འདུས་པའི་རིམ་གཉིས་ལམ་གྱི་གནད་དོན་ཀུན། །ཇི་བཞིན་རྟོགས་པའི་ཉམས་ལེན་མཐར་ཕྱིན་ནས། །སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །ཅེས་པ་འདི་ནི་བཤད་སྒྲུབ་མིང་ཅན་གྱིས་རང་སྐལ་དུ་དད་པས་སྦྱར་བའི་ཡི་གེ་པ་ནི་སྔགས་རམ་པ་བྱམས་པ་རིན་ཆེན་ནོ།། །།དེ་ནས་འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་མ་བྱིན་གྱི་བརླབས་ནས། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོ་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་ཏེ་དཀྱིལ་འཁོར་གྱི་ཕྱིའི་ཕྱོགས་མཚམས་རྣམས་སུ་འཁོད་པ་ནི། །ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་ཞེས་པ་ནས། ༀ་ཨཱཿཧྲཱིཿ པྲ་ཝ་ར་སད་ཀ་རཾ་པྲོ་ཀྵ་ཎཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་ཨཱཿ བཛྲ་དྷྲྀ་ཀ་ཧཱུཾ། ཞེས་པ་ནས། སུམྦྷ་རཱ་ཛ་ཧཱུཾ་ཧཱུཾ། སརྦ་ཞེས་པ་ནས། ཙ་ཀུ་རུ་སྭཱཧཱ། ༀ་ཨཱཿ་དུས་གསུམ་སྐྱེས་པ་ཞེས་པ་ནས། བསྲུང་བར་མཛད་དུ་གསོལ་ཧཱུཾ་སྭཱཧཱ། ༀ་ཨཱཿཧྲཱི༔པྲ་ཝ་ར་སད་ཀ་རཾ་ཨཱཉྩ་མཱ་ཎཾ་ཞེས་པ་ནས། ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ༀ་བཛྲ་ཏཾ་བུ་ལ་ཡེ་སྭཱཧཱ། ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་ཞེས་པ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། བཛྲ་དྷྲྀཀ་ༀ་ཨཱཿཧཱུཾ། ཞེས་པ་ནས། སུམྦྷཱ་རཱ་ཛ་ༀ་ཨཱཿཧཱུཾ། ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་པུཥྤ་ཞེས་པ་ནས། ༀ་ཨཱཿ་ཧཱུཾ་བཛྲ་མུཿ ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་ཡོད་ན་བྱིན་གྱིས་བརླབས་ཏེ་འབུལ་ཞིང་། བཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ་ཆུ་བཞི་ཉེར་སྤྱོད་རོལ་མོ་འདོད་ཡོན་རྣམས་དག་ཅིང་དྲི་མེད་སོགས་སྔར་བཞིན་ཚིགས་བཅད་ཅི་རིགས་དང་། ༀ་སརྦ་ཏ་ཐ་ག་ཏ་ཨརྒྷཾ་སོགས་སྦྱར་ནས་འབུལ་ལོ། །འདོད་ཡོན་ལྔ་ཡང་ན། ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། དེ་བཞིན་གཟུགས་ལ་དབྱེ་བ་གསུམ། ཞེས་སོགས་ཀྱིས་ཕུལ་ནས་བསྟོད་པ་རྒྱས་བསྡུས་ཅི་རིགས་ཀྱིས་བསྟོད། དེ་ནས་སྨོན་ལམ་དང་བཟོད་གསོལ་བརྟན་བཞུགས་ཤིས་བརྗོད་བཅས་རྗེའི་གསུང་དང་མཐུན་པའི་ཕྱག་ལེན་ལྟར་བྱ་སྟེ་འདིར་བྲིས་སོ།། །།གཉིས་པ་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནི། དབང་རྣོན་དང་རས་བྲིས་མ་འཛོམས་པ་འགའ་ཞིག་གིས་ཀྱང་མཆོད་པ་སོགས་སྟ་གོན་བྱས་ནས་བདག་བསྐྱེད་རྒྱས་བསྡུས་གང་རུང་སྔོན་དུ་བཏང་སྟེ། བསྒྲུབ་ཚུལ་བདག་མདུན་ཐ་མི་དད་ཀྱི་དབང་དུ་བྱས་ན། ཤཱུནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་མེ་རི་དང་བཅས་པ་ཡོངས་སུ་རྫོགས་པའི་དབུས་སུ་ཞེས་པ་ནས་བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་ༀ་ཨཱཿ ཧཱུཾ་ཧཱུཾ། ༀ་ཨཱཿ ༀ་ཧཱུཾ། ཞེས་པ་ནས། ༀ་ཧཱུཾ་ཧཱུཾ་བཅུ་རྣམས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ། འཁོར་ལོ། །རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ། འཁོར་ལོ། །རྡོ་རྗེ། ཨུཏྤལ། ཞེས་པ་ནས། རྡོ་རྗེ་དང་རྡོ་རྗེ། དེ་རྣམས་ནས་ལྷ་སུམ་ཅུ་སོ་གཅིག་ཏུ་གྱུར་པ་ནི། གདན་དབུས་མའི་སྟེང་དུ་རང་ཉིད་མི་བསྐྱོད་པ་ཞི་བ་མཐིང་ནག་ནས་རིག་མ་བསྐྱེད་པ་ནི་དཀྱིལ་འཁོར། རྒྱ་མཆོག་བཞིན་དང་དེ་མན་ཆད་མདུན་བསྐྱེད་ཀྱི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ནོ། །འོན་ཀྱང་འདིར་བཟོད་གསོལ་ཡན་ཆད་སྔར་བཞིན་བྱས་པའི་མཇུག་ཏུ་འདི་ལྟར་བྱ་སྟེ། བདག་ལ་དངོས་གྲུབ་མཆོག་བརྩལ་ཞིང་། ནས་དངོས་གྲུབ་བླ་ན་མེད་པ་སྩོལ། ༀ་ཨཱཿབཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དཀྱིལ་འཁོར་བའི་ལྷ་རྣམས་སྤྱན་དྲངས་ཏེ། རང་གི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ནི། སྤྱི་བོར་རྣམ་པར་སྣང་མཛད། ཞེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། གཞལ་ཡས་ཁང་གི་ཆ་སོ་སོ་ཡང་ནས་ཐིམ་པར་གྱུར། རང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ལ་དབང་བསྐུར། ཞེས་པ་ནས། ཡོ་ག་ཤུདྡྷོ་྅་ཧཾ། སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་རྡོ་རྗེ་འཆང་གི་སྐུར་གྱུར། ཞེས་བརྗོད་ཅིང་བསམས་ལ་ཤིས་བརྗོད་བྱའོ། །ཅེས་པ་འདི་ཡང་། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་གཞན་འགའ་ལ་ཕན་གདགས་པར་འདོད་པའི་བསམས་པས་དམ་པ་གོང་མའི་དགོངས་པ་དང་མཐུན་པར་ཅུང་ཟད་རེ་དབྲི་བསྣོན་བྱས་ཏེ་འཇུག་པ་བདེ་བར་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པའི་པར་ཤིང་རྣམས་ནི་ཚེ་རིང་བཀྲ་ཤིས་ཀྱིས་དད་པས་བསྒྲུབས་པ་དང་ཡི་གེ་པ་ནི་སྔགས་རམ་པ་བྱམས་པ་རིན་ཆེན་ནོ།། །།མངྒལཾ།།


previousགསང་བ་འདུས་པའི་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བྱ་ཚུལ་གྱི་ཆོག་བསྒྲིག་དངོས་གྲུབ་སྙེ་མ།next