Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་མངོན་རྟོགས་ནག་འགྲོས་སུ་བཀོད་པ་བདེ་ལམ།
   
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་མངོན་རྟོགས་ནག་འགྲོས་སུ་བཀོད་པ་བདེ་ལམ།next

དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་མངོན་རྟོགས་ནག་འགྲོས་སུ་བཀོད་པ་བདེ་ལམ།

དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་མངོན་རྟོགས་ནག་འགྲོས་སུ་བཀོད་པ་བདེ་ལམ་ཞེས་བྱ་བ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་འཇིགས་བྱེད་བཅུ་གསུམ་མའི་མངོན་རྟོགས་འཇུག་པ་བདེ་བ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་ཡོ་བྱད་ཇི་སྐད་བཤད་པ་རྣམས་ཚོགས་པར་བྱས་ནས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་པར་བསམས་ལ། རྡོར་དྲིལ་བྱིན་བརླབ་གཞན་ནས་འབྱུང་བ་ལྟར་བྱ། དེ་ནས་ནང་མཆོད་བྱིན་གྱིས་བརླབ་པ་ནི། ༀ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྲུཾ་ལས་བྱུང་བའི་བ་ལང་གི་ཤ་གཽས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲི་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལམ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་བཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ༀ་དཀར་པོ་ཨཿདམར་པོ་ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུམ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ༀ་གྱིས་མང་བོར་སྦར་ཞིང་སྦེལ་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ། དེ་ནས་སྔོན་འགྲོ་མཆོད་པ་བྱིན་གྱིས་བརླབ་པ་ནི། ཧྲཱིཿཥྚཱིཿ ས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། དྲི། མེ་ཏོག བདུག་སྤོས། མར་མེ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱ་ཧཱུཾ། ༀ་པཱ་དྱཱཾ་ཨཱཿཧཱུཾ། ༀ་གནྡྷེ་ཨཱཿཧཱུཾ། ༀ་པུཥྤེ་ཨཱཿཧཱུཾ། ༀ་དྷཱུ་པེ་ཨཱཿཧཱུཾ། ༀ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་ནཻ་ཝཾ་དྱ་ཨཱཿཧཱུཾ། ༀ་ཤཔྟ་ཨཱཿཧཱུཾ། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ། དེ་ནས་ཕྱོགས་སྐྱོང་སྤྱན་འདྲེན་ཚུལ་བསྡུས་པ་ནི། རང་གི་ཐུགས་ཁའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་སྟེ་ཕྱོགས་མཚམས་རྣམས་སུ་འཁོད་པ་ལས་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྤུ་གུ་ཅན་རྣམས་སུ་གྱུར། ༀ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པས་བྱིན་གྱིས་བརླབ། ༀ་བྷཱུ་ཙ་ར་ནཾ། ཡ་པཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་པཱུར་བ་ན ི་གཱ་ནཾ། ཀ་དཀྵི་ཎ་དཱི་གཱ་ཡ། ཧཱུཾ་པཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ༀ་ཨི། ཧྲཱིཿཡ། ཥྚཱིཿབ། ཝི་ཀྵི། ཀྲི་ཀོ། ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོཿ ཕཊ་སརྦ་བྷུ་དེ་བྷྱཿ ཞེས་པ་གསུམ་གྱིས་བསྔོ། །ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཱཾ། གན་དྷེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ༀ་ད་ཤ་དིཀ་ༀ་ཨཱཿ ཧཱུཾ། བཏགས་ལ་ནང་མཆོད་འབུལ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་བདུད་ཅིང་མཆིས། །ཞེས་བསྟོད་ལ། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་། དེའི་བར་ཆད་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བརྗོད་དེ། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་པ་ནས བཟོད་མཛད་རིགས། ༀ་ཨཱཿ་བཛྲ་མུཿ ཕྱོགས་སྐྱོངས་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཞེས་བརྗོད་ཅིང་བསམ། བདག་བསྐྱེད་ཀྱི་མཆོད་པ་བྱིན་གྱིས་བརླབ་པ་ནི། ཧྲཱིཿཥྚྲཱིཿས་བསངས་། སྭ་བྷཱ་ཝས་སྦྱངས་། སྟོང་པའི་ངང་ལས་ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཞེས་པ་ནས་ༀ་ཤཔྟ་ཨཱཿཧཱུཾ། གི་བར་སྔོན་འགྲོའི་སྐབས་ལྟར་དང་། ༀ་རཱུ་པ་ཨཱཿཧཱུཾ་དེ་བཞིན་དུ་སྦྱར་ཏེ། ཤཔྟ། གན་དྷེ། ར་ས། སྤཪྴ་ཨཱཿཧཱུཾ་གིས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་དང་བཅས་པ་བྱིན་གྱིས་བརླབ། དེ་ནས་སྤྱི་འགྲོ་ལྟར་མཎྜལ་འདོད་ན་བསྡུས་པས་ཆོག་སྟེ་ངེས་པར་དགོས་པ་མིན། རྡོར་སེམས་ཀྱི་སྒོམ་བཟླས་བྱེད་ན། དཀོན་ཆོག་གསུམ་ལ་སྐྱབས་སུ་འགྲོ། །ཚིགས་བཅད་གཅིག་གི་རྗེས་སུ། །རང་གི་སྤྱི་བོར་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཡབ་རྡོ་རྗེེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོ། །དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ༀ་བཛྲ་ས་ཏྭ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཐུགས་ཀ འི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ། མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ཡིག་བརྒྱ་ཉེར་གཅིག་བཟླས་པའི་མཐར། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིང་། །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ། ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་གོ །ཞེས་གསུངས་ནས། རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། དེ་ནས་ཚོགས་ཞིང་ནི། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། །འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས། དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་ཀར་ཐིམ་པར་གྱུར། དེ་ནས། གང་གི་དྲིན་གྱིས་བདེ་ཆེན་གནས། སྐད་ཅིག་གིས་ནི་ཐོབ་འགྱུར་བ། བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པ་ཕྱག་བྱ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་རྩ་རྩི་ཀ་དཀར་མོ། །ཕག་མོ་སྔོན་མོ། །དབྱངས་ཅན་མ་དམར་མོ། གཽ་རི་ལྗང་ཀུ་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིིས་མཆོད་པར་གྱུར་པར་བསམས་ལ། ༀ་ཧྲཱིཿཥཱིཿཧཿས་མཆོད་ཡོན་དང་། ༀ་ཧཱུཾ་ཧཱུཾ་ཕཊ་ཀྱིས་ཞབས་བསིལ། ༀ་ཝི་ཀྲི་ཏཱ་ན་ན་དུཥྚཾ་ས་ཏྭ་ད་མ་ཀ་གཿ གཿ གཿ ཡིས་དྲི། ༀ་ཀུ་མ་ར་རཱུ་པི་ཎེ་ཛ་ཛཿཧཱུཾ་ཕཊ། ཀྱིས་མེ་ཏོག །ༀ་ཧྲཱིཿཧཿཧཻ་ཕཊ་ཀྱི་བདུག་སྤོས། ༀ་དཱིཔྟ་ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མ་ཧཱ་ཨ་ཊྚ་ཊྚ་ཧཱ་ས་ནི་དི་ནི་དཱིབྟ་ཡ་སྭཱ་ཧཱས་མར་མེ། ༀ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ་སྭཱཧཱས་ལྷ་བཤོས། ༀ་བཛྲ་ཤཔྟ་ཨཱཿཧཱུཾ་གིས་རོལ་མོ་རྣམས་དབུལ། །དེ་ནས། སྡིག་པ་རྣམས་ནི་བཤགས་པར་བྱ། སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང་། །བདག་གིས་བདེར་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ། བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་འདི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང་། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། ཞེས་བརྗོད་དོ། །དེ་ནས་རིགས་ལྔའི་སྡོམ་བཟུང་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །ཞེས་པ་ནས། དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་བརྗོད་ལ། སྡོམ་པ་བཟུང་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང་། དེ་བཞིན་དུ། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང་། བདེ་བ་དང་མི་འབྲལ་བར་གྱུར་ཅིག་པའི་དགའ་བ་དང་། འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ། །སྙམ་དུ་ཚད་མེད་པ་བཞི་བསྒོམ་སྟེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས། ༀ་སྭ་བྷཱ་ཝ་ཤུད་དྷཱཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུད་དྷོཉཧཾ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ། བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་གྱུར། ཅེས་བདག་མེད་པའི་ལྟ་བ་དྲན་པར་བྱ་སྟེ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བའི་ཕྲེང་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིར་རྡོ་རྗེས་མཚན་པའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་རྭ་བ། སྟེང་དུ་འཕྲོས་པས་རྡོ་རྗེ་གུར། གུར་གྱི་འོག་རྭ་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན། བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ། བསྐལ་བ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། པར་བསྒོམ་སྟེ། བསྲུང་འཁོར་ཐུན་མོང་བའོ། །ཐུན་མོང་མ་ཡིན་པའི་བསྲུང་འཁོར་ནི། འདི་ལྟར། རྭ་བའི་དབུས་སུ་བྷཱུཾ་ལས་བཀའི་འཁོར་ལོ་སེར་པོ་རབ་ཏུ་འབར་བ་གཡས་བསྐོར་དུ་འཁོར་བ། རྩིབས་བཅུ་ལྟེ་བ་དང་བཅས་པ། ལྟེ་བའི་ནང་དང་རྩིབས་ལ་ཅུང་ཟད་མ་རེག་པའི་གནས་རྣམས་སུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གསུམ་གསུམ་གདན་དབུས་མའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་གནོད་མཛེས་རྒྱལ་པོ་སྐུ་མདོག་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་ལྷག་མ་གཡས་གཉིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་པདྨ་དང་ཞགས་པ་འཛིན་པ། ཞབས་གཡས་བསྐུམས་ཤིང་། གཡོན་བརྐྱངས་པའི་སྟོབས་ཀྱི་བཞུགས་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ཧུཾ་གི་འོད་ཟེར་གྱིས་བཀུག་པའི་ཁྲོ་བོ་བཅུ་ཞལ་དུ་བཅུགས་ནས་ཞུ་བ་རྡོ་རྗེའི་ལཾ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་བཅུ་ལས་ཧུཾ་རིང་པོ་བཅུ་དང་དེ་ལས་ཁྲོ་བོ་བཅུར་གྱུར་པའི་གཤིན་རྗེའི་གཤེད་སྔོན་པོ་རྣམ་སྣང་གི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེ་ཐོ་བ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་པདྨ་ལས་སྤྲོས་ཏེ། ཤར་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། གཞན་གྱིས་མི་ཐུབ་པ་དཀར་པོ་མི་བསྐྱོད་པའི་ཅོད་པན་ཅན། དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་བེ་ཅོན། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ༴ ལྷོ་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི་ཅོད་པན་ཅན། དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས༴ ལྷག་མ་གཡས་གཉིས་རིན་པོ་ཆེ་དང་པདྨ། གཡོན་གཉིས་འཁོར་ལོ་དང་རལ་གྲི་འཛིན་པ། ཧཱུཾ༴ ནུབ་རྩིབས་ཀྱི་སྟེང་གི་གདན་ལ༴ བདུད་རྩི་འཁྱིལ་བ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས༴ ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུ༴ བྱང་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། འདོད་རྒྱལ་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས༴ ལྷག་མ་གཡས་གཉིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ༴ མེ་མཚམས་ཀྱི་རྩིབས་ཀྱི་སྟེང་གི་གདན་ལ༴ དབྱུག་སྔོན་ཅན་སྔོན་པོ་མི་བསྐྱོོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས༴ ལྷག་མ་གཡས་གཉིས་རིན་པོ་ཆེ་དང་དབྱུག་པ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ༴ བདེན་བྲལ་གྱི་རྩིབས་ཀྱི་སྟེང་གི་གདན་ལ༴ སྟོབས་པོ་ཆེ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས༴ ཅིང་ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྩེ་གསུམ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ༴ རླུང་མཚམས་ཀྱི་རྩིབས་ཀྱི་སྟེང་གི་གདན་ལ༴ མི་གཡོ་བ་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས༴ ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་པདྨ་དང་རྡོ་རྗེ་འཛིན་པ། ཧཱུཾ༴ དབང་ལྡན་གྱི་རྩིབས་ཀྱི་སྟེང་གི་གདན་ལ༴ གཙུག་ཏོར་འཁོར་ལོས་བསྒྱུར་བ་ལྗང་སེར་མི་བསྐྱོད་པའི་ཅོད་པན་ཅན། ལྗང་སེར་དཀར་དང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས༴ ལྷག་མ་གཡས་གཉིས་རིན་པོ་ཆེ་དང་འཁོར་ལོ། །གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ༴ གཙོ་བོའི་སྟེང་གི་ཅུང་ཟད་ཙམ་གྱི་མདུན་གྱི་གདན་ལ༴ རྡོ་རྗེ་ས་འོག་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་པདྨ་ལས་སྤྲོས་ཏེ་གཙོ་བོའི་འོག་གི་ཅུང་ཟད་ཙམ་གྱི་རྒྱབ་ཀྱི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། །བཅུ་གཅིག་པོ་ཐམས་ཅད་ཀྱང་མཆེ་བ་གཙིགས་ཤིང་ཞལ་སོ་སོ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ། འཁོར་ལོ་དང་རྣ་ཆ་ལ་སོགས་པས་བརྒྱན་ཅིང་སྣ་ཚོགས་པའི་སྤྲུལ་གྱི་རྒྱན་ཅན། བདུད་དང་བགེགས་ཐམས་ཅད་རྩད་ནས་འབྱིན་པའི་སྟོབས་དང་ལྡན་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིང་འཇིགས་སུ་རུང་བའི་རྡོ་རྗེ་འབར་བ་སྤྲིན་ལྟར་འཁྲིགས་པ་ཕྱོགས་བཅུར་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་གྱུར། བསྲུང་འཁོར་ཐུན་མོང་བ་ཙམ་ལ་བྱེད་ན་ཕྱོགས་བཅུར་འཕྲོ་བར་གྱུར། ཅེས་པའི་མཚམས་ནས། རྭ་བའི་དབུས་སུ་རྡོ་རྗེ་སེམས་དཔའ་ཞེས་སོགས་དང་། ཐུན་མོང་མ་ཡིན་པའི་ཚེ། རང་ཉིད་གནོད་མཛེས་སུ་གནས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་དཀར་པོ་གྲུ་གསུམ་པ་གྱེན་དུ་འགྲེང་བ་འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར། ལྷོའི་རྭ་སེར། ནུབ་ཀྱི་རྭ་དམར། བྱང་གི་རྭ་ལྗང་། དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པ། བསམ་མོ། །ལྟེ་བའི་དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་བསྒོ་བཞི་བ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུས་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ། རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ་དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ། བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། སྒྲུབ་ཐབས་འདིར་ཚིག་བསྡུས་པའི་དབང་དུ་མཛད་ན་ཕྱིའི་སྟེང་གི་ཟླ་བཞི་ལ་གདུགས་བཞིས་བརྒྱན་པ་ཞེས་མ་གསུངས་ཀྱང་རང་ཉིད་ཁོ་ནས་འདོན་པའི་ཚེ་སྦྱར་ཆོག །རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས། འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ། ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འ ཁོད་ནས་མཆོད་པ་ཕྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང་། འོག་གི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་པུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ། །དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། འདིར་རྟབས་ཀྱི་གཡས་གཡོན་དུ་སོགས་མི་འབྱུང་ཡང་འདོད་ན་བྱས་ཆོག་པ་ནི་སྔར་ལྟར་རོ། །རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ། གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན། ན་ག་གེ་སེར་གྱི་ཤིང་ལ་སོགས་པའི་ཤིང་བརྒྱད། དེའི་རྩ་བར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད། །རྩེ་མོར་རྫུ་འཕྲུལ་ཆེན་པོ་བ་གླང་པོ་ཆེའི་གདོང་བ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད་དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། དེ་དག་གི་སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། །ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང་། གསལ་ཤིང་གིས་ཕུག་པའི་རོ་དང་། ཤིང་ལ་དཔྱངས་པ་དང་། སྐྱེས་བུ་ཟ་བ་དང་། མཚོན་གྱིས་ཕུག་པ་ལ་སོགས་པ་དང་། བྱ་རོག་དང་བྱ་རྒོད་དང་ཁྱིི་དང་ཅེ་སྤྱང་དང་། སེང་གེ་དང་སྟག་ལ་སོགས་པ་དང་། ཅ་ཅོ་སྒྲོག་པའི་རོ་ལངས་དང་། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་བ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ། གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས། ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་གི་རེ་མིག་དགུ་པའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དང་། ནང་གི་ཕྱོགས་གཞན་གསུམ་དང་། སྒོ་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན། ནང་གི་ཤར་དང་གྲྭ་བཞི་དང་ཕྱིའི་གྲྭ་བཞིར། སྣ་ཚོགས་པདྨ་དང་ཟླ་བའི་གདན་ཟུང་རེ་རེ། བསྒོམ་སྟེ་རྟེན་བསྐྱེད་པའོ། །གདན་དབུས་མའི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བ འི་དཀྱིལ་འཁོར། དེའི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ། དྷཱིཿ སེར་པོ་ལས་བྱུང་བའི་རལ་གྲི་དབུས་སུ་དྷཱིཿ ས་མཚན་པ། དེ་ལས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ་ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་བའི་ཟུར་ཕུད་ལྔ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བསམ་མོ། །དེའི་ཐུགས་ཀར་ཨཱཿ ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པ་ལས་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱད་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོོ་བོ་དང་རིག་པའི་ཚོགས་རྣམས་སྤྱན་དྲངས། ནས། ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ། རྩེ་དགུ་བ་རྭ་ཤིན་ཏུ་གདེངས་པ་འོད་ཟེར་ལྔ་དང་ལྡན་པ། ལྟེ་བ་ལ་ཧཱུཾཾ་ཡིག་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཆོགས་རྣམས་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ། ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འ ཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་ཏེ་རྡོ་རྗེ་ལ་ཐིམ་པར་གྱུར་པར་བསམ་མོ། །ཟླ་བ་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟོབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ་ཧ་ཧ་ཞེས་སྒྲོག་ཅིང་སྔགས་འདྲིལ་པ། མཆེ་བ་རྣམ་པར་གཙིགས་པ་ཁྲོ་གཉེར་ཅན། ཁྲོ་གཉེར་གྱི་འགྲམ་དུ། སྨིན་མ་དང་སྤྱན་འཇིག་པའི་དུས་ལྟར་འབར་བ། སྐྲ་ཁམས་སེར་གྱེན་དུ་བརྗེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། ཕེཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། མིའི་ཁྲག་དང་ཞག་དང་རྐང་དང་ཆིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་བསྐམ་པོ་ལྔས་ཐོད་བྱས་ཤིང་། མགོ་བོ་རློན་པ་ལྔ་བཅུའི་ཐོད་བའི་འཕྲེང་བས་བརྒྱན་པ། སྤྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང་། རྣ་ཆ་ལ་སོགས་པའི་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ། གཅེར་བུའི་གཟུགས་ཅན། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང་། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིང་ཏུ་ཁྲོས་པ་རྭ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ། རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་བ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། །དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་གྱི་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཀ །གཡོན་ཞལ་ནག་པོ། ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང་། སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པའི་པགས་པ་གཡོན་པ་ནས་བརྐྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷི་དྷི་པཱ་ལ། གསུམ་པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲི། ལྔ་པ་ན་ཀ་ཎ་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང་། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཏོ། །བཅུ་གཅིག་པ་ན་ཁ་ཊྭཱཾ་ག །བཅུ་གཉིས་པ་ན་འཁོར་ལོ། །བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང་། ལྷག་མ་གཡོན་གྱི་དང་པོ་ན་ཁྲག་གིས་བཀང་བའི་ཐོད་པ། གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་བ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པ། ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོང་། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པས་ཝ་དང་། གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་པ་དང་དབང་པོ་དང་ཁྱབ་འཇུག་དང་དྲག་པོ་དང་། གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང་ཟླ་བ་དང་ཉི་མ་རྣམས་ཁ་སྦུབ་ཏུ་བྱས་ཏེ། ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་བསམ་མོ། །རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་གྱིས་གླེགས་བམ་ཐུགས་ཀ ར་བསྣམས་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། བསམ་མོ། །དེའི་བང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་གདུག་པའི་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཐོད་བསྐམ་ལྔས་དབུ་བརྒྱན་ཅིང་བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་པས་ཡབ་ལ་འཁྱུད་པ། ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ༀ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱཿལས་བྱུང་བའི་ཟེ་འབྲུ་བུ་ག་ཕཊ་ཀྱིས་བཀག་པ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པ་རྗེས་ཆགས་ཀྱི་བརྒྱལ་བྱའོ། །དེ་ནས། རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས་རང་གི་ཞལ་དུ་བཅུག །ཐུགས་ཀར་འོད་དུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་གཅིག །བྷྲུཾ་དང་དེ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གདན་དང་བཅས་པར་གྱུར། ཐིག་ལེ་ཆ་གཅིག་གདན་དེ་རྣམས་ཀྱི་སྟེང་དུ་ཆ་བཅུ་བདུན་དུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ནང་གི་ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ། ལྷོར་མ་ལས་རིན་པོ་ཆེ་མས་མཚན་པ། ནུབ་ཏུ་མེ་ལས་པདྨ་མེས་མཚན་པ། བྱང་དུ་ད་ལས་རལ་གྲི་དས་མཚན་པ། ཤར་སྒོར་ཡ་ལས་ཐོ་བ་ཡས་མཚན་པ། ལྷོ་སྒོར་ཙ་ལས་དབྱུག་པ་ཙས་མཚན་པ། ནུབ་སྒོར་ནི་ལས་པདྨ་ནིས་མཚན་པ། བྱང་ལྷོར་ར་ལ་རལ་གྲི་རས་མཚན་པ། ནང་གི་ཤར་ལྷོར་ཛ་ལས་འཁོར་ལོ་ཛས་མཚན་པ། ལྷོ་ནུབ་ཏུ་ས་ལས་རྡོ་རྗེས་ས་མཚན་པ། ནུབ་བྱང་དུ་དོ་ལས་པདྨ་དོས་མཚན་པ། བྱང་ཤར་དུ་རུ་ལས་རལ་གྲི་རུས་མཚན་པ། ཕྱིའི་གྲྭ་བཞིར་ཎ་ཡོ་ནི་རའི་ཡི་གེ་བཞི་རྣམས་འོད་ཟེར་འཕྲོ་ཞིང་འདུ་བ། ཕྱག་མཚན་ས་བོན་གྱིས་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི། ཞེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྔོན་མོ་ཞལ་གཅིག་ཕྱལ་གཉིས་ཀྱི་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་གདུག་པའི་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཐོད་བསྐམ་ལྔས་དབུ་བརྒྱན་ཅིང་བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་པས་ཡབ་ལ་འཁྱུད་པ། ནང་གི་ཤར་དུ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་དཀར་སྔོན་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ལྷོར་སེར་སྣ་གཤིན་རྗེའི་གཤེད་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ༴ ལྷག་མ་གཡས་གཉིས་ནོར་བུ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ༴ ལྷག་མ་གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ༴ ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། །གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ཤར་སྒོར་ཐོ་བ་གཤིན་རྗེའི་གཤེད་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ༴ ལྷག་མ་གཡས་གཉིས་ཐོ་བ་སྔོན་པོ་རྭ་ཉི་ཤུ་པ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ལྷོ་སྒོར་དབྱུག་པ་གཤིན་རྗེའི་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་དབྱུག་པ་དང་རལ་གྲི། གཡོན་གཉིས་པདྨ་དང་འཁོར་ལོ་འཛིན་པ། ནུབ་སྒོར་པདྨ་གཤིན་རྗེའི་གཤེད་དམར་པོ། དམར་སྔོ་དཀར་པའི་ཞལ་གསུམ༴ ལྷག་མ་གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་ནོར་བུ་འཛིན་པ་བྱང་སྒོར་རལ་གྲི་གཤིན་རྗེའི་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ༴ ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། །གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ཡབ་བརྒྱད་པོ་ཐམས་ཅད་ཐོད་པ་བསྐོམ་པོ་ལྔའི་དབུ་རྒྱན་དང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་། འབར་བའི་མཆེ་བ་བཞི་བཞི་རབ་ཏུ་གཙིགས་ནས། ལྗགས་རྣམ་པར་འདྲིལ་ཞིང་འོད་ཟེར་རབ་ཏུ་འཕྲོ་བ། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང་། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཅིང་། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། པདྨ་དཀར་པོས་མགུལ་རྒྱན་བྱ་ཤིང་། སྟོབས་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་ཤིང་། པདྨ་ཆེན་པོ་དཀར་པོས་ཞབས་རྡུབ་བྱས་པ། ཀླུ་བརྒྱད་པོ་ཐམས་ཅད་ཕུད་ཀྱི་སྒྲ་སྒྲོག་ཅིང་། ལྕེ་གཉིས་པ། དུག་དང་ལྡན་པའི་མཆེ་བའི་ཕྲེང་བ་ཅན་ནོ། །ནང་གི་ཤར་ལྷོར་ཙ་རྩི་ཀ་དམར་མོ་ཤིན་ཏུ་སྐེམ་ཞིང་དྲག་ཏུ་ཁྲོས་པ། དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི༴ རང་འདྲའི། ཡབ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ལྷོ་ནུབ་ཏུ་ཕག་མོ་སྔོན་མོ་ཕག་གདོང་ཅན། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། སྔོ་དཀར་དམར་བའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། ནུབ་བྱང་དུ་དབྱངས་ཅན་མ་དམར་པོ་ཞི་བའི་ཆ་བྱད་ཅན། དམར་སྔོ་དཀར་བའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། བྱང་ཤར་དུ་གཽ་རཱི་ལྗང་གུ་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ལྗང་སྔོ་དཀར་བའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་རལ་གྲི་དང་འ ཁོར་ལོ། །གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ཡུམ་བཞི་གའང་ཐོད་བསྐམ་ལྔའི་དབུ་རྒྱན་དང་། བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཕྱིའི་གྲྭ་བཞིར་ཎ་ཡོ་ནི་རའི་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས། མིའི་ཐོད་པ་བདུད་རྩིས་གང་བ་བཞིར་གྱུར། པར་བསམ་མོ། །དེ་ནས་མདལ་འབྱིན་ནི། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། གཙོ་བོ་ཡབ་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས། རང་དང་ཡུམ་ལ་ཐིམ་པར་གྱུར། ༀ་ཛི་ན་ཛིཀ་གཏི་མུག་གཤིན་རྗེའི་གཤེད་ཡབ་ཡུམ་བསྐུལ། །དཔག་ཏུ་མེད་པའི་གྱུར། ཡུམ་གྱི། ༴ ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་གཏི་མུག་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས། ནང་གི་ཤར་གྱི་གདན་ལ་འཁོད། ༀ་རཏྣ་དྷཱྀཀ། སེར་སྣ་གཤིན་རྗེའི་གཤེད་ཡབ་ཡུམ། ༴ སེམས་ཅན་རྣམས་ཀྱི་ང་རྒྱལ་དང་སེར་སྣ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། ༴ ལྷོའི་གདན་ལ་འཁོད། ༀ་ཨཱཿརོ་ལི་ཀ །འདོད་ཆགས་གཤིན་རྗེའི་གཤེད༴ འདོད་ཆགས་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད། ༴ ནུབ་ཀྱི་གདན་ལ་འཁོད། ༀ་པྲ་ཛྙཱ་དྷྲྀཀ །ཕྲག་དོག་གཤིན་རྗེའི་གཤེད། ༴ ཕྲག་དོག་སྦྱངས། བྱ་བ་བསྒྲུབ་པའི་ཡེ་ཤེས་ལ་བཀོད། བྱང་གི་གདན་ལ་འཁོད། ༀ་ཨུད་ག་ར་དྷྲིཀ །ཐོ་བ་གཤིན་རྗེའི་གཤེད། ༴ ཕུང་པོའི་བདུད་བཅོམ། དད་པའི་སྟོབས་ལ་བཀོད། ༴ ཤར་སྒོའི་དབུས་སུ་འཁོད། ༀ་དཎྜ་དྷྲིཀ །དབྱུག་པ་གཤིན་རྗེའི་གཤེད། ༴ ཉོན་མོངས་པའི་བདུད་བཅོམ། བརྩོན་འགྲུས་ཀྱི་སྟོབས་ལ་བཀོད། ལྷོ་སྒོའི་དབུས་སུ་འཁོད། ༀ་པདྨ་དྷྲིཀ། པདྨ་གཤིན་རྗེའི་གཤེད། ༴ འཆི་བདག་གི་བདུད་བཅོམ། དྲན་པའི་སྟོབས་ལ་བཀོད། ནུབ་སྒོའི་དབུས་སུ་འཁོད། ༀ་ཁངྒ་དྷྲྀཀ། རལ་གྲི་གཤིན་རྗེའི་གཤེད། ༴ ལྷའི་བུའི་བདུད་བཅོམ། ཏིང་ངེ་འཛིན་གྱི་སྟོབས་ལ་བཀོད། ༴ །བྱང་སྒོའི་དབུས་སུ་འཁོད། ༴ །ༀ་མོ་ཧ་ར་ཏི། ཙ་རྩི་ཀ་ཡབ་ཡུམ། ༴ སའི་ཁམས་སྦྱངས། བྱམས་པ་ཚད་མེད་ལ་བཀོད། ༴ །ནང་གི་ཤར་ལྷོའི་གྲྭར་འཁོད། ༀ་དྭེ་ཥ་ར་ཏི། ཕག་མོ་ཡབ་ཡུམ། ༴ ཆུའི་ཁམས་སྦྱངས། སྙིང་རྗེ་ཚད་མེད་ལ་བཀོད། ༴ ལྷོ་ནུབ་ཀྱི་གྲྭར་འཁོད། ༀ་རཱ་ག་ར་ཏི། དབྱངས་ཅན་མ་ཡབ་ཡུམ། ༴ མེའི་ཁམས། ༴ དགའ་བ་ཚད་མེད་ལ་བཀོད། ༴ ནུབ་བྱང་གི་གྲྭར་འཁོད། ༀ་བཛྲ་ར་ཏི། གཽ་རི་ཡབ་ཡུམ། ༴ རླུང་གི་ཁམས་སྦྱངས། བཏང་སྙོམས་ཚད་མེད་ལ་བཀོད། ༴ བྱང་ཤར་གྱི་གྲྭར་འཁོད། ༀ་ཨཱཿཧཱུཾ། ཐོད་པ་བཞི་བསྐུལ། ༴ ཡུལ་དྲུག་གི་དྲི་མ་སྦྱང་། སླར་འདུས། ཕྱིའི་གྲྭ་བཞིར་འཁོད། ༀ་ཨཱཿཧཱུཾ། གཞལ་ཡས་ཁང་། ༴ སྣོད་ཀྱི་སྐྱོན་སྦྱངས། བདེ་བ་ལ་གནས་པ་རྣམས་བརྟན་པར་བྱས། གཅིག་ཏུ་འདུས། དམ་ཚིག་གི་གཞལ་ཡས་ཁང་ལ་ཐིམ་པར་གྱུར་པར་བསམ་མོ། །བདག་བསྐྱེད་རྐྱང་པ་ལ་ཕྱོགས་སྐྱོང་དགུག་བསྐྱེད་སྐབས་འདིར་མི་བྱེད་པས་སྐྱེ་མཆེད་སོགས་བྱིན་གྱིས་བརླབ་པ་ནི། གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་དང་འཁོར་ལོ་ལས། རྡོ་རྗེ་མིག་དཀར་པོ་དཀར་སྔོ་དམར་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། རྣ་བ་གཉིས་སུ་ཛྲིཾ་དང་རྡོ་རྗེ་ལས་རྡོ་རྗེ་རྣ་བ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། སྣར་ཁཾ་དང་རིན་པོ་ཆེ་ལས་རྡོ་རྗེ་སྣ་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་ནོར་བུ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། ལྕེའི་རྩ་བར་རཾ་དང་པདྨ་ལས་རྡོ་རྗེ་ལྕེ་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། དཔྲལ་བར་ཀཾ་དང་རལ་གྲི་ལས་རྡོ་རྗེ་ལུས་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། །གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ལྟེ་བར་སཾ་དང་རྡོ་རྗེ་ལས་རྡོ་རྗེེ་ཡིད་དཀར་པོ་དཀར་སྔོ་དམར་པའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། ཐམས་ཅད་ཀྱང་པད་ཟླ་ལ་གནས་པའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་ནག་པོ་ནག་དཀར་དམར་བའི་གཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས། ༴ ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿདང་པདྨ་ལས་གསུང་རྡོ་རྗེ་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ། ལྷག་མ་གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། སྤྱི་བོར་ༀ་ལས་འཁོར་ལོ་དཀར་པོའི་དབུས་སུ། ༀ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ། ༴ ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཆོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཧྲཱིཿཥྚཱིཿཧཿༀ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནས། ༀ་ཤཔྟ་ཨཱཿཧཱུཾ། ཞེས་པའི་བར་གྱིས་མཆོད། འོད་ཟེར་གྱིས་བཀུག་སྟེ། ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་ལྷ་རྣམས་ཀྱི་ཐུགས་ཀའི་ཐུགས་རྡོ་རྗེ་ལ་ཐིམ་པར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། འོད་ཟེར་གྱིས་བཀུག་སྟེ་གསུང་རྡོ་རྗེ་ལྷ་ཚོགས་རྣམས་ལྷ་རྣམས་ཀྱི་མགྲིན་པའི་གསུང་རྡོ་རྗེ་ལ་ཐིམ་པར་གྱུར། ༀ་སརྦ་ཏ་ཐ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། འོད་ཟེར་གྱིས་བཀུག་སྟེ། སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ལྷ་རྣམས་ཀྱི་སྤྱི་བོའི་སྐུ་རྡོ་རྗེ་ལ་ཐིམ་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་ང་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །དེ་ནས་སྤྱན་འདྲེན་རྒྱས་པར་བྱེད་འདོད་ན་ཧཱུཾ་ཡིག་ལས་འོད་ཟེར་སྤྲོ་ཞིང་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཛཿའཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །དུས་ཀྱི་ཁམས་བཞིན་ཐུགས་རྗེ་འགྲོ་འོང་བྲལ། །སྤྲུལ་བ་འགྲོ་དང་བྲལ་བ་གཟུགས་བརྙན་བཞིན། །འགྲོ་དང་འོང་བའི་མཚན་ཉིད་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བས། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ་བའི་ལྷ། །སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་པའི་དབྱངས། །གདུག་པ་འདུལ་ཕྱིར་འཇིགས་བྱེད་གཤིན་རྗེའི་གཤེད། །ལས་བྱེད་སྤྲུལ་པ་གཤིན་རྗེའི་འཁོར་དང་བཅས། །འདི་ནི་དབའ་བོ་གཅིག་པའི་དབང་དུ་བྱས་ལ། །འདིར་གཏི་མུག་གཤིན་རྗེ་གཤེད་སོགས་འཁོར་དང་བཅས། །སྦྱོར་བར་གསུངས་པ་ལྟར་ལེགས། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། ༀ་ཧྲཱིཿཧཱ་བྷོ་མ་ཧཱ་ཀྲོ་དྷ་ཨཱ་ག་ཙྪ་ཨ་ག་ཙྪ་ཨསྨཱར་པཱུ་ཛ་པྲ་ཏི་གྲྀཧྣ་ནྟཱ་པྲ་སཱ་ད་མེཿདྷཱིཿམཱ་ན་ཀུ་རུ་སྭཱཧཱ། བསྡུ་ན་ཚིགས་བཅད་བཞག །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིག་བྱེད་ལྷ་བཅུ་གསུམ་གྱི་ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྗོད་ལ། ཁྲོ་བོ་སྤྲོས་ཏེ་ཕྱི་འབྲང་གི་བགེགས་ཚར་བཅད་ལ་བསྲུང་། ༀ་ཧྲཱིཿཥྚྲཱིཿཧཿཞེས་སོགས་ཀྱིས་མཆོད། ༀ་མུངྒ་ར་ཛཿཞེས་པའི་སྔགས་ཀྱིས་དམ་ཚིག་པ་སོ་སོའི་སྤྱི་བོར་དགུག །ༀ་དཎྜ་ཧཱུཾ། གིས་དམ་ཚིག་པ་སོ་སོ་ལ་གཞུག །ༀ་པདྨ་པཾ། གྱིས་དམ་ཚིག་པ་སོ་སོ་དག་དབྱེར་མེད་དུ་བཅིང་། ༀ་ཁངྒ་ཧོཿ ས་དབང་དུ་བྱའོ། །དེ་ནས་ༀ་ཧྲཱིཿཧཱ་བྷོ་ཞེས་སོགས་ཕྱག་རྒྱ་དང་བཅས་ཏེ། སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བཅས་པ་མདུན་གྱི་ནམ་མཁའ་སྤྱན་དྲངས། ༀ་ཧྲཱིཿཥྚྲཱིིཿཧཿ སོགས་ཀྱི་ཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས། ཟླ་བ་ལྟ་བུའི་བུམ་པ་དཀར་པོ་བདུད་རྩི་ལྔས་བཀང་བ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། སྐྱེ་བས་ཐོབ་པའི་དབང་བསྐུར་བ། །ཇི་ལྟར་དེ་བཞིན་བདག་གིས་ནི། །དག་པ་ལྷ་ཡི་ཆུས་དབང་བསྐུར། །ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས། །དབང་གི་ཆུས་ལུས་ཐམས་ཅད་གང་། །དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པ། ལྷ་གཞན་ཤར་དང་ཤར་ལྷོ་བ་རྣམས་ལ་རྣམ་སྣང་། ལྷོ་དང་ལྷོ་ནུབ་པ་རྣམས་ལ་རིན་འབྱུང་། ནུབ་དང་ནུབ་བྱང་བ་རྣམས་འོད་དཔག་མེད། བྱང་དང་བྱང་ཤར་བ་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བའོ། །མཆོད་པ་རྒྱས་པར་ན། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང་། །སྨེ་བའི་རྟོག་པ་མི་མངའ་ཡང་། །སྲི་ཞུའི་ཚུལ་གྱི་ཡོན་ཆབ་འདིས། །བདེ་གཤེགས་རྣམས་ལ་སྐུ་ཁྲུས་གསོལ། །ༀ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང་། །སྨེ་བའི་རྟོག་པ་མི་མངའ་ཡང་། །སྲིད་ཞུའི་ཚུལ་གྱི་ཞབས་བསིལ་འདིས། །བདེ་གཤེགས་རྣམས་ལ་ཞབས་ཁྲུས་གསོལ། །ༀ་ཡ་མཱནྟ་ཀ༴ པཱ་དྱཱཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། རྒྱལ་བ་རྣམས་ནི་ཡོན་ཏན་མཆོག་གི་སྐུ། །ཚུལ་ཁྲིམས་རྣམ་པར་དག་པའི་ངད་ལྡན། །སྒྱུ་མའི་ཆོས་ལ་ཡེ་ཤེས་དབང་བསྒྱུར་ཞིང་། །རང་བཞིན་རྣམ་དག་ཆགས་རྡུལ་མི་མངའ་ཡང་། །བདག་ཅག་སྲིད་ཞུ་གུས་པའི་ཚུལ་གྱིས་སུ། །དྲི་མཆོག་གཙང་མར་བཤམས་ཏེ་ཕུལ་བ་ཡིས། །བསོད་ནམས་ཡན་ལག་ཡོངས་སུ་རྫོགས་གྱུར་ཅིག །ༀ་ཡ་མཱནྟ་ཀ༴ གནྡྷེ༴ རྒྱལ་བ༴ བྱང་ཆུབ་ཡན་ལག་རྒྱན་གྱི་མེ་ཏོག་མཛེས། །སྒྱུ་མའི་༴རང་བཞིན༴ བདག་ཅག༴ མེ་ཏོག༴ །བསོད་ནམས༴ ༀ༴ པུཥྤེ༴ དེ་བཞིན་དུ་སྦྱར་ཏེ། །ཡེ་ཤེས་ཕོ་བྲང་མཚན་དཔེའི་མེ་ཏོག་སྤོས། །བདུག་སྤོས༴ དྷུ་པཾ༴ མ་རིག་མུན་དང་བྲལ་བའི་ཡེ་ཤེས་བདུན་གྱི་གསལ། །སྣང་གསལ༴ ཨཱ་ལོ་ཀེ༴ ནོར་བདུན་ཡོན་ཏན་ཆོག་ཤེས་བདུད་རྩིའི་ཟས། །བཤོས་བཟང་༴ ནེ་ཝི་དྱ༴ བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཅིང་། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག །ཤཔྟ༴ ཡང་ན་ༀ་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད་པའམ། ༀ་ཧྲཱིཿཥྚིཿཧཿ སོགས་ཀྱིས་མཆོད། འཛམ་བུའི་གླིང་དང་གླིང་གཞན་དག །གཟུགས་མཆོག་ཚོགས་ཀྱིས་གང་བ་ཡང་། །བླ་མ་གཤིན་རྗེའི་གཤེད་པོ་ལ། །ཞུམ་པ་མེད་པར་བཅས་ཏེ་འབུལ། ༀ༴ རཱུ་པ༴ དེ་བཞིན་དུ་སྦྱར་ཏེ། སྒྲ་བརྙན༴ ཤཔྟ༴ དྲི་མཆོག༴ གནྡྷེ༴ རོ་མཆོག༴ ར་ས༴ རེག་མཆོག༴ སྤར་ཤ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ནས། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །ཞེས་སོགས་ཀྱིས་མཆོད་པའམ་མིན་ཀྱང་རུང་། ནང་མཆོད་ནི། ༀ་མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿ་ཧཱུཾ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་དུ༴ ཡེ་ཤེས་ཀྱི་མཁའ་འགྲོ་མའི༴ ལ་ལི་ཏ་བཛྲའི༴ ཨ་མོ་གྷ་བཛྲཱི༴ ཡེ་ཤེས་འབྱུང་གནས་སྦས་པའི༴ །པདྨ་བཛྲཱི༴ དཱི་པཱཾ་ཀ་ར་རཀྵི་ཏའི༴ རྭ་ལོ་ཙཱ་རྡོ་རྗེ་གྲགས་ཀྱི༴ རྭ་ཆོས་རབ་ཀྱི༴ རྭ་ཡེ་ཤེས་སེངྒེའི༴ རྭ་འབུམ་སེང་གེའི༴ རྗེ་བཙུན་རྒཱ་ལོའི༴ རོང་བ་ཤེས་རབ་སེང་གེའི༴ བླ་མ་ཡེ་ཤེས་དཔལ་བའི༴ ཆོས་རྗེ་དོན་གྲུབ་རིན་ཆེན་གྱི༴ ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི༴ །མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ༴ །གཞན་ཡང་དབང་བསྐུར་རྒྱུ་བཤད་མན་ངག་གནང་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ་ཧཱུཾ། ཧྲཱིཿཥྚྲཱིའི་མཐར། ༀ་ཨཱཿཧཱུཾ། ༀ་བཛྲ་བེཏྟཱ་ལི༴ ༀ་ཨཱཿཧཱུཾ། ༀ་ཛི་ན་ཛིཀ༴ ། ༀ་ཨཱཿཧཱུཾ། དེ་བཞིན་དུ་ལྷ་སོ་སོའི་སྔགས་ཀྱི་མཐར། ༀ་ཨཱཿཧཱུཾ། བཏག་ལ་དབུལ། གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་གྱི་ཞལ་དུ༴ ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱིི་ཞལ་དུ༴ གཞན་ཡང་སྔོན་སངས་རྒྱས་མཐོང་བ། དམ་པའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བསྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པ་བླ་མ་གོང་མ་རྣམས་ཀྱིས་བསྟེན་ཞིང་བསྒྲུབས་པའི་བསྲུང་མ་དམ་ཚིག་ཅན་རྣམས་ཀྱི༴ །ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་དབང་པོ་དང་། རྣལ་འབྱོར་མ་དང་། ཕྱོགས་སྐྱོང་དང་། ཞིང་སྐྱོང་དང་། ཀླུ་ལ་སོགས་པ་རྣམ་ཀྱི༴ གཞི་བདག་གཉུག་མར་གནས་པ་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། རང་གི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྣམ་པར་སྤྱན་དྲངས། རང་གི་ལུས་ལ་ཞུགས་པར་གྱུར། ༀ་ཧྲཱིཿཥྚྲཱིིཿཝི་ཀྲྀ༴ ༀ་ཨཱཿཧཱུཾ་ཞེས་བརྗོད་དེ། བདུད་རྩི་ལྕེ་ཐོག་ཏུ་བཞག །ༀ་ཨ་མྲཾ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་རང་གི་ལུས་ལ་གནས་པའི་མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར། གསང་མཆོད་བྱེད་ན། ཡབ་ཀྱི་གསང་གནས་མི་དམིགས་པ་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ལྕེ་ལྔ་པ། ༀ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས། ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱཿལས་བྱུང་བའི་ཟེ་འབྲུ་བུ་ག་ཕཊ་ཀྱིས་བཀག་པ། བསམས་ལ། སྙོམས་པར་ཞུགས་པའི་དགའ་བ་རྩམ་སྟེ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཧཾ། རང་ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས། དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་སྟེ། བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་དགྱེས་པར་གྱུར། དེ་ནས་བསྟོད་པ་བརྒྱས་པར་ན། འཇམ་དཔལ་གསེར་མདོག་མ་དང་། བསྡུ་ན། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ་། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔའ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེ་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་འཁོར་གྱི་ལྷ་རྣམས་ཀྱིས་གཙོ་བོ་ལ་བྲག་ཆའི་དབྱངས་བཞིན་དུ་བསྟོད་པར་བསམ་མོ། །དེ་ནས་གཙོ་བོས་འཁོར་རྣམས་ལ་བསྟོད་པར་བསམས་ལ། གཤིན་རྗེའི་གཤེད་པོ་རབ་འཇིགས་པ། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེའི་གཤེད་པོ་རབ་འཇིགས་པ། ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེའི་གཤེད་པོར་རབ་འཇིགས་པ། །རྡོ་རྗེ་གསུང་དང་རབ་མཚུངས་པ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེའི་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས། ཡང་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། སངས་རྒྱས ཐམས་ཅད་གཅིག་བསྡུས་པ། སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད་དེ། དེ་ནས་དཔྱད་བསྒོམ་དང་འཇོག་བསྒོམ་གཉིས་ཀྱི་སྒོ་ནས་གསལ་སྣང་བསྒྲུབ་ཅིང་ང་རྒྱལ་བརྟན་པ་ལ་བསླབ་པར་བྱའོ། །བསྒོམ་པས་སྐྱོན་དག་པ་དྲན་པར་བྱ་སྟེ། །དེ་ལྟར་ཞལ་དགུ་ནི་གསུང་རབ་ཡན་ལག་དགུ། རྭ་གཉིས་ནི་བདེན་པ་གཉིས། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་གྱི་བྱང་ཕྱོགས་སོ་བདུན། །ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག །ཡུམ་དང་སྦྱོར་བ་ནི་བདེ་བ་ཆེན་པོ་རྒྱས་པ། མིག་ལ་སོགས་པ་ནི་དངོས་གྲུབ་བརྒྱད་དང་། བྱ་རྒོད་ལ་སོགས་པ་ནི་དབང་ཕྱུག་བརྒྱད་དག་པ་ཡིན་ལ། གཅེར་བུ་ནི་སྒྲིབ་གཡོགས་མེད་པ་དང་། སྐྲ་གྱེན་དུ་བརྗེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའོ། །དེ་དག་གི་དོན་མདོར་བསྡུ་ན། གཏན་ལ་དབབ་པའི་གཞི། གསུང་རབ་ཡན་ལག་དགུའི་བརྗོད་བྱ་ཀུན་རྫོབ་སྒྱུ་མ་དང་། དོན་དམ་ནམ་མཁའ་ལྟ་བུ་ཁོང་དུ་ཆུད་པའི་ལམ་བྱང་ཕྱོགས་སོ་བདུན་ཡིན་ལ། ལམ་དེའི་གཙོ་བོ་དོན་དམ་རྟོགས་པ་ལ་ནི། སྟོང་ཉིད་བཅུ་དྲུག་གི་རྟོགས་པ་ཡོད་དེ། དེ་ཡང་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་ཞུགས་པའོ། །ལམ་དེས་བགྲོད་པའི་འབྲས་བུ་དངོས་གྲུབ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ཀྱི་གཙོ་བོ་ནི། སྒྲིབ་པ་ཟད་པའི་མྱང་འདས་སོ། །ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ཤར་བའི་སྐུས། དེ་ལྟར་མཚོན་པ་གོ་བར་བྱེད་པའོ། །དེ་ནས་ཕྲེང་བ་འབྱིན་བརླབ་བྱ་ཚུལ་ནི། ཕྲེང་བ་ཧྲཱིཿཥྚྲཱིིཿས་བསངས་སྭ་བྷཱ་ཝས་སྟོང་པར་སྦྱངས་སྟོང་པའི་ངང་ལས་མེ་ལས་པདྨ་མེས་མཚན་པ་ཡོངས་སུ་གྱུར་པ་ལས་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་ཞེས་པ་ནས་ཐོད་པ་ཐུགས་ཀར་འཛིན་ཅིང་༴ འཁོར་ལོ་འཛིན་པ་དེའི་མིག་གཉིས་སུ་ཀྵིཾ། རྣ་བར་ཛྲིཾ། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾ། ལྟེ་བར་སཾ། སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། །དབང་གི་ལྷ་རྣམས་སྤྱན་དྲངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱི་དབུ་བརྒྱན་པར་གྱུར། །ༀ་ཨཱ་རོ་ལི་ཨརྒྷཾ་སོགས་ཀྱི་མཆོད། ༀ་ཨཱ་རོ་ལི་ཀ་ༀ་ཨཱཿཧཱུཾ། གིས་ནང་མཆོད། འདོད་ཆགས་རྡོ་རྗེ་ཞེས་སོགས་ཀྱི་བསྟོད། ༀ་ཨཱ་རོ་ལིཀ་ཧཱུཾ་ཕཊ། ཅེས་བཟླས་པའི་མཐར། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་འདོད་ཆགས་གཤིན་རྗེེ་གཤེད་ཞུ་བ་ལས་བྱུང་བའི་བགྲང་ཕྲེང་ཁྲག་འཛག་པའི་མི་མགོའི་ཕྲེང་བའི་རྣམ་པ་ཅན་དུ་གྱུར་པར་བསམ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་བྱུང་བར་གྱུར་བར་བསམས་ཏེ། ༀ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་འགྲུབ་དང་། ༀ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ནི་རྩ་སྔགས་སམ་ཕྲེང་སྔགས་སོ། །ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པ་ན ི་ལས་ཀྱི་སྔགས་སོ། །ༀ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། ཅེས་པ་ནི་སྙིང་པོའོ། །ༀ་བཛྲ་བེདྟ་ལཱི་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཛཿསྭཱ་ཧཱ། ཡུམ་གྱི་སྔགས་སོ། །ༀ་ཛི་ན་ཛིཀ་ཧཱུཾ་ཕཊ། ༀ་རཏྣ་དྷྲྀཀ་ཧཱུཾ་ཕཊ། ༀ་ཨཱ་རོ་ལིཀ་ཧཱུཾ་ཕཊ། ༀ་པྲཛྙཱ་དྷྲྀཀ་ཧཱུཾ་ཕཊ། ༀ་མུངྒ་ར་དྷྲྀཀ་ཧཱུཾ་ཕཊ། ༀ་དཎྜ་དྷྲྀཀ་ཧཱུཾ་ཕཊ། ༀ་པདྨ་དྷྲྀཀ་ཧཱུཾ་ཕཊ། ༀ་ཁཌྒ་དྷྲྀཀ་ཧཱུཾ་ཕཊ། ༀ་མོ་ཧ་ར་ཏི་ཧཱུཾ་ཕཊ། ༀ་དཱེ་ཥ་ར་ཏི་ཧཱུཾ་ཕཊ། ༀ་རཱ་ག་ར་ཏི་ཧཱུཾ་ཕཊ། ༀ་བཛྲ་ར་ཏི་ཧཱུཾ་ཕཊ། ཅེས་པ་རྣམས་འཁོར་གྱི་ལྷ་རྣམས་ཀྱི་སྔགས་སོ། །གྲངས་ནི། བསྙེན་པ་ལ། རྩ་སྔགས་འབུལ། ལས་སྔགས་སུམ་འབུལ། སྙིང་པོ་ལ་བདུན་འབུམ་བྱ་བར་གསུངས་པ་ལྟར་རོ། །མཐར་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བརྗོད་ཅིང་། མཆོད་བསྟོད་མདོར་བསྡུས་བྱའོ། །གཏོར་མ་འབུལ་ན། བྱིན་གྱིས་བརླབས་ཏེ། ཅུང་ཟད་རྒྱས་པར་ན། ༀ་སྭ་བྷཱ་ཝས་སྦྱངས་སྟོང་བའི་ངང་ལས་མདུན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་བར་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། །སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གདན་དང་བཅས་པའི་དབུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ། ཤར་དུ་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་ཞེས་པ་ནས། བྱང་ཤར་དུ་གཽ་རི་ཡབ་ཡུམ། ཕྱིའི་གྲྭ་བཞིར་མིའི་ཐོད་པ་བདུད་རྩིས་གང་བ་བཞི་ཞེས་ཡེ་ཤེས་པའི་རྟེན་བརྟེན་པ་བསྐྱེད། ཕྱོགས་སྐྱོང་གསལ་འདེབས་རྒྱས་པར་ན་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། །ༀ་ཧྲཱིཿཥྚྲཱིིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སརྦ་དུཥྚཾ་ཨིནྟ་ཨཱ་དི་ན་ས་པཱ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛཿསྭཱཧཱ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ལག་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཟུང་། མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་ནས། དཀྱིལ་འཁོར་ཕྱིའི་ཕྱོགས་མཚམས་རྣམས་སུ་འཁོད་པ་ནི། ཤར་དུ་དབང་བོ་དམར་སེར་གླང་པོ་ཆེ་ལ་ཞོན་པ། མིག་སྟོང་པ། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། དེའི་གཡོན་དུ་ཉེ་དབང་ནག་པོ་ནམ་མཁའ་ལྡིང་ལ་ཞོན་པ། གཡས་གཉིས་སྲུབ་ཤིང་དང་འཁོར་ལོ། །གཡོན་གཉིས་དུང་དང་ནོར་བུ་ཀོ་སྟུ་བྷ་ཐོགས་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ། སྐྲ་དམར་སེར་གྱེན་དུ་འབར་བ། གཡས་དབྱུག་པ་དང་གཡོན་སྡིགས་མཛུབ་མཛད་པ། ནུབ་ཏུ་ཆུ་ལྷ་དཀར་པོ་སྤྲུལ་ལ་ཞོན་པ་སྤྲུལ་ཞགས་འཛིན་པ། བྱང་དུ་ལུས་ངན་སེར་པོ་ཤ་རྒྱས་པ། གཏེར་ལ་གནས་པ། གཡས་ས་བོན་གྱི་གྲོང་ཁྱེར་དང་གཡོན་ནེའུ་ལེ་ཐོགས་པ། དེའི་གཡོན་དུ་ཚོགས་བདག་གླང་སྣ་དཀར་པོ་བྱི་བ་ལ་ཞོན་པ། གཡས་གཉིས་བགྲང་ཕྲེང་དང་དགྲ་སྟ། གཡོན་གཉིས་ལ་ཕུག་དང་ལ་དུ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ། རལ་བའི་ཐོར་ཅོག་ཅན། རྩེ་གསུམ་དང་ཐོད་པ་ཐོགས་པ། ལག་པ་གཉིས་ཀྱིས་གཽ་རི་ལ་འཁྱུད་པ། མེར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། སྲིན་པོར་སྲིན་པོ་སྔོན་པོ་ར་ལ་ཞོན་པ་ཁྲོ་ཞིང་རྔམས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། རླུང་དུ་རླུང་ལྷ་དུ་བའི་མདོག་ཅན་རི་དྭགས་ལ་ཞོན་པ། ལག་པ་གཉིས་ཀྱིས་རླུང་རས་འཛིན་པ། སྟེང་དུ་ཟླ་བ་དཀར་པོ་ཀུ་མུ་དའི་སྟེང་ན་གནས་པ། །ལག་པ་གཉིས་ཀྱིས་ཀུ་མུད་འཛིན་པ། ཉི་མ་དམར་པོ་རྟ་མཆོག་བདུན་ལ་ཞོན་པ། ལག་པ་གཉིས་ཀྱིས་པདྨ་འཛིན་པ། ཚངས་པ་སེར་པོ་གདོང་བཞི་པ་ངང་བ་ལ་ཞོན་པ། གཡས་པས་སྤྱི་བླུགས་དང་མི་འཇིགས་པ། གཡོན་པས་དབྱུག་པ་དང་བགྲང་ཕྲེང་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ། གཡས་དབང་བོར་ཁས་ལེན་རིང་། གཡོན་བུམ་པ་འཛིན་པ། ཐགས་བཟང་རིས་སྔོན་པོ་ཤིང་རྟ་ལ་ཞོན་པ། གཡས་རལ་གྲི་དང་གཡོན་སྡིགས་མཛུབ་ཅན་རྣམས་ཏེ། དེ་དག་གི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པར་གྱུར། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་སརྦ་དུཥྚཾ་ཨིནྡྲ་ཨཱ་དི་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེའི་གཤེད་ཕྱག་ན་ཕུར་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་རྐང་པའི་བར་དུ་ཕུར་བུས་བཏབ་པས། གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ། སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པའི་གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ། རྣ་བར་ཛྲིཾ། ཞེས་པ་ནས། ཧཱུཾ་སྔོན་པོ་མཚན་པར་གྱུར་ཅེས་སྐྱེ་མཆེད་བྱིན་བརླབ་བྱ། དེ་ནས། ༀ་ཧྲཱིཿཧ་བྷོ་མ་ཧཱ་ནས། དེ་ཉིད་ལ་ཐིམ་པར་གྱུར་ཅེས་ཡེ་ཤེས་པ་དགུག་གཞུག་དབང་བསྐུར་རྒྱས་གདབ་རྣམས་སྒྲུབ་ཐབས་ལྟར་བྱ་ཞིང་། མཆོད་བསྟོད་མདོར་བསྡུས་བྱས་ཏེ། ལྗགས་བྱིན་གྱིས་བརླབས་ནས་གཏོར་མ་གཞུང་བཞིན་ཕུལ་ཏེ་མཆོད་བསྟོད་ཀྱང་བྱ། དེ་ནས་ཕྱོགས་སྐྱོང་རྣམས་ཀྱི་ལྗགས་བྱིན་གྱིས བརླབས་ནས་རྩ་སྔགས་སྔོན་དུ་བཏང་བའི་གཏོར་མ་འབུལ་ཚུལ་སྔར་བཞིན་བྱའོ། །གཤེད་གསོལ་འོག་ནས་འཆད་པ་ལྟར་བྱའོ། །གཏོར་མ་འབུལ་ཚུལ་ཤིན་ཏུ་བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་དཔལ་རྡོ་རྗེ་འཇིག་བྱེད་ལྷ་བཅུ་གསུམ་གྱི་ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པས་བསྐོར་བ་སྤྱན་དྲངས་ཏེ། ཕྱོགས་སྐྱོངས་རྣམས་སྐད་ཅིག་གིས་འོད་གསལ་དུ་བཅུག་པར་ལས་དཔལ་རྡོ་རྗེ་འཇིག་བྱེད་ཞེས་པ་ནས། སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾཾ་ལས་ནས། རྣམས་སུ་གྱུར། འདས་གཏོར་འབུལ་རྗེས་སུ། རྩ་སྔགས་བརྗོད་ཅིང་བྷཱུ་ཙ་ར་ནཾ། ཞེས་སོགས་ཀྱིས་སྔར་བཞིན་ཕུལ་ནས་འཕྲིན་ལས་བཅོལ་ཏེ་གཤེགས་གསོལ་བྱའོ། །ལས་གཤིན་ལ་གཏོར་འབུར་བསྡུས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ༀ་ཡ་མ་རཱ་ཛ་ས་པཱ་རི་ཝ་ར་ཨཱ་ཀརྵྱ་ཡ་ཛཿཛཿཛཿ ཀ་མ་ལཱ་ཡེ་སྟྭཾ། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཀཱ་ལ་རུ་པ་ཙ་མུཎྜི་ས་པཱ་རི་ཝ་ར་ནས། ཁཱ་ཧི་གསུམ་གྱིས་ཐུན་མོང་དུ་ཕུལ་ནས་མཆོད་ཡང་ན་སོ་སོར་འབུལ་ལོ། །བསྟོད་པ་ནི། འཇམ་དཔལ་བཀའ་མཉན་ཞེས་སོགས་ཚིགས་བཅད་གཅིག་གམ། དེའི་མཇུག་ཏུ་སྡང་བའི་དགྲ་དང་ཞེས་སོགས་ཀྱིས་འཕྲིན་ལས་བཅོལ། མ་རྙེད་ཞེས་སོགས་ཀྱིས་བཟོད་པ་གསོལ། །གཤེད་རྗེ་གཤེད་ཀྱི་ཡིག་བརྒྱ་བརྗོད་ཅིང་གཤེགས། །འདས་མ་འདས་ཐུན་མོང་དུ་གཤེགས་གསོལ་བྱེད་ན། ༀ་ཨཱཿ ཧཱུཾ་བཛྲ་མུཿ འཇིག་རྟེན་ལས་འདས་པའི་ཡེ་ཤེས་པ་རྣམས་གཤེགས་ཤིང་དམ་ཚིག་པ་བདག་ཉིད་ལ་ཐིམ། འཇིག་རྟེན་པའི་མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་གྱུར་ཅེས་བརྗོད་ཅིང་བསམ། རྟེན་ཡོད་ན་བརྟན་བཞུགས་བྱའོ། །མེད་ན་འདིར་ཡང་མཆོད་བསྟོད་བྱ། ཉེར་བརྒྱད་བྱེད་ན། བསྒོམ་པའི་དཀྱིལ་འཁོར་གྱི་དུར་ཁྲོད་སྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་རྣམས་ལ་ཐིམ། འཁོར་རྣམས་དང་ཡུམ་རང་ལ་ཐིམ། །རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། ཏིང་ངེ་འཛིན་སེམས་དཔའི་ཞབས་ཀྱུ་ཨུ་ནི་ཧ་ལ། ཧ་ནི་ཧའི་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པ་སྟོང་པར་གྱུར། སྟོང་པའི་ངང་ལས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་པའི་མིག་གཉིས་སུ་ཀྵིཾ་ནས་ཧཱུཾ་གིས་མཚན་པར་གྱུར་བསམས་ལ། སྨོན་ལམ་ཤིས་བརྗོད་བྱའོ། །འདི་ཡང་ཅོ་ནེའི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་རེ་གཉིས་ལ་ཕན་ཆེད་འཇུག་པ་བདེ་བར་བསྒྲིགས་པ་སྟེ། གཞན་ལ་ཕན་ཐོགས་པར་གྱུར་ཅིག །དགེ་ལེགས་འཕེལ། མངྒལཾ།། །།


previousདཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་མངོན་རྟོགས་ནག་འགྲོས་སུ་བཀོད་པ་བདེ་ལམ།next