Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
གཏེར་སྟོན་སྤྲུལ་སྐུའི་གསང་བའི་རྣམ་ཐར་སྐྱེས་རབས་རྩ་ཚིག་དང་དེའི་འགྲེལ་པ།
   
   
   
   
   


 
previousགཏེར་སྟོན་སྤྲུལ་སྐུའི་གསང་བའི་རྣམ་ཐར་སྐྱེས་རབས་རྩ་ཚིག་དང་དེའི་འགྲེལ་པ།next

གཏེར་སྟོན་སྤྲུལ་སྐུའི་གསང་བའི་རྣམ་ཐར་སྐྱེས་རབས་རྩ་ཚིག་དང་དེའི་འགྲེལ་པ།


CMR003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གཏེར་སྟོན་སྤྲུལ་སྐུའི་གསང་བའི་རྣམ་ཐར་སྐྱེས་རབས་རྩ་ཚིག་དང་དེའི་འགྲེལ་པ་བཞུགས།།


CMR003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བརྡ་ཡིག ན་མོ་གུ་རུ། རིགས་ཀྱི་བདག་པོ་པདྨ་འབྱུང་། །མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། །གཏེར་སྟོན་སྤྲུལ་སྐུའི་སྐྱེས་རབས་ནི། །རྩ་ཚིག་བསྡུས་པ་པད་འབྱུང་དང་། །ཐུགས་རྗེ་ཆེན་པོས་དངོས་སུ་གསུངས། །དེ་དག་ལོ་རྒྱུས་རྒྱས་པ་ནི། །སྤྲུལ་སྐུ་ཉིད་ཀྱིས་དྲན་ཚུལ་རྣམས། །སྒྲོ་འདོགས་སྐུར་འདེབས་སྤངས་བྱས་ནས། །ཉུང་ངུར་བསྡུས་ཏེ་ཚིགས་བཅད་བྲི། །དེ་ལ་ས་བཅད་གཉིས་ཡིན་ཏེ།། །དོན་དམ་ཡེ་ཤེས་སྤྲུལ་རྒྱུད་དང་། །ཀུན་རྫོབ་འཇིག་རྟེན་ལས་རྒྱུད་གཉིས། །དང་པོ་སྤྲུལ་རྒྱུད་བཤད་པ་ལ། །


CMR003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་བྱེ་བྲག་གཉིས་ཡིན་ནོ། །སྤྱི་ནི་མདོ་རྒྱུད་ཐམས་ཅད་ནས། །འཁོར་བ་དང་ནི་མྱ་ངན་འདས། །ཆོས་ཉིད་ངང་དུ་དབྱེར་མེད་གསུངས། །དེ་བཞིན་པད་སྡོང་བརྩེགས་པ་ལས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། །ཡེ་ཤེས་ལྷ་ཡི་ཡང་སྤྲུལ་གསུངས། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ། །ཀུན་ཀྱང་གཞི་དུས་རྡོ་རྗེ་འཆང་། །ཡིན་ཞེས་མདོ་རྒྱུད་ཐམས་ཅད་མཚུངས། །འདིར་ནི་སྤྲུལ་རྒྱུད་བཤད་པ་སྟེ། །དེ་ལྟར་གཞི་ཡི་བཤད་པ་མིན། །ལམ་དང་འབྲས་བུ་སྤྲུལ་རྒྱུད་ཡིན། །སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག །དེ་བཞིན་ཡེ་ཤེས་ཀློང་དུ་གཅིག །


CMR003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་མདོ་རྒྱུད་བཀའ་གཏེར་མཐུན། །སངས་རྒྱས་སྤྱི་མྱེས་ཀུན་ཏུ་བཟང་། །སྤྱི་ཏིའི་སྟོན་པ་ཀུན་ཏུ་འཆང་། །ངོ་བོ་གཅིག་པ་སྨོས་ཅི་དགོས། །ཡོ་གའི་རྒྱུད་སྡེ་ཐམས་ཅད་ནས། །སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །དེ་ཉིད་ཕྱག་ན་རྡོ་རྗེ་བཤད། །ཀུན་ཏུ་བཟང་པོ་ལོངས་སྤྱོད་རྫོགས། །དེ་ནི་རྣམ་པར་སྣང་མཛད་དུ། །རྫོགས་ཆེན་ལོ་རྒྱུས་ཀུན་ལས་འབྱུང་། །རྣམ་སྣང་ཉིད་ཀྱིས་སྤྲུལ་པ་ནི། །སེམས་དཔའ་བཅུ་དྲུག་ཡིན་པ་ནི། །ཡོ་གའི་རྒྱུད་དང་བཤད་འགྲེལ་གསལ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་སོགས་རྡོར་སེམས་བསྟོད་པ་ལ། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །ཞེས་གསུངས་རྡོར་སེམས་ཕྱག་རྡོར་གཉིས། །ཞི་དྲག་ཁྱད་ཡིན་ངོ་བོ་གཅིག །ཀུན་དགའ་བོ་དང་ཕྱག་རྡོར་གཉིས། །ངོ་བོ་གཅིག་པར་ངེས་པ་ནི། །རི་གི་ཨ་ར་ལི་ཡི་ནི། །རྒྱུད་ལས་གསལ་བར་གསུངས་པའོ། །མདོ་སྡེ་པདྨ་དཀར་པོ་ལས། །ཀུན་དགའ་བོ་ནི་ས་བཅུ་པ། །ཡིན་ཡང་རང་གིས་མི་ཤེས་ཏེ། །དགྲ་བཅོམ་ཙམ་ཡང་མ་ཐོབ་སེམས། །ཞེས་གསུངས་སྟོན་པ་འདས་རྗེས་སུ། །དགྲ་བཅོམ་ཐོབ་ནས་བཀའ་བསྡུ་མཛད། །ཀུན་དགའ་བོ་ཡི་སྐྱེ་བ་ནི། །བཻ་རོ་ཙཱ་ན་


CMR003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཚུལ། །ཨོ་རྒྱན་རྗེ་ཡི་ལུང་བསྟན་ནས། །སྤྲུལ་པའི་ལོ་ཙཱ་རྩོད་བྲལ་ལོ། །གུ་རུ་ཤྲཱི་སེང་ཧ་ཡིས། །ལོ་ཙཱ་བཻ་རོ་ཙཱ་ན་ལ། །རྫོགས་ཆེན་སྙན་བརྒྱུད་གནང་ནས་ཀྱང་། །ཁྱོད་དང་ཀུན་བཟང་རྡོ་རྗེ་སེམས། །དབྱེར་མེད་ཁྱོད་ཉིད་ཚེ་འཕོས་ནས། །བསྐལ་པ་སྟོང་དང་ལྔ་བརྒྱ་རུ། །བསྟན་པ་འཛིན་པར་ལུང་བསྟན་ཏོ། །ཨོ་རྒྱན་ཆེན་པོས་ལན་མང་དུ། །ལོ་ཆེན་བཻ་རོ་ཙཱ་ན་ནི། །རྣམ་པར་སྣང་མཛད་སྤྲུལ་པར་གསུངས། །པད་འབྱུང་རྒྱ་ནག་གདན་འདྲེན་དུས། །བཻ་རོ་ཙཱ་ན་མཁས་པ་ཆེ། །ཀུན་ཏུ་འཆང་གི་སྤྲུལ་པ་སྟེ། །ང་ཡི་ཚབ་ལ་བཏང་ཞེས་གསུངས། །པད་འབྱུང་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ང་ཡི་སྤྲུལ་པ་ལས། །རེ་རེ་ལ་ཡང་ལྔ་ལྔར་བཤད། །པད་འབྱུང་ཡོན་ཏན་སྤྲུལ་པ་ནི། །མཚོ་རྒྱལ་ཡིན་ཅིང་མཚོ་རྒྱལ་གྱི། །གསུང་སྤྲུལ་བཻ་རོ་ཙཱ་ན་དང་། །ཕྲིན་ལས་སྤྲུལ་པ་ལང་གྲོར་གསུངས། །རྗེ་འབངས་ཉེར་ལྔ་གཏེར་སྟོན་ཀུན། །སྟོན་འཁོར་ཐ་མི་དད་པའི་ཕྱིར། །པད་འབྱུང་བྱིན་བརླབས་སྤྲུལ་པར་ངེས། །པད་འབྱུང་ཉིད་དང་རྗེ་འབངས་ལྔ། །སྤྲུལ་པ་གཅིག་བསྡུས་སྤྲུལ་སྐུ་འདི། །ཡིན་ཚུལ་གནམ་ཆོས་པད་འབྱུང་གསུངས། །


CMR003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ང་བཻ་རོ་ཙཱ་ནའི་སྐུ་ཡི་སྤྲུལ། །ཤུད་པུ་དཔལ་སེང་གསུང་གི་སྤྲུལ། །ལང་གྲོ་དཀོན་མཆོག་ཐུགས་ཀྱི་སྤྲུལ། །སྣ་ནམ་ཡེ་ཤེས་ཡོན་ཏན་སྤྲུལ། །ཤྲཱི་བཛྲ་ཕྲིན་ལས་སྤྲུལ། །ཨོ་རྒྱན་ང་ཡི་སྤྲུལ་པ་ཡིན། །ཞེས་གསུངས་ཕྱིར་ན་ངེས་པར་ནི། །ལང་གྲོ་དཀོན་མཆོག་འབྱུང་གནས་དང་། །སྣ་ནམ་ཡེ་ཤེས་ཤྲཱི་བཛྲ། །རྗེ་འབངས་གསུམ་དང་པད་འབྱུང་གིས། །བྱིན་གྱིས་བརླབས་པའི་སྤྲུལ་པར་ངེས། །སྐྱེས་རྒྱུད་བཻ་རོ་ཙཱ་ན་དང་། །ཤུད་པུ་དཔལ་སེང་གཉིས་ཀ་ཡིན། །དེ་གཉིས་དུས་མཉམ་ངོ་བོ་གཅིག །སྐུ་ཡི་བཀོད་པ་གཉིས་ཡིན་ཏེ། །གནམ་ཆོས་ཐུགས་གཏེར་འདི་ཉིད་ལས། །རྡོ་རྗེ་གྲོ་ལོད་ཉིད་ཀྱིས་ནི། །དངོས་སུ་གསུངས་ཤིང་ལུང་བསྟན་པ། ཨོཾ༔ བརྡ་ཡིག ན་མོ་གུ་རུ༔ ང་དབང་དྲག་རྒྱ་མཚོ་དངོས་ཡིན་ནོ༔ བི་ཤུད་རོ་པུ་ཙོ་དཔལ་ན༔ སེང་རྣམས་ངོ་བོ་གཅིག་ཡིན་ནོ༔ ས་མ་ཡ༔ བརྡ་ཡིག ཅེས་གསུངས་ཕྱིར་ན་དོན་གཅིག་ཅིང་། །སྐྱེས་རབས་རྩ་ཚིག་བཻ་རོ་གསལ། །ཀུན་དགའ་བོ་དང་བཻ་རོ་ཡི། །ངོ་བོ་གསང་བདག་ངེས་པའི་ཕྱིར། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །སྤྲུལ་པའི་གྲངས་ནི་གང་ཡིན་པ། །དེ་སྙེད་གྲངས་མཉམ་


CMR003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་གི །སྤྲུལ་པས་བསྟན་པ་འཛིན་སྐྱོངས་བར། །གསང་བ་བསྟེན་པའི་མདོ་ལས་གསུངས། །མདོ་རྒྱུད་པད་འབྱུང་གསུང་དེ་དག །ལུང་བྲིས་ཧ་ཅང་མང་གྲགས་པས། །ལུང་གི་ཁུངས་ཙམ་བསྟན་པ་ཡི། །མདོར་ན་ཀུན་བཟང་ཀུན་ཏུ་འཆང་། །ལོངས་སྐུ་རྣམ་སྣང་རྡོ་རྗེ་སེམས། །སྤྲུལ་སྐུ་གསང་བདག་ཀུན་དགའ་བོ། །དེ་ཡི་སྐྱེ་བ་བཻ་རོ་ཙཱ། །གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །ས་བརྒྱད་དམ་ནི་ས་བཅུ་ཡི། །སེམས་དཔའ་ཆེན་པོའི་ཚུལ་བཟུང་སྟེ། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡི། །གང་འདུལ་འགྲོ་བའི་དོན་མཛད་དེ། །སྤྲུལ་པ་དེ་འདྲ་རེ་རེ་ཡང་། །སོ་སོར་སྐྱེས་རབས་རྣམ་ཐར་དང་། །མཛད་པ་མི་འདྲ་སོ་སོ་སྟེ། །མ་འོངས་སངས་རྒྱས་ཞིང་ཁམས་ཀྱང་། །མི་འདྲ་སོ་སོར་ཆོས་འཁོར་བསྐོར། །དེ་ཚུལ་རྒྱལ་པོ་བཀའ་ཐང་ལས། །རྒྱ་གར་རིག་འཛིན་སུམ་ཅུ་གསུམ། །བོད་དུ་རིམ་བཞིན་འབྱོན་འགྱུར་ཞིང་། །གསང་སྔགས་དར་བར་ལུང་བསྟན་སྐབས། །སྤྲུལ་སྐུ་འདི་ཉིད་ལུང་བསྟན་པ། །ཤཱཀྱའི་ཞིང་ཁམས་མདོ་ཁམས་ཞེས་པ་ན། །གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ། །སྔགས་ཀྱི་བདག་པོ་རྡོ་རྗེ་གྲགས་པ་འབྱུང་། །དེ་ནས་


CMR003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད། །སྟོང་གསུམ་འཇིག་རྟེན་འདི་ཡི་བྱང་ཕྱོགས་སུ། །ཞིང་ཁམས་རྣམ་དག་ཙནྡན་ནགས་ཞེས་སུ།།དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་བསྒྱུར། །བླ་མེད་སྟོན་པ་སུམ་སྟོང་འདུས་པ་སྐྱོང་། །རྒྱལ་བ་ཡེ་ཤེས་ཀུན་བཟང་ཞེས་པར་འབྱུང་། །ཞེས་གསུངས་དཔེར་ན་སྐལ་བཟང་གིས། །སངས་རྒྱས་སྟོང་ཡང་ངོ་བོ་ནི། །སྤྱན་རས་གཟིགས་དངོས་ཡིན་ན་ཡང་། །སོ་སོར་ཐུགས་བསྐྱེད་མཛད་ཚུལ་དང་། །སོ་སོར་སྐྱེས་རབས་ཚོགས་བསགས་ཚུལ། །སོ་སོར་བྱང་ཆུབ་མཚན་ཐ་དད། །བསྟན་པའི་གནས་ཚད་འཁོར་ཐ་དད། །དེ་བཞིན་བཻ་རོ་ཙཱ་ན་ཡི། །སྤྲུལ་པ་དཔག་ཏུ་མེད་པ་ཡི། །སོ་སོར་སྐྱེས་རྒྱུད་རྣམ་ཐར་མང་། །འོན་ཀྱང་སྤྲུལ་པ་ཆ་གཅིག་ནི། །མི་འགྱུར་རྡོ་རྗེ་ཡིན་ངེས་པས། །དེ་ཡི་སྐྱེས་རྒྱུད་བཤད་པར་བྱ། །ངེས་པའི་དོན་དུ་དུས་གསུམ་པོ། །མཉམ་ཉིད་སྔ་ཕྱི་མ་གྲུབ་ཀྱང་། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེས་རྒྱུད་གོ་རིམ་བསྒྲིགས་ཏེ་བྲི། །དེས་དོན་ས་བཅུའི་སེམས་དཔའ་ཡི། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་ལོ། །དྲང་དོན་རང་རྒྱུད་ཐ་མལ་པ། །རིམ་གྱིས་ཚོགས་བསགས་ས་ལམ་བསྒྲོད། །ད་ལྟ་ས་གནས་སེམས་


CMR003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འོ། །དེ་ཚུལ་སྤྲུལ་སྐུའི་གང་གསུངས་པ། །ཉུང་བསྡུས་ཚིགས་སུ་བཅད་པ་ལས། །གཞན་པའི་བསྟོད་འདོད་རང་བཟོ་སྤངས། །ཅི་ཕྱིར་རྒྱལ་ཡུམ་ཤེར་ཕྱིན་ལས། །སར་གནས་སེམས་དཔའ་རྣམས་ཀྱིས་ནི། །སྐྱེ་བ་གཅིག་ནི་དྲན་པ་ནས། །སྐྱེ་བ་བརྒྱ་སྟོང་དུ་མའི་བར། །རིགས་དང་རུས་དང་ཆོ་འབྲང་བཅས། །ཤིན་ཏུ་གསལ་བར་དྲན་པ་དང་། །བསྐལ་པ་གཅིག་ནི་དྲན་པ་ནས། །བསྐལ་པ་བརྒྱ་སྟོང་དུ་མའི་བར། །རྗེས་སུ་དྲན་པ་གསུངས་ཕྱིར་རོ། །མདོ་སྡེ་ཚངས་པའི་དྲྭ་སོགས་ནས། །ཕྱི་རོལ་དྲང་སྲོང་འགའ་ཡིས་ཀྱང་། །བསྐལ་པ་བརྒྱ་བར་དྲན་གསུངས་ན། །བྱང་ཆུབ་སེམས་དཔས་ཅིས་མི་དྲན། །སྤྲུལ་སྐུའི་སྐྱེས་རབས་གསུངས་པའི་ཚེ། །བདག་ཡིད་ཐེ་ཚོམ་སྐྱེས་པའི་ནུབ། །ཉམས་དང་རྨི་ལམ་མཚམས་ཤེད་ནས། །སྤྲུལ་སྐུ་འདིས་ནི་བསྐལ་པ་ནི། །སྟོང་ཕྲག་མང་པོ་དྲན་པ་ཡིན། །ཟེར་བའི་ལུང་བསྟན་གསལ་པོར་བྱུང་། །དེ་ཕྱིན་ཐེ་ཚོམ་མེད་པར་གྱུར། །དེ་ཕྱིར་སྤྲུལ་སྐུས་གང་གསུངས་པ། །ཉུང་ངུར་བསྡུས་དང་ཚིགས་བཅད་ལས། །གཞན་གྱིས་བཅོས་སླད་སྤངས་ཏེ་བྲི། །དེ་ཡང་བསྐལ་པ་གྲངས་མེད་པ། །གཅིག་ནས་


CMR003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བརྩི་གྲངས་བཟུང་བ། །བརྒྱ་ཕྲག་ཙམ་གྱི་སྔོན་རོལ་དུ། །སངས་རྒྱས་རིག་པར་སྟོན་ཞེས་བྱོན། །དེ་ཡི་བསྟན་པའི་སྙིགས་མ་ལ། །བསམ་གཏན་སྒོམ་པའི་དགེ་སློང་ཞིག །དབེན་པར་སྒོམ་ཚེ་ཤིག་གིས་ཟ། །ཤིག་དང་དགེ་སློང་གྲོས་བྱས་པས། །བསམ་གཏན་སྒོམ་ཚེ་མི་ཟ་ཞིང་། །མི་སྒོམ་ཚེ་ན་ཟ་བར་ཆད། །དེ་བཞིན་བྱས་པས་བསམ་གཏན་འཕེལ། །དུས་སུ་ཟ་བས་ཤིག་ཀྱང་བརྒྱག །དེ་ཚེ་ལྗི་བ་གཅིག་བྱུང་ནས། །ཤིག་དང་ལྷན་ཅིག་འདུག་གོ་ཟེར། །རྫི་བས་དུས་མིན་དགེ་སློང་ཟོས། །བལྟས་པས་རྫི་བ་མ་མཐོང་བྲོས། །དགེ་སློང་ཤིག་ལ་ཞེ་སྡང་སྐྱེས། །གོས་ཕུད་མེ་ཡི་ནང་དུ་བསྲེགས། །དགེ་སློང་སངས་རྒྱས་འོད་སྲུང་སྟེ། །ལྗི་བ་བདུད་རྒྱལ་ལྷས་བྱིན་ནོ། །ཤིག་དེ་ཤཱཀྱ་ཐུབ་པ་ཡིན། །དེ་དུས་དགེ་སློང་དེ་ལ་ནི། །ཤིག་ནི་མང་དུ་ཡོད་པ་ཡི། །གཅིག་ནི་མི་འགྱུར་རྡོ་རྗེ་ཉིད། །གཅིག་ནི་རཱ་ག་ཨ་སྱ་ནི། །ཡིན་པར་གསལ་པོ་དྲན་གསུངས་སོ། ༼༡༽ །ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱིས། །གསུངས་པའི་སྤྲུལ་སྐུའི་སྐྱེ་རབས་ནི། བརྡ་ཡིག སྔོན་དུས་གྲངས་མེད་བསྐལ་པའི་དུས། །པིར་གྱི་སྐྱེ་བ་གཅིག་བླངས་དུས། །མི་


CMR003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཟོས་ཞེས་གསུངས་པའི་དོན། །གྲངས་མེད་གྲངས་སུ་བཟུང་བ་ཡི། །བསྐལ་པ་གྲངས་མེད་གསུམ་གྱི་དུས། །རྒྱ་མཚོ་ནང་གི་པིར་ལ་སྐྱེས། །དང་པོ་མི་གཅིག་ཟོས་ན་ཡང་། །ཕྱིས་ནས་སྙིང་རྗེའི་བསམ་པ་སྐྱེས། །རིགས་མཐུན་ཆུ་གནས་གཞན་དག་ལ། །རྒྱུ་འབྲས་ཅུང་ཟད་འཆད་ཤེས་སོ། ༼༢༽ །པིར་གྱིས་མི་ཟོས་རྣམ་སྨིན་གྱིས། །ཕྱི་མ་སྦྲུལ་གྱི་སྐྱེ་བ་བླང་། །སྦྲུལ་དེས་ལས་འབུ་བསད་པའི་དུས། །ལས་འབུ་གཞན་གཉིས་བརྒྱུག་འོང་ནས། །སྦྲུལ་དེ་བསད་སྟེ་དེ་ཡི་ནི། །ཞེས་པའི་དོན་ནི་སྤྲུལ་དེ་ཡིས། །གཞན་ལ་གནོད་པ་སྤང་དམ་བཅས། །གལ་ཏེ་གནོད་ན་དེ་ཡི་ནི། །ང་ཉིད་གསོད་པར་གྱུར་ཅིག་སྨྲས། །ལས་འབུ་ཞེས་པ་རྒྱ་གྲོག་སྟེ། །དེ་ཡི་ལན་མང་སྦྲུལ་ཕུག་པས། །མ་བཟོད་དམ་བཅའ་ཤོར་བ་ཡིན། ༼༣༽ །དེ་ནས་སྦྲུལ་དང་རྒྱུ་གྲོག་རྣམས། །ཕན་ཚུན་གཅིག་གིས་གཅིག་བསད་པའི། །རྣམ་སྨིན་ཆེན་པོས་སྐྱེ་བ་དེའི། །ཕྱི་མ་ལས་འབུ་མི་རུ་སྐྱེས། །སྦྲུལ་དེ་རི་དྭགས་ཤ་བར་སྐྱེས། །ལས་འབུ་གཞན་རྣམས་འབུ་རུ་སྐྱེས། །དེ་དུས་མི་ཡིས་ཤ་བ་བསད། །དེ་མ་ཐག་ཏུ་ཤ་བ་དེས། །འབུ་དེ་ནིས་ཁེས་


CMR003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བརྫིས་ཏེ་བསད། །ཅེས་པའི་དོན་ནི་འདི་ལྟར་ཏེ། །ཤ་བས་ཆོས་འཆད་མི་ཤེས་ཀྱང་། །རང་གིས་སྙིང་རྗེ་སྒོམ་ཤེས་སོ། ༼༤༽ །དེ་ནས་དེ་ཡི་ཕྱི་མ་རུ། །ཤ་བ་དེ་ནི་མི་རུ་སྐྱེས། །ཨ་འཕེན་མ་ཞེས་བྱ་བར་གྲགས། །དེ་ཡིས་མི་ཡང་བཅུ་བསད་དོ། །དེ་ནས་པདྨའི་སྐྱེ་བ་གཅིག །མཚན་ནི་འོད་ཟེར་འབྱུང་གནས་ཞེས། །བླ་མ་བཟང་པོར་སྐྱེས་པའི་དུས། །དེ་ཡིས་གསུངས་པ་འདི་ལྟར་ཡིན། །ཁྱོད་ཀྱི་མི་བསད་མ་ལེགས་འདུག །བཤགས་པ་གྱིས་ཤིག་རིགས་ཀྱི་བུ། །ཞེས་གསུངས་དེ་ཉིད་ཐོས་པའི་ཚེ། །རབ་ཏུ་བྱུང་ནས་ཆོས་ལ་བརྩོན། །འོད་ཀྱི་རྒྱལ་མཚན་ཞེས་སུ་བཏགས། །དེ་ནས་བཟུང་སྟེ་སྐྱེ་བ་དང་། །ཚེ་རབས་ཀུན་ཏུ་ཨོ་རྒྱན་རྗེས། །རྗེས་བཟུང་བྱིན་གྱིས་བརླབས་པར་གྱུར། །དེ་ཡན་གླིང་བཞི་འདི་ཡི་མལ། །ཡིན་ཏེ་འདས་པའི་སངས་རྒྱས་ནི། །ཀུན་ཏུ་གཟིགས་ཞེས་སྐུ་མདོག་དམར། །པིར་ནས་བཟུང་སྟེ་ཨ་འཕེན་བར། །སངས་རྒྱས་དེ་ཡི་བསྟན་ལ་ཡིན། །བསྐལ་པའི་མིང་ནི་ཀུན་ཁྱབ་བོ། ༼༥༽ །སྔོན་འདས་བསྐལ་པ་དགུ་སྟོང་དང་། །དགུ་བརྒྱའི་དུས་སུ་བྱང་གི་ཕྱོགས། །བསྐལ་པའི་མིང་ནི་ཅི་དཀར་སྤྱོད། །འཛམ་བུའི་གླིང་ཀུན་


CMR003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར་བ། །ལྕགས་ཀྱི་འཁོར་ལོས་སྒྱུར་རྒྱལ་ཏེ། །ཤིན་ཏུ་འོད་ཅེས་བྱ་བར་གྱུར། །དགེ་སྡིག་གཉིས་ཀ་ཆེར་མ་བྱས། །མུན་བསྐལ་ཡིན་ཏེ་ཆོས་མི་དར། ༼༦༽ །དེ་རྗེས་འཛམ་གླིང་དེ་ཉིད་དུ། །བཟང་མོ་ཞེས་བྱའི་བུད་མེད་གྱུར། །རང་བཞིན་སྙིང་རྗེ་ཆེན་པོར་ལྡན། །གཞོན་པའི་ཚེ་ན་ཡུན་རིང་སྤྱང་། །བུ་གཅིག་ཡོད་པ་ཕྱུག་པོ་ཡི། །བྲན་བྱས་རྒས་ནས་ལོངས་སྤྱོད་ཀྱང་། །ཅུང་ཟད་ཙམ་རེ་ཡོད་པར་གྱུར། །གང་ཡོད་ལོངས་སྤྱོད་སྦྱིན་པར་བརྩོན། །དེ་ནི་སྔོན་གྱི་རྒྱལ་པོ་དེས། །མི་ཚེར་སྦྱིན་པ་མི་བཏང་སྟེ། །ཤི་ཁར་ཅུང་ཟད་དེ་ལ་འགྱོད། །སྦྱིན་པ་ཅུང་ཟད་བཏང་བ་ཡིས། །ལས་ཀྱི་རྣམ་སྨིན་ཡིན་འདུག་གསུངས། །རྒྱུ་འབྲས་བསླུ་བ་མེད་པ་དང་། །འཁོར་བའི་ཉེས་དམིགས་སྟོན་པ་ཡི། །ངོ་མཚར་སྐྱེས་རབས་ཨེ་མ་ཧོ། ༼༧༽ །སྔོན་འདས་བསྐལ་པ་སྟོང་དང་ནི། །སུམ་བརྒྱ་ང་གཅིག་ཙམ་གྱི་དུས། །གཟུགས་ཁམས་ལྷ་ཡི་གཞལ་ཡས་སུ། །ལྷ་ཆེན་ཚངས་པར་སྐྱེ་བ་བླངས། །ལུས་ནི་རི་ཆེན་ལས་ཆེ་བ། །གསེར་གྱི་མདོག་ཅན་གདོང་བཞི་བ། །ཚེ་ཡང་བསྐལ་ཆེན་སུམ་བརྒྱ་ཐུབ། །སྔོན་འདས་བདེ་གཤེགས་འོད་དཔག་མེད། །


CMR003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་སྐུ་མདོག་སྔོན་པོ་ཅན། །མཇལ་ཞིང་དམ་ཆོས་བདུད་རྩི་ཐོབ། །རེ་ཤིག་ཚེ་ན་ཤར་ཕྱོགས་ནས། །འུར་སྒྲ་ཐུག་ཆོམ་ཆེན་པོར་བཅས། །རྡོ་རྗེ་འཇིགས་བྱེད་མ་ཧེའི་ཞལ། །དབུ་དགུ་སུམ་ཅུ་སོ་གཉིས་ཕྱག །བཅུ་དྲུག་ཞབས་ཅན་འཇིགས་རུང་བྱོན། །ཞབས་ནི་བཅུ་དྲུག་དུས་གཅིག་ཏུ། །ཚངས་པ་དེ་ལ་རྡོག་ཐོ་བསྣུན། །ཚངས་པ་སྔང་སྐྲག་བརྒྱལ་ལ་ཐུག །དེ་ཡིས་རྐྱེན་བྱས་ཚེ་འཕོས་སོ། ༼༢༽ །སྔོན་འདས་བསྐལ་པ་སྟོང་གི་དུས། །གྲུབ་ཐོབ་རྒྱལ་ཞེས་བྱ་བར་སྐྱེས། །ཕུག་པ་ནང་དུ་སྒོམ་ཙ་ན། །ནུ་བོ་བླ་མ་གཅིག་ཡོད་པས། །ཕར་ལོགས་ཕུག་པའི་ནང་འདི་ན། །སྦྲུལ་གཅིག་འདུག་ལ་ཆོས་ཤོད་ཟེར། །སོང་པས་སྦྲུལ་འཁྱིལ་གཉིད་ནི་འཁྲུག །གཉིད་སད་བྱུང་ལ་འདི་སྐད་དུ། །ཁྱོད་ལ་ཆོས་བཤད་བསྒོམ་ནུས་སམ། །སྨྲས་པས་ནུས་ཟེར་བྲག་གསེབ་སོང་། །དེ་ནི་ཀླུ་ཡི་སྤྲུལ་པ་སྟེ། །དངོས་དང་རྨི་ལམ་ཡང་ཡང་དུ། །བྱུང་ནས་ཆོས་ཞུས་རྟོགས་པ་སྐྱེས། །ཀླུ་རིགས་གཞན་ལའང་ཆོས་བསྟན་ཏོ། །ནུ་བོ་ཀརྨའི་མིང་ཅན་དང་། །སྦྲུལ་ནི་རཱ་ག་ཨ་སྱའོ། །དེ་ནི་ཤར་ལྷོའི་འཇིག་རྟེན་ཁམས། །བསྐལ་པའི་མིང་ནི་པདྨ་བརྩེགས། །བདེ་གཤེགས་


CMR003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དགའི་བསྟན་མཇུག་གོ ༩༽ །སྔོན་འདིས་བསྐལ་པ་དགུ་བརྒྱ་དང་། །གོ་དགུའི་དུས་སུ་བསྐལ་པའི་མིང་། །དུས་གཟིགས་ཞེས་ཏེ་ཤར་ཕྱོགས་སོ། །འོད་མཐའ་ཡས་པའི་བསྟན་པའི་མཇུག །བསམ་གཏན་སྒོམ་པ་གཅིག་ཏུ་གྱུར། །དགྲ་ཡིས་དེད་པས་རྒྱང་རིང་བྲོས། །ཕ་བོང་ཆེན་པོའི་སྟེང་དུ་ཕྱིན། །བསད་ཀྱང་མི་འབྲོས་དམ་བཅས་ནས། །སྐྱིལ་ཀྲུང་བཅས་ཏེ་ཏིང་འཛིན་བསྒོམས། །ཏིང་འཛིན་ནུས་པས་དགྲ་ཡང་ཟློག །ཡུན་རིང་སྒོམ་པའི་སློང་ཚད་ནི། །འཇིག་རྟེན་མཁའ་འགྲོ་འཇིགས་རུང་ཞིག །གྲི་གུག་བརྒྱབ་སྟེ་ཕ་བོང་བསྐྱེལ། །ད་རུང་ཏིང་འཛིན་གཡོ་བ་མེད། །དེ་ནས་འཕུར་ཏེ་ཤར་ཕྱོགས་ཀྱི། །བྲག་ཕུག་མཐོན་པོར་བྱོན་ནས་བཞུགས། །དེ་རུ་འགྲོ་དོན་རྒྱ་ཆེར་བྱུང་། །མཁའ་འགྲོ་དེ་དང་མི་ཀུན་གྱིས། །བསམ་གཏན་མཐར་ཕྱིན་མཚན་གསོལ་ལོ། ༼༡༠༽ །སྔོན་འདས་བསྐལ་པ་དགུ་བརྒྱ་དང་། །དགུ་བཅུའི་དུས་སུ་ལྷོ་ནུབ་ཕྱོགས། །འོད་བྱེད་ཅེས་པའི་བསྐལ་པ་ལ། །བདེ་གཤེགས་སྤྱན་གཟིགས་བསྟན་པ་ལ། །རྡོ་རྗེ་གྲོལ་བྱེད་ཅེས་བྱ་ཡི། །མཚན་ཉིད་དགེ་བཤེས་མཁས་པར་གྱུར། །དེ་དུས་བོན་པོ་འོད་འདྲེན་ཞེས། །


CMR003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀར་དུང་ཕྱུར་ཐོན་པ་དེའི། །དྲུང་དུ་སོང་སྟེ་ནང་པ་ཡི། །ཡོན་ཏན་བརྗོད་ཅིང་གླེགས་བམ་བསྟན། །བོན་པོའི་སྐྱོན་མང་བརྗོད་བྱས་པས། །བོན་པོ་བན་འགྱུར་བོན་ལ་སྡང་། །ཡིག་དྲུག་དུང་ཕྱུར་ཕྱེད་བརྒྱད་བཟླས། །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ཏེ། །སྐུ་ནི་ཡོངས་རྫོགས་མ་མཇལ་ཡང་། །དབུ་དང་ཞལ་མཐོང་ཡིག་དྲུག་ཐོས། །བོན་པོ་རཱ་ག་ཨ་སྱའོ། ༼༡༡༽ །སྔོན་འདས་བསྐལ་པ་དགུ་བརྒྱ་དང་། །གྱ་དགུའི་དུས་སུ་ལྷོ་ཡི་ཕྱོགས། །བསྐལ་པ་འོད་ཟེར་བཀྲམ་པ་ལ། །བདེ་གཤེགས་རྣམ་གཟིགས་བསྟན་པ་ལ། །རྒྱ་ནག་གླང་ཆེན་འགྱིང་རིའི་དྲུང་། །བསོད་ནམས་ཐོབ་ཅེས་བྱ་བ་ཡི། །སྦྱིན་བདག་ལོངས་སྤྱོད་ལྡན་པར་གྱུར། །དེ་དུས་གླང་ཆེན་འགྱིང་རི་རུ། །སྒོམ་ཆེན་བསོད་ནམས་ཅན་ཞེས་པ། །ལོ་ནི་སུམ་ཅུར་རྩེ་གཅིག་བསྒོམས། །མི་ཀུན་དེ་ལ་གཤེ་བྱེད་ཅིང་། །སུས་ཀྱང་འཚོ་བ་སྦྱར་མཁན་མེད། །སྒོམ་ཆེན་དེ་ཡི་ཕ་མ་དང་། །ཉེ་དུ་སྦྱིན་བདག་དགྲ་ཡིན་ཀྱང་། །སྒོམ་ཆེན་དེ་ལ་དད་པ་སྐྱེས། །རྟག་ཏུ་སྒྲུབ་པའི་འཚོ་བ་སྦྱར། །སྒོམ་ཆེན་རཱ་ག་ཨ་སྱའོ། ༼༡༢༽ །སྔོན་འདས་བསྐལ་པ་དགུ་བརྒྱ་དང་། །གྱ་བརྒྱད་དུས་སུ་འཇིག་རྟེན་འདིར། །བསྐལ་


CMR003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་བབ་པའི་ལས་གྲུབ་པར། །མིང་ནི་ཉེས་མེད་ཅེས་བྱ་བ། །དཔའ་རྩལ་སྟོབས་ལྡན་མི་རུ་སྐྱེས། །ཡུལ་དེའི་ཕུ་ཡི་ནགས་གསེབས་སུ། །མི་མ་ཡིན་གྱི་ཆོ་འཕྲུལ་ལས། །འབོ་མེ་ཞེས་བྱའི་སྟག་གཅིག་འབྱུང་། །རྟ་ལུ་ཞེས་བྱའི་ཡུལ་དཔོན་གྱིས། །ཉི་མ་རེ་ལ་མི་བདུན་རེའི། །མགོ་གཅོད་སྟག་ལ་ཁྲལ་སྤྱད་དགོས། །ལ་བོ་བྱ་བའི་མི་གཅིག་གིས། །སྐེ་གཅོད་ཁྲལ་ལ་སྤྱད་པར་བརྩམས། །དེ་ཚེ་དཔའ་བོ་ཉེས་མེད་ཀྱིས། །མི་ཡི་མགོ་བཅང་མ་གཅོད་དང་། །སྟག་འདི་ཁོ་བོས་གསོད་ཅེས་སྨྲས། །དེ་ཕྱིན་རྟ་ལུས་མི་མ་བསད། །དགེ་བའི་ལས་ལ་བརྩོན་པར་གྱུར། །ལྷ་འདྲེས་ཐོག་ཕབ་སྟག་བསད་དེ། །སྟག་དེ་ད་དུང་དམྱལ་བར་གནས། །ཡུལ་དཔོན་རྟ་ལུ་ཨ་རཱ་ག །ལ་བོ་ཅུང་པོ་དར་ལུའོ། །བསྐལ་པའི་མིང་ནི་བྱེད་པ་ཞེས། །མུན་བསྐལ་ཡིན་ཕྱིར་ཆོས་མེད་དོ། ༼༡༣༽ །སྔོན་འདས་བསྐལ་པ་དགུ་བརྒྱ་དང་། །བདུན་གྱི་དུས་སུ་འཇིག་རྟེན་འདིར། །བསྐལ་པའི་མིང་ནི་འོད་ཆུང་ཟེར། །ཀུ་ཀུ་ར་ཙ་ཁ་དོག་ཁྲ། །སྙིང་རྗེ་ཆེན་པོ་ལྡན་པར་གྱུར། །རཱ་ག་ཨ་སྱ་ལུག་དམར་པོ། །ཙ་དང་རྟ་ཡི་མིང་ཅན་གཉིས། །ཨ་སྟག་དེ་སྟག་ཅེས་བྱ་བའི། །མི་སྤུན་


CMR003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཀུ་ཀུ་དེ། །གསོད་པར་འདོད་ཀྱང་བསད་མ་ནུས། །མི་དེ་མྱ་ངན་སྨྲེ་སྔགས་བཏོན། །དེ་ལ་ཀུ་ཀུ་སྙིང་རྗེ་སྐྱེས། །གནོད་པ་ཐུབ་ཀྱང་མ་བྱས་པར། །མ་བསད་བར་དུ་ཁོ་ཡི་དྲུང་། །ཉལ་ནི་བསྡད་པས་སྐེ་བཅད་བསད། །སྙིང་རྗེའི་སེམས་ཀྱིས་བཟོད་པར་བྱས། ༼༡༤༽ །སྔོན་འདས་བསྐལ་པ་བདུན་བརྒྱ་དང་། །བརྒྱད་དུས་བྱང་ཕྱོགས་འཇིག་རྟེན་ཁམས། །བསྐལ་པ་ནང་པར་སྤྱོད་ཅེས་པར། །ལུག་དཀར་གཉའ་བ་ནག་པོ་ཅན། །རིགས་མཐུན་དུད་འགྲོར་རྒྱུ་འབྲས་ཀྱིས། །དམ་ཆོས་འཆད་པར་བྱེད་ལ་སྐྱེས། །ལུག་ཁྱུ་རྣམས་ལ་ཆོས་འཆད་དོ། །འདུ་རེ་ཞེས་བྱའི་བདུད་སྤྲུལ་མི། །གཅིག་ཡོད་ལུག་དེས་བརྡུངས་ནས་བསད། །ཉེས་མེད་བྱིས་སྦ་ཐུག་རེ་ཡིས། །བརྡུང་ས་བར་བྱས་གསོད་མ་བཅུག །རྫི་བོ་ཨ་རིས་ཞེས་བྱ་བས། །གྲོང་པ་མ་ཞེས་བྱ་བའི་རིར། །ལུག་རྣམས་འཚོ་ཞིང་འདུག་ཙམ་ན། །ཚོང་དཔོན་ཉི་མ་གྲགས་ཞེས་པ། །འཁོར་གཡོག་ཁལ་བཅས་དེ་རུ་བྱུང་། །ལུག་རྫི་ས་ཚོང་དཔོན་འུར་སྟག་བྱས། །ང་ལ་འུར་སྟག་མི་དགོས་དང་། །ལུག་རྣམས་སྤྱང་ཀུས་ཟ་ལ་ལྟོས། །སྨྲས་ཀྱང་མ་རྒྱུག་ལུག་བསད་དོ། །དེ་དུས་འགའ་གེ་ཞེས་བྱ་བ། །


CMR003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་དེའི་བདག་པོ་ཡིན་པ་སྟེ། །ཚོང་དཔོན་ཨ་འགྲུབ་ལུག་རྫི་ནི། །ཆོས་འཕེལ་འག་འགེ་ཕྲིན་ལས་ཏེ། །ཐུག་རེ་རཱ་ག་ཨ་སྱའོ། །སྤྱང་ཀུ་ཙ་ཡི་མིང་ཅན་ནོ། །༼༡༥༽ །སྔོན་འདས་བསྐལ་པ་བརྒྱ་དང་ནི། །དགུ་དུས་ཤར་ཕྱོགས་འཇིག་རྟེན་ཁམས། །བྱེ་བས་གཏམ་པ་ཞེས་བྱ་བར། །བདེ་གཤེགས་སྙིང་རྗེ་མཐའ་མེད་ཀྱི། །བསྟན་པ་ལ་ནི་མགོན་པོ་ཞེས། །བྱ་བཏང་སྙིང་རྗེ་ཆེན་པོར་ལྡན། །ཡིག་དྲུག་དུང་ཕྱུར་ཐོན་པར་གྱུར། །ཇོ་འཁོར་བསྐོར་ཞིང་སོང་བ་ན། །ཨ་སྐྱབས་ཞེས་བྱའི་རྫི་བོ་ཡི། །བཅོམ་ནས་ཇོ་འཁོར་བྱ་བྲལ་བཅས། །ཆུ་ལ་དོར་ནས་ཚེ་འཕོས་སོ། །ཁྲམ་པ་ཉ་ཡི་མིང་ཅན་ནོ། ༼༡༦༽ །སྔོན་འདས་བསྐལ་པ་བརྒྱ་དང་དགུ། །སངས་རྒྱས་གང་དེའི་བསྟན་པ་ལ། །བཙུན་པ་ཉམས་ཆུང་ཚུལ་ཁྲིམས་ལྡན། །སྤྱོད་མཛེས་ཞེས་ནི་བྱ་བའོ། །བླ་མ་ཚུལ་ཁྲིམས་འཆལ་བ་ཅན། །དེ་ཧོ་བྱེད་ཅེས་བྱ་བ་ཡི། །གཡོག་བྱས་ལོ་འགའ་བསྡད་པ་ལ། །གྲྭ་པས་བླ་མའི་སྤྱོད་ངན་མཐོང་། །བླ་མ་ཁྲོས་ནས་ངས་ཁྱོད་ནི། །ཐུགས་རྗེས་བཟུང་ཟེར་དེའི་ཕྱིར་ཉིན། །གྲུ་པ་བརྡུངས་ནས་ཕུད་བྱས་སོ། །གྲུ་པས་མི་ཚེ་ཆོས་ལ་བསྐྱལ། །བླ་མ་བསྐལ་


CMR003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུ་མ་རུ། །ངན་སོང་སྐྱེས་ནས་ད་རེས་ཐོར། །གུ་རུ་དོན་གྲུབ་ཡིན་ནོ་གསུངས། ༼༡༧༽ །སྔོན་འདས་བསྐལ་པ་བརྒྱ་དང་བརྒྱད། །བསྐལ་པ་བསོད་ནམས་རབ་རྒྱས་ཞེས། །ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་ནས། །སྣང་བར་མཛད་ཅེས་སངས་རྒྱས་བསྟན། །རྒྱལ་བུ་ཞེས་བྱའི་མི་ལ་སྐྱེས། །དེ་ནས་དྲང་སྲོང་གཅིག་ཡོད་པ། །དམ་ཆོས་འདོད་ཕྱིར་མཇལ་དུ་སོང་། །གསེར་གྱི་འཁོར་ལོ་རྩིབས་བཞི་པ། །གསེར་ཕྱེ་ཀ་ཊོ་ར་ཡི་ཕྱེད། །རྡོར་དྲིལ་དངུལ་ལིང་ཆེ་བ་གསུམ། །ཙནྡན་ཕྲེང་བ་རྟ་ལུག་གཉིས། །ཕུལ་ནས་དམ་ཆོས་ཞུ་ཞུས་པས། །འབུལ་བ་མི་ལེན་ལྕགས་ཐོ་ལ། །དུག་བྱུག་བརྒྱ་དང་བརྒྱད་བརྡེག་ན། །ཆོས་སྦྱིན་ཟེར་བས་དེ་ལྟར་བྱས། །ད་དུང་ལུས་ལ་སྨྱུག་ཚལ་ནི། །བརྒྱ་དང་བརྒྱད་འཛུགས་ནུས་སམ་ཟེར། །དེ་བྱས་ལུས་པོ་ཁྲག་གིས་ཁྱབ། །གྲོགས་པོ་ཨུ་མོ་བྱ་བ་ཡིས། །མ་བཟོད་སྨྲེ་སྔགས་བཤོལ་བཏབ་ཀྱང་། །ད་དུང་ལུས་ལ་ལྕགས་འཛེར་ནི། །བརྒྱ་དང་བརྒྱད་འདེབས་ཆོས་སྦྱིན་ཟེར། །གྲོགས་པོ་ཨུ་མས་མ་བཅུག་འཇུས། །ཨུ་མའི་ལག་པ་བཀྱིགས་བཞག་ནས། །ལྕགས་འཛེར་བརྒྱབ་ཀྱང་ཆོས་མ་གནང་། །ལྕགས་ཐོས་སྔོན་གྱི་བརྒྱབ་


CMR003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མལ་དུ། །བརྒྱ་དང་བརྒྱད་རྒྱོབ་སྙུག་ཚལ་རྣམས། །ཚུར་ལ་བོར་དང་གནང་ཞེས་ཟེར། །དེ་ལྟར་བྱས་ཀྱང་མ་གནང་སྟེ། །ལྕགས་འཛེར་བརྒྱ་རྩ་ཚུར་ཐོན་ཟེར། །དེ་ལྟར་བྱས་པས་དམ་ཆོས་ནི། །ཤོ་ལོ་ཀ་གཅིག་གནང་ནས་ཀྱང་། །འབུལ་བ་རྣམས་ཀྱང་ལེན་པར་མཛད། །དེ་དུས་དེ་ལྟར་ཆོས་འདོད་པས། །ད་ལྟ་སློབ་གཉེར་མི་འདོད་པ། །འདི་ནི་ཅི་ཡིན་ཨང་གསུངས་སོ། །དེ་ནས་ཤོ་ལོ་ཀ་དེ་ལ།། །བདག་གིས་འགྲེལ་བརྒྱབ་ལྡེབ་མ་ལ། །པཎྜི་ཏ་གཅིག་འགྲེལ་པ་བྱས། །ལྡེབ་མ་སུམ་ཅུ་ཙམ་ཞིག་བྱུང་། །དེ་ལ་གཞན་འགས་འགྲེལ་པ་བརྩམས། །པོ་ཏི་གཅིག་བྱུང་དེ་ཡི་མིང་། །ལུས་རིན་བསྒོམ་ཆོས་ཞེས་གྲགས་སོ། །དྲང་སྲོང་རྟ་ཡི་མིང་ཅན་ནོ། །གྲོགས་པོ་ཨུ་མ་ཨ་རཱ་ག །རྟ་ནི་ཕྲིན་ལས་ལུག་ཆོས་འཕེལ། ༈ །ན་མོ། དལ་འབྱོར་མི་ལུས་རྙེད་དཀའ་རྙེད་ཀྱང་མི་རྟག་ཕྱི་མ་ཅི་འོང་རང་གི་ལག་ཏུ་ཡོད་པས་ཤེས་པར་གྱིས། །རིགས་དྲུག་འཁྱམས་དང་མཐོ་རིས་འགྲོ་བ་ཐམས་ཅད་དགེ་སྡིག་གིས་བྱེད་ཆོས་བྱས་མཐོ་རིས་སྡིག་བྱས་ངན་འགྲོར་ལྟུང་། །རིགས་དྲུག་གང་དུ་ལྟུང་ཡང་སྡུག་བསྔལ་མིན་པའི་བདེ་མེད་མཐོ་རིས་ཀུན་ནི་ཐར་པའི་ལམ་རེ་


CMR003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཚོལ་ལྟ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྤྱི་བོར་བླ་མ་བསྒོམས་པའི་སྐུ་ལས་བདུད་རྩི་ཡི། །རྒྱུན་བབ་སྡིག་སྒྲིབ་དག་ནས་མཎྜལ་འབུལ་ཞིང་བླ་མ་རང་བསྟིམ་ཞི་བར་གནས་སུ་བཅུག་ནས་སེམས་མེད་ལྟོས། །སྟོང་པར་སྒོམ་ཞིང་ཞིབ་སྤྱོད་གཤེགས་སེལ་གནས་སྦྱང་ཀུན་གྱི་རྩ་བ་བསྡུས་ན་རང་གི་སེམས་ལ་ལྟ་བའོ། །འདི་ནི་དྲང་སྲོང་དེས་ཟེར་བའི་རྩ་ཚིག་གོ ༼༡༨༽ །སྔོན་འདས་བསྐལ་པ་བརྒྱད་དང་ནི། །བདུན་གྱི་དུས་སུ་ཨ་རཱ་ག །སྤུ་སྡུག་བྱིའུ་གཅིག་གྱུར་པ། །དེ་ཡི་སྒོང་ངར་འཁྲུངས་པ་ལ། །མ་ཡི་མ་རུམ་ཡུལ་གཞན་འཕུར། །དེ་ནས་སྒོང་ང་ཚེ་འཕོས་སོ། །དེ་ནས་བྱིའུ་མ་དེ་འོང་། །གཡུ་སྒོང་ཁྱེར་ཏེ་ལམ་གཉར་འཕང་། །རྡོ་ལ་ཕོག་ནས་ཚིག་སྟེ་འགོས། །འཇའ་ཟུག་མེ་ཏོག་ཆར་པ་བབས། །མི་གཅིག་དེ་མཐོང་ཐོ་བརྩེགས་བཞག །ཕལ་ཆེར་དེ་རུ་འཇའ་ཟུག་པས། །ལམ་འགྲིམ་ཐོ་ལ་ཕྱག་བསྐོར་བྱས། །འབྲེལ་ཐོགས་ངན་སོང་སྐྱེ་སྒོ་ཆོད། །སྐྱ་ཡི་མིང་ཅན་སྐྱེ་བ་ཡི། །མི་གཅིག་ཐོ་བཤིག་མནོལ་རྫས་བཏབ། །དེ་ནས་འཇའ་མེད་འགྲོ་དོན་ཆད། །དེ་དུས་སྒོ་ང་གསོས་པ་ལས། །ཤི་བ་འགྲོ་དོན་ཆེའོ་


CMR003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །བསྐལ་པ་ཨ་ལས་གྲུབ་པའོ། ༼༡༩༽ །སྔོན་འདས་བསྐལ་པ་བརྒྱ་དང་བརྒྱད། །བྱང་ཤར་འཇིག་རྟེན་འོད་ཟེར་རྩེ། །དེ་རུ་འདབ་ཆགས་སྙིང་རྗེ་ཅན། །ཤིང་རྟ་གཅིག་ལ་སྐྱེ་བ་བླང་། །ཆུ་ཆེན་ཁ་དྲག་འབབ་པ་ན། །ཤིང་རྩེར་བྱིའུ་ཚང་ཞིག་ཡོད། །རྐེད་པར་སྤྲེའུ་གཅིག་སྣང་ངོ་། །ཤིང་རྟས་ཨ་མའི་འབྲས་བུ་གཅིག །ཁྱེར་ནས་སྤྲེའུ་གསོ་བསམ་ཛ། །སྤྲེའུས་ཤིང་རྟར་སྦར་ཤད་བྱས། །མི་ནི་ལོང་རྒྱལ་ཨ་ཏི་གཉིས། །སྤུན་གཉིས་མ་དུམ་རྒྱབ་རྩོག་བྱས། །ལོང་རྒྱལ་རྦབ་འདྲིལ་མགོ་ཆག་ཤི། །ཨ་ཏི་སྨྲེ་སྔགས་སྡུག་བསྔལ་ཆེ། །ཤིང་རྟས་དེ་ཡི་ཤ་ཟོས་ནས། །སྡུག་བསྔལ་ཐམས་ཅད་ཞི་ཤེས་པས། །ལུས་སྦྱིན་བསམས་ནས་ལུས་བརྐྱངས་པས། །མ་བསད་སྦར་མོ་བཅད་དེ་ཟོས། །དེ་ཡི་སྡུག་བསྔལ་ཞི་བར་གྱུར། །སྦར་མོ་བཅད་ནས་འགྱེལ་བ་དེས། །མི་ཡི་སྐད་དུ་འདི་སྨྲས་སོ། །ང་ཡི་ཤ་འདི་སུས་ཟོས་པ། །ནད་དང་སྡུག་བསྔལ་ཞི་འོ་ཟེར། །མི་ཀུན་ཐན་ཡིན་སྙམ་ནས་ཀྱང་། །ཟ་མ་ཕོད་ཚེ་ནད་པ་གཅིག །སྣང་བའི་མདུན་དུ་སོང་ནས་སྨྲས། །དེ་ཡིས་བསད་ནས་ཤ་དུམ་ཟོས། །ནད་ཞི་དེ་ནས་ཤིང་རྟའི་ཤ། །རིལ་བུ་བྱས་


CMR003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སུས་ཟོས་པའི། །ནད་ཀུན་རབ་ཏུ་ཞི་གྱུར་རོ། །ནད་པ་རྟ་ཡི་མིང་ཅན་ནོ། །སྤྲེའུ་ད་ལྟ་མགོན་སྲུང་ངོ་། །སྦར་མོ་གཅོད་པ་སྐྱ་ཡི་མིང་། ༼༢༠༽ །སྔོན་འདས་བསྐལ་པ་བརྒྱ་དང་ནི། །བཞི་དུས་འོད་མེད་བསྐལ་པའི་མིང་། །དེ་དུས་ཁྱིམ་བདག་རྡིས་མོ་ཞེས། །རང་བཞིན་སྙིང་རྗེ་ཆེ་བར་སྐྱེས། །དར་ལུ་བུར་སྐྱེས་ཆོས་འཕེལ་རྟ། །རཱ་ག་ཨ་སྱ་དེ་ཡི་དུས། །ཁྱིམ་བདག་རྟ་རྒྱས་བྱ་བར་གྱུར། །རྗེས་མོའི་སྲིང་མོ་ཏིས་མ་ཞེས། །རྟ་རྒྱས་ལ་སྦྱིན་གཉེན་དུ་གྱུར། །ཏིས་མ་དེང་སང་ལཀྟའི་མིང་། །རྟ་རྒྱས་བུ་ནི་ཨུ་སྐྱེས་ཏེ། །ད་ལྟ་ཅུང་པོ་ཆོས་སྐྱོང་མིང་། །སྐྱེ་བ་དེ་ལ་དགེ་སྡིག་གི །བྱ་བ་ཆེ་བར་མ་བྱས་གསུངས། ༼༢༡༽ །སྔོན་འདས་བསྐལ་པ་བརྒྱ་དང་གསུམ། །ནུབ་བྱང་ཕྱོགས་སུ་བསྐལ་པའི་མིང་། །བྱིས་སྦ་ལས་སྐྱེས་བྱ་བ་ལ། །བྱ་རྒོད་ཨ་འདི་ཞེས་བྱ་བ། །བྱ་རྒོད་གཞན་ལ་ཆོས་སྟོན་ཅིང་། །རང་ཡང་ཉམས་ལེན་ནུས་པར་གྱུར། །དེ་ཚེ་རྟ་མིང་དུག་བཟོ་མཁན། །རྣོ་ཚད་ཤ་ལ་དུག་སྦྱར་བྱིན། །དེ་ཚེ་བྱ་རྒོད་མི་སྐད་དུ། །ང་ཡི་ཤ་ཟོས་ངན་སོང་མེད། །ཅེས་སྨྲས་ཤི་བས་མི་གཅིག་ནི། །འོད་འཆང་མིང་ཅན་རྒོད་ཤ་ཟོས། །དེ་མ་ཐག་ཏུ་སྐྱེ་བ་ནི། །


CMR003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་དྲན་ཞིང་ཕྱི་མ་ཡང་། །ངན་སོང་སྐྱེ་སྒོ་ཆོད་པ་མཐོང་། །འོན་ཀྱང་དུག་ཤ་ཡིན་པའི་ཕྱིར། །མི་དེ་མྱུར་དུ་ཚེ་འཕོས་སོ། །མི་ཀུན་དེ་ཡི་དོན་རིགས་ནས། །རིལ་བུ་མ་ཟོས་བདུག་པ་བྱས། ༼༢༢༽ །བསྐལ་པ་དེ་ལ་བློན་པོ་ནི། །འབིག་ཆེན་བྱ་བ་གཅིག་ཏུ་གྱུར། །སྙིང་རྗེ་ལྡན་ཞིང་སྦྱིན་ལ་བརྩོན། །དེ་ཚེ་རཱ་ག་ཨ་སྱ་ནི། །དེ་ཡི་རྒྱལ་པོ་ཧོ་ལས་མིང་། །སྟོབས་དང་མངའ་ཐང་རྒྱས་པར་གྱུར། །གཡོག་པོ་འབིག་གེ་ཞེས་བྱ་བ། །ད་ལྟ་རཱ་ག་ཨ་སྱའི་མ། །བློན་པོས་སྨན་དཔྱད་ཅུང་ཟད་ཤེས། །དེ་ཡིས་ཕན་ཐོགས་རྒྱ་ཆེའོ། །སྨན་དཔྱད་རང་བྱུང་ཤེས་པ་སྟེ། །སངས་རྒྱས་ཆོས་ནི་དེར་མེད་དོ། ༼༢༣༽ །སྔོན་འདས་བསྐལ་པ་བརྒྱ་དང་གཉིས། །འོག་ཕྱོགས་བསྐལ་པ་དེ་བཞིན་མིང་། །ས་ཧེ་ཞེས་བྱའི་མི་ལ་སྐྱེས། །དེ་མདུན་ལས་ཀྱི་རྒྱ་ཞེས་པའི། །རྒྱུ་གཅིག་མཁའ་ནས་མདུན་དུ་ཟུལ། །དེ་བཙུགས་མི་ཟིན་མི་སྲིད་ལ། །ཟིན་ནས་མི་འཆི་མི་སྲིད་ལ། །ཤི་ནས་མཐོ་རིས་སྐྱེ་ངེས་སོ། །མི་མ་ཡིན་གཅིག་རྒྱུ་དེ་ལ། །བརྒྱབས་ནས་ཤི་བ་མི་ལུས་ཐོབ། །དེ་ཡི་མིང་ནི་ཨ་ནཱ་ཐ། །ལས་རྟའི་མིང་ཅན་རྒྱལ་པོ་ཡི། །བཙུན་མོས་གྲི་བཏོན་རྒྱ་བཅད་


CMR003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དེ་མ་ཐག་འབྲེལ་མོ་རང་བཏུམ། །ཤི་ནས་མི་ལུས་བཟང་པོའོ། །ཨ་རིས་ཞེས་བྱའི་རྒན་མོ་ཡིས། །རྒྱ་བདག་བཀྱིགས་ནས་རྒྱ་ཡི་དཀྲིས། །གཞུང་ཐིག་ཁྱེར་ཞིང་འཕུར་ཆུང་བསྲེགས། །རྒྱ་བདག་ལྟ་སྟངས་བྱས་ཙམ་ན། །རྒྱ་ཤུད་བཀྱིག་གྲོལ་མོ་རང་བཏུམ། །མོ་སྐྲག་མ་གསོད་ཟེར་ཞིང་ངུས། །རྒྱ་བདག་སྙིང་རྗེས་རྒྱ་བསལ་ཀྱང་། །གོས་རྣམས་རྒྱུར་ཐིམ་གཅེར་བུར་གྱུར། །རྒྱུ་དེ་ནམ་མཁར་གཤེགས་པར་གྱུར། །སླར་ཡང་རྡོ་ཡི་རྡོ་རྗེ་བབ། །དེ་ལ་མཆོད་བསྟོད་བྱས་པ་ཡིས། །དགོས་འདོད་ཡིད་བཞིན་འབྱུང་བར་འགྱུར། །རྡོ་རྗེ་བུ་རྒྱུད་ལ་བཞག་ནས། །རྒྱ་བདག་ས་ཧེ་ཚེ་འཕོས་སོ། །མི་མ་ཡིན་ནི་ལཀའི་མིང་། །བཙུན་མོ་ཆོས་འཕེལ་རྒན་མོ་ནི། །རཱ་ག་ཨ་སྱའི་མ་འདི་ཡིན། །རྒྱུར་རྒྱབ་སེམས་ཅན་མང་པོ་དྲངས། ༼༢༤༽ །སྔོན་འདས་བསྐལ་པ་བརྒྱ་དང་གཅིག །བསྐལ་པའི་མིང་ནི་ན་ནི་སི། །ཀླུ་རྒྱལ་ཞེས་བྱའི་དམག་དཔོན་གྱུར། །རྒྱལ་པོ་ཉི་མ་གཟི་བརྗིད་ལ། །དམག་རོགས་བཏང་དགོས་སྨྲས་པ་ཡིས། །འགྲོ་ས་རྒྱལ་པོའི་གཉེན་ཡིན་པས། །རྒྱལ་པོ་ཁྲོས་ནས་ལ་ཐོད་རྒྱབ། །ཕར་འཕང་རྒྱལ་པོའི་ཞལ་ལ་ཕོག །རྒྱལ་པོ་ཁྲོས་ནས་དམག་དཔོན་


CMR003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དེ་འཁོར་དགུ་དང་བཅས་པ་བསད། །དེ་ཡི་རྟ་དང་ལུག་གཉིས་བསད། །རོ་ལ་འཇའ་ཟུག་མེ་ཏོག་ཆར། །ངོ་མཚར་ལྟས་མང་རྒྱལ་པོ་འགྱོད། །ལྷ་ཁང་མཆོད་རྟེན་གདུང་འབུམ་བཞེངས། །དེ་ཉིད་མཐོང་དང་ཕྱག་བསྐོར་བ། །ཐམས་ཅད་འཁོར་བ་མཐའ་ཅན་ཏེ། །དམག་དཔོན་ཤེས་བཞིན་ཚེ་དུས་བྱས། །རྒྱལ་པོ་དེང་སང་ཨ་ཙརྱ། །ལུག་ནི་ཨ་བྱི་རྟ་ཆོས་འཕེལ། །ལྷ་ཁང་རྟེན་བཞེངས་རྒྱལ་པོ་གྲོལ། ༼༢༥༽ །སྔོན་འདས་བསྐལ་པ་བརྒྱ་ཡི་དུས། །སྟེང་ཕྱོགས་བསྐལ་པ་མྱ་ངན་འདས། །འཁོར་བ་ལས་འདས་སངས་རྒྱས་མཚན། །དེ་ཡི་བསྟན་པར་བན་དེ་ནི། །ཨ་ཐ་ཞེས་བྱར་སྐྱེ་བ་བླངས། །རཱ་ག་ཨ་སྱ་དེ་ཡི་ཚེ། །བླ་མ་རྒྱལ་རྒྱས་ཞེས་བྱ་སྟེ། །དེ་ཡི་ཉེ་གནས་བྱས་ནས་ཀྱང་། །ཁྱི་ནི་དམར་འཁྱོག་བྱ་བ་ཁྲིད། །རི་ཤོག་དགུ་ཡི་ཕ་རོལ་བྱོན། །མི་རྒན་འགུ་རིས་བྱ་བ་ཡིས། །ཤིང་གི་མཁར་པ་འཁྱོག་པོ་གཅིག །མི་འདོད་བྱས་ཀྱང་ནན་གྱིས་ཕུལ། །ཁྱེར་འོང་གཤག་པས་དེ་ཡི་ནང་། །ཟངས་ཀྱི་རྡོ་རྗེ་རྩེ་ལྔ་ལ། །གསེར་ཆུས་བྱུགས་པ་གཅིག་སྣང་ངོ་། །བླ་མ་མ་འདས་བར་དུ་ནི། །ཆགས་ཕྱི་བྱས་ཤིང་དེ་འདས་ནས། །མི་ཚེར་


CMR003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་རྒྱལ་མཚན་བཙུགས། །མི་རྒན་ཕྲིན་ལས་ཁྱི་དེ་ནི། །དེང་སང་སྟག་ལའི་མིང་ཅན་ནོ། ༼༢༦༽ །སྔོན་འདས་བསྐལ་པ་ལྔ་བཅུ་ལྔ། །བྱང་ཕྱོགས་བསྐལ་པ་རྒྱན་མཛེས་ལ། །སངས་རྒྱས་མཚན་ནི་འོད་མི་འཁྲུགས། །དེ་ཡི་བསྟན་པ་བྱ་བྲལ་པ། །ཨ་ཐིས་ཞེས་བྱ་རས་གོས་དཀར། །ཞྭ་སྔོན་ལྷམ་སྔོན་ཅན་དུ་གྱུར། །བསོད་སྙོམས་བྱས་པས་ཇ་མང་རྙེད། །གུ་རུ་དབུ་འཁྱིལ་ཞེས་བྱ་ལ། །དད་པ་སྐྱེས་ནས་མཇལ་དུ་ཕྱིན། །སྤྱན་ནི་ཟུར་གསུམ་སྐུ་མདོག་དམར། །ཤངས་རིང་སྐུ་ནི་གཅེར་བུ་ལ། །བསེ་ཡི་སྦ་ཆ་རག་མནན་པ། །འཐེང་ཞིང་འབྱོན་པ་ལས་་་་ཚུགས་སེ་ཡང་ཞྭ་སྔོན་ཁར་མཇལ། །ལག་གི་མཁར་བ་དེ་གཏོད་གསུངས། །གཏད་པས་དེ་ལ་མདུད་པ་བརྒྱབས། །ཇ་རྣམས་ཕུལ་བས་བཀའ་བཀྱོན་གནང་། རྡོ་ལ་ཕྱག་ནི་བརྒྱབས་པ་ཡིས། །རྒྱ་ཡིག་འདྲ་བ་ཁྲ་ལམ་བྱོན། གྷཱཥྛཊྚ། །བླ་མས་ཕྱག་འཇུག་མང་དུ་གནང་། །སྡུག་ཅིང་འོང་བས་ཐོག་སེར་བརྒྱབས། །སྤྲིན་གསེབ་སྐུ་མདོག་སེར་བའི་ལྷ། །ཕྱག་གཡས་ཐུགས་ཀར་སྐྱབས་སྦྱིན་མཛད། རྡོ་ལ་ཕྱག །གཡོན་པས་བྷནྡྷའི་བདུད་རྩི་ནི། །དཀར་པོའི་


CMR003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ནི་ངང་ནར་ནར། །སྤྱི་བོའི་གཙུག་ཏུ་བླུགས་པ་བྱུང་། །དེ་རྗེས་བླ་མར་གདམས་པ་ཐོབ། །མི་ཚེར་སྒྲུབ་པའི་རྒྱལ་མཚན་བཙུགས། ༼༢༧༽ །སྔོན་འདས་བསྐལ་པ་སོ་དགུའི་དུས། །འཇིག་རྟེན་འདི་མལ་བསྐལ་པ་ནི། །མི་འདོད་ཅེས་བྱའི་མིང་ཅན་ནོ། །དེ་ཚེ་ཝ་མོ་གཅིག་ལ་སྐྱེས། །ཝ་ནི་བྲག་རྩར་ཉལ་བསྡད་པས། །ཨ་ཙརྱ་ནི་སྟག་ཏུ་གྱུར། །ཤེས་བཞིན་སྟག་མཆོངས་ཝ་ཟོས་སོ། །དེ་ནས་མི་ཡིས་སྟག་དེ་བསད། །སྟག་ཤ་བཙོས་ཏེ་གཞན་གཅིག་ལ། །ངན་བྱས་མགོ་གཡོག་བྱ་བྱིན་པས། །མི་དེས་ཁམ་གང་ཟོས་མ་ཐག །ནམ་མཁར་འཕག་ཅིང་མངོན་ཤེས་ཐོབ། །དེ་དོན་ཅི་ལགས་དྲིས་པ་དང་། །ཤ་འདིའི་བྱིན་རླབས་ཡིན་སྨྲས་སོ། །དེ་ནས་སྟག་གསོད་མཁན་དེ་ཡི། །མི་གཞན་སུ་ལའང་མི་སྦྱིན་སྙམ། །བཙོས་པས་ཐབ་ལོག་ཐལ་སྐྱོས་ཁེངས། །ཟ་མ་འདོད་པར་བསྒྱུར་བ་དེ། །གཞན་གྱིས་བླངས་ནས་རིལ་བུ་བྱས། ཟོས་ཚད་ངན་སོང་སྒོ་འགེགས་གྱུར། །སྟག་བསད་མི་ནི་ཡཀྵའོ། །སྟག་ཤ་ཝ་ཤ་རེ་རེ་ལ། །བྱིན་རླབས་དེ་ལྟར་མི་འབྱུང་སྟེ། །གཉིས་ཀ་བསྟོད་པས་ཕན་ཡོན་ཆེ། །ཤེས་བཞིན་ཟ་བ་ཞེ་ཡིན་ནོ། ༼༢༨༽།


CMR003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འདས་བསྐལ་པ་སོ་བཞི་དུས། །བྱིའུ་མཆིལ་པ་གཅིག་ཏུ་སྐྱེས། །དེ་ཚེ་འབུ་ཡང་ཟ་བར་འགྱུར། །རཱ་ག་ཨ་སྱ་དེ་ཡི་དུས། །བྱིའུ་དམར་པོ་འབུ་མི་གསོད། །འབུ་རོ་ནས་འབྲུ་ཟ་བར་གྱུར། །མཆིལ་པས་འབུ་ནི་གང་སོད་པའི། །ཕྱེད་དེ་བྱིའུ་དེ་ལ་བྱིན། །བྱིའུའི་ནས་འབྲུ་བྱིན་ན་ཡང་། །མཆིལ་པས་དེ་ནི་མ་ཟོས་སོ། །དེ་ནི་མ་དག་སྐྱེས་རབས་ཏེ། །རང་གཞན་དོན་ནི་དམན་པའོ། ༼༢༩༽ །ཡང་ནི་བསྐལ་པ་སོ་གཉིས་དུས། །སྐྱིན་རྡོག་ཅེས་བྱའི་སྲོག་ཆགས་ནི། །ཅུང་ཟད་འཕུར་ཐུབ་གཤོག་པ་ཡོད། །བྱམས་དང་སྙིང་རྗེ་སྒོམ་ཤེས་སོ། །ཨ་ཙརྱ་ནི་ཝ་རུ་སྐྱེས། །ཁུག་མ་བཟའ་བཏུང་བཅུག་པ་གཅིག །རྙེད་ནས་ཁྱེར་བ་ནད་བྱུང་སྐྱིན་རྡོག་བྲོས། །ཁྲག་མགོར་འདུག་འདི་བྲག་རྩ་ན། །ཝ་འདུག་ཟ་ཞིང་ཡར་ལ་བལྟ། །སྐྱིན་རྡོག་སྐག་ནས་ཕར་བྲོས་པས། །ཕྲག་ལ་བརྡབས་ནས་ཤི་བ་ཡིས། །མིར་སྐྱེས་སྐྱེ་བ་དྲན་པ་ཡི། །སྐྱོན་རྡོག་རོ་རྙེད་རིལ་བུ་བྱས། །སུས་ཟོས་མིག་ནད་ཞི་བར་གྱུར། །དེ་དུས་ཝ་དེ་མིག་ལོང་བར། །མི་དེས་སྙིང་རྗེས་རིལ་བུ་བྱིན། །ཝ་ཡི་མིག་ཀྱང་གསལ་བར་


CMR003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །སྐྱེས་རབས་གཉིས་དེ་གཅིག་ཏུ་བརྩིས། ༼༣༠༽ །བསྐལ་པ་སུམ་ཅུ་སོ་གསུམ་དུས། །དེན་པོ་ཟེར་བའི་བྱིསྦ་ནི། །བྱམས་དང་སྙིང་རྗེ་ཆེ་བར་འགྱུར། །བདག་གི་བྱམས་དང་སྙིང་རྗེ་དང་། །འགྲོ་བའི་དོན་ལ་བརྩོན་པར་ཤོག །གལ་ཏེ་ཞེ་སྡང་སྐྱེས་པ་ན། །དེ་ཚེ་ང་ཡང་བསད་པར་ཤོག །དེ་ལྟར་སྨོན་ལམ་བཏབ་པ་ལ། །ཉིན་གཅིག་མ་ལ་ཞེ་སྡང་ཤོར། །ཞང་པོ་སེ་རིས་ཞེས་བྱ་བས། །བྱིསྦ་བོས་ནས་ཆང་བླུད་པས། །རྒྱལ་མོ་ཞེས་བྱའི་རྒྱལ་འགོང་གིས། །བྱིསྱའི་སྙིང་ཁར་ས་ཐག་བརྒྱབས། །བྱིས་ཤི་ནས་རོ་དེ་ལངས། །གཡང་གཞི་གཅིག་ཏུ་གྱུར་སོང་བས། །ཞང་པོས་སྨྲེ་སྔགས་མྱ་ངན་བྱས། །རྒྱལ་པོ་ཞིག་གིས་རྨི་ལམ་བྱུང་། །གཡང་གཞི་མཆོད་པས་ནོར་འཕེལ་ཏེ། །ནོར་བུ་ལྟ་བུའི་ཡོན་ཏན་བྱུང་། །ཞང་པོ་ཆོས་འཕེལ་རྒྱལ་འགོང་ནི། །ཙ་ལི་མིང་ཅན་ཡིན་པའོ། ༼༣༡༽ །སྔོན་འདས་བསྐལ་པ་ཉེར་དགུ་དུས། །འོག་ཕྱོགས་ཀྱིས་ནི་འཇིག་རྟེན་ཁམས། །བསྐལ་པའི་མིང་ནི་ཨེ་ལས་གྲུབ། །ཚར་གཅོད་ཆེན་པོ་སངས་རྒྱས་མཚན། །ཞིང་དེར་རྒྱུ་འབྲས་ཆོས་འཆད་ཅིང་། །ཕུང་པོ་གཟན་སྐྱུར་ཤེས་པ་ཡི། །ཨན་ཏྲ་བྱེ་བ་


CMR003_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་སྐྱེས། །རྔ་བཟོ་ཀརྨ་དོན་གྲུབ་དང་། །ཤིང་བཟོ་ཨ་འགེ་བྱ་བ་ཡི། །ཤིང་གཉན་བཅད་པས་ཨ་འགེ་ཤི། །རོ་སྔས་གཅོད་པ་སྤྱན་དྲངས་ནས། །ཨ་ཏི་བཏང་ནས་ཤིང་གཉན་གྱི། །བཅད་འཕྲོ་དེ་ཡང་གཅོད་བཅུགས་ནས། །རོ་མནན་ཨ་ཏི་མགོ་ཆག་ཤི །ཨ་ཏི་རཱ་ག་ཨ་སྱ་སྟེ། །དེ་དུས་ཡོན་མཆོད་འབྲེལ་པའོ། །སྟན་རིས་ཞེས་པའི་མཉེན་པ་ཡིས། །དེ་དུས་གཅོད་པ་གྲུ་ལ་ཕུད། །སྟན་རིས་ད་རེས་ཡབ་ཏུ་གྱུར། །དེ་ཡི་མི་ཚེ་གཅོད་ལ་བསྐྱལ། །རྒྱུ་འབྲས་ཆོས་ནི་ཉམས་ལེན་ནོ། ༼༣༢༽ །སྔོན་འདས་བསྐལ་པ་ཉེར་དྲུག་དུས། །སྙིང་རྗེའི་སེམས་ལྡན་ཤ་བ་ཕོ། །རིགས་མཐུན་གཞན་ལ་རྒྱུ་འབྲས་དང་། །བྱམས་དང་སྙིང་རྗེའི་ཆོས་འཆད་དོ། །དེ་དུས་མི་ལ་ཆོས་མི་དར། །གྲོང་ཁྱེར་དྲུང་དུ་ཤ་བ་དེས། །ཡི་གེ་དྲུག་པ་འདོན་ཞིང་སོང་། །མི་རྣམས་འདི་ཡིས་ཅི་ཟེར་སྨྲས། །ཟག་བཅས་མངོན་ཤེས་ལྡན་པ་གཅིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོའི་སྔགས་ནི་ཡིན་ནོ་ཟེར། །དད་ལྡན་སྣོད་ལྡན་མི་གཅིག་གིས། །ཤ་བའི་དྲུང་ནས་ཡིག་དྲུག་ལོབ། །སྣོད་མིན་ཨ་འབོ་ཞུ་རུ་སོང་། །ཤ་བས་ཡིག་དྲུག་བསླབ་མ་ཉན། །ཨ་འབོ་ཞེས་བྱའི་རྔོན་


CMR003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ། །དམར་འགུ་ཞེས་བྱའི་ཤ་ཁྱི་སྐྱེས། །མདའ་གཞུ་བཏགས་ནས་ཤ་བ་དེད། །ཤ་ཁྱིས་ཤ་བ་བཟུང་མ་ཐག །ཟབ་ཆེན་འདྲིལ་བྱུང་རྔོན་པ་བྲོས། །ཤ་བ་མ་སོད་ཤོར་བར་གྱུར། །རྔོན་པ་ཙ་ཡི་མིང་ཅན་ནོ། ༼༣༣༽ །སྔོན་འདས་བསྐལ་པ་ཉེར་ལྔ་དུས། །བསྐལ་པའི་མིང་ནི་འོད་བྱེད་དེ། །སངས་རྒྱས་འདོད་དོན་བསྟན་པ་ལ། །གཙང་ཞེས་བྱ་བའི་ཡུལ་ཕྱོགས་སུ། །རྒྱས་བུ་བྱ་བའི་སྔགས་པ་ནི། །ཐུན་མོང་གྲུབ་རྟགས་ཅུང་ཟད་བྱུང་། །སྒྲུབ་ཁང་སྐུ་མཁར་མཐོན་པོའོ། །རཱ་ག་ཨ་སྱ་དེ་ཡི་དུས། །སྔོ་གྲ་ཞེས་པའི་སྔགས་པར་གྱུར། །དེ་གཉིས་འཐབ་ཅིང་མཐུ་ཡང་ངོམ། །རྒྱས་བུའི་ལུས་པོ་ནག་པོ་བྱས། །རྟ་ནག་ཞོན་སོང་སྔོ་གྲ་ཡི། །ཤ་ཉེ་གཅིག་ནི་བཀུམ་པར་བྱས། །ཁོ་ཡིས་རྡོ་ལ་ཡི་གེ་བྲིས། །དེ་ལ་འཇའ་ཚོན་ཟུག་པར་བྱས། །སྔོ་གྲས་ལུས་མདོག་སྔོན་པོ་བྱས། །སྐུ་མདོག་དམར་བྱས་མདའ་བཀང་སྟེ། །རྒྱས་བུའི་མཁར་ལ་མདའ་བརྒྱབ་བོ། །དེ་དུས་བསང་བཏང་དར་ཡང་ཕྱིར། །རི་བོང་གསོས་པའི་རྐེད་པ་ལ། །སྣམ་བུ་སྔོན་པོས་དཀྲིས་པ་ལ། །ཕྱི་ནས་སྟག་གི་ཤུན་པས་བཀབ། །ལུག་ལ་མདའ་གཞུ་ཁྲག་བྱུགས་བཀལ། །བསང་


CMR003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དུད་དར་ཁ་རླུང་ཁ་གྱུ། །ཁོ་ཉིད་ཐུབ་པར་ཡོད་སྨྲས་ཀྱང་། །མི་ནག་མགོ་ལ་མེ་འབར་བ། །མི་ཐུབ་ཟེར་ནས་འཁོར་རྣམས་སྐྲག །རི་བོང་དེ་བཏང་ཁོ་ལ་གྲུད། །ཁོ་རྒྱལ་ལུག་བཏང་ཁོ་སྐག་ནས། །མདུན་མ་བྱས་ཤིང་མཐུན་པོར་གྱུར། །མི་ཚེ་དེ་ལ་བསྙེན་བསྒྲུབས་བྱས། །དྲག་སྔགས་མཐུ་ཡི་གྲགས་པ་ཐོབ། ༼༣༤༽ །སྔོན་འདས་བསྐལ་པ་ཉེར་ལྔ་དུས། །སེང་ལྡེང་སྡོང་པོའི་འབུ་ལ་སྐྱེས། །ཨ་ཙརྱ་ནི་མིར་གྱུར་པས། །ཤེས་བཞིན་སེང་ལྡེང་སྡོང་པོ་བཅད། །ཤིང་དེ་རབ་ཏུ་གཉན་པའི་ཕྱིར། །ཕྱོགས་གཅིག་བཅད་ཚེ་ཕྱོགས་གཅིག་འབྲེལ། །ཤིང་གི་སྙིང་པོ་བྲིས་བཅད་འགྱེལ། །སྲིན་འབུ་རྐེད་པ་ཆད་དེ་ཤི། །ཐོག་སེར་ཆར་དྲག་ཆུ་ཐོག་བབ། །ཤིང་དེ་བཅད་པར་མ་བྱས་ན། །ཡུན་རིང་སྲིན་བུ་དེ་ཉིད་ནི། །བདེ་འགྲོའི་ལུས་ལེན་གོ་འགག་གོ །འདི་ནི་མ་དག་ལས་ཀྱི་སྐྱེས། ༼༢༩༽ །སྔོན་འདས་བསྐལ་པ་ཉེར་གཅིག་དུས། །སྲིན་འཇའ་མོ་མོ་གཅིག་ལ་སྐྱེས། །རིགས་མཐུན་འབུ་ལ་ཆོས་འཆད་ཤེས། །དེ་དུས་རཱ་ག་ཨ་སྱ་ནི། །བྱིའུ་མཆིལ་པར་སྐྱེས་པ་དེ། །དྲུང་དུ་བྱུང་ནས་མཉམ་དུ་བསྡད། །ཕན་ཚུན་ངོ་ཤེས་མ་ཟོས་སོ། །དུས་ཕྱིས་སྲིན་འཇའ་གཞན་


CMR003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་། །མཉམ་དུ་ཁུང་དུ་བསྡད་ཡོད་ཛ། །སྐྱ་ཡི་མིང་ཅན་སྐྱེ་བ་ནི། །མཆིལ་པ་གཅིག་བྱུང་གསུམ་ཀ་ཟོས། ༼༣༦༽ །སྔོན་འདས་བསྐལ་པ་ཉེར་གཅིག་གོང་། །བྱང་ཤར་བསྐལ་པ་རྒྱན་ལྡན་ལ། །བཻཌཱུརྱ་ཡི་མཚན་ཆེན་པོ། །ཞེས་བྱའི་བསྟན་ལ་རྒྱ་གར་ཡུལ། །རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ། །སྒྲ་ལ་མཁས་པའི་བན་དེར་གྱུར། །བླ་མ་སོ་སྐྱེ་པཎྜི་ཏ། །སྒྲ་ལ་ཕུལ་བྱུང་འགྲན་ཟླ་བྲལ། །རཱ་ག་ཨ་སྱ་སྔགས་པ་ནི། །སྒྲ་ནི་ཅུང་ཟད་ཤེས་པར་གྱུར། །དེ་ཡི་བླ་མ་ས་གསུམ་པ། །པཎྜི་ཏ་ནི་མཁས་ཤིང་བཟང་། །ཐ་སྙད་སོ་སྐྱེ་དེ་མཁས་ཀྱང་། །ངོ་བོ་ས་ཐོབ་དེ་བཟང་ངོ་། །བན་དེ་སྔགས་པ་ལམ་ཁར་འཕྲད། །བགྲོ་གླེང་བྱས་པས་བན་དེ་རྒྱལ། །སྔགས་པས་བླ་མ་པཎྜི་ཏ། །གཉིས་པོ་གདན་འདྲེན་རྩོད་དགོས་ཟེར། །བན་དེས་བླ་མ་གདན་མི་དྲངས། །ཁྱོད་རང་བླ་མ་བོས་ཤོག་དང་། །ས་ཐོབ་ང་ཡིས་མི་ཐུབ་སྟེ། །ཞལ་ལྟ་བགྲོ་གླེང་བྱེད་དོ་ཟེར། །སྔགས་པ་སོང་བས་བླ་མ་དེ། །རྒྱལ་པོས་གདན་དྲངས་མལ་དུ་བསླེབས། །རྒྱལ་པོ་ལ་ནི་ཐོངས་ཞུས་པས། །རོགས་གཉིས་ཡོད་པས་ནན་ཏན་ཆེས། །རྒྱལ་པོ་ཁྲོས་ནས་ཆད་པས་གཟིར། །


CMR003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་དེས་སློབ་མ་བཏང་། །དེ་ནས་མེ་ཏོག་ཚལ་ཞིག་ཏུ། །བན་དེ་དེ་དང་བགྲོ་གླེང་བགྱིས། །དང་པོ་དེ་ཉིད་རྒྱལ་འདྲ་ཡང་། །ཕྱིས་ནས་བན་དེ་རབ་ཏུ་རྒྱལ། །སྤོབས་པ་ཞུམ་ནས་ཚུར་ལ་ཉན། །སྔགས་པ་ཁྲོས་ཏེ་རྒྱལ་པོར་ཞུས། །རྒྱལ་པོས་དེ་ལ་ངན་ཁྲིམས་བཅད། །པཎྜིའི་སློབ་མས་སྔགས་པ་བསད། །སྔགས་པ་གསང་སྔགས་ཉམས་ལེན་བཟང་། །སྐྱ་མཁན་རྒྱལ་པོ་དམྱལ་བར་ཡོད། །ད་དུང་བསྐལ་པ་གསུམ་དུ་མནར། །དེ་དུས་ཆོས་གཏམ་མ་ལེགས་གསུངས། ༼༣༧༽ །སྔོན་འདས་བསྐལ་པ་ཉི་ཤུ་དུས། །མི་ནི་རྒྱུ་འབྲས་ཉམས་སུ་ལེན། །བྱམས་དང་སྙིང་རྗེས་རྒྱུད་གཏམས་སོ། །གུ་རུ་བྱེ་ཏྲི་གཏུམ་ལ་རྔམ། །མངོན་ཤེས་ལྡན་ཡང་ཞག་བདུན་ན། །དུས་ཀྱི་ཞགས་པས་འཆིང་མཐོང་ངོ་། །མ་ནུ་དེ་ཡི་མཾ་ས་ནི། །ཨཱ་ཡུ་པུཊྚི་རྫས་སུ་མཐོང་། །ཤེས་བཞིན་རོལ་པས་ཨཱ་ཡུ་འཕེལ། ༼༣༨༽ །སྔོན་འདས་བསྐལ་པ་ཉི་ཤུ་དུས། །ཨི་ཧ་ཞེས་བྱ་བསྐལ་པའི་མིང་། །རྒྱལ་པོ་གཏུམ་པོ་བཟོད་ཤག་སྟེ། །བློན་པོ་སྦྱིན་པ་ཞེས་བྱ་ཡོད། །བྲན་ནི་འོན་པ་ཨེ་རིའོ། །ཁྲ་རི་ཞེས་བྱ་ལག་རྡུམ་ཡོད། །རྒྱལ་པོས་འོན་པར་འབོད་བཅུག་ནས། །རྟ་སྡུས་སྨྲས་པ་མ་གོ་


CMR003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བས། །རྒྱལ་པོས་གྲི་ཕྱུང་གསོད་ཤོམ་བས། །བློན་པོ་སྙིང་རྗེས་གསོད་མ་བཅུག །རང་གི་རྣ་བ་བཅད་གླན་པས། །དེ་ཕྱིས་རྣ་བ་གསང་བ་བྱུང་། །རྒྱལ་པོས་ལག་རྡུམ་མི་དེ་ལ། །གསོལ་ཀར་ཁྱོག་ཟེར་བཀྱག་མ་ཤེས། །རྒྱལ་པོས་གྲི་བཏོན་གསོད་ཤོམ་པ། །བློན་པོ་སྙིང་རྗེས་རང་ཉིད་ཀྱི། །ལག་པ་གཉིས་བཅད་ཁོ་ལ་སྦྱར། །ཁོ་ལ་ཅི་ཕན་ཆ་མེད་དེ། །བློན་པོ་རང་ཉིད་ཚེ་དུས་བྱས། །རྒྱལ་པོ་ད་ལྟ་དོན་གྲུབ་བོ། །བློན་པོ་མི་འགྱུར་རྡོ་རྗེ་སྟེ། །འོན་པ་སློབ་དཔོན་ཨ་རཱ་ག །ལག་འབོ་ཕྲིན་ལས་ཡིན་པའོ། ༼༣༩༽ །སྔོན་འདས་བསྐལ་པ་བཅོ་བརྒྱད་དུས་སུ་ནི། །བསྐལ་པའི་མིང་ནི་འཛམ་བུ་གླིང་ཞེས་བྱ། །སངས་རྒྱས་དེ་ལས་བཟང་གི་བསྟན་པ་ལ། །བདེ་བ་ཞེས་བྱ་ལྷ་བཟོ་མཁས་པར་གྱུར། །སེམས་བསྐྱེད་ལྡན་པས་ལྷ་རིས་ཁོ་ན་བྲིས། །དེ་ཡི་བུ་ནི་ཅི་བྱེད་ཅེས་བྱ་བ། །ད་ལྟ་རཱ་ག་ཨ་སྱ་ཉིད་ཡིན་ནོ། ༼༤༠༽ །སྔོན་འདས་བསྐལ་པ་བཅུ་དྲུག་དུས། །ཤར་ལྷོའི་འཇིག་རྟེན་ཟླ་ལ་ཞེས། །འོད་ཅེས་བྱ་བའི་སངས་རྒྱས་བསྟན། །ཁྱིམ་བདག་དམ་པའི་ཆོས་སྤྱོད་པ། །མིང་ནི་མགོ་འཁོར་ཞེས་བྱར་གྱུར། །དེ་ཚེ་རཱ་ག་ཨ་སྱ་ནི། །ཁྱིམ་བདག་དམར་


CMR003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྡུང་ཞེས་བྱར་གྱུར། །གཉིས་པོ་ཤག་བྱས་ཤིན་ཏུ་མཐུན། །རི་རྩེར་ཆང་འཐུང་བྱས་པའི་ཚེ། །ཟབ་བྱུང་དམར་རྡུང་མགོ་ཆག་དྲན། ༼༤༡༽ །སྔོན་འདས་བསྐལ་པ་བཅོ་ལྔ་དུས། །འོག་ཕྱོགས་རྩེབ་བུའི་བསྐལ་པ་ལ། །ཐུགས་རྗེ་སྐྱབས་ཞེས་མགར་བར་གྱུར། །བཀྲ་ཤིས་རྒྱལ་ལ་གྲི་གཅིག་བཙོང་། །ཁོ་ཡིས་བྱ་ཡི་སྐེ་བཅད་གདལ། །མགར་བ་ན་ནས་འཆི་ཁ་རུ། །མགར་འདི་སྡིག་པའི་རྩ་བར་འདུག །ཕྲེང་བ་བཟོ་མཁན་སྐྱེས་ནས་ཀྱང་། །དེ་ལ་སུ་བཏོན་འགྲུབ་པར་སྨོན། ༼༤༢༽ །ཏིར་རྒན་ཞེས་བྱའི་མི་ལ་སྐྱེས། །ཕྲེང་བ་སྟོང་ཙམ་བཟོས་པ་ཡིས། །དེ་ལ་གང་བཏོན་ཐུགས་ཆེན་འགྲུབ། །ཁྱད་པར་མི་གཅིག་ལ་བཙོང་བས། །ཐུགས་རྗེ་ཆེན་པོའི་སྙིང་པོ་བཟླས། །ཐུན་མོང་གྲུབ་པ་ཐོབ་པར་གྱུར། །དེ་ཡི་སྐྱེ་བ་རས་པ་སྟག་ལའོ། །བྱ་དེར་རཱ་ག་ཨ་སྱར་དྲན། ༼༤༣༽ །བསྐལ་པ་དེ་ལ་སངས་རྒྱས་ནི། །རྣམ་འཇོམས་ཞེས་བྱ་ཞི་མ་ཁྲོ། །འོད་དགེ་ཞེས་བྱའི་མིར་གྱུར་ཚེ། འོད་དགེའི་གོས་ལ་གོས་ཅན་ཛི་ཟེར་བ་འདི་འདྲ་ཡོད། ཨ་ནེ་ཞེས་བྱའི་མི་དང་བརྩད། །བླ་མ་གུང་ཞེས་བྱ་བ་ཡི། །གསེར་ནི་ཀ་ཊོ་ར་གང་ནི། །ཁྱིམ་དུ་ལེན་པར་མི་རུང་ནས།


CMR003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྩེར་བཞག་ནས་བཙན་པར་སེམས། །དེ་ལ་ཨ་རྒེས་ཡང་ཡང་བརྐུས། །བླ་མ་དེ་ཡིས་གསེར་བསྲུང་ཕྱིར། །ཤིང་ལ་གུང་གི་པགས་པ་དཀྲིས། །རང་ལུས་དར་གོས་སྣ་ཚོགས་གྱོན། །ཤིང་ལ་འཇུས་ནས་མཚན་དང་ཉིན། །བསྲུང་པས་ཁོས་ནི་ཆོ་འཕྲུལ་ནི། །ཡིན་སྙམ་ཁོ་བྲོས་གསེར་མ་ཤོར། །འོད་དགེས་དམ་ཚིག་དེ་ལྟར་བསྲུང་། །ཨ་ཇེ་ད་ལྟར་ཆོས་འཕེལ་ལོ། ༼༤༤༽ །སྔོན་འདས་བསྐལ་པ་བཅུ་གསུམ་དུས། །ལས་རྒྱས་ཞེས་བྱའི་བྱིས་སྦྱར་གྱུར། །སྐུ་ཡི་མིང་ཅན་སྐྱེ་བ་ནི། །སྐྲ་མེད་ཅེས་བྱའི་མི་གཅིག་གིས། །ཐག་པ་རྐེད་དཀྲིས་གོས་སེར་གྱོན། །དྲ་བ་རྒྱབ་ཏུ་ཁུར་ནས་བྱུང་། །བྱིས་པས་རྡོག་གྱང་བརྒྱབས་པ་ཡིས། །ཁོ་ཁྲོས་རལ་གྲི་བཏོན་ཅིང་བརྡེག །བྱིསྦ་མཚན་ཁུང་བརྩིར་ནི་ཁྱེར། །དེ་ཡི་རྐྱེན་བྱས་བྱིས་གུམ། །ས་ནི་རབ་ཏུ་གཡོས་གྱུར་ཏེ། །གཞན་ལ་གནོད་པར་མ་གྱུར་ཏོ། །འདི་ནི་མ་དག་སྐྱེས་རབས་ཏེ། །རང་གཞན་དོན་ནི་ཅང་མེད་དོ། ༼༤༥༽ །སྔོན་འདས་བསྐལ་པ་བཅུ་གསུམ་དུས། །སྟེང་ཕྱོགས་བསྐལ་པ་ཏོག་གུ་ལ། །སངས་རྒྱས་བྱ་ལའི་བསྟན་པ་ལ། །དགེ་སློང་བཀྲ་ཤིས་ལམ་མགྱོགས་ཤེས། །ཡི་དམ་


CMR003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྟེ། །སྔགས་ནི་ཨོཾ་མ་ཧཱ་པདྨ་སྭཱ་ཧཱ། །དེ་ལ་དུང་ཐོན་ཡི་དམ་འགྲུབ། །དེ་དུས་ལཀྵའི་མིང་ཅན་ནི། །དྲང་སྲོང་ཐུན་མོང་བདེན་ཚིགས་འགྲུབ། །རྡོ་རྒན་ཞེས་བྱར་གྱུར་པ་ལ། །རཱ་ག་ཨ་སྱ་རྐུན་མར་སྐྱེས། །དྲང་སྲོང་དེ་ཡི་ཕྲེང་བ་བརྐུས། །དྲང་སྲོང་དམོད་པ་ངན་པ་དོར། །རྐུ་མར་དམྱལ་བ་སུམ་སྟོང་གི །སྡུག་བསྔལ་ལྟ་བུའི་ནད་བྱུང་ཤི། །དེ་ཡི་མིང་ནི་ཀུན་སེང་སྒྲོག །དེ་ནས་དྲང་སྲོང་བསམ་ངན་དེས། །རྔོན་པ་གཅིག་ལ་ཆོས་ལོག་བསྟན། །དགེ་སློང་བརྒྱ་དང་བརྒྱད་གསོད་ལ། །གཉའ་བ་ཐམས་ཅད་བད་ཁར་ཐོགས། །དེ་ཡིས་སངས་རྒྱས་ཐོབ་ཅེས་སྨྲས། །རྔོན་པས་དགེ་སློང་བརྒྱ་དང་བདུན། །བསད་ནས་བཀྲ་ཤིས་ལམ་མགྱོགས་དེད། །སྐག་ནས་ཐུགས་རྗེ་ཆེན་པོ་བསྒོམས། །ཐུགས་རྗེ་ཆེན་པོར་གསོལ་བཏབ་པས། །རྐུན་མས་ཐུགས་རྗེ་ཆེན་པོར་མཐོང་། །དད་ཅིང་ཕྱག་འཚལ་ཆོས་ཉན་པས། །ཁོས་ཀྱང་ཐུན་མོང་གྲུབ་པ་ཐོབ། །རྔོན་པ་ཆོས་སྐྱོང་བཀྲ་ཤིས་སོ། ༼༤༦༽ །སྔོན་འདས་བསྐལ་པ་བཅུ་གཉིས་དུས། །གླ་བ་སྙིང་རྗེ་ཆེན་པོ་གྱུར། །ཉལ་བའི་ཐད་ལ་གློག་གིས་འཇུམ། །ནམ་མཁར་ཡར་མཆོངས་ཁོས་མ་སོད། །གླག་


CMR003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ས་ལ་བབ་ཐོལ་བས། །སྙིང་རྗེའི་ལུས་འདི་སྦྱིན་སྙམ་ནས། །དྲུང་དུ་སོང་ཛ་གློག་དེ་ཡིས། །བསྒོམས་ནས་མ་ཟོས་འཕུར་སོང་ངོ་། །བྱ་གླག་དེ་ནི་ཨ་ཙརྱ། །༼༤༧༽ །སྔོན་འདས་བསྐལ་པ་བཅུ་གཉིས་པ། །བྱང་ཤར་བསྐལ་པ་འོད་ཆེན་ན། །སངས་རྒྱས་བྱེ་འདས་བསྟན་པ་ལ། །མི་ནི་དམ་ཆོས་སྤྱོད་བྱེད་ཅིང་། །གཞན་ལ་ཆོས་ཀྱང་སྟོན་པར་གྱུར། །མིང་ནི་ཨ་འོད་ཅེས་བྱའོ། །དེ་ཡི་ལུས་ཀྱི་སྲིན་བུ་ལ། །རཱ་ག་ཨ་སྱ་སྐྱེས་པར་གྱུར། །མི་དེས་སྲིན་བུ་དེ་ཡིན་ཤེས། ༼༤༨༽ །སྔོན་འདས་བསྐལ་པ་བཅུ་གཉིས་དུས། །ཀུ་ཀུ་ར་ཙ་གཅིག་ཏུ་གྱུར། དྷརཱ་ག་ཨ་སྱ་བདག་པོ་སྟེ། །རིས་ཞེས་བྱ་བའི་ཁྱིམ་བདག་གོ །དགེ་བ་ཅུང་ཟད་བྱེད་པ་ཡིན། །ཁྱི་དེས་སྤྲང་པོ་ཉམ་ཐག་ལ། །གོས་ལྷམ་ཤ་ཐུད་བརྐུ་ནས་སྦྱིན། །སྙིང་རྗེའི་སེམས་དང་ལྡན་པའོ། ༼༤༩༽ །སྔོན་འདས་བསྐལ་པ་བཅུ་གཉིས་པ། །སྟེང་ཕྱོགས་བསྐལ་པ་གོས་བཟང་ལ། །སངས་རྒྱས་མཐའ་ཡས་པ་ཡི་བསྟན། །ཞིང་དེའི་རྒྱ་ནག་ཡུལ་མཐའ་ན། །བན་དེ་ཤཱཀ་འོད་ཅེས་བྱར་གྱུར། །འཇམ་དཔལ་དབྱངས་ལ་ཡི་དམ་བྱས། །ཨོ་ཝཀྐི་ཤྭ་རི་མྱི། །དེ་ལ་དུང་ཕྱུར་བཟླས་བྱས་


CMR003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །འགྲུབ་པའི་རྟགས་ནི་ཆེར་མ་བྱུང་། །ནུས་པ་རབ་ཏུ་ཆེ་བར་ཡོད། །བན་དེས་གོས་སྔོན་གྱོན་སྲོལ་ཡོད། །དེ་དང་ཉེ་བའི་རྒྱ་གར་ན། །རྒྱལ་པོ་གཏུམ་པའི་གཟི་བརྗིད་ལྡན། །བན་དེ་ཤཱཀ་འོད་ཅེས་བྱ་བས། །རྒྱལ་པོའི་ཚེ་ལ་གནོད་ཟེར་རྨིས། །བློན་པོ་ཟླ་གྲགས་ལ་བསྒོས་ནས། །གར་འདུག་ཚོལ་ལ་རྙེད་པའི་དུས། །རྒྱལ་པོ་ལ་ནི་ངག་གྱིས་ཟེར། །བློན་པོས་རྒྱ་ནག་ཡུལ་མཐའ་རྙེད། །ངག་བྱས་རྒྱལ་པོ་དེར་འོང་ནས། །བན་དེའི་ལག་པ་རལ་གྲིས་བཅད། །བཀའ་ཆེད་རྒྱལ་པོ་དེ་རུ་གུམ། །བློན་པོས་རོ་བསྲེགས་གླུ་བླངས་པ། །ཨེ་མ། རྒྱལ་པོ་གཟི་བརྗིད་ལྡན་པ་དེ། །རྒྱལ་ཡང་རྒྱལ་ལ་ཕམ་ཡང་ཕམ། །རྒྱ་ནག་བན་དེ་ཤཀ་འོད་དེ། །ཕམ་ཡང་ཕམ་ལ་རྒྱལ་ཡང་རྒྱལ། བློན་པོ་ཟླ་གྲགས་བྱ་བ་ང་། །རྒྱལ་པོའི་གདན་ས་རྒྱལ་ཡང་རྒྱལ། །རྒྱལ་པོའི་གདན་ས་ཕམ་ཡང་ཕམ། །རྒྱལ་པོའི་ལ་ཐོད་ཚིག་ནི་ཐལ། །རྒྱལ་པོའི་ལ་ཐོད་གོས་ཆེན་དར། །གོས་ཆེན་དར་དེ་ཚིག་ནི་ཐལ། །ཤཱཀ་འོད་ལག་པ་ཤ་ཁྲག་ཡིན། །ཤ་ཁྲག་ལག་པ་གར་བྲག་བྲག །རྒྱལ་བློན་ངེད་གཉིས་མཚར་བ་ལ། །རྒྱལ་བློན་ངེད་གཉིས་སྡུག་པ་ལ། །ཤཱཀ་འོད་ཁྱོད་ནི་སྐྱིད་པ་


CMR003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཞེས་ཟེར་རྒྱ་གར་ཡུལ་དུ་སོང་། །རྒྱལ་པོ་རུ་ཏྲའི་སྤྲུལ་པ་སྟེ། །བློན་པོ་ཙ་ཡི་མིང་ཅན་ཡིན། ༼༥༠༽ །སྔོན་འདས་བསྐལ་པ་བཅུ་གཅིག་དུས། །དཀར་དིབ་ཅེས་བྱའི་བྱིསྦར་གྱུར། །དེ་དུས་དམ་ཆོས་མི་དར་ཀྱང་། །བྱིསྦ་རྣམས་ལ་ཆོས་འཆད་དོ། །ཕ་ནི་སྔོ་ན་ཞེས་བྱའི་མི། །གོས་སྔོན་རྩྭ་ཅན་ཞྭ་གཅིག་ཡོད། །བྲག་ཁ་ཤུག་སྡོང་རྩེ་གཅིག་ན། །བྱིས་སོང་དུས་རྦབ་ཆེན་བྱུང་། །བྱིསྦ་ཤུག་པ་དང་བཅས་པ། །འཇོམས་ལ་ཁད་དུ་ཕ་ཡིས་བསུས། །ཚེ་ཡི་བར་ཆད་དེ་ལས་ཐར། །དེ་ཚེ་དྲུང་དེར་འཇའ་དམར་པོ། །གོས་ཅན་རི་མོ་དོད་འདྲ་ཟུག །ཕ་དེ་རཱ་ག་སྱའོ། ༼༥༡༽ སྔོན་འདས་བསྐལ་པ་བཅུ་གཉིས་གོང་། །ཁྱིམ་བདག་ལོངས་སྤྱོད་དཔག་ཏུ་མེད། །མིང་ནི་འོད་ཟེར་ཞེས་བྱ་བ། །སྙིང་རྗེ་ཆེ་ཞིང་སྦྱིན་ལ་དགའ། །དབུལ་ཕོངས་ཀུན་ལ་སྦྱིན་པ་བཏང་། །དེ་ཚེ་རཱ་ག་ཨ་སྱ་ནི། །ཤིན་ཏུ་བཀྲེན་པའི་བྱ་བྲལ་བ། །སུས་ཀྱང་བཟའ་བཏུང་མི་སྦྱིན་གྱུར། །དེ་ལ་རྟ་དང་འབྲི་དང་བེའུ། །བྱིན་པའང་གཞན་གྱིས་འཕྲོག་སོང་ངོ་། །བྱ་བྲལ་དེ་ཡི་ཐུགས་དམ་ལ། །ཨ་མི་ལ་ཞེས་བྱ་བའི་སྔགས། །དེ་དུས་ཀུན་


CMR003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཐུགས་དམ་བྱེད། །བྱ་བྲལ་དེས་ཀྱང་དེ་འདོན་ནོ། །མུན་བསྐལ་ཡིན་པ་ཅི་ཆ་ཡོད། །བྱ་བྲལ་སྙི་མ་བརྐུས་བྱས་པས། །བདག་པོས་བཟུང་སྟེ་ཆུར་དོར་གྱུར། ༼༥༢༽ །སྔོན་འདས་བསྐལ་པ་བཅུ་བདུན་དུས། །དབུལ་པོ་བཀྲ་ཤིས་བྱ་བར་གྱུར། །དར་མ་ཆོས་རྒྱལ་ཞེས་བྱ་བའི། །རྒྱལ་ཕྲན་ཕྱུག་ཅིང་བཙན་པ་ཡོད། །དེ་ཡི་བློན་པོ་སྐུ་ཟད་ཅེས། །ད་ལྟ་ཆོས་དབང་ཀུན་བཟང་ངོ་། །རྒྱལ་པོའི་མངའ་ཞབས་ཐམས་ཅད་ལ། །ལོ་རེ་བཞིན་དུ་རྟ་ཁྲལ་བསྡུ། །དབུལ་པོར་རྟ་གཅིག་ལས་མེད་པ། །རྒྱལ་པོས་རྟ་ཁྲལ་དགོས་ཟེར་བ། །རྒྱལ་པོའི་རྟ་ཁྱུར་བརྒྱབ་བཞག་པས། །ད་རུང་རྟ་ཁྲལ་དགོས་ཟེར་བ། །རྟ་ནི་གཅིག་བས་ང་ལ་མེད། །གཅིག་དེ་རྟ་ཁྱུར་སྔར་ནས་བརྒྱབས། །ཞུས་པས་ཨི་གདའ་ལྟོས་ཟེར་བལྟས། །རྒྱལ་པོས་ང་ལ་མི་སྤྱད་པརོ། །རྐུན་ཁག་རྒྱབ་འདོད་རེད་ཟེར་ནས། །དབུལ་པོའི་མིག་ནི་བྲུས་པར་གྱུར། །དེ་ཡིས་རྐྱེན་བྱས་དབུལ་པོ་དེས། །ཐུགས་རྗེ་ཆེན་པོའི་སྔགས་ཡིན་ཟེར། །ར་ཝ་ཏྲ་ཝི་ར་ཨི། །དེ་ལ་དུང་ཕྱུར་ཕྱེད་བཞི་ཐོན། །རྒྱལ་པོ་ཤི་ནས་དམྱལ་བར་སྐྱེས། །དེ་ནས་ཡི་དྭགས་དུད་འགྲོ་སོགས། །དེ་ནས་བླ་མ་ཞིག་ཏུ་སྐྱེས། །


CMR003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་ཨ་ཙརྱ་རུ་གྱུར། ༼༥༣༽ །སྔོན་འདས་བསྐལ་པ་བཅུ་གཉིས་དུས། །སྤྲེའུ་གཅིག་ཏུ་གྱུར་པ་ན། །ལྷ་ཁང་ཆེན་པོ་གཅིག་གི་ནང་། །མར་མེ་ཚེ་འབར་ཟངས་གང་ཡད། །སྤྲེའུ་གཞན་ཞིག་ཟངས་ཁ་ནས། །བཟུང་སྟེ་མར་ཁུ་ཕོ་ཤོམ་པས། །སྤྲེའུས་རོགས་ལ་ཁུ་ཚུར་བརྒྱབས། །མར་མེ་ཕོ་ནི་མ་བཅུག་གོ །དེའུས་རྒད་པོ་མེ་ལྕེབ་གཅིག །མར་མེར་མཆོངས་ནས་ཤི་ཐལ་ལོ། །མེ་ལྕེབ་དོན་འགྲུབ་སྤྲེའུ་དེ། །ད་ལྟ་རཱ་ག་ཨ་སྱ་ཡིན། །དེ་ཡང་མ་དག་སྐྱེས་རབས་སོ། ༼༥༤༽ །སྔོན་འདས་བསྐལ་པ་བཅུ་གཅིག་གོང་། །རྒྱ་མཚོའི་ནང་དུ་པིར་ལ་སྐྱེས། ས། །ལག་ན་འཁོར་ལོ་ཐོགས་པའི་མི། །ཆུ་འཕོག་བྱུང་བ་བཟུང་ནས་ཟོས། །མི་དེ་ཨོ་རྒྱན་རིག་འཛིན་ཡིན། །དེ་ནས་སུ་ཡིན་མི་ཤེས་པའི། །ལྷ་ཡི་ལུས་ནི་འདྲ་བ་གཅིག །བྱུང་སྟེ་མི་རྟག་ཆོས་མང་བཤད། །དེ་ནས་མི་རྟག་བསྒོམ་ཤེས་གྱུར། །དེ་ཡང་མ་དག་སྐྱེས་རབས་སོ། ༼༥༥༽ །སྔོན་འདས་བསྐལ་པ་བཅུ་ཡི་གོང་། །འདམ་སེང་སྔོན་པོ་གཅིག་ཏུ་སྐྱེས། །གཅན་གཟན་རྣམས་ལ་ཆོས་འཆད་དེ། །ཆོས་བཤད་ཆོས་


CMR003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཆོས་ཉན་པ། །གསོད་པར་ནམ་ཡང་མ་བྱེད་ཅིག །ཆོས་མི་ཉན་ཞིང་ཆོས་མི་བྱེད། །དེ་འདྲའི་སེམས་ཅན་བསད་ན་ལེགས། །ཞེས་སྨྲས་རང་ཡང་ཆོས་འཆད་ཅིང་། །དེ་ལ་མ་ཉན་པ་རྣམས་ཟོས། ༼༥༦༽ །སྔོན་འདས་བསྐལ་པ་བཅུ་གཅིག་དུས། ཤར་ལྷོར་བསྐལ་པ་དེ་བཞིན་འོད། །སངས་རྒྱས་ཨོ་རྒྱན་འོད་ཀྱི་བསྟན། །མགོན་པོ་ཞེས་བྱའི་བན་དེར་སྐྱེས། །རཱ་ག་ཨ་སྱ་དེ་ཡི་དུས། །ཨོ་རྒྱན་དོན་གྲུབ་ཅེས་བྱ་བའི། །བླ་མར་གྱུར་པའི་དུང་མཁན་བྱས། །ཕྲིན་ལས་དེ་དུས་གྲྭ་པ་ནི། །རྒྱལ་འབུམ་ཞེས་དང་དཔོན་སློབ་གསུམ། །ལྡོམ་བུར་སོང་ནས་མི་ཡི་མིང་། །ཁ་སྨེ་ཞེས་པས་ལྡོམ་བུ་ཕུལ། །ཁྱིམ་དུ་བྱོན་ཟེར་དོ་དམ་བྱས། །དེ་རུ་སོང་ན་བར་ཆད་ཞིག །འོང་རྟགས་མཁའ་ན་བྱ་རོག་གིས། །དམར་གཏོར་ཁྱེར་བྱུང་མི་དེར་བརྒྱབས། །ཁོ་བྲོས་ཁྱིམ་དུ་མ་བྱོན་ནོ། །དེ་དུས་སངས་རྒྱས་ཨོ་རྒྱན་འོད། །བན་དེས་མགོན་པོ་མི་ཚེར་བསྒྲུབས། ༼༥༧༽ །དེ་ནས་མགོན་པོ་ཚེ་འཕོས་ནས། །དགེ་སློང་བྱ་བཏང་གཅིག་ཏུ་སྐྱེས། །མིང་ནི་གྲུབ་ཐོབ་སངས་རྒྱས་ཟེར། །རྫི་མ་ཨག་ཙམ་སྨ་ར་རིང་། །ལྷ་མོའི་བསྙེན་པ་དུང་ཕྱུར་དང་། །ཐུགས་རྗེ་ཆེན་པོ་སྲོག་


CMR003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་སོགས། །དྲག་སྔགས་བསྙེན་སྒྲུབ་ནུས་པར་ལྡན། །སེར་སྤྲིན་སྡིགས་མཛུབ་བསྟན་པས་འཐོར། །རྣམ་ཐར་དེ་དུས་མགུར་འདི་གསུངས། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་དང་པོ་སྒྲུབ་པ་བྱས་པའི་དུས། །ལོ་གསུམ་བར་ཆད་ཆེ་བའི་སྐབས། །མཁའ་འགྲོ་དཀར་མོ་བཅུ་གསུམ་གྱིས། །དར་དཀར་སྟེང་དུ་དངོས་སུ་བཞག །ཁམས་གསུམ་ལྟད་མོ་བལྟ་བའི་ཕྱིར། །ལན་གསུམ་དགུང་སྔོན་དབྱིངས་སུ་བཀྱགས། །ལོ་གསུམ་བར་ཆད་མེད་པའི་ཕྱིར། །ལན་གསུམ་དོག་མོ་ས་ལ་བཞག །ལྟད་མོ་རིགས་ཏེ་བཤད་མི་ལོངས། །དེ་ནས་ལོ་གསུམ་བར་ཆད་མེད། །ཡང་གཅིག་སྒྲུབ་པ་བྱས་པའི་དུས། །ཡི་དམ་འཁོར་བཅས་དངོས་སུ་བྱོན། །ལྷ་ཡི་ཡུལ་ནས་ལྷ་ཡིས་ནི། །བདུད་རྩི་དཀར་པོ་སྐྱོགས་གསུམ་བླུད། །ཀླུ་ཡི་ཡུལ་ནས་ཀླུ་ཡིས་ནི། །བདུད་རྩི་སེར་པོ་སྐྱོགས་གསུམ་བླུད། །མི་ཡི་ཡུལ་ནས་མི་ཡིས་ནི། །བདུད་རྩི་ལྗང་སྔོན་སྐྱོགས་གསུམ་བླུད། །ལོ་དགུ་ཚེ་ལ་བར་ཆད་མེད། །ལྷ་འདྲེས་ཆོས་ནི་མང་པོ་ཞུས། །ཆོས་ཀྱི་སྣོད་ལྡན་མ་རྙེད་པས། །ཚོགས་བདག་གླང་སྣས་སྤྱི་བོར་བཞག །ལན་གསུམ་བཀྱགས་ནས་ད་ལྟོས་ཟེར། །དེ་སྟེ་


CMR003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཐག་རིང་སྨྲས། །མི་རིང་བདག་གིས་ཁྲིད་འོང་ཟེར། །རྟ་ཚུགས་དགུ་ལས་མི་ཚད་དེ། །ཟླ་གཅིག་ཙམ་ལ་སོང་ཙ་ན། །བན་དེ་བྱེད་ཟེར་ཁྲིད་ནི་བྱུང་། །མགོན་པོས་གྲི་གུག་གིས་བཀྱགས་ནས། །ལྷ་ཀླུ་མི་ཡུལ་རེས་མོས་བཞག །སྲིད་གསུམ་ལོ་རྒྱུས་རེ་ཞིབ་སྟེ། །བཤད་ནི་མི་ལོངས་དེ་རྗེས་ཤིག །མངོན་ཤེས་ཐོབ་སྟེ་ད་རེས་ཀྱི། །མགུར་མ་འདི་ལས་བྱེད་མ་མྱོང་། །ཞེས་གསུངས་སློབ་མའང་འཇའ་ལུས་ཐོབ། །ཁོང་རང་ཉིད་ཀྱང་འདས་པར་གྱུར། ༼༥༨༽ །སྔོན་འདས་བསྐལ་པ་བཅུ་གཅིག་དུས། །རྒྱལ་སྐྱིད་ཅེས་བྱའི་ཁྱིམ་བདག་ནི། །སྙིང་རྗེའི་སེམས་ལྡན་གཅིག་གྱུར་ཏེ། །ག་ཤད་ཆ་སྒྲའི་སྒྲ་ཐོས་པས། །བལྟས་པས་ཁྲུབ་ཆེན་གཉིས་བརྒྱ་ཙམ། །བྱུང་སྟེ་ཤི་སྨྲས་འགའ་རེ་བྱས། །ཆད་ཀ་ཤོར་ནས་གཡོག་ངོ་ནི། །ཨེ་འདི་ཞེས་དང་ལྷན་ཅིག་བསྡད། །འདི་དུས་རང་གཞན་དོན་ལས་དམན། ༼༥༩༽ །སྔོན་འདས་བསྐལ་པ་བཅུ་ཡི་དུས། །ཧ་ལའི་སྟོབས་འཆང་ལྟོ་འགྲོ་ནི། །རིགས་མཐུན་ལྔ་བརྒྱར་ཆོས་འཆད་གྱུར། །དེ་ཚེ་རི་ཉིལ་མཇུག་མ་བསླེབས། །ལུས་བསྟོད་མི་བཟོད་འཁྱུག་པའི་ཚེ། །སྐྱེ་བ་བདུན་པའི་མི་གཅིག་བྱུང་། །ཡིན་པར་ཤེས་


CMR003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྕེས་བལྡག་བསད། །རང་གིས་ཅུང་ཟད་ཟས་བྱས་ཤང་། །འཁར་རྣམས་ཀུན་ལ་ལུང་བསྟན་པས། །དུག་སྦྲུལ་ལྔ་བརྒྱས་ད་ཟས་པས། །ཐམས་ཅད་བདེ་འགྲོ་ཐོབ་པར་གྱུར། །རང་ཉིད་ཀྱང་ནི་དེར་ཤིའོ། །སྐྱེ་བ་བདུན་པ་ཨ་རཱ་ག ༼༦༠༽ །སྔོན་འདས་བསྐལ་པ་དགུ་ཡི་དུས། །འོག་ཕྱོགས་བཟང་པོའི་བསྐལ་པ་ལ། །སངས་རྒྱས་ཨི་ཐི་ཞེས་བྱའི་བསྟན། །དཔའ་དོ་ཞེས་བྱའི་བོན་པོ་ནི། །གྲུབ་པ་ཐོབ་པ་གཅིག་ཏུ་གྱུར། །འཆི་ཁ་སྐུ་འདྲ་གཅིག་ལ་ནི། །མར་མེ་ཤིན་ཏུ་ཆེན་པོ་ལ། །འབྲིང་པོ་བརྒྱད་དང་ཆུང་བཅུ་དྲུག །ཕུལ་ནས་འདི་སྐད་སྨོན་ལམ་བཏབ། །ང་ནི་བོན་ལུགས་གྲུབ་ཐོབ་ཀྱང་། །དེ་བས་བན་དེ་བཟང་བར་འདུག །ཕྱི་མ་བན་དེའི་གྲུབ་ཐོབ་ཏུ། །སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ། ༼༦༡༽ །དེ་ནས་བསྐལ་པ་བཅུ་ཡི་དུས། །ནུབ་ཕྱོགས་བསྐལ་པ་ཤིན་ཏུ་བཟང་། །སངས་རྒྱས་ཁྱད་པར་འཕགས་པའི་བསྟན། །འདི་རྒྱལ་ཞེས་བྱའི་གྲུབ་ཐོབ་གྱུར། །འཁོར་དང་སློབ་མ་མང་དུ་ཡོད། །དེ་དུས་རཱ་ག་ཨ་སྱ་ནི། །བོན་པོའི་གྲུབ་ཐོབ་ཁ་བན་ཞེས། །རྫུ་འཕྲུལ་ནུས་པ་ཆེ་བ་ཡི། །བན་དེ་བཞི་བརྒྱ་བོན་ལ་བསྒྱུར། །རྫུ་འཕྲུལ་འགྲན་


CMR003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བོན་པོ་དེ། །བན་དེའི་གྲུབ་ཐོབ་དྲུང་དུ་བྱུང་། །མདུང་གང་ས་ལ་མ་རེག་པར། །རྔ་ལ་ཞོན་ནས་ཕྱོགས་ཀུན་འཕུར། །ཅི་བྱས་ས་ལ་བབ་མ་ཐུབ། །ཁོ་ཡི་གོས་དུམ་བསྲེགས་པའི་ཐལ། །ལག་མཐིལ་བཞག་ནས་ཐལ་མོ་བརྡབས། །རྔ་དང་བཅས་པ་ཐང་ལ་བྲུལ། །གདམས་ངག་གཅིག་བྱས་བོན་པོ་དེ། །ལངས་རྒྱུ་མ་རྙེད་དེ་ནས་བཀྲོལ། །གྲྭ་པ་ཀུན་གྱིས་བོན་པོ་དེ། །བཙོན་ཁང་སྒོ་མེད་ནང་དུ་བཅུགས། །འུར་སྒྲ་དང་བཅས་ཁང་པ་དེ། །རྒྱང་གྲགས་ཙམ་ཡར་བོན་པོ་ལངས། །བན་དེ་མེ་རུ་སྤྲུལ་ཙམ་ན། །བོན་པོ་ཆུ་རུ་སྤྲུལ་ནས་བྱུང་། །བན་དེ་ཤིང་དུ་སྤྲུལ་ཙམ་ན། །བོན་པོ་སྟ་རེར་སྤྲུལ་ནས་བྱུང་། །བན་དེ་ཤོག་གུར་སྤྲུལ་ཙམ་ན། །བོན་པོ་མེ་ལྕེ་ལ་སྤྲུལ་ལོ། །བན་དེ་སྤྲེའུ་སྤྲུལ་ནས་བྱུང་། །བོན་པོ་ཤིང་དང་སྟ་རེར་སྤྲུལ། །བོན་དེ་བྱེའུ་ལེབ་མོར་སྤྲུལ། །དེ་ཚེ་བོན་པོ་མར་མེར་སྤྲུལ། །བན་དེ་མི་རུ་སྤྲུལ་ནས་བྱུང་། །བོན་པོ་ཟབ་ཏུ་སྤྲུལ་སོགས་བྱས། །འོན་ཀྱང་བན་དེར་གནོད་མ་ཐུབ། །བོན་པོ་རྔ་གཅིག་ལ་སྤྲུལ་པས། །བན་དེ་གུག་རུར་སྤྲུལ་ནས་གཤག །དེ་ནས་བོན་པོའི་སྤྲུལ་པ་ཟད། །ཁོ་རང་དངོས་ཀྱི་ལུས་སུ་གྱུར། །བོན་པོ་དད་པ་རབ་ཏུ་


CMR003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། །བན་དེའི་བསྟན་ལ་ཞུགས་པར་གྱུར། །དེ་དུས་ང་ཡིས་རྒོད་པོ་བྱས། །དེ་མིན་ཁྱེད་ནི་བོན་པོ་རེད། །ཅེས་པས་དགུང་ལོ་བཅུ་གཅིག་དུས། །རཱ་ག་ཨ་སྱར་གསུངས་པའོ། ༼༦༢༽ །སྔོན་འདས་བསྐལ་པ་དགུ་ཡི་དུས། །མཛོ་མོ་མཚན་བཟང་དམ་པའི་ཆོས། །ཉམས་ལེན་ཤེས་པར་གྱུར་པ་ཡི། །བདག་པོ་མི་ནི་ཨ་འདིས་ཟེར། །བདག་པོ་ངན་པས་མ་ཆུན་ཏེ། །མཛོ་མོར་མི་ཡི་གཟུགས་གཅིག་ཁྲིད། །རྒོད་མའི་ཁ་ནས་སེམས་ཅན་སྐྱུགས། །ལུ་གུ་རྭ་ཅོ་གསུམ་པ་ཁྲིད། །མི་དེས་རྟ་ལུག་མཛོ་མོ་བསད། །ལུག་ནི་རཱ་ག་རྟ་ཕྲིན་ལས། །བདག་པོ་རྟ་ཡི་མིང་ཅན་ནོ། །དེ་ནི་མ་དག་འགྲོ་དོན་དམན། ༼༦༣༽ །སྔོན་དུས་བསྐལ་པ་དགུ་ཙམ་ལ། །གཡུ་སྒོང་སྔོན་པོ་གཅིག་ཏུ་གྱུར། །རཱ་ག་ཨ་སྱ་བྱིའུ་མས། །སྒོ་ང་ཁས་ཁྱེར་འཕུར་ཙམ་ན། །མཆུ་ཤེད་ཆེ་བས་སྒོ་ང་ཆག །ས་ལ་བོར་བ་ཡུལ་དེ་ཡི། །རྒྱལ་པོ་མངོན་ཤེས་ཅན་གྱིས་རྙེད། །ཆུ་ལ་སྦྱང་ནས་ཁྲོམ་ཆེན་བཀྱེས། །མི་རྣམས་དུག་དོགས་ཐེ་ཚོམ་པས། །རྒྱལ་པོས་གསོལ་བས་ནད་ཀུན་ཕན། །དེ་ནས་ཁྲོམ་པས་དེ་འཐུངས་པས། །སུས་འཐུང་ནད་རྣམས་ཞི་བ་དང་། །


CMR003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་ངན་སོང་སྒོ་ཁེག་གོ ༼༦༤༽ །སྔོན་དུས་བསྐལ་པ་དགུ་དུས་ལ། །སྦྲུལ་ནི་སྔོན་པོ་གཅིག་ཏུ་གྱུར། །རིགས་མཐུན་རྣམས་ལ་ཆོས་འཆད་དོ། །སྲོག་ཆགས་མི་ཕུག་བྱོལ་བར་བྱེད། །ལམ་འོག་སངས་རྒྱས་སྐུ་འདྲ་ཡི། །ཆག་དུམ་དབུ་ནི་ཆུང་ཆུང་རྙེད། །ཁས་ཁྱེར་ལམ་གཉའ་གཙང་སར་བཞག །རཱ་ག་ཨ་སྱ་སྦྲུལ་དཀར་པོ། །གྱུར་པ་ལ་བཤད་དེས་ཀྱང་ལོབ། །སྦྲུལ་གཉིས་གཅུད་ནི་ཡོད་པ་དེ། །དཀར་པོས་འཐེན་པས་སྔོན་པོ་ཆད། །དེ་ནི་ཚེ་སྔོན་མི་གྱུར་ཚེ། །མི་ཡི་སྐེད་པ་གཅུད་བསད་པའི། །རྣམ་སྨིན་ཡིན་པས་གནོད་སེམས་མེད། ༼༦༥༽ །སྔོན་འདས་བསྐལ་པ་དགུ་ཡི་དུས་སུ་ནི། །ཨ་ཙརྒྱ་ནི་ཁྱིམ་བདག་གཅིག་ཏུ་གྱུར། །དེ་ཡི་བུར་གྱུར་འགྲོ་དོན་རླབས་ཆེན་བསམ། །དེ་ཚེ་ཡབ་སྨྱོ་མར་བཅས་དོང་དུ་སྦས། །མ་དག་སྐྱེས་རབས་འགྲོ་དོན་མ་བྱུང་ངོ་། །མ་དེ་ཨཱ་ཡུ་ལཀྵའི་མིང་ཅན་ནོ། ༼༦༽ །བསྐལ་པ་དགུ་རས་ཕུག་རོན་སྙིང་རྗེ་ཅན། །ཕུག་རོན་གཞན་ལ་དམ་ཆོས་འཆད་པར་བྱེད། །པདྨ་རྒྱལ་ཞེས་བྱ་བས་བྱི་ལ་ཡི། །མགོ་ལ་མདའ་བརྒྱབ་འགྱེལ་ནི་འདུག་པ་ལ། །ཕུག་རོན་སྙིང་རྗེས་མཆུ་ཡིས་མདའ་བསལ་བས། །བྱི་ལ་སོས་ཏེ་ཤོག་


CMR003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་ནས་བཏུམ་པ། །འཆའ་ཞིག་འདུག་པའི་ནས་འབྲུ་འཐོར་བ་དག །ཟ་ཕྱིར་ཕུག་རོན་དེར་སོང་བྱི་ལས་བསད། །མི་ནི་དོན་གྲུབ་བྱི་ལ་སྐྱ་ཡི་མིང་། ༼༦༧༽ །སྔོན་འདས་བསྐལ་པ་དགུ་ཡི་དུས་སུ་ནི། །སྟེང་ཕྱོགས་བསྐལ་པ་འོད་ནི་ཆེན་པོ་ལ། །སངས་རྒྱས་ཨ་ཝོ་ཞེས་བྱའི་བསྟན་པ་ལ། །དགེ་སློང་ཀང་ཁ་ཞེས་བྱ་མཚན་ཡིན་པ། །རབ་ཏུ་མཁས་པའི་གྲགས་པ་དང་ལྡན་ཏེ། །འཆད་རྩོད་རྩོམ་པས་བསྟན་པ་གསལ་བར་བྱས། །དེ་དུས་རཱ་ག་ཨ་སྱ་དགེ་སློང་ནི། །ཡ་ཁོ་ཞེས་བྱ་ཤིན་ཏུ་མཁས་པར་གྲགས། །ཁོང་གཉིས་བགྲོ་གླེང་བྱས་པས་འོད་དམར་པོ། །བྱུང་བས་དྲུང་གི་རི་ལ་མེ་ཡང་མཆེད། །མི་ནི་ཨ་ཐོ་ཞེས་བྱས་ཆུ་བླུགས་ཞི། །ཨ་ཐོ་ད་ལྟ་ཕྲིན་ལས་ཡིན་ནོ་གསུངས། ༼༦༨༽ །སྔོན་ཚེ་བསྐལ་པ་དགུ་ཡི་དུས་སུ་ནི། །རྒྱ་མཚོའི་ནང་དུ་དུང་དཀར་གཅིག་ལ་སྐྱེས། །རཱ་ག་ཨ་སྱ་འབྲུ་རྒྱལ་བྱ་བ་ཡི། །མིར་གྱུར་རྒྱ་མཚོའི་དྲུང་ན་འགྲོ་ཙམ་ནས། །ཡཀའི་མིང་ཅན་ཆུ་སྲིན་དུ་གྱུར་པ། །མི་དེ་ཟ་ཕྱིར་ཆུ་སྲིན་ལོང་བ་དང་། །དུང་གིས་བར་བྱེད་སྙམ་ནས་ཆུ་སྲིན་འཇུས། །མ་ཐུབ་རྒྱུག་པར་སེམས་ཚེ་དུང་གིས་ཕུག །ཆུ་སྲིན་


CMR003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཤི་མི་ཡི་སྲོག་ཤུག་གོ །དེ་ཡི་བྱིན་རླབས་ཆུ་སྲིན་ལྷ་རུ་སྐྱེས། །དེ་ནས་ད་ལྟ་ཕྱོགས་འདིར་སྐྱེས་སོ་གསུངས། ༼༦༩༽ །བསྐལ་པ་དགུ་དུས་ནུབ་བྱང་འཇིག་རྟེན་ཁམས། །རང་ལས་གྲུབ་པ་ཞེས་བྱའི་བསྐལ་པ་ལ། །སངས་རྒྱས་འོད་སྐུལོ་བྱ་བའི་བསྟན་པ་ལ། །རཱ་ག་ཨ་སྱ་འཁྲུལ་བསང་ཞེས་བྱ་བའི། །བླ་མ་ཆེན་པོ་སློབ་མའང་བརྒྱ་ཟིན་ཡོད། །དེ་ཡི་སློབ་མ་གྲུབ་ཐོབ་འོད་ཟེར་ཞེས། །མངོན་ཤེས་གྲུབ་རྟགས་ཡ་མ་ཟུང་དུ་སྟོན། །ཡོན་ཏན་ངོས་ན་ཞན་པར་རྩི་བ་སྟེ། །གྲུབ་ཐོབ་འོད་ཟེར་ད་ལྟ་སྤྲུལ་སྐུ་ཉིད། །གྲོགས་མཆེད་དགའ་བོ་ཞེས་བྱ་ངན་ཤོས་གཅིག །ཡོད་པར་ད་ལྟ་ཕྲིན་ལས་ཡིན་ནོ་གསུངས། ༼༧༠༽ །སྔོན་འདས་བསྐལ་པ་དགུ་དུས་འོག་གི་ཕྱོགས། །རྒྱལ་བ་ཅན་ཞེས་བསྐལ་པའི་མིང་ཡིན་ཏེ། །སངས་རྒྱས་འོད་ཀྱི་ཕུང་པོའི་བསྟན་པ་ལ། །ཀུན་དགའ་ཞེས་བྱའི་ཨ་མཆོད་དུ་གྱུར་ཏེ། །སེམས་བསྐྱེད་འདོན་སྒོམ་སྦག་མའི་ངང་ཉིད་ལས། །ལྔ་བརྒྱ་པ་ཞེས་བྱ་བའི་ཤེར་ཕྱིན་མདོ། །མི་ཚེ་དེ་ལ་རང་གཞན་དོན་བྱས་ཏེ། །དེ་དུས་རཱ་ག་ཨ་སྱ་སྔགས་པ་ནི། །ཀུན་བྱེད་


CMR003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བསྙེན་སྒྲུབ་བརྩོན་བྱེད་པ། །དེ་གཉིས་ཕན་ཚུན་གྲོགས་པོ་མཐུན་པོར་གྱུར། ༼༧༡༽ །སྔོན་འདས་བསྐལ་པ་བརྒྱད་དུས་སྟེང་གི་ཕྱོགས། །བསྐལ་པའི་མིང་ནི་གཞུང་མིག་ཅེས་བྱ་བར། །སངས་རྒྱས་འོད་ཀྱི་དྲྭ་བའི་བསྟན་པ་ལ། །ཨ་སྐྱེས་ཞེས་བྱ་བྲིས་པ་མཁས་པར་གྱུར། །རང་གཞན་དོན་དུ་གསུང་རབ་དཔག་མེད་བྲི། །རཱ་ག་ཨ་སྱ་མཚེ་མའི་སྤུན་གྱུར་ཏེ། །མིང་ནི་རུ་རི་ཚེ་ཚད་གྱ་བརྒྱུད་ཐུབ། །གཉིས་ཀ་ཤི་དུས་ཉི་མ་གཅིག་ལ་ཤི། ༼༧༢༽ །སྔོན་འདས་བསྐལ་པ་བརྒྱད་ཀྱི་དུས་སུ་ནི། །མུ་ནེ་ཞེས་བྱ་སྤུ་སྡུག་བྱ་རུ་སྐྱེས། རི་མོ། །རང་གི་དོན་བསྒོམ་རིགས་མཐུན་བྱ་གཞན་ལ། །དམ་པའི་ཆོས་ནི་ཅུང་ཟད་འཆད་པ་ཤེས། །དེ་དུས་རཱ་ག་ཨ་སྱ་ཚེ་རྒྱས་ཞེས། །མི་རུ་སྐྱེས་པས་བྱ་དེ་བཟུང་ནས་གསོས། (༧༣༽ །སྔོན་འདུས་བསྐལ་པ་བརྒྱད་དུས་སྲིན་ངུ་ནི། །ཞུད་བཞུའི་ལུས་གྱུར་ཁ་ཆུའི་ཐག་པ་རྣར། །ནམ་མཁར་འགྲོ་དུས་མི་ནི་ཕ་རྒན་ཞེས། །བྱིན་ཟའི་ཕུང་པོ་སྦྱར་བར་བྱེད་པའི་ཚེ། །བྱི་བ་ཞེས་བྱའི་བྱིསྶ་ཁ་མཆུའི་བཅད། །སྲིན་བུ་མེར་བྲུལ་ཤི་སྟེ་མི་དེ་གཉིས། །རྟ་དང་ཙ་ཡི་མིང་ཅན་ཡིན་པར་དྲན། །མ་


CMR003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྐྱེ་བ་ཕན་ཐོགས་ཅི་ཡང་མེད། ༼༧༩༽ །སྔོན་འདས་བསྐལ་པ་བརྒྱད་ཀྱི་དུས་སུ་ནི། །གུ་གུ་ཞེས་བྱའི་མི་ལ་སྐྱེ་བ་བླངས། །རཱ་ག་ཨ་སྱ་དེ་ཡི་མཆེད་ཡ་ནི། །ཨ་ཁུལ་ཞེས་བྱའི་མི་རུ་གྱུར་པའི་དུས། །གུ་གུས་རི་སུལ་བྲག་ཕུག་གཅིག་གི་ནང་། །རིན་པོ་ཆེ་ནི་སྣ་ཚོགས་མུས་ཀྱིས་རྙེད། །དེ་ཚེ་འབི་ལི་ཞེས་བྱ་ཕྲག་དོག་སྐྱེས། །དེ་རུ་འགྲོ་བའི་ལམ་དུ་ལྕགས་ཐུར་ནི། །ཁབ་ལྟར་རྣོ་བའི་སྦ་ར་མང་པོ་བཙུགས། །ཉིན་གཅིག་ཨ་ཁུལ་ཤ་བརྡར་སོང་པ་དང་། །བྲག་ཕུག་དེ་རུ་རུ་གུ་གུ་རིན་པོ་ཆེ། །ཚོལ་དུ་སོང་བས་རྩང་ཟུག་འཆི་རྐྱེན་གྱུར། །མི་དེ་སྙིང་རྗེ་ཆེ་ཞིང་ཆོས་སྤྱོད་ཡིན། །འབི་ལི་སྐྱ་ཡི་མིང་ཅན་ཡིན་པར་གསུངས། ༼༧༥༽ །བསྐལ་པ་བརྒྱད་དུས་པདྨ་ཞེས་བྱ་བའི། །མི་རུ་སྐྱེས་ཏེ་གཞན་ལ་མ་ཐོས་ཀྱང་། །རང་བཞིན་ཤུགས་ཀྱིས་སྒོ་གསུམ་དགེ་བ་སྤྱོད། །མག་པ་གྲུ་པ་སྐྱབས་ཚང་བྱ་བ་ཡོད། །རཱ་ག་ཨ་སྱ་མགོན་ཆེན་ཞེས་བྱའི་མིང་། །གྲུ་པས་གྲུ་ལ་ལན་གསུམ་ཕུད་པས་འབྲེལ། །གྲུ་པ་སྨོན་ལམ་རྒྱ་མཚོ་ཡིན་པའོ། ༼༧༦༽ །དེ་ཡི་རྒྱབ་མ་ཤར་ལྷོ་སྟེ། །འཇིག་རྟེན་ཀུན་དགར་སངས་རྒྱས་རྣམ་གཟིགས་བསྟན། །གཉེར་པ་བཟང་པོ་


CMR003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱར་གྱུར་པའི་ཚེ། །རཱ་ག་ཨ་སྱ་དེ་དུས་བླ་མ་ནི། །བྱ་བྱེད་ཤེས་བྱར་གྱུར་ཞིང་གྲྭ་པ་ནི། །སྔོན་གྱི་འབྲེལ་པས་གྲུ་པའི་སྐྱེ་བ་ནི། །བན་དེ་ཨ་སྐྱབས་ཞེས་བྱ་གཅིག་ཡོད་ཅིང་། །བླ་གཉེར་དེ་གཉིས་ལྷ་ཁང་གསུང་རབ་སོགས། །བསྟན་ལ་ཕན་པ་རྒྱ་ཆེན་གྲུབ་པའོ། ༼༧༧༽ །སྔོན་འདས་བསྐལ་པ་བརྒྱད་ཀྱི་དུས་སུ་ནི། །ནགས་ཚལ་ནང་གནས་བྱ་ནི་ཤིང་རྟར་སྐྱེས། །རིགས་མཐུན་འདབ་ཆགས་གཞན་ལ་ཆོས་སྟོན་ཅིང་། །གཞན་ལ་འཆད་ལྟར་རང་གིས་ཉམས་སུ་ལེན། །རཱ་ག་ཨ་སྱ་མུ་ནེ་ཞེས་བྱའི་བྱར། །གྱུར་པ་མཉམ་འགྲོགས་སྒུམ་བུ་སྦྱིན་རེས་བྱེད། །རྟ་ཡི་མིང་ཅན་མིར་གྱུར་ཤིང་རྟ་བསད། ༼༧༨༽ །སྔོན་འདས་བསྐལ་པ་བདུན་གྱི་དུས་ཀྱི་ཚེ། །མི་ནི་ལོ་མ་ཞེས་བྱ་མངོན་ཤེས་ཅན། །གཅིག་ཏུ་གྱུར་ཚེ་གཉིས་ཀ་ཞེས་བྱའི་རིས། །རཱ་ག་ཨ་སྱ་ཝ་རུ་སྐྱེས་ཡོད་ཚེ། །མི་ནི་ལྔ་ཙམ་ན་སྟེ་ཤི་ལ་ཐུག །དེ་ཚེ་ཝ་དེའི་ཤ་ཡིས་ཕན་པར་ཤེས། །ཝ་དེ་བསད་ནས་ཟ་རུ་བཅུག་པ་ཡིས། །ནད་པ་གཉིས་ཕན་གསུམ་དེས་ཟ་མ་འདོད། །ཝ་ལྤགས་བརྒྱབས་པས་གསུམ་པོ་དེ་ཡང་ཕན། །ཝ་ཤ་ལྷག་པ་རིལ་བུ་བྱས་པ་ཡིས། །ནད་པ་ཀུན་ལ་ཕན་ཐོགས་རྒྱ་ཆེར་


CMR003_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ༼༧༩༽ །དེ་ཡི་ལས་འབྲེལ་སྐྱེ་བ་དེ་ཡི་རྒྱབ། །འོད་སྲུང་ཞེས་བྱའི་མི་རུ་སྐྱེས་པའི་ཚེ། །ཝ་དེ་སྤྱན་ཡ་འོད་ངན་ཞེས་བྱར་སྐྱེས། །འོད་སྲུང་ཕྱུག་ཅིང་ཆོས་སྤྱོད་རྟེན་གསུམ་བཞེངས། །སྤུན་གཉིས་རྟ་ལ་འཕོང་སྤྲུག་བྱས་སོང་ཛ། །བོབ་ལ་ཉོལ་དང་ཟེར་བས་དེ་ལྟར་བྱས། །འོད་ངན་གྱིས་ནི་རལ་གྲིས་འོད་སྲུང་བཀུམ། །ཤ་དེ་སྐྱེ་བ་བདུན་གྱི་ཤ་རུ་སྐྱེས། །རིལ་བུ་བྱས་ཤིང་རྒྱ་ཆེར་སྤེལ་བ་ཡིས། །ནད་ཞི་སྒྲིབ་དག་ངན་སོང་སྒོ་ཆོད་གྱུར། །རིགས་བཟང་ལ་ལ་དེ་ཟོས་མངོན་ཤེས་ཐོབ། ༼༨༠༽ །བསྐལ་པ་བདུན་དུས་འོད་འཕྲོམ་ཞེས་བྱ་བའི། །ལྷོ་ནུབ་ཕྱོགས་ཏེ་མིང་ནི་རབ་ཏུ་ཆེ། །སངས་རྒྱས་ཀུན་གྱི་གཙོ་བོའི་བསྟན་པ་ལ། །ཨ་ཁང་ཞེས་བྱའི་ལྷ་བཟོ་མཁས་པར་གྱུར། །མི་ཚེར་སེམས་བསྐྱེད་ལྡན་པས་ལྷ་བཞེངས་ཏེ། །ལུགས་མ་བྲིས་སྐུ་ལྡེར་སོ་དཔག་མེད་བཞེངས། །རཱ་ག་ཨ་སྱ་པདྨ་ཞེས་བྱ་བའི། །བྲིས་པ་མཁས་པར་གྱུར་ཏེ་སྤྱན་ཡིན་ནོ། །ཡོན་བདག་གཅིག་ཏུ་གཉིས་ཀ་བོས་པ་ལ། །ལྷ་བཟོ་མངོན་ཤེས་ཡོད་པས་འདི་སྨྲས་སོ། །དོ་དགོང་ཁང་པ་འགྱེལ་ཏེ་སུ་ཞི་པ། །ངན་སོང་མེད་སྨྲས་གཞན་རྣམས་བྲོས་པ་ལ། །སྤྱན་གཉིས་ཡོན་བདག་རྒན་རྒོག་


CMR003_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཤི་སྟེ། །ཡོན་བདག་ཕོ་མོ་ལྷ་ཡི་གནས་སུ་སྐྱེས། ༼༨༡༽ །ཡང་ནི་སྔོན་འདས་བསྐལ་པ་བདུན་གྱི་དུས། །འབུ་ནི་སྲིན་འཇའ་མོ་མོ་གཅིག་ལ་སྐྱེས། །རིགས་མཐུན་སྲིན་བུ་གཞན་ལ་ཆོས་བསྟན་ཏོ། །ཕུང་བྱེད་ཅེས་བྱའི་མི་གཅིག་ཆུ་བརྒལ་བའི། །ཐད་ཀྱི་སྟེང་དུ་སྲིན་འཇའ་འཕུར་བ་ལ། །འདྲེ་སྡོང་ཞེས་བྱའི་མི་ཡི་ཐལ་ལྕག་བསྣུན། །འབུ་དེ་ཆུ་ཁོལ་ནང་དུ་བྲུལ་ནས་ཤི། །མི་གཉིས་ཙ་དང་རྟ་ཡི་མིང་ཅན་ནོ། ་༼༨༢༽ །སྔོན་འདས་བསྐལ་པ་དྲུག་གི་དུས་ཀྱི་ཚེ། །དམ་ཆོས་མེད་པའི་མུན་བསྐལ་ཡིན་པ་སྟེ། །དེ་རུ་བྱིས་སྔ་དམར་ཕྱུར་ཞེས་བྱར་སྐྱེས། །མི་རྣམས་ལ་ནི་བྱིས་སྦས་ཆོས་བཤད་པས། །བསམ་ཡོད་མི་རྣམས་གཅིག་ཀྱང་ཉན་མཁན་མེད། །བྱིས་སྦ་རྣམས་ལ་ཡི་གེ་དྲུག་པ་བསླབས། །རང་སེམས་ངོ་བོ་བསྟན་པས་ཏིང་འཛིན་སྐྱེས། །ཉིན་གཅིག་རྦབ་བྱུང་བྱིས་སྦའི་མགོར་ཕོག་འདས། ༼༨༣༽ །སྔོན་འདས་བསྐལ་པ་དྲུག་གི་དུས་ཀྱི་ཚེ། །སྙིང་རྗེ་ཏིང་འཛིན་ལྡན་པའི་ར་ཕོར་སྐྱེས། །ཕྲིན་ལས་དེ་དུས་མཉམ་དུ་ར་ཕོར་སྐྱེས། །གཞན་ཡང་བཟང་ངན་འབྲེལ་པའི་མི་འགའ་ཞིག །ར་དང་ལུག་ཏུ་སྐྱེས་ཏེ་ཁྱུ་གཅིག་གྱུར། །རཱ་ག་ཨ་སྱ་རྫི་བོ་ཨ་སྐྱབས་


CMR003_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །གཞན་རྣམས་མི་རྡུང་རྩྭ་ཡང་ཐུ་ནས་སྦྱིན། །ཉིན་གཅིག་རྫི་བོས་ར་འདི་འཚོ་འདུག་སྟེ། །བཤའ་མི་ཟ་ཟེར་ང་ནི་མ་བཤས་ན། །རོགས་རྣམས་བཤའ་བ་སྡིག་ཚེའི་སྙིང་རྗེ་སྐྱེས། །གྲི་ཆུང་རྣོན་པོ་གཅིག་མིད་ལུས་བྱིན་ནོ། ༼༨༤༽ །སྔོན་འདས་བསྐལ་པ་གཅིག་གི་དུས་སུ་ནི། །བྱིའུ་མཆིལ་པའི་ལུས་ལ་རིག་པ་ཅན། །རང་ཉིད་ཏིང་ངེ་འཛིན་སྒོམ་བྱིའུ་ལ། །དམ་པའི་ཆོས་ཀྱང་འཆད་པར་བྱེད་པར་གྱུར། །དེ་ཚེ་རིམས་ནད་དྲག་པོས་མི་མང་ཐེབ། །དེ་ཚེ་དེ་ཡི་བཅོས་ཁ་བྱེད་མཁན་གྱིས། །ནད་པ་ཐམས་ཅད་ཁྲུས་བྱས་ཁྲུས་ཆུ་ཡིས། །ཟངས་བཀང་ནད་འདི་སྤྲོ་བའི་ཐབས་ཡིན་པས། །སེམས་ཅན་གང་རུང་གཅིག་ལ་རྒྱོབ་ཟེར་བསྐུར། །དམ་ངན་ཞེས་བྱའི་མི་ཡི་ཆུ་ཟངས་དེ། །མཆིལ་པ་དེ་ལ་བརྒྱབས་པས་སུམ་པར་གྱུར། །མི་དེ་ད་ལྟ་རྟ་ཡི་མིང་ཅན་ནོ། ༼༨༥༽ །སྔོན་འདས་བསྐལ་པ་ལྔ་ཡི་དུས་སུ་ནི། །བྱ་ནི་འོལ་ཝ་གཅིག་ལ་སྐྱེས་པའི་ཚེ། །བྱ་རིགས་ཀུན་ལ་དམ་ཆོས་འདི་འཆད་དོ། །མི་དགེ་སྤང་ལ་དགེ་བ་སྒྲུབས་ཤིག་སྨྲས། །དེ་ཚེ་རཱ་ག་ཨ་སྱ་བྱ་རོག་ལ། །སྐྱེས་ནི་ཡོད་པས་འོལ་ཝར་འདི་སྨྲས་སོ། །མི་དགེ་སྤང་ནི་མི་ཐུབ་ཅི་ལྟར་སྤང་། །དང་པོ་ཁྱོད་


CMR003_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རང་མི་དགེ་སྤང་ཞིག་ཟེར། །དེ་ཚེ་འོལ་བས་ས་སྒེག་དུམ་བུ་གཅིག །མཆུས་བཟུང་དོར་ནས་འདི་ལྟར་སྤང་ངོ་ཟེར། །དེ་ཚེ་བྱ་རོག་དེ་ཡིས་འདི་སྐད་ཟེར། །འཁོར་བ་འདི་ན་འཁོར་ནས་ཅི་ཞིག་བྱེད། །བྱོལ་སོང་ལུས་སུ་སྐྱེ་ནས་ཅི་ཞིག་བྱ། །སྡིག་པ་མ་བྱེད་དགེ་བ་གྱིས་ཤིག་ཟེར། །མི་ནི་ཕོ་འཁྱིལ་ཞེས་བྱ་ཤི་བའི་རོར། །འོལ་བ་ཕོ་རོག་ལ་སོགས་བྱ་འགའ་བབ། །འོལ་བས་རྒྱུ་མ་དུམ་གཅིག་ཁྱེར་འཕུར་ཛ། །སེར་ལས་ཞེས་བྱའི་མི་ཡིས་མདའ་བརྒྱབས་བསད། །སེར་ལས་ད་ལྟ་སྐྱ་ཡི་མིང་ཅན་ནོ། ༼༨༦༽ །ཡང་ནི་སྔོན་འདས་བསྐལ་པ་ལྔ་ཡི་གོང་། །བྱིས་སྦ་ཨ་རྒྱས་ཞེས་བྱར་སྐྱེས་ནས་ཀྱང་། །འགྲོ་བའི་དོན་ཡང་འགའ་རེ་འགྲུབ་རྒྱུ་ལ། །སྐྱ་ཡི་མིང་ཅན་མ་ཡིན་སྨན་མོ་ཟེར། །རྩེད་མོ་བརྩེས་པས་མ་ཁྲོས་རྒྱུག་བྱུང་ནས། །རྡོ་བ་ཆང་བར་བཟུང་ནས་འགྲམ་པར་བརྒྱབས། །ལྷ་རྗེར་བསྟེན་པས་འགྲམ་པ་ཆག་ཟེར་ཤི། །བར་ཆད་དབང་གིས་རང་གཞན་དོན་ལས་ཉམས། ༼༨༧༽ །སྔོན་འདས་བསྐལ་པ་ལྔ་ཡི་དུས་སུ་ནི། །ལྷོ་ཕྱོགས་འཇིག་རྟེན་བསྐལ་པ་འོད་ཟེར་ཞེས། །སངས་རྒྱས་པདྨ་ཆེན་པོའི་བསྟན་པ་ལ། །རྒྱལ་པོ་ལོངས་སྤྱོད་ཆེན་པོ་ཞིག་གྱུར་


CMR003_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །རྡོ་རྗེ་རྒྱལ་ཞེས་བྱ་བ་དེ་ཡི་མིང་། །དེ་ཚེ་རཱ་ག་ཨ་སྱ་བླ་མ་ནི། །ཀུན་མཁྱེན་ཞེས་བྱ་མཁས་གྲུབ་ལྡན་པར་གྱུར། །དེ་ཡི་སྦྱིན་བདག་རྒྱལ་པོ་དེས་བྱས་ཏེ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་བྱས། ༼༨༨༽ །སྔོན་འདས་བསྐལ་པ་ལྔ་དུས་སྟེང་ཕྱོགས་ཀྱི། །འཇིག་རྟེན་ཁམས་ཏེ་བསྐལ་མིང་འཚམས་བྱེད་ཅེས། །སངས་རྒྱས་བསྐལ་པ་ཆེན་པོའི་བསྟན་པ་ལ། །ནེ་ཙོ་སྨྲ་མཁས་ཤིག་ཏུ་གྱུར་པ་ཡིས། །ༀ་བཛྲ་ས་ཏྭ་ཧཱུཾ་ཞེས་རྟག་ཏུ་འདོན། །དེ་དོན་རྡོར་སེམས་སྒོམ་བཟླས་ཉམས་ལེན་ཤེས། །མཆོད་ཁང་གཅིག་ན་རྡོ་རྗེ་སེམས་དཔའི་སྐུ། །ཤེལ་ལས་གྲུབ་པ་ཁྲུ་གང་པ་ནི་གཅིག །ཡོད་པ་དེ་ལ་དད་ཅིང་བསྒོམ་པའི་ཕྱིར། །ནེ་ཙོས་སྐུ་འདྲའི་ཞལ་ལ་ལྟ་ཞིང་འདུག །རྟེན་དང་ནེ་ཙོའི་བདག་པོའི་བླ་མ་ནི། །ཤིན་ཏུ་བཟང་པོ་ཞེས་ཏེ་ཨ་རཱ་ག །གྲྭ་པ་བན་དེ་རྟེན་མེད་ཅེས་བྱ་དང་། །བླ་མ་མ་དུམ་གྲྭ་པས་ཐོ་བ་ཁྱེར། །བླ་མས་རྡོར་སེམས་སྐུ་ལ་ཐོ་བ་བརྒྱབས། །ནེ་ཙོས་མ་རྒྱོབ་སྨྲས་པས་མ་ཐུབ་བཅག །ཞོར་ལ་ནེ་ཚོ་ལ་ཡང་བརྒྱབས་ཏེ་བསད། །མི་དེ་རྟ་ཡི་མིང་ཅན་ཞེས་བྱའོ། ༼༨༩༽ །སྔོན་འདས་བསྐལ་པ་ལྔ་དུས་ཤར་གྱི་ཕྱོགས། །བསྐལ་པ་ཀུན་འདས་ཞེས་བྱར་


CMR003_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ནི། །བཟང་པོ་ཞེས་བྱའི་བསྟན་ལ་དགེ་སློང་ནི། །དེ་བཙུན་ཞེས་བྱ་ཤིན་ཏུ་མཁས་མཐར་ཕྱིན། །དེ་དུས་རཱ་ག་ཨ་སྱ་དགེ་སློང་ནི། །ཨ་བཙུན་ཞེས་བྱ་དེ་ཡང་རབ་ཏུ་མཁས། །གཉིས་ཀ་པཎྜི་ཏ་ཡིན་ཨ་འཕགས་ཞེས། །མཁས་པ་གཅིག་དང་གསུམ་པོ་དེ་རྣམས་ནི། །དེ་དུས་འཛམ་གླིང་བསྟན་པའི་རྒྱན་གསུམ་གྲགས། །ཨ་བཙུན་དེ་བཙུན་ཡུན་རིང་བགྲོ་གླེང་བྱས། །དེ་ཚེ་གཉིས་ཀ་རྒྱལ་ཞིང་སྙན་གྲགས་ཐོབ། །ཨ་འཕགས་སྐྱེ་བ་དེང་སང་མཚེར་ལུང་པ། ༼༩༽ །སྔོན་འདས་བསྐལ་པ་ལྔ་ཙམ་ལྷོ་ནུབ་ཕྱོགས། །དགེ་བྱེད་ཅེས་བྱའི་བསྐལ་པར་སངས་རྒྱས་མཚན། །བྱམས་པ་ཞེས་བྱའི་བསྟན་ལ་བླ་མ་ནི། །ཤིན་ཏུ་བཟང་བ་དགེ་བའི་མཚན་ཅན་གྱུར། །རཱ་ག་ཨ་སྱ་དེ་ཡི་མཆེད་གྲོགས་ནི། །བླ་མ་བཟང་པོ་ཤིན་ཏུ་དགེ་བའི་མཚན། །དེ་གཉིས་སངས་རྒྱས་བསྟན་ལ་བྱ་བ་བྱས། །སྐྱ་ཡི་མིང་ཅན་རྟ་རུ་གྱུར་པ་ཡིས། །བླ་མ་དགེ་བ་ཆིབས་བརྡབ་བཀུར་ནས་འདས། །ཕྲིན་ལས་དེ་དུས་རྟེའུ་གཅིག་ཏུ་གྱུར། ༼༩༡༽ །སྔོན་འདས་བསྐལ་པ་ལྔ་ཙམ་དུས་ཀྱི་ཚེ། །འཇིག་རྟེན་འདི་མལ་བསྐལ་པ་རེ་བཟང་ལ། །དཔོན་རིགས་སྟོབས་ཆེན་གཅིག་ཏུ་སྐྱེ་བ་བླངས། །


CMR003_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ནི་ཨ་སྐྱོ་ཞེས་བྱར་གྲགས་པར་གྱུར། །རཱ་ག་ཨ་སྱ་དེ་ཡིས་གཡོག་པོ་ནི། །ཨ་འདི་ཞེས་བྱར་གྱུར་ཏེ་དཔོན་དེ་ནི། །སྙིང་རྗེ་ཆེ་ཞིང་སྦྱིན་པ་རྒྱ་ཆེར་བཏང་། ༼༩༢༽ །སྔོན།འདས་བསྐལ་པ་ལྔ་དུས་ཤར་སྨད་ཕྱོགས། །བསྐལ་པའི་མིང་ནི་བཟང་འདོད་ཅེས་བྱ་སྟེ། །དེ་བཞིན་གཤེགས་པ་མ་ཎི་བསྟན་པ་ལ། །བྱིས་སྦ་ཅེས་ཏེ་ཞེས་བྱ་གཅིག་ཏུ་གྱུར། །རང་བྱུང་ཉིད་དུ་ཞི་ལྷག་ཏིང་འཛིན་སྐྱེས། །ཞང་པོ་ཐེ་ཁེ་ཞེས་བྱའི་རྟ་འཚོས་པས། །རྟ་ནི་སེར་པད་ཅེས་བྱའི་རྟ་རྒོད་ཡོད། །དེ་རིང་རྟ་ཞོན་ཐུབ་ཅེས་དཔའ་གཏམ་བྱས། །ཞང་པོས་ང་ཡི་མཐོང་སར་རྟ་ཞོན་ཟེར། །ལན་གཅིག་གཡབ་ནས་བབ་པས་རྒོད་པོ་རེད། །ད་རུང་གཅིག་གཡོབ་ཟེར་ནས་གཡབ་བསམས་པས། །རྟ་དེས་སྙིང་ཁར་ཕྲ་བ་བརྒྱབ་སྟེ་འགྱེལ། །མ་ཎི་ཐོན་དང་མི་འཆི་ཟེར་བས་བཏོན། །དེ་མ་ཐག་ཏུ་ཤི་སྟེ་ཞང་པོ་ནི། །ཙ་ཡི་མིང་ཅན་རྟ་ནི་སྐྱ་མིང་ངོ་། ༩༣༽ །སྔོན་འདས་བསྐལ་པ་བཞི་དུས་ལྷོ་ཡི་ཕྱོགས། །བསྐལ་པའི་མིང་ནི་གོས་ཅན་ཞེས་སུ་གྲགས། །བདེ་བར་གཤེགས་པ་འགྲོ་མགོན་བསྟན་པ་ལ། །ཡིག་བྲིས་མཆོག་གྱུར་སྟག་ལིས་ཞེས་པར་གྱུར། །རཱ་ག་ཨ་སྱ་བླ་མ་བཀྲ་ཤིས་མཚན། །དེ་ལ་བྲིས་


CMR003_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེད་ནས་རྟ་གཅིག་དང་། །མར་མེ་ཀོང་བུ་གསུམ་དང་མར་བཅས་ཕུལ། །རྟ་དེ་ད་ལྟ་ཆོས་འཕེལ་འདི་ཡིན་ནོ། །མི་ཚེར་བླ་མ་དེ་ཡི་དྲུང་ཡིག་བྱས། །ཉམས་ལེན་བསྐྱེད་རྫོགས་ཁྱད་པར་སྟོང་ཉིད་བསྒོམས། ༼༩༤༽ །སྔོན་འདས་བསྐལ་པ་བཞི་དུས་བྱང་ཤར་ཕྱོགས། །བསྐལ་པ་ཤིན་ཏུ་འོད་ཅེས་བྱ་བ་ལ། །སངས་རྒྱས་ཐུགས་རྗེ་ཆེན་པོའི་བསྟན་པའི་དུས། །སྤྲེའུ་ཏིང་འཛིན་རྩེ་གཅིག་བསྒོམ་པར་སྐྱེས། །བླ་མ་ཆེན་པོ་ཞེས་བྱ་ཆགས་མེད་ཉིད། །བླ་མ་དེ་ལ་ཀྲྀཥཱ་ས་ར་ཡི། །རྭ་དུང་ཤིན་ཏུ་ཐུགས་རྩིས་ཆེ་བ་ཡོད། །སྤྲེའུ་བླ་མའི་དྲུང་དུ་གསོས་ནི་བཞག །དེ་ནས་བླ་མ་འདས་རྗེས་ཕུང་འདྲེ་ཞེས། །མི་ངན་གཅིག་བྱུང་བླ་མའི་རྭ་དུང་བུས། །སྤྲེའུ་བསམ་པས་རྭ་དུང་འདི་ཉིད་ནི། །ང་ཡི་བླ་མས་ཐུགས་རེག་མི་བྲུ་བ། །མི་ངན་འདིས་ནི་རྭ་དུང་བཅག་ལེ་ཡོད། །སྙམ་ནས་སྤྲེའུའི་རྭ་དུང་ལ་འཇུས་པས། །མི་དེ་ཁྲོས་ནས་སྙིང་ཁར་གྲི་བཙུགས་བསད། །མི་ངན་དེ་ནི་ཙ་ཡི་མིང་ཅན་ནོ། ༼༥༽ །སྔོན་འདས་བསྐལ་པ་བཞི་ཡི་དུས་ཀྱི་ཚེ། །བྱང་ཕྱོགས་ཁེ་གྱོང་ཞེས་བྱའི་བསྐལ་པ་ལ། །སངས་རྒྱས་ཤིན་ཏུ་གཟིགས་ཀྱི་བསྟན་པའི་དུས། །མི་ནི་དགེ་ལུ་ཞེས་


CMR003_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དད་པ་ཅན། །དམ་ཆོས་ཚོལ་ཞིང་ཉན་ལ་བརྩོན་པར་གྱུར། །དེ་ཚེ་རྟ་ཡི་མིང་ཅན་དགེ་སློང་ནི། །བསམ་འགྲུབ་ཅེས་བྱ་ཆོས་མཐོང་ཆེ་བར་གྱུར། །དགེ་ལུས་ཐང་སྐུ་གཅིག་ཕུལ་དད་གུས་བྱས། །དགེ་སློང་ཁྱོད་ཀྱི་གྲི་དེ་ཚུར་གཏོད་ཟེར། །གྲི་དེ་གཏད་པས་དགེ་ལུའི་སྒེར་བརྒྱབས་བསད། །དེ་ཡང་དམ་ཆོས་འདོད་ཕྱིར་སྲོག་སོང་ངོ་། ༼༩༦༽ །སྔོན་འདས་བསྐལ་པ་གསུམ་གྱི་གོང་རོལ་ན། །ཤར་སྨད་བསྐལ་པ་བདེ་བྱེད་ཅེས་པ་ལ། །སངས་རྒྱས་སྨིན་པར་མཛད་ཀྱི་བསྟན་པ་ལ། །དེ་དུས་བོད་ཡོད་བོད་ཀྱི་རྒྱལ་པོ་ནི། །རབ་ཏུ་དགེ་ཞེས་སྡེ་གཉིས་དབང་བར་སྐྱེས། །གཙུག་ལག་ཁང་ནི་བརྒྱ་དང་གསུམ་ཙམ་བཞེངས། །སངས་རྒྱས་བསྟན་པ་ཉམ་པ་སོར་ཆུད་དོ། །དེ་དུས་རཱ་ག་ཨ་སྱ་རྒྱ་གར་དུ། །ཕྱི་རོལ་པཎྜི་ཏ་ནི་མཁས་པར་གྲགས། །དབང་ཕྱུག་དུང་ཐོན་ནུས་པར་ལྡན་པ་དེ། །ནང་པ་ཡིན་སྙམ་གསེར་ནི་ཚན་ཆེན་བསྐུར། །ནང་པའི་བསྟན་ལ་གང་ཕན་གྱིས་སྨྲས་པ། །དེ་ལས་རལ་པ་དབང་ཕྱུག་མ་དགའ་ཁྲོས། །ཅི་ལ་མི་དགའ་གཞན་ལ་དྲིས་པ་ཡིས། །ཕྱི་པ་ཡིན་ཟེར་དེ་ནས་གསེར་མ་བསྐུར། ༼༩༧༽ །སྔོན་འདས་བསྐལ་པ་གསུམ་གྱི་གོང་རོལ་དུ། །ལྷོ་ནུབ་


CMR003_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་རབ་ཏུ་བདེ་བྱེད་ཅེས། །སངས་རྒྱས་འོད་མཐའ་ཡས་ཀྱི་བསྟན་པ་ལ། །ཚུལ་ཁྲིམས་བཛྲ་ཞེས་བྱའི་བླ་མར་གྱུར། །པཎྜི་ཏ་ཡི་མིང་ཐོག་ཙམ་ཞིག་ཡིན། །ཐོས་བསམ་སྒོམ་གསུམ་འཆད་རྩོད་ཅིར་ཡང་བྱས། །དེ་དུས་རཱ་ག་ཨ་སྱ་སློབ་མ་སྟེ། །དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ཞེས་སུ་གྲགས། །ཁྱེད་ཀྱང་རྒྱུན་དུ་ང་ཡི་བླ་མ་མིན། །ཞེས་གསུངས་བཞད་ཅིང་གཞན་ཡང་དེ་ཡི་དུས། །དགེ་སློང་ཚུལ་ཁྲིམས་འོད་ཟེར་ཞེས་བྱ་བ། །ཡོན་ཏན་ཆེ་ཞིང་བཙུན་ཚུགས་བཟང་བ་ཡོད། །དེ་ནི་ད་ལྟ་ཡང་དག་འདི་ཡིན་ནོ། །དགེ་ཚུལ་ཨ་ཡོད་བུ་ཞེས་བྱ་བ་ཡོད། །དེ་ནི་ད་ལྟ་ཚེ་རིང་འབུམ་ཡིན་གསུངས། ༼༩༨༽ །བསྐལ་པ་གསུམ་གོང་ནུབ་བྱང་འཇིག་རྟེན་ཁམས། །དག་པ་ཞེས་བྱའི་བསྐལ་པར་སངས་རྒྱས་ནི། །བདེ་གཤེགས་ཀུན་དགའ་བོ་ཞེས་བསྟན་པ་ལ། །གུ་རུ་བཟང་པོ་ཞེས་བྱ་མཚན་ཉིད་པ། །ཚུལ་ཁྲིམས་གཙང་ཞིང་སྟོང་ཉིད་གཙོ་བོར་བསྒོམས། །དེ་ཡིས་མཆོད་གཡོག་དགེ་འོད་ཅེས་བྱ་བ། །གཏོར་བཟོ་མཁས་པར་རཱ་ག་ཨ་སྱ་གྱུར། ༼༩༩༽ །འཇིག་རྟེན་དེ་དང་བསྟན་པ་དེ་ལ་ནི། །ལྷ་བཟོ་ཤིན་ཏུ་མཁས་པ་གཅིག་ཏུ་སྐྱེས། །བྲིས་དང་སྐོས་གཉིས་


CMR003_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་ཟླ་བྲལ་བ་སྟེ། །མིང་ནི་ཀུན་སུང་ཞེས་བྱར་གྲགས་པ་སྟེ། །སེམས་བསྐྱེད་ལྡན་པས་སྐུ་གཟུགས་དཔག་མེད་བཞེངས། །རཱ་ག་ཨ་སྱ་དེ་ཡི་ཕར་གྱུར་ཏེ། །བྲིས་ཆེན་མཁས་ཏེ་སྲུང་ལུ་ཞེས་བྱ་མིང་། །དེ་ཡི་མི་ཚེ་དེ་ལ་གསུང་རབ་བྲིས། ༼༡༠༠༽ །འཇིག་རྟེན་དེ་རུ་དེ་རྗེས་སངས་རྒྱས་ནི། །མཐུ་ཆེན་ཞེས་བྱའི་བསྟན་ལ་ཁྱིམ་བདག་ནི། །ཨ་ཕྲོམ་ཞེས་བྱ་ཕྱུག་ཅིང་ནོར་མང་ལྡན། །བསྙེན་སྒྲུབ་བྱེད་ཅིང་སྦྱིན་པ་མང་དུ་བཏང་། །དེ་ཚེ་ཨ་ཙརྱ་ནི་སྔགས་འཆང་པ། །མཐུ་ཆེན་སྐྱབས་ཞེས་ནུས་མཐུ་ལྡན་པར་གྱུར། །ཡོན་བདག་བྱས་ཤིང་བུ་མོ་ཇོ་མོར་ཕུལ། །དེ་ཚེ་ཁྱིམ་བདག་དེ་ཡི་ཁྱིམ་མཚེས་དང་། །སྔགས་པ་འཁོན་པས་སྔགས་པས་ཐོག་ཕབ་པས། །ཐོག་ཟེར་བྱུང་བས་ཁྱིམ་བདག་ཚེ་དུས་བྱས། །ཕན་ཚུན་གཉིས་གར་གནོད་པའི་སེམས་མེད་དོ། ༡༠༡༽ །བསྐལ་པ་དང་ནི་འཇིག་རྟེན་དེ་ཉིད་དུ། །རྒོད་ལུ་ཞེས་བྱའི་མི་གཅིག་ལ་སྐྱེས་ཏེ། །ནུ་བོ་ཨ་ཇོ་རཱ་ག་ཨ་སྱའོ། །སྦྱིན་བཏང་ལ་སོགས་དགེ་བ་རྒྱ་ཆེན་བྱས། །བླ་མ་བཟང་པོ་ཁྱིམ་དུ་གདན་དྲངས་ནས། །ནེ་ཙོ་གཅིག་ཡོད་ཕྱག་ནས་ཞུས་ནས་གསོས། །ནེ་ཙོས་རྩམ་པ་ཕོས་པས་ཨ་ཇོ་ཁྲོས། །ནེ་ཙོར་གྲི་བརྒྱབ་བསད་


CMR003_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤྱན་གཉིས་པོ། །ཁ་རྩོད་བྱས་ནས་འཛིངས་བ་དྲན་ནོ་གསུངས། ༼༡༠༢༽ །བསྐལ་པ་གསུམ་དུས་བུ་རྡིས་ཞེས་བྱ་བའི། །བྱིས་སྦྱར་སྐྱེས་ནས་འགྲོ་དོན་འོང་རྒྱུ་ལ། །ཕན་ན་རིང་ཞེས་བྱ་ཡོན་ཏན་ཡིན། །བྱིས་སྦས་རྩེད་མོ་བརྩེས་ཉེས་འགའ་ལུ་བཤུས། །བྱིསྦ་མེ་ནང་རྡུད་འཕང་ཚེ་དུས་བྱས། །རཱ་ག་ཨ་སྱ་བྱིས་སྦའི་ཕུ་བོ་ནི། །ལྷེབ་བེ་ཞེས་བྱས་བྱིསྦ་གསོད་ཉེས་ཞེས། །ཕར་ལམ་དབྱིག་པ་འགའ་རེ་བརྒྱབ་པ་དྲན། །མ་དག་སྐྱེ་བ་འགྲོ་དོན་མ་འགྲུབ་བོ། ༼༡༠༣༽ །ནུབ་བྱང་དག་པ་ཞེས་བྱའི་བསྐལ་པ་སྟེ། །སྔོན་འདས་བསྐལ་པ་གསུམ་གྱི་དུས་ཡིན་ཏེ། །རྒྱལ་བ་མཐུ་ཆེན་ཞེས་བྱའི་བསྟན་པ་ལ། །གུ་རུ་དགའ་བོ་ཞེས་བྱ་ཡོན་ཏན་ལྡན། །འཁོར་སློབ་མེད་དེ་རང་ཉིད་གཅིག་པུ་ཉིད། །དེ་ཚེ་རཱ་ག་ཨ་སྱ་ཁྱིམ་བདག་ནི། །ཕྱུག་ཅིང་ནོར་མང་ལོངས་སྤྱོད་ལྡན་པར་གྱུར། །རྟག་ཏུ་འཚོ་བ་སྦྱོར་བའི་ཡོན་བདག་གྱུར། ༼༡༠༽ །བསྐལ་པ་གསུམ་གོང་ཤ་བ་ཕོ་རུ་སྐྱེས། །ཤ་བ་གཞན་ལ་མི་འཚེ་བྱམས་སེམས་ལྡན། །དེ་དུས་མི་རྣམས་མུ་གེ་ཆེན་པོར་གྱུར། །ཙ་ཡི་མིང་ཅན་སྐྱིད་མཚོ་ཞེས་བྱ་བའི། །སྤང་རྒན་མོ་གཅིག་ལྟོགས་ནས་ངུ་འབོད་བྱེད། །ཤ་བ་སྙིང་


CMR003_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྐྱེས་ནས་དེར་སོང་བས། །དེ་རུ་མི་འདུག་འཁྱམས་ནི་སོང་ཟིན་པའི། །རྗེས་སུ་ཤ་བ་སོང་བས་རྒན་མོ་དེ། །འཆི་ལ་ཁད་དུ་ཉལ་ནི་འདུག་པ་ཡི། །དྲུང་དུ་གྲི་ཆུང་ཤར་ཡུ་རྣོན་པོ་འདུག །སྙིང་རྗེའི་དབང་གིས་ཤ་བས་གྲི་མིད་ནས། །མི་ཡི་སྐད་དུ་ཚིགས་བཅད་འདི་སྨྲས་སོ། །འོ་རྒན་མོ་སྨྲེ་སྔགས་མ་འདོན་དང་། །ང་ཡི་ལུས་འདི་ཁྱོད་ལ་སྦྱིན། །ཅེས་སྨྲས་དེ་ཚེ་རྒན་མོ་དེས། །ཤ་བས་ང་ལ་ལུས་སྦྱིན་ཤེས་པ་ཡང་སྙིང་རྗེ། ཧ་ཧ་མཚར་པོ་ཆེ། ང་མུ་གེ་ལ་སྐྱབས་པར་བྱེད་མཁན་གཅིག་འདིར་འདུག །ཤ་བས་འདི་སྐད་སྨྲ་ཤེས་ནི། །ཞེས་སྨྲས་ཡར་ལངས་བྲོ་བརྡུངས་ནས། །ཤ་རོ་རྒན་མོས་ལོངས་སྤྱོད་བྱས། ༼༡༠༥༽ །བསྐལ་པ་གསུམ་དུས་འཇིག་རྟེན་དེར། །བྱིའུ་སྤུ་སྡུག་བག་མའི་ལུས། །བྱིའུ་གཞན་ལ་ཆོས་བསྟན་ཏོ། །དེ་ཚེ་སྐྱ་མིང་ཁྲར་གྱུར་པས། །བྱིའུ་དེ་བསད་རོལ་པར་གྱུར། ༼༡༠༦༽ །བསྐལ་པ་གཉིས་དུས་མགར་གཡོག་གཅིག་ཏུ་གྱུར། །ཆོས་ནི་མི་དར་རང་བཞིན་སྙིང་རྗེ་དང་། །སྦྱིན་པ་ལ་སོགས་རང་བཞིན་དགེ་ལ་བརྩོན། །མིང་ནི་བཀྲ་ལག་ཅེས་བྱ་དེ་ཡི་དཔོན། །རཱ་ག་ཨ་སྱ་མགར་བ་འོད་ལྡན་ཞེས། །རང་བཞིན་སྙིང་རྗེ་སྦྱིན་སོགས་བྱེད་པའོ།


CMR003_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༧༽ །སྐལ་པ་གཉིས་དུས་སྙིང་རྗེ་ལྡན་པ་ཡི། །ཝ་མོ་གཅིག་ལ་སྐྱེས་ཚེ་མི་རྣམས་ལ། །མུ་གེ་ཆེན་པོ་བྱུང་ཚེ་རྟ་ཡི་མིང་། །མིར་སྐྱེས་མིང་ནི་འོད་མེད་ཅེས་བྱ་བ། །སྤྲང་དུ་འགྲོ་ལམ་མེ་གཅིག་བུས་ནས་བསྡད། །ཤིན་ཏུ་ལྟོགས་པས་སྡུག་བསྔལ་ཆེ་བ་མཐོང་། །ཝ་ཡིས་སྙིང་རྗེ་སྐྱེས་ཏེ་མི་སྐད་དུ། །ཕ་ཡིས་ཁྱོད་ལ་སྦྱིན་པ་བཏང་། །ང་ཡི་ལུས་པོ་འདི་ཉིད་ནི། །ཁྱོད་ཀྱིས་ད་རེས་ཟ་བར་གྱིས། །ཞེས་སྨྲས་མེ་ནང་མཆོངས་ནས་ཤི་བར་གྱུར། །དེ་ཚེ་མི་དེས་ཚིགས་བཅད་འདི་སྨྲས་སོ། །མུ་གེ་ལོ་ལ་ཝ་ཡིས་ནི། །སྦྱིན་པ་བཏང་བ་ལེགས་པོ་འདུག །ཝ་ཡིས་འདི་སྐད་སྨྲ་ལུགས་ཀྱིས། །ངོ་བོ་བྱང་ཆུབ་སེམས་དཔར་འདུག །ཅེས་སྨྲས་ཝ་ཤ་དེས་ཟོས་སོ། ༼༡༠༨༽ །སྔོན་འདས་བསྐལ་པ་གཉིས་ཀྱི་གོང་དུ་ནི། །བྱང་ཕྱོགས་འཇིག་རྟེན་བསྐལ་པ་ཤིན་ཏུ་དགྱེས། །སངས་རྒྱས་རབ་ཏུ་བཟང་པོའི་བསྟན་པ་ལ། །སྒོམ་ཆེན་འོད་བྱེད་ཅེས་བྱ་བཟང་པོར་སྐྱེས། །མི་ཚེ་དེ་ལ་ཏིང་འཛིན་ཁོ་ན་བསྒོམས། །རཱ་ག་ཨ་སྱ་བཀྲ་ཤིས་ཞེས་བྱ་བའི། །སྦྱིན་བདག་ཕྱུག་པོ་ལོངས་སྤྱོད་རྒྱས་པར་གྱུར། །སྒོམ་ཆེན་དེ་ཡི་འཚོ་བ་རྟག་ཏུ་སྦྱར། ༼༡༠༩༽ །སྔོན་འདས་བསྐལ་པ་གཉིས་


CMR003_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བྱང་ཕྱོགས་ན། །གོང་དུ་བཤད་པའི་སངས་རྒྱས་བསྟན་པ་ལ། །རྔ་བའི་བ་གམ་གསེང་ཁུང་གནས་བཅས་པའི། །གླང་ཆེན་དང་མཚུངས་ལག་ལྡན་གཉིས་ཡོད་དེ། །གཅིག་གིས་རྒྱལ་གསུང་གླེགས་བམ་མགུལ་བསྒྲིམ་ཟོས། །ཤེས་ལྡན་གཅིག་ཤོས་གླེགས་བམ་བཟའ་མི་རུང་། །རྒྱལ་བའི་གསུང་ཡིན་མི་ཡི་ནང་ཟོག་ཡིན། །སྨྲས་ཀྱང་མ་ཉན་ཚེ་ན་ཤེས་ལྡན་དེས། །སྦར་མོས་ཚུར་འཐེན་བཟའ་རུ་མ་བཅུག་སྟེ། །བྱི་བ་དེ་ནི་དཀོན་མཆོག་གསུམ་ལ་དད། །རྟེན་གསུམ་གནོད་པ་མི་བྱེད་སྙིང་རྗེར་ལྡན། །དེ་ཡི་གྲོགས་པོ་བྱི་བ་ཨ་རཱ་ག་༼༡༡༠༽ །བསྐལ་པ་འདི་སྔོན་བྲག་ཆེན་གཅིག་གིས་ནང་། །བྱི་བ་སྙིང་རྗེར་ལྡན་ཞིང་ཆོས་སྨྲར་གྱུར། །རཱ་ག་ཨ་སྱ་རྫ་བྲར་གྱུར་པ་ལ། །དམ་ཆོས་བཤད་པས་དེ་ལ་སྒོམ་ཡང་སྐྱེས། །སྐྱ་ཡི་མིང་ཅན་སྲེ་མོང་གྱུར་པ་ལ། །སྲེ་མོང་དེ་ལ་ཆོས་འཆད་བསམ་པ་ལ། །སྲེ་མོང་དེ་ཡིས་བྱི་བ་ཟོས་ཞེས་གསུངས། ༡༡༡༽ བསྐལ་པ་འདི་སྔོན་ཁུ་བྱུག་དྷ་ཀ་ཞེས། །གླང་མའི་ཤིང་ལ་གནས་པའི་འབུ་རུ་གྱུར། །རིགས་མཐུན་འབུ་ནི་སུམ་བརྒྱར་ཆོས་བཤད་པས། །དེ་དག་ཐམས་ཅད་ཏིང་འཛིན་སྒོམ་པ་ཤེས། །དེ་ཚེ་རྟ་ཡི་མིང་ཅན་ཁུ་བྱུག་གྱུར། །འབུ་དེ་


CMR003_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱར་བཅས་པ་ཟོས་པ་དྲན། ༼༡༡༢༽ །དེ་རྗེས་བྱིསྦ་གཅིག་ཏུ་གྱུར་པ་ལ། །བཤད་མཁན་མེད་ཀྱང་རང་བྱུང་ཏིང་འཛིན་བསྒོམས། །རྟ་ཡི་མིང་ཅན་བྱིསྦ་རྩེ་རོགས་ཏེ། །ཆུ་ཆེན་གཅིག་གི་གྲུ་ལ་མཉམ་དུ་ཞུགས། །གྲུ་སྣེར་བསྡད་པ་དེ་ཡིས་སྡུད་བརྒྱབས་པས། །ཆུ་ལ་བྲུལ་ནས་ཚེ་ཡི་དུས་བྱས་སོ། ༼༡༡༣༽ །དེ་རྗེས་ཨ་བྲ་གཅིག་ཏུ་གྱུར་པ་ལ། །རང་གི་ཏིང་འཛིན་རང་བྱུང་སྒོམ་ཤེས་ཏེ། །གཞན་ལ་གསལ་པོར་ཆོས་སྟོན་མི་ཤེས་ཏེ། །ཆོས་ཞེས་བྱ་བ་ཡོད་དོ་ཞེས། །གཏམ་དཔེ་འདྲ་བ་རིགས་མཐུན་རྣམས་ལ་འཆད། །དེ་ཚེ་རྟ་ཡི་མིང་ཅན་བྱིས་སྦྱར་གྱུར། །མདེའུ་མདའ་ཚེ་བརྒྱབ་སྟེ་ཨ་བྲ་བསད། ༼༡༡༤༽ །དེ་རྗེས་ཆུ་ནང་ཉ་ཆེན་གཅིག་ཏུ་གྱུར། །རང་ལས་མི་ཆེ་མི་ཆུང་ཉ་རྣམས་ལ། །སྙིང་རྗེ་བསྒོམ་ཚུལ་ཕན་ཡོན་རྒྱ་ཆེར་བཤད། །ཡུལ་དེར་ནད་པ་གཅིག་ནི་ན་བ་ལ། །ལྷ་རྗེས་སྨན་ལ་ཉ་ཕྱིས་དགོས་ཟེར་ནས། །མི་གཅིག་བྱིས་སྦ་གཅིག་ཁྲིད་ཉ་གསོད་བྱུང་། །ཉ་ནི་གཞན་བྲོས་མ་སོད་ཉ་ཆེན་དེ། །ཕན་པའི་སེམས་ཀྱིས་མ་བྲོས་ཉ་བསད་དོ། །དེ་ཡིས་ནད་པ་དེ་སོགས་སྨན་དུ་གྱུར། ༼༡༡༥༽ །བསྐལ་པ་འདི་སྔོན་ཉ་རྒྱལ་ཞེས་བྱ་


CMR003_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །བྱིས་སྦར་སྐྱེས་ཏེ་གཞན་གྱིས་མ་བསླབ་་་་་ནད་པ་སྐྱ་ཡི་མིང་ཅན། ལྷ་རྗེ་རྩ། བྱིས་རྟ། མི་སྟག་ལ། པར། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་རྟག་ཏུ་བཟླ། །བྱིས་སྦ་རྣམས་ལ་རྩེད་མོའི་རྣམ་པར་བཤད། །དེ་ཚེ་རྟ་མིང་དྲེད་མོང་སྐྱེས་པས་ཟོས། ༼༡༡༦༽ །དེ་རྗེས་ལྡི་བ་ལ་སྐྱེས་ཉོབ་ནང་གནས། །ཁམ་ཆུ་གཏམ་མཁན་འགྲིམ་པ་གཅིག་ལ་ཟོས། །མི་དེས་ཨ་ཁ་ཁ་ད་ང་རང་གིས། །སང་ཉིན་རྡོ་རུ་མི་རྙེད་བསམ་བློ་ལ། །ཟེར་ནས་རྫི་བ་མཐེབ་བཅིར་བྱས་བསད་དེ། །མི་དེ་སྐྱ་ཡི་མིང་ཅན་ཡིན་ནོ་གསུངས། །འདི་ནི་མ་དག་སྐྱེ་བར་ཆོས་སེམས་མེད། ༼༡༡༧༽ །དེ་རྗེས་བསྐལ་པ་དེ་ལ་ཁྱུང་དམར་པོ། །ལུས་ནི་རི་ཆེན་ཕྱེད་གཉིས་ཙམ་གྱི་ཚད། །ནམ་མཁའི་ཕྱོགས་ཀུན་ལྡིང་ཞིང་རྒྱ་མཚོ་ནས། །ཀླུ་རྣམས་མང་པོ་འདྲེན་ཅིང་ཟ་བར་བྱས། །ནག་ཕྱོགས་ཀླུ་རྣམས་འདུལ་བྱེད་ཅིང་། །ནམ་མཁའ་ལྡིང་རྣམས་ཀུན་ལ་ཆོས་འཆད་དེ། །རང་གིས་ཉམས་སུ་ལེན་པར་མ་བྱས་སོ། །རེ་ཞིག་རྒྱ་མཚོ་ནང་ནས་ཀླུ་འདྲེན་ཕྱིར། །རྒྱ་མཚོར་འཇུམ་བརྒྱབས་བྱས་པས་བྲུལ་ནས་ཤི། ༼༡༡༨༽ །བསྐལ་པ་གཉིས་དུས་བྱང་ཕྱོགས་འཇིག་རྟེན་ཁམས། །དགེ་བ་ཞེས་བྱ་བསྐལ་པའི་མིང་ཡིན་ཏེ། །སངས་


CMR003_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཚན་ནི་དེར་དགེ་བ་ཞེས་བྱ། །དེ་རུ་ངང་པ་གཅིག་ཏུ་སྐྱེ་བ་བླངས། །སངས་རྒྱས་དེ་མཇལ་ཏིང་ངེ་འཛིན་ཡང་སྐྱེས། །འཁོར་ནི་ངང་གཡོག་སྟོང་ཕྲག་ཙམ་རེ་ཡོད། །རྒྱལ་པོ་ནོར་བུ་ཞེས་བྱས་བཟུང་དུ་བྱུང་། །འཁོར་རྣམས་བྲོས་ཤིང་ངང་རྒྱལ་མངོན་ཤེས་ཡོད། །མི་གསོད་པར་ཤེས་མ་བྲོས་ངང་པ་ཟིན། །རྒྱལ་པོ་སེམས་རླུང་ཡོད་པས་དགེ་སློང་བསད། །བླ་མ་གཅིག་གི་ཆིབས་པར་གྲི་བརྒྱབས་བསད། །རྒྱལ་པོ་དེ་ནི་སྤྲེའུ་འདི་ཡིན་གསུངས། །སྤྲེའུ་དེ་ལ་ཐུགས་རྩིས་ཆེར་མཛད་དོ། ༼༡༡༩༽ །དེ་རྗེས་སྤྲེ་ཞིག་ཏུ་སྐྱེས་དེ་ཡི་ཚེ། །སྤྲ་དང་སྤྲེའུ་ཀུན་ལ་དམ་ཆོས་འཆད། །རཱ་ག་ཨ་སྱ་སྤྲེའུ་དགེ་ལུར་གྱུར། །སྤྲེལ་གསོད་ཟེར་ནས་མི་གཅིག་བྱུང་བ་ལ། །སྤྲུ་ཡིས་སྤྲེའུ་ལ་ནི་འདི་སྐད་སྨྲས། །ཁོ་རེ་སྤྲེའུ་གཞན་དུ་བྲོས། །མི་འདིས་ཁྱོད་ནི་གསོད་འོང་ཟེར། །བྲོས་ནི་མི་དགོས་མི་གསོད་ཟེར། །སྤུ་ནི་ཁྲོས་ནས་བྲག་གསེབ་སོང་། ༼༡༢༠༽ །བསྐལ་པ་འདི་སྔོན་བྱང་ཕྱོགས་འཇིག་རྟེན་ཁམས། །བསྐལ་པ་དགེ་བར་སངས་རྒྱས་དེར་དགེ་བ། །དེ་ཡི་བསྟན་པར་ཐོག་རྩལ་ཞེས་བྱ་བའི། །སྔགས་པ་མཐུ་སྟོབས་རྫུ་འཕྲུལ་ལྡན་པ་སྟེ། །ཐམས་ཅད་སྐྲག་ཅིང་


CMR003_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་བར་བྱེད་པར་གྱུར། །ཕྱག་རྡོར་གཤིན་རྗེའི་གཤེད་སོགས་དངོས་སུ་འགྲུབ། །གཞན་ཡང་གནམ་ལྕགས་ཐོག་འབེབས་ཞེས་བྱ་དང་། །གནམ་ལྕགས་རྒྱལ་པོ་ཞེས་བྱའི་ཡི་དམ་ཡོད། །ཆོས་སྐྱོང་གནམ་ལྕགས་གོ་མཚོན་ཞེས་བྱ་དང་། །གནམ་ལྕགས་ཐོག་རྩེ་བསམས་པས་སྲོག་གཅོད་ཡོད། །དེ་ཚེ་ཨ་རྒན་ཞེས་བྱའི་སྔགས་གཡོག་ཡོད། །ད་ལྟ་རཱ་ག་ཨ་སྱ་ཡིན་ནོ་གསུངས། ༼༡༢༡༽ །དེ་རྗེས་ཞིང་དེར་སྔགས་པའི་བུར་སྐྱེས་ཏེ། །མིང་ནི་བཀྲ་ཤིས་འོད་ཅེས་བྱ་བ་ཡིན། །ཐ་ཆུང་ཡིན་ཏེ་བསྙེན་སྒྲུབ་དཔག་མེད་བྱས། །ཡབ་ལྟར་མཐུ་དང་རྫུ་འཕྲུལ་ལྡན་པར་གྱུར། །ཡབ་ནི་རཱ་ག་ཨ་སྱ་དེ་ཡི་དུས། །པདྨ་ཐོག་དྲག་ཅེས་བྱའི་སྔགས་པ་སྟེ། །བདེ་མཆོག་ཡི་གེ་བདུན་པ་དུང་ཕྱུར་སོགས། །ཡི་དམ་ཆོས་སྐྱོང་བསྙེན་པ་དཔག་མེད་ཐོན། །རྫུ་འཕྲུལ་སྣ་ཚོགས་མཐུ་རྩལ་ཐོགས་མེད་དོ། ༼༡༢༢༽ །བསྐལ་པ་འདི་སྔོན་རི་དྭགས་འབ་འབའ་ཞེས། །རྭ་དང་རྣ་བ་དམར་པོ་ཡོད་པར་སྐྱེས། །འབ་འབའི་རིགས་དང་བྱ་ནི་ཨ་ལུའི་རིགས། །སྟོང་ཕྲག་ཙམ་ལ་དམ་པའི་ཆོས་བསྟན་ཏོ། །དེ་


CMR003_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རཱ་ག་ཨ་སྱ་འདབ་ཆགས་ནི། །དགེ་ལུ་ཨ་ལུ་མ་ཞེས་བྱ་བར་སྐྱེས། །སེང་གེ་གཅིག་གིས་བྱ་དེ་ཟ་ཤོམ་པས། །འབ་འབས་སེང་གེ་ཐབས་ཀྱིས་བསྐྱེལ་བས་ཐར། ༼༡༢༣༽ །བསྐལ་པ་འདི་སྔོན་ཤར་ཕྱོགས་འཇིག་རྟེན་ཁམས། །བསྐལ་པ་མིག་བཟང་སངས་རྒྱས་པདྨའི་བསྟན། །བསམ་འགྲུབ་ཅེས་བྱ་ཀློག་མཁན་ཤེས་རབ་ལྡན། །གྲོགས་པོ་ཀློག་མཁན་བཀྲ་ཤིས་དེ་དང་མཚུངས། །ཆོས་བརྩེགས་གོས་ཀྱི་བཀབ་དྲུང་ཆོས་འདོན་ཚེ། །འབུ་གཅིག་དལ་བུས་འགྲོ་བ་མཆིལ་པས་ཁྱེར། །དེ་ཚེ་བཀྲ་ཤིས་ཆོས་ཀློག་མི་འདོད་ཟེར། །དེ་ཚེ་བསམ་འགྲུབ་ཚིགས་སུ་བཅད་སྨྲས་པས། །མདུན་དུ་འབུ་དེ་འགྲོ་ལ་ལྟད་མོ་ལྟ། །དེ་ཉིད་མི་རྟག་བྱིའུ་ནམ་མཁར་ཁྱེར། །ཐམས་ཅད་མི་རྟག་འགྱུར་བ་འདི་དང་འདྲ། །དཔེ་ཆ་ལོས་འདོན་དམ་ཆོས་བྱ་དགོས་ཟེར། །ལེགས་པར་སྦྱངས་པས་པཎྜི་ཏ་རུ་གྱུར། །བཀྲ་ཤིས་ཀྱང་ནི་དེ་ཡི་སློབ་མར་གྱུར། །བཀྲ་ཤིས་ཞེས་བྱར་རཱ་ག་ཨ་སྱའོ། ༼༡༢༤༽ །བསྐལ་པ་འདི་སྔོན་ཁྱིམ་བདག་ཤི་འོད་ཅེས། །སྦས་ཚུལ་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། །ཁྱིམ་མཚེས་ཁྱིམ་བདག་འཐིལ་ཁབ་


CMR003_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། །རྨ་བྱའི་མགྲིན་འདྲ་རྩྭ་མཆོག་ཐུ་བའི་ཚེ། །མཆོག་ཏུ་འཁྲིལ་པར་ལྡན་པའི་ཀ་མ་ལ། །དབང་ཕྱུག་དྲག་པོས་ཕྱག་རྟགས་དང་མཚུངས་པའི། །རྩེ་གཅིག་རབ་བསྣུན་འཕོ་བའི་ཚུལ་བསྟན་པའི། །སྐྱེ་བདུན་ཤ་དེ་མངོན་ཤེས་ལྡན་པས་ཤེས། །ཅུང་ཟད་ཟོས་དང་རིལ་བུ་ཁར་ཕྱིན་པ། །ཐམས་ཅད་ནད་ཞི་ངན་སོང་སྒོ་བཅད་དོ། །ཐིལ་ཁབ་དེང་སང་ཨ་ཙརྱ་ཡིན་ཏེ། །ཤེས་བཞིན་འགྲོ་ལ་ཕན་ཕྱིར་དེ་ཚུལ་བསྟན། ༼༡༢༥༽ །བསྐལ་པ་འདི་སྔོན་ནུབ་ཕྱོགས་འཇིག་རྟེན་ཁམས། །ལུག་གི་ལུས་ལ་བྱམས་དང་སྙིང་རྗེར་ལྡན། །རིགས་མཐུན་དུད་འགྲོ་རྣམས་ལ་ཆོས་བསྟན་ཏོ། །སྐྱ་ཡི་མིང་ཅན་འོད་དེ་ཞེས་བྱ་བའི། །གཏོ་ཆོག་བྱེད་པའི་སྔགས་པར་གྱུར་པ་ཡིས། །ང་ཡི་རྔ་འདི་ཝག་ཡོད་གཡོགས་པའི་ཕྱིར། །ལུག་ནི་ཚོན་པོའི་པགས་པ་བྱིན་ཟེར་བས། །ཙ་ཡི་མིག་ཅན་བདག་པོར་གྱུར་པས་བཤས། །ཤུན་པ་བྱིན་ནས་སྔགས་པའི་རྔ་གཡོགས་སོ། ༼༡༢༦༽ །བསྐལ་པ་འདི་སྔོན་འཇིག་རྟེན་འདི་ཉིད་ནས། །མི་ནི་འབི་ལེ་ཞེས་བྱ་སྙིང་རྗེ་ཅན། །དམ་ཆོས་མི་དར་ན་ཡང་རང་བཞིན་གྱི། །དགེ་ལ་སྤྱོད་ཅིང་རང་རྡོལ་ཏིང་འཛིན་བསྒོམས། །དེ་ཚེ་གྲོགས་པོ་ཨ་ཉོག་ཅེས་བྱ་


CMR003_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ཅུང་ཟད་མ་དུམ་ཇ་ནང་ཧ་ལའི་རྫས། །བཏབ་སྟེ་བླུད་ཤོམ་སྡེ་ཟུལ་ཇ་བོ་བས། །སྐྱེད་པུ་གས་པས་མ་འཐུང་གནོད་མ་གྱུར། །ཨ་ཉོག་ཅེས་བྱ་ཨ་ཙརྱ་ཡིན་ཏེ། །འདི་ནི་མ་དག་སྐྱེས་རབས་དགེ་སྡིག་ཆུང་། ༼༡༢༧༽ །བསྐལ་པ་འདི་སྔོན་ནུབ་བྱང་འཇིག་རྟེན་ཁམས། །བསྐལ་པ་བདེ་བར་བྱེད་པ་ཞེས་བྱ་ལ། །སངས་རྒྱས་ཁམས་འབྲུས་གནས་ཀྱི་བསྟན་པ་ལ། །དུད་ཚང་ཞིག་གི་རྟ་ནི་རི་ལ་འགྲོས། །རྟེའུ་འགུལ་རྒྱུ་ཆེ་བར་མི་གདའ་བས། །རྩྭ་ཕོན་འགའ་དང་མཉམ་དུ་ཕུག་པར་གྱུར། །རྟེའུ་མ་ཤི་རྩྭ་ཟོས་ཆེར་སྐྱེས་ནས། །ལྷ་ཁང་རྒོག་པོ་ཞིག་ཏུ་སོང་བ་ན། །དར་གྱི་ཅོད་པན་གཅིག་རྙེད་ཁ་ཡིས་ནི། །གཡུགས་ཏེ་རང་གི་སྒལ་པ་ལ་བཀལ་ནས། །ཇ་ཁག་གཅིག་རྙེད་ཁ་ཡིས་བཟུང་སྟེ་སོང་། །བླ་མ་འོད་གཉེར་ཞེས་བྱ་མངོན་ཤེས་ཅན། །གཅིག་ཡོད་དེ་ལ་དར་དང་ཇ་ཕུལ་ལོ། །ཡང་ནི་ཤིང་གི་སྨད་ནི་མེས་ཚིག་པ། །རྩེ་ལ་ལོ་མ་ཡོད་པ་གཅིག་རྙེད་ཕུལ། །བླ་མས་རྟེན་འབྲེལ་བཏགས་ཏེ་གསུང་པ་ནི། །ཤིང་འདི་སྟོད་དཀར་རྟ་འདིའི་ཚེ་སྟོད་ལ། །དམ་ཆོས་ཤེས་ཏེ་ཤིང་གིས་སྨད་ནག་པས། །རྟ་ཡི་ཚེ་འདི་མི་རིང་འཆི་བར་འདུག །ཡང་ནི་


CMR003_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་དེས་མར་གྲོགས་ཐུད་རྡར་དང་། །འཇིམ་པ་ལ་བྱས་ནོར་བུའི་གཟུགས་གཅིག་དང་། །གསེར་གྱི་འཁོར་ལོ་གསེར་དངུལ་ལས་གྲུབ་པའི། །ནོར་བུ་ཆ་བདུན་བིལ་བ་ཀུ་ཤ་དང་། །བུམ་པ་རྣམས་རྙེད་རིམ་པར་བླ་མར་ཕུལ། །བླ་མ་དེ་ཡང་ཤིན་ཏུ་མཉེས་པར་གྱུར། །དེ་ནས་མཛོ་གཅིག་རྩྭ་ཕོན་ཁར་བཟུང་འགྲོ། །རྩྭ་དེ་རྟ་ཡི་ཁས་བཟུང་བླ་མའི་དྲུང་། །ཁྲིད་དེ་འབུལ་བར་བསམ་ཚེ་གྲྭ་པ་ནི། །ཅིག་སྟེ་ཞེས་བྱས་རྡོ་བརྒྱབ་མཛོ་དེ་འདྲོགས། །མཛོ་དེ་གཡང་ལ་རྦབ་ནས་ཆུར་ལྷུང་ཤི། །དེ་ནས་རྟ་ཡང་རིང་པོར་མ་ལོན་ཤི། །རྟ་ནི་སྤྲུལ་སྐུ་ཉིད་ཡིན་མཛོ་དོན་གྲུབ། །བླ་མ་ཆགས་མེད་གྲྭ་པ་ཆོས་འཕེལ་ལོ། ༼༡༢༨༽ །བསྐལ་པ་འདི་སྔོན་སྦལ་པ་ཞིག་གྱུར་ཏེ། རང་གིས་བྱམས་དང་སྙིང་རྗེ་ཏིང་འཛིན་བསྒོམས། །སྦལ་པ་གཞན་ལ་དམ་ཆོས་འཆད་བྱེད་དོ། །རྟ་ཡི་མིང་ཅན་བུད་མེད་ཆུ་ལེན་མ། །སྐྱོགས་ནི་ཕྲལ་ལ་བཀལ་བྱུང་སྦལ་པ་མཐོང་། །ཨ་ཟད་ཨ་ཟད་ཟེར་ནས་སྐྱོགས་བརྒྱབས་ཤི། ༼༡༢༩༽ །བསྐལ་པ་འདི་སྔོན་ཇི་ལུ་ཞེས་བྱ་བའི། །བྱིསྦར་གྱུར་ཏེ་དམ་ཆོས་མི་དར་ཀྱང་། །བྱམས་དང་སྙིང་རྗེ་སྟོང་ཉིད་སྒོམ་ཤེས་ཏེ། །རང་གིས་ཉམས་ལེན་གཞན་ལ་མི་འཆད་


CMR003_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ཡིས་ཕ་ནི་མེད་ལུ་ཞེས་བྱ་སྟེ། །ད་ལྟའི་བྱིསྦ་འབུམ་ལུ་འདི་ཡིན་གསུངས། ༼༡༣༠༽ །སྔོན་འདས་བསྐལ་པ་གཅིག་དུས་ཤར་གྱི་ཕྱོགས། །ཤིན་ཏུ་བདེ་ཞེས་བྱ་བ་བསྐལ་པའི་མིང་། །སངས་རྒྱས་རབ་ཏུ་བདེ་བའི་བསྟན་པ་ལ། །ཆོས་འཕེལ་ཞེས་བྱ་དད་ལྡན་མི་རུ་གྱུར། །དེ་དུས་ཏིང་འཛིན་སྒོམ་པའི་ཆོས་ཞུ་འདོད། །རྩ་ཡི་མིང་ཅན་དེ་དུས་དྲང་སྲོང་ནི། །ཏིང་འཛིན་སྒོམ་ཞིང་ཆོས་མཐོང་ལྡན་པར་གྱུར། །རྟ་གཅིག་ཕུལ་ནས་ཆོས་ཤིག་གནོང་ཞུས་པས། །ཁྱོད་རང་ལུས་ལ་རལ་གྲི་འདི་རྒྱོབ་དང་། །ཆོས་འཆད་དེ་བས་བཤད་པར་མི་རུང་ཟེར། །རང་གིས་ལག་པ་གཡས་པས་གཡོན་པ་ལ། །རལ་གྲི་བརྒྱབས་པས་ལག་མགོ་གཡོན་པ་བཅད། །སྡིག་གསུངས་དེ་བས་མ་གསུང་མདུང་གཅིག་གཏད། །མདུང་འདི་ཁྱོད་ཀྱི་ལུས་ལ་རྒྱབ་གཅིག་གསུངས། །མདུང་དེ་རང་ལ་བཙུག་དཔའ་པ་ཞེས་གསུངས། །ད་ནི་ཁྱོད་རང་ལུས་ལ་གྲི་ཚུག་གསུངས། །གྲི་རྩེ་བཙུགས་པས་སྤང་དགེ་ཞེས་གསུངས་ནས། །ད་ནི་མེ་ནང་མཆོངས་དང་འཆད་དོ་གསུངས། །མེ་རུ་མཆོངས་པས་བ་ཞེས་གསུངས་ནས་ཀྱང་། །བྲག་མཐོན་ཁ་ནས་མཆོངས་དང་མཇུག་འཆད་


CMR003_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །མཆོངས་བས་བསྒྲུབ་ཨ་ཞེས་གསུངས་དེ་བས་ནི། །མ་གསུང་སྡིག་སྤང་དགེ་སྒྲུབ་སྔར་ནས་ཤེས། །ཨ་དེའི་དོན་ནི་ཅི་ཡིན་མ་ཤེས་གསུངས། །དེ་ནས་གྲི་མདུང་བྲག་སོགས་དེ་ཡིས་སྐྱོན། །དེ་ནས་ཚེ་འཕོས་ཆོས་ཕྱིར་སྲོག་སོང་ངོ་། །བདུད་ཀྱི་ལུས་སྲོག་བར་ཆད་བརྩམ་སྣང་ཡིན། །ཆོས་ཕྱིར་ཡིན་པས་བསོད་ནམས་ཚོགས་སུ་གྱུར། །དེ་ནས་བསྐལ་པ་བཟང་པོ་འདི་ཉིད་ནི། །དང་པོ་ཆགས་ནས་སྲེག་པ་གཅིག་ཏུ་གྱུར། །སྲེག་པ་རྣམས་ལ་དམ་པའི་ཆོས་བསྟན་ཏོ། །དེ་ཚེ་སྐྱ་མིང་ལུག་རྫིར་གྱུར་པ་ཡིས། །འུར་རྡོ་བརྒྱབས་ནས་སྲེག་པ་གུམ་པར་གྱུར། ༼༡༣༡༽ །དེ་རྗེས་མི་ནི་ཏོད་འགོར་བྱ་བར་སྐྱེས། །སྙིང་རྗེ་ཆེ་ཞིང་རང་བཞིན་ཏིང་འཛིན་ལྡན། །དེ་ཉིད་ཤི་བའི་མགོ་རུས་ཁྱི་ཡི་འཆས། །ཁྱི་དེ་ཤ་ཁྱི་ཡིན་ཀྱང་སྲོག་ཆགས་དང་། །རི་དྭགས་གཞན་ལ་གནོད་འཚེ་སྤང་པའོ། །ཁྱི་དེ་ད་ལྟ་རཱ་ག་ཨ་སྱ་སྟེ། །མགོ་རུས་མུར་བ་སྐྱེ་བདུན་ཤ་ཡིན་ནོ། ༼༡༣༢༽ །དེ་ནས་མཛོ་གཅིག་ལ་ནི་སྐྱེས་པ་སྟེ། །གཞན་ལ་དམ་ཆོས་འཆད་པར་མི་ཤེས་ཀྱང་། །རང་གི་སྙིང་རྗེ་སྟོང་ཉིད་སྒོམ་པར་ཤེས། །རཱ་ག་ཨ་སྱ་རྟར་གྱུར་བྱིས་སྦ་ནི། །འབུམ་ལུ་ལུག་ཡིན་དེ་གསུམ་མཉམ་


CMR003_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས། །བདག་པོ་ཙག་སྟེ་ཞེས་བྱ་ཆོས་འཕེལ་ལོ། ༼༡༣༣༽ །དེ་རྗེས་ལུག་ཕོ་གཅིག་ཏུ་སྐྱེས་པ་ན། །མ་མོ་རྣམས་ལ་དམ་པའི་ཆོས་འཆད་དོ། །རཱ་ག་ཨ་སྱ་མཉམ་དུ་རྟ་རུ་སྐྱེས། །ལུག་དེས་ཆུ་གཅིག་འབོག་ཅིང་འོང་བའི་ཚེ། །གསེར་འོད་ཅེས་བྱའི་མི་ཡིས་རྡོ་བརྒྱབ་བསད། །གསེར་འོད་ད་ལྟ་སྐྱ་ཡི་མིང་ཅན་ཡིན། ༼༡༣༠༽ །དེ་ནས་རྟ་གཅིག་ལ་ནི་སྐྱེས་པ་ཡི། །རང་བཞིན་སྙིང་རྗེ་ལྡན་ཞིང་ཏིང་འཛིན་བསྒོམས། །རྟ་གཞན་རྣམས་ལ་ཆོས་ནི་ཅུང་ཟད་འཆད། །རྟ་ནི་དགུ་བརྒྱ་ཙམ་དང་ཁྱུ་གཅིག་གནས། །རཱ་ག་ཨ་སྱ་མཉམ་དུ་རྟ་ཡིན་ནོ། །བདག་པོ་མི་ནི་ཕར་མ་ཞེས་བྱ་བས། །མཚན་ངན་མི་དེས་རྟ་མཆོག་ཞོན་པས་འཕགས། །མི་དེ་ཁྲོས་ནས་རྟ་ལ་གྲི་བརྒྱབ་གུམ། །མི་དེ་ད་ལྟ་རྟ་ཡི་མིང་ཅན་ནོ། ༼༡༣༥༽ །དེ་རྗེས་རྒྱ་གྲོག་ལ་སྐྱེས་རྒྱ་གྲོག་གིས། །མིང་ནི་ཆུང་དུ་གཅིག་ན་གནས་པ་སྟེ། །རྒྱ་གྲོག་རྣམས་ལ་དམ་ཆོས་སྟོན་བྱེད་དོ། །དེ་ཚེ་རྫི་བོ་སོང་ལུ་ཞེས་བྱ་བས། །སྟེང་དུ་བསྡད་ནས་རྒྱ་གྲོག་ཚང་བཤིག་གོ །དེ་རུ་གྲོག་མ་སྟོང་ཙམ་ཡོད་པ་ཡིས། །དགུ་བརྒྱ་ཙམ་གྱིས་རྫི་བོའི་ལུས་ལ་འཇུས། །ཆོས་སྨྲའི་གྲོག་མ་བཟུང་ནས་མཐེབ་དྲིལ་བྱས། །


CMR003_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ་ཤེད་ཆེན་བཅིར་ནས་བསད་པ་དྲན། །རཱ་ག་ཨ་སྱ་རྒྱུ་གྲོག་གྲྭ་དེར་ཡོད། །རྫི་བོར་གཡག་ནི་མང་པོ་འཚོ་རྒྱུ་སྣང་། །རྫི་བོ་ད་ལྟ་སྐྱ་ཡི་མིང་ཅན་ནོ། ༼༡༣༦༽ །བསྐལ་པ་འདི་ལ་བྱང་ཕྱོགས་འཇིག་རྟེན་ཁམས། །བསྐལ་པའི་མིང་ནི་གྲགས་རྒྱན་ཞེས་བྱ་སྟེ། །སངས་རྒྱས་འོད་སྲུང་དབོན་གྱི་བསྟན་པ་ལ། །བདེན་གྲགས་ཞེས་བྱའི་མི་ནི་དཔའ་རྩལ་ལྡན། །ཆོས་པ་བཙུན་པ་རྣམས་ལ་རབ་ཏུ་གུས། །དེ་ཚེ་རཱ་ག་ཨ་སྱ་དགེ་སློང་ནི། །ཤིན་ཏུ་མཛེས་ཞེས་བྱ་བར་གྱུར་པའི་ཚེ། །ཤན་པ་མེད་བྱེད་ཅེས་བྱས་གསོད་པར་ཤོམ། །དེ་ཚེ་འདན་གྲགས་ཀྱིས་ནི་ཤན་པ་བསད། །དགེ་སློང་ཤིན་ཏུ་མཛེས་པའི་སྲོག་སྐྱབས་གྱུར། །ཤན་པ་ད་ལྟ་ལཀྵའི་མིང་ཅན་ནོ། ༼༡༣༧༽ །དེ་ནས་བསྐལ་པ་བཟང་པོ་འདི་ཉིད་ལ། །ཆུ་ཇེ་ཞེས་བྱའི་སྲིན་བུའི་ལུས་སུ་གྱུར། སྙིང་རྗེ་ཆེ་དང་ཏིང་ངེ་འཛིན་དང་ལྡན། །དེ་དུས་རཱ་ག་ཨ་སྱ་སྟག་ཏུ་སྐྱེས། །སྟག་ལ་ས་མདའ་བཙུགས་ནི་ཡོད་པ་ལ། །ཕན་པའི་སེམས་ཀྱིས་ས་མདའ་བཅད་གྱུར་ཏེ། །སྟག་ནི་སོད་པར་མ་གྱུར་སྲོག་སྐྱབས་སོ། །ས་མདའ་བཙུགས་མཁན་ལཀྵའི་མིང་ཅན་ནོ། ༼༡༣༨༽ །བསྐལ་པ་


CMR003_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ནུབ་ངོས་འཇིག་རྟེན་ཁྱམས། །བསྐལ་པའི་མིང་ནི་ཤིན་ཏུ་བཟང་ཞེས་པར། །སངས་རྒྱས་མཚན་ནི་བཟང་པོའི་འོད་ཀྱི་བསྟན། །དགེ་སློང་བཟང་པོ་ཞེས་བྱའི་སྒོམ་ཆེན་གྱུར། །དེ་དུས་རཱ་ག་ཨ་སྱ་སྲིན་བྱར་གྱུར། །འཕུར་ནི་སོང་བ་བྱ་རྒོད་འཕུར་བ་མཐོང་། །འདི་ཙམ་འཕུར་རྒྱུ་མེད་ཨང་སྙམ་ཞིང་སྡུག །དེ་ཚེ་དགེ་སློང་ཏིང་འཛིན་སྒོམ་པ་མཐོང་། །ཕྱི་མ་འདི་འདྲར་ཤོག་སྙམ་སྨོན་ལམ་བཏབ། །བྱ་རྒོད་ད་ལྟ་ཡང་དག་ཡིན་པར་གསུངས། ༼༡༣༩༽ །དེ་ནས་མི་ནི་ཚད་བརྡུར་བ་ཞེས་གྱུར། །ཏིང་ངེ་འཛིན་ལ་ཉམས་ལེན་སྦས་ཚུལ་གནས། །རྐང་གླིང་ཞིག་ནི་ལག་ཏུ་ཐོགས་ནས་ཀྱང་། །རཱ་ག་ཨ་སྱ་དགེ་སློང་སྒོམ་ཆེན་དུ། །གྱུར་པའི་དྲུང་སོང་རྐང་གླིང་ཨེ་ཉོ་སྨྲས། །མི་ཉོ་བདག་གིས་ཏིང་འཛིན་སྒོམ་བྱེད་ཟེར། །དེ་ནི་ཏིང་འཛིན་ཨེ་བརྟན་ཉམས་ཚད་དོ། ༼༡༤༠༽ །དེ་ནས་བསྐལ་པ་དེ་དང་བསྟན་པ་དེར། །ཁྱིམ་བདག་ཀུན་ཏུ་ཞེས་བྱ་ལོངས་སྤྱོད་ལྡན། །དགེ་ལ་བརྩོན་ཞིང་ཏིང་ངེ་འཛིན་བསྒོམས་གྱུར། །དེ་དུས་རཱ་ག་ཨ་སྱ་བྲམ་ཟེ་ནི། །གཟིགས་པ་ཞེས་བྱ་བྲམ་ཟེ་རྣམ་པར་དག །པདྨ་གཙུག་ཏོར་ཁོ་ན་སྒྲུབ་པར་བྱེད། །ཁྱིམ་བདག་གིས་ནི་དེ་ཡི་


CMR003_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་བྱས། ༼༡༤༡༽ །དེ་རྒྱབ་ཁྱིམ་བདག་བཟང་པོ་ཞེས་བྱ་སྟེ། དགེ་བཅུ་ཏིང་འཛིན་སྤྱོད་ཅིང་ལོངས་སྤྱོད་ལྡན། །དེ་ཚེ་རཱ་ག་ཨ་སྱ་བྲམ་ཟེ་ནི། །རིག་པའི་ཉི་མ་ཞེས་བྱ་ཤིན་ཏུ་མཁས། །ཀུན་ཏུ་བཟང་པོ་ཞེས་བྱའི་སྤྱན་རས་གཟིགས། །རྩེ་གཅིག་བསྒྲུབ་ཚེ་དེ་ཡི་སྦྱིན་བདག་གོ ༼༡༤༢༽ །དེ་རྗེས་ཁྱིམ་བདག་འོད་བྱེད་པ་ཞེས་བྱ། །དགེ་བ་བཅུ་སྤྱོད་ཏིང་འཛིན་དོན་སྒོམ་གྱུར། །དེ་ཚེ་རཱ་ག་ཨ་སྱ་བྲམ་ཟེ་ནི། །རྣམ་དག་ཅེས་བྱ་བྲམ་ཟེའི་ཚུལ་ཁྲིམས་ལྡན། །ཐུགས་རྗེ་ཆེན་པོ་ཀུན་ཏུ་བཟང་པོ་དང་། །ཐུགས་རྗེ་ཆེན་པོ་དགའ་བོ་ཞེས་བྱ་བསྒྲུབས། །དེ་ཡི་སྦྱིན་བདག་ཁྱིམ་བདག་དེ་ཡིས་བྱས། ༼༡༤༽ །དེ་རྗེས་ཁྱིམ་བདག་ལར་འོད་ཅེས་བྱ་བ། །ལོངས་སྤྱོད་གཞི་ཆེ་དགེ་ལ་རབ་ཏུ་བརྩོན། །དེ་དུས་རཱ་ག་ཨ་སྱ་བྲམ་ཟེ་ནི། །པདྨ་ཞེས་པ་བྲམ་ཟེ་རྣམ་པར་དག །ཐུགས་རྗེ་ཆེན་པོ་དགའ་བོ་ཀུན་ཏུ་བཟང་། །པདྨ་གཙུག་ཏོར་རྩེ་གཅིག་ཉམས་སུ་ལེན། །ཁྱིམ་བདག་དེས་ནི་རྟག་ཏུ་འཚོ་བ་སྦྱར། ༼༡༤༤༽ །དེ་རྗེས་ཁྱིམ་བདག་སེར་ཕྱུར་ཞེས་བྱ་བ། །ལོངས་སྤྱོད་མངའ་ཐང་ཆེ་ཞིང་དགེ་ལ་སྤྱོད། །དེ་ཚེ་རཱ་ག་ཨ་སྱ་བྲམ་ཟེ་གཙང་། །ཀུ་ཤོང་ཞེས་བྱ་རྣམ་པར་དག །


CMR003_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་གཙུག་ཏོར་རྩེ་གཅིག་ཉམས་སུ་ལེན། །ཁྱིམ་བདག་དེས་ནི་དེ་ཡི་འཚོ་བ་སྦྱར། ༼༡༤༥༽ །དེ་རྗེས་རྒྱལ་པོ་རབ་རྒྱས་ཞེས་བྱ་བ། །མངའ་ཐང་འབྱོར་པ་ཕུན་སུམ་ཚོགས་པ་དེ། །སྡེ་ནི་ཆེན་པོ་གསུམ་ལ་དབང་བར་གྱུར། །དེ་དུས་རཱ་ག་ཨ་སྱ་བན་དེ་ནི། །མཁྱེན་པ་ཞེས་བྱ་ཚུལ་ཁྲིམས་རྣམ་པར་དག །སངས་རྒྱས་བཟང་པོ་འོད་དེ་རྩེ་གཅིག་བསྒྲུབས། །ཚེ་དང་སྒྲུབ་པ་མཉམ་པ་དེ་ཡི་ནི། །འཚོ་བ་སྦྱར་བ་རྒྱལ་པོ་དེས་བྱས་སོ། ༼༡༤༦༽ །ཡང་ནི་བསྐལ་པ་དང་ནི་བསྟན་པ་དེར། །བན་དེ་ཚུལ་ཁྲིམས་གཙང་ཞིང་དམ་ཆོས་སྤྱོད། །མི་ནི་ཆགས་མེད་ཅེས་བྱར་གྱུར་པ་ན། །རཱ་ག་ཨ་སྱ་བླ་མ་ཆེན་པོ་ནི། །བཟང་པོ་ཞེས་བྱར་གྱུར་པ་ཉེ་གནས་གྱུར། ༼༡༤༧༽ །དེ་རྒྱབ་བུད་མེད་ཌཀི་མཚན་ལྡན་གྱུར། །སྔགས་ཀྱི་ལྟ་སྤྱོད་ཕུལ་ཕྱིན་མཁའ་འགྲོ་མ། །དེ་ཚེ་རཱ་ག་ཨ་སྱ་ཁྱིམ་པ་ཡི། །པཎྜིཏ་ནི་ཤིན་ཏུ་མཁས་པ་སྟེ། །དགྱེས་པ་ཞེས་བྱ་དེ་ཡི་མིང་ཡིན་ཏེ། །ཌཀྐི་མཚན་ལྡན་ཆོས་སྐྱིད་མ་དེ་ནི། །པཎྜི་ཏ་དེའི་གསང་ཡུམ་རིག་མར་གྱུར། ༼༡༤༨༽ །དེ་རྗེས་བན་དེ་ཤིན་ཏུ་ཕྱུག་པར་གྱུར། །རྟེན་གསུམ་བཞེངས་སོགས་དགེ་བ་རྒྱ་ཆེ་སྟེ། །མིང་ནི་བན་དེ་


CMR003_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཆང་ཞེས་བྱའོ། །དེ་དུས་རཱ་ག་ཨ་སྱ་པཎྜི་ཏ། །སྐྱབས་ཆེན་ཞེས་བྱ་ཚུལ་ཁྲིམས་ལྡན་པར་གྱུར། །བན་དེ་ཕྱུག་པོས་དེ་ཡི་སྦྱིན་བདག་བྱས། ༼༡༤༩༽ །དེ་རྗེས་བུད་མེད་ཌཱཀྐི་མཚན་ལྡན་མ། །བྲན་མོའི་ཆ་ལུགས་འཛིན་པར་གྱུར་པ་སྟེ། །གསང་སྔགས་རིམ་གཉིས་ཏིང་འཛིན་ལྡན་པ་སྟེ། །མིང་ནི་དགེ་བ་མ་ཞེས་བྱ་བའོ། །རཱ་ག་ཨ་སྱ་ཁྱིམ་པའི་པཎྜི་ཏ། །མཁས་ཤིང་གསང་སྔགས་སྤྱོད་པར་བྱེད་པ་སྟེ། །སྐྱབས་ཆུང་ཞེས་བྱར་གྱུར་པའི་བྲན་མོ་དང་། །གསང་ཡུམ་དག་ཀྱང་རེས་འགའ་བྱེད་པར་གྱུར། ༼༡༥༠༽ །དེ་རྗེས་བུད་མེད་ཌཱཀྐི་མཚན་ལྡན་ནི། །ཐར་ལམ་ཞེས་བྱ་གསང་སྔགས་ཉམས་སུ་ལེན། །དེ་དུས་རཱ་ག་ཨ་སྱ་པཎྜི་ཏ། །འདོད་པ་ཞེས་བྱ་ཁྱིམ་པར་གྱུར་པ་སྟེ། །ཊཱཀྐི་མ་དེ་དེ་ཡི་གསང་ཡུམ་མོ། ༼༡༥༡༽ །དེ་རྗེས་ཌཱཀྐི་གསང་སྔགས་སྤྱོད་པ་མོ། །དགའ་བ་མ་ཞེས་རྣལ་འབྱོར་མ་རུ་གྱུར། །དེ་ཚེ་རཱ་ག་ཨ་སྱ་པཎྜི་ཏ། །མཛེས་པ་ཞེས་བྱ་ཁྱིམ་པ་གསང་སྔགས་སྤྱོད། །རྣལ་འབྱོར་མ་དེ་དེ་ཡི་གསང་ཡུམ་གྱུར། ༼༡༥༢༽ །དེ་རྗེས་ལྷ་བཟོ་བྲིས་སོགས་རིག་གནས་མཁས། །འབྱོར་པ་ལོངས་སྤྱོད་ཆེ་དང་ལྡན་པ་སྟེ། །དགེ་བྱེད་ཅེས་བྱར་གྱུར་ཅིང་དམ་


CMR003_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད། །དེ་དུས་རཱ་ག་ཨ་སྱ་པཎྜི་ཏ། །བཙུན་ཞིང་མཁས་པས་མཁས་པ་ཞེས་གྲགས་པས། །དེ་ཡི་སློབ་མ་ཡོན་བདག་གཉིས་ཀ་བྱས། ༼༡༥༣༽ །དེ་རྗེས་བཙུན་མ་ཆོས་བྱེད་བྲན་མོའི་ཚུལ། །ཚུལ་ཁྲིམས་ལྡན་ཞིང་ཏིང་འཛིན་གཡོ་བ་མེད། །སྐྱིད་མོ་ཞེས་བྱ་དེ་ཡི་མིང་ཡིན་ཏེ། །དེ་དུས་རཱ་ག་ཨ་སྱ་དབོན་མོའི་ཚུལ། །དགའ་མོ་ཞེས་བྱ་དགེ་སློང་མ་རུ་གྱུར། ༼༡༥༤༽ །དེ་རྗེས་རྟོགས་ལྡན་ཏིང་འཛིན་ཕུན་སུམ་ཚོགས། །རཱ་ག་ཨ་སྱ་བཙུན་མ་ཆོས་སྤྱོད་པ། །རྟོགས་ལྡན་བྱེད་པ་ཞེས་བྱའི་གསང་ཡུམ་སྟེ། །མིང་ནི་ཐོ་ཐོ་ཞེས་བྱ་རྟོགས་ལྡན་མིང་། །བྱེད་པ་ཞེས་ནི་བྱ་བར་གྲགས་པའོ། ༼༡༥༥༽ །དེ་ནས་བུད་མེད་ཌཀྐི་གཅིག་གྱུར་ཏེ། །རབ་ཏུ་མ་བྱུང་དགེ་བཅུ་ཏིང་འཛིན་ལྡན། །མིང་ནི་བུ་མོ་ཞེས་ནི་འབོད་པར་བྱེད། །དེ་ཡི་བུ་མོ་རཱ་ག་ཨ་སྱ་ནི། །སྐྱིད་མ་ཞེས་བྱ་དགེ་སློང་མར་གྱུར་ཏོ། ༼༢༥༦༽ །དེ་རྗེས་སྔགས་པ་ཆགས་ལམ་སྤང་གྱུར་ནས། །བསྙེན་སྒྲུབ་ནུས་པ་ཕུལ་དུ་བྱུང་བ་སྟེ། །རབ་རྒྱས་ཞེས་གྲགས་དེ་དུས་ཨ་རཱ་ག །བཙུན་མོའི་ཚུལ་འཛིན་ཨ་སྐྱིད་མ་ཞེས་པ། །སྔགས་པ་དེ་ཡི་གསང་ཡུམ་བྱེད་པར་གྱུར། །གཉིས་པོ་མཉམ་དུ་བསྙེན་སྒྲུབ་


CMR003_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནར་འབད། ༼༡༥༧༽ །དེ་རྗེས་བྲན་མོའི་ཚུལ་འཛིན་རྣལ་འབྱོར་མ། །བསྙེན་དང་སྒྲུབ་ལ་བརྩོན་འགྲུས་ཆེར་ལྡན་ནོ། །མིང་ནི་སྲས་མོ་ཞེས་སུ་གྲགས་པ་ཡིན། །རཱ་ག་ཨ་སྱ་དེ་ཡི་དབོན་མོ་སྟེ། །དགེ་སློང་མ་ནི་བཟང་མོ་ཞེས་བྱའོ། ༼༡༥༨༽ །དེ་རྗེས་འོད་ཕྲམ་ཞེས་བྱའི་བླ་མ་ནི། །གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ། །དེ་དུས་རཱ་ག་ཨ་སྱ་བཙུན་མ་ནི། །ཐར་བྱེད་མ་ཞེས་ཌཱཀྐི་མཚན་ལྡན་ནོ། །དེ་ནི་བླ་མ་ང་ཡི་གསང་ཡུམ་གྱུར། ༼༡༥༩༽ །དེ་རྗེས་དགེ་སློང་མ་ནི་མང་པོ་ཡི། །སྤྱི་བླ་བྱེད་པའི་དགེ་སློང་མར་གྱུར་ཏེ། །མིང་ནི་སློབ་ལམ་མ་ཞེས་བྱ་བ་སྟེ། །དེ་དུས་རཱ་ག་ཨ་སྱ་དགེ་སློང་མ། །བཟང་མོ་ཞེས་བྱ་དེ་ཡི་གྲྭ་མར་གྱུར། ༼༡༦༠༽ །དེ་ནས་བློན་པོ་བསྟན་པའི་ཁ་འཛིན་བྱེད། །གཡག་བཟང་ཞེས་བྱ་དགེ་བའི་ལས་ལ་བརྩོན། །རཱ་ག་ཨ་སྱ་དེ་ཡི་རྒྱལ་པོ་ནི། །དགེ་ལྡན་ཞེས་བྱ་ཆོས་ཀྱི་རྒྱལ་པོ་འོ། ༼༡༦༡༽ །དེ་རྗེས་སྦྱིན་བདག་ཕྱུག་ཅིང་ནོར་མང་བ། །འོད་ཅན་ཞེས་བྱ་དགེ་བ་རླབས་ཆེན་སྤྱོད། །དེ་ཚེ་རཱ་ག་ཨ་སྱ་དེའི་བླ་མཆོད། །དགེ་སློང་བཟང་ལེགས་ཞེས་བྱ་མཁས་བཙུན་ལྡན། ༼༡༦༢༽ །དེ་རྗེས་འོད་ཆུང་ཞེས་བྱ་ཤེས་རབ་ཅན། །ཚུལ་


CMR003_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ལྡན་ཞིང་དགེ་ལ་བརྩོན་པ་སྟེ། །དགེ་སློང་ཡེ་བཟང་ཞེས་བྱའི་ཉེ་གནས་གྱུར། །དགེ་སློང་དེ་ནི་རཱ་ག་ཨ་སྱའོ། ༼༡༦༣༽ །དེ་རྗེས་དགེ་བསྙེན་མ་ནི་མཚན་ལྡན་མ། །ནམ་མཁའ་མཚོ་ཞེས་ཏིང་འཛིན་སྒོམ་པ་སྟེ། །དེ་དུས་རཱ་ག་ཨ་སྱ་དགེ་སློང་ནི། །འོད་ཅན་ཞེས་བྱ་གསང་སྔགས་སྤྱོད་པ་ཡི། །དེ་དུས་ཉེ་གནས་མོ་རུ་གྱུར་པའོ། ༼༡༦༤༽ །དེ་རྗེས་ཁྱིམ་བདག་འོད་བྱེད་པ་ཞེས་གྲགས། །ལོངས་སྤྱོད་རྒྱ་ཆེན་དགེ་ལ་བརྩོན་པ་ཅན། །དེ་དུས་རཱ་ག་ཨ་སྱ་དགེ་སློང་ནི། །རབ་འཇིགས་ཞེས་བྱ་ཚུལ་ཁྲིམས་ཡོན་ཏན་ལྡན། །ཁྱིམ་བདག་དེས་ནི་རྟག་ཏུ་སྦྱིན་བདག་བྱས། ༼༡༦༥༽ །དེ་རྗེས་ཁྱིམ་བདག་འོད་བྱེད་རྒྱལ་པོ་ཞེས། །འབྱོར་པ་རབ་རྒྱས་བསྟན་པའི་སྦྱིན་བདག་བྱེད། །དེ་དུས་རཱ་ག་ཨ་སྱ་དགེ་སློང་ནི། །བཟང་པོ་ཞེས་བྱ་ཚུལ་ཁྲིམས་ལྡན་པར་གྱུར། །དེ་དུས་དེ་ཉིད་བླ་ཡི་མཆོད་གནས་བྱས། ༼༡༦༦༽ །དེ་རྗེས་འོད་བྱེད་ཆུང་བ་ཞེས་བྱ་བ། །ཁྱིམ་ལྡན་ལོངས་སྤྱོད་རྒྱ་ཆེན་ལྡན་པ་སྟེ། །དེ་དུས་རཱ་ག་ཨ་སྱ་དགེ་སློང་ནི། །རྒྱུན་མཛེས་ཞེས་བྱ་ཚུལ་ཁྲིམས་ལྡན་པ་སྟེ། །འོད་བྱེད་ཀྱིས་ནི་རྟག་ཏུ་བསྙེན་བཀུར་བྱེད། །གཞན་ཡང་སངས་རྒྱས་


CMR003_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ལ་བཀུར་སྟི་ཆེ། ༼༡༦༧༽ །དེ་རྗེས་དགེ་བསྙེན་མ་ནི་གསང་སྔགས་སྤྱོད། །ཡེ་ཤེས་ཌཱཀྐིའི་མཚན་དང་ལྡན་པའོ། །མིང་ནི་མཛེས་བྱེད་མ་ཞེས་བྱ་བ་སྟེ། །དེ་དུས་རཱ་ག་ཨ་སྱ་དགེ་སློང་ནི། །བདེན་ལམ་ཞེས་བྱ་གསང་སྔགས་སྤྱོད་པ་སྟེ། །དགེ་བསྙེན་མ་དེ་མུ་ཏྲར་གྱུར་པའོ། ༼༡༦༨༽ །དེ་རྒྱབ་རྫི་བོའི་ཚུལ་འཛིན་རྣལ་འབྱོར་པ། །ཚུལ་ཁྲིམས་ལྡན་ཞིང་རིམ་གཉིས་རྣལ་འབྱོར་ལྡན། །དེ་དུས་རཱ་ག་ཨ་སྱ་དགེ་སློང་ནི། །ཕྱུག་ཅིང་ནོར་མང་ལྡན་པ་དེ་ཡིས་ནི། །རྫི་བོའི་ཚུལ་དུ་ཉམས་ལེན་བརྩོན་པའོ། །དགེ་སློང་མིང་ནི་འདོད་མེད་ཅེས་བྱ་སྟེ། །དེ་ཡི་རྫི་བོ་བསྟན་སྐྱོང་ཞེས་བྱའོ། ༼༡༦༩༽ །དེ་ནས་གླ་བ་གཅིག་ཏུ་གྱུར་པ་ན། །མི་གཅིག་མར་མེ་བྱེད་ཅིང་འདུག་པ་ལ། །རྒྱང་ནས་བལྟས་ནས་ཉན་པས་འདི་སྐད་དོ། །གཞན་ཞིག་ཁྱོད་ཀྱིས་ཅི་བྱེད་ཟེར་བ་གྲགས། །ང་ཡིས་མར་མེ་ཕུལ་ནས་ཆོས་བྱེད་ཟེར། །ཆོས་རེད་བསམས་ནས་རང་གིས་བྱེད་འདོད་སྐྱེས། །ཉིན་གཅིག་མི་གཅིག་ལག་ཏུ་ཀོང་བུ་ཐོགས། །མདའ་གཞུ་གཅིག་ཀྱང་ཐོགས་ཏེ་བྱུང་བ་ལ། །གླ་བ་མཐོང་ནས་མདའ་ནི་བཀང་བའི་ཚེ། །ཀོང་བུ་ཤོར་ནས་རྦབ་ལ་འདྲིལ་སོང་བས། །གླ་བས་ཀོང་བུ་


CMR003_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བཟུང་བྲོས་སོང་སྟེ། །མི་དེའི་སྟང་བྱེད་མར་མེ་འབུལ་བསམ་ཡང་། །མི་དེའི་གློ་ནས་ཀོང་བུ་ཚར་ཕྱིས་ཀྱི། །ཕྱི་དོ་བ་དེ་མེད་པས་ཕྱི་མ་ཤེས། །ཀོང་བུ་བསྐྱར་བཞག་ཉིན་གཅིག་རྡོ་ཐོག་ན། །མར་མེ་འཁོར་པ་གཅིག་བཞག་འདུག་པ་ཁྱེར། །དེ་ཉིད་གཞན་ནས་རི་མེ་མཆེད་བྱུང་བས། །ཚིག་ལ་ཁད་ཀྱང་མར་མེ་མ་བསྐྱུར་བྲོས། །བླ་མ་ལྡོམ་བུ་བ་གཅིག་འདུག་པའི་མདུན། །མར་མེ་ཕུལ་ཏེ་བྲོས་པས་བླ་མ་དེས། །དེ་བས་སྙིང་རྗེ་ཨེ་ཡོད་གསུངས་པ་གྲགས། །བླ་མ་དེ་ཡི་མིང་ནི་མཚན་བཟང་པོ། །དེ་ནས་གླ་བ་བྱ་དང་རི་དྭགས་ལ། །མར་མེ་གྱིས་ཞེས་ཀུན་ལ་སྨྲ་བར་བྱེད། །ཁྭ་ཏ་ལ་ཡང་དེ་ལྟར་སྨྲས་ན་ཡང་། །ཉིན་གཅིག་མར་མེ་ཐོབ་བྱུང་ཁོ་རང་ཟོས། །བླ་མ་མར་མེ་ཕུལ་ས་ཨ་རཱ་ག །མར་མེ་བྱེད་མཁན་མི་ནི་བཀྲ་ལུ་སྟེ། །ད་ལྟ་ཡང་དག་འདི་ནི་ཡིན་པའོ། །གླ་བར་མདའ་བཀང་མི་ནི་བཀྲ་ལུ་ལ། །ཁྱོད་ཀྱིས་ཅི་བྱེད་ཟེར་དང་རྡོ་ཐོག་ཏུ། །མར་མེ་བཞག་མཁན་གཅིག་ཡིན་ཨ་སྟག་སྟེ། །ད་ལྟ་ཕྲིན་ལས་འདི་ཉིད་ཡིན་ནོ་གསུངས། ༼༡༧༠༽ །དེ་ནས་བྱ་རྒོད་གཅིག་ཏུ་སྐྱེས་གྱུར་ཏེ། །བྱ་རྒོད་གཞན་ལ་དམ་པའི་ཆོས་བསྟན་ཏོ། །ཉིན་གཅིག་ར་རོ་


CMR003_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འབབ་ཤོམ་ཚེ། །ཐོག་དང་སེར་བ་བྱུང་བའང་དྲན་ནོ་གསུངས། ༼༡༧༡༽ །དེ་རྗེས་རྒོད་ཕྲུག་གཅིག་ཏུ་གྱུར་པ་ན། །ཟླ་བ་ཕྱེད་གཉིས་ཙམ་ནས་ཤི་བ་ལ། །རོ་དེ་ཤན་པ་འདྲ་བ་གཅིག་གིས་རྙེད། །ཅུང་ཟད་ཟོས་པས་ཁོ་ཡི་ནད་ཕན་ཏེ། །དེ་ཐོས་ཡུལ་མིའི་ཤན་པའི་རྒོད་ཤ་ཕྲོག །རིལ་བུ་བྱས་པས་ནད་རྣམས་ཕན་པར་གྱུར། ༼༡༧༢༽ །དེ་ནས་བསྐལ་པ་བཟང་པོ་འདི་ཉིད་ལ། །སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ། །པཎྜི་ཏ་ནི་གྲགས་པ་ཞེས་བྱ་བ། །འཛམ་གླིང་བསྟན་པའི་རྒྱན་དུ་གྲགས་པར་གྱུར། །དེ་ཡི་ཉེ་གནས་དགེ་སློང་འཇམ་པོ་ཞེས། །ཚེ་སྟོད་ཆགས་ཕྱི་བྱས་ཤིང་ཚེ་སྨད་ནས། །ཅུང་ཟད་མ་འཆམ་ཁོ་ཉིད་ཁྱིམ་པར་གྱུར། །འཇམ་པོའི་སྐྱེ་བ་རཱ་ག་ཨ་སྱའོ། །དེ་ཡང་གནམ་ཆོས་ཐུགས་གཏེར་ལས། །པཎྜི་ཏ་རུ་སྐྱེས་གྱུར་ཏེ། །ཡོན་ཏན་ཀུན་ལ་མཁས་པར་གྱུར། །དེ་ཡིས་ཏིང་འཛིན་ཆོས་བཤད་མང་། །གསུངས་པའི་དོན་ནི་དེ་ཡིན་ནོ། ༼༡༧༣༽ །དེ་ཡི་སྐྱེ་བ་རྒྱབ་མའི་ཚེ། །ཡོན་ཏན་ཀུན་མཁས་པཎྜིར་གྱུར། །གསུངས་པའི་དོན་ནི་འདི་ལྟ་སྟེ། །འོད་རྒྱལ་པ་ཞེས་པཎྜི་ཏ། །རིག་པའི་གནས་ལྔ་ཀུན་ལ་མཁས། །ཚུལ་ཁྲིམས་རྣམ་


CMR003_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དག་མངོན་ཤེས་ལྡན། །རྒྱ་གར་ཡུལ་ན་འགྲན་ཟླ་བྲལ། །དེ་ཡི་ནུ་བོ་དགེ་སློང་ནི། །རྙེད་པ་ཞེས་བྱ་དེ་ཉིད་ནི། །ད་ལྟ་རཱ་ག་ཨ་སྱའོ། ༼༡༧༤༽ །དེ་ཡི་སྐྱེ་བ་རྒྱབ་མའི་ཚེ། །བླ་མ་ཆེན་པོ་གཅིག་ཏུ་གྱུར། །གསུངས་པའི་དོན་ནི་འདི་ལགས་སོ། །ཀུན་ཏུ་བཟང་ཞེས་བྱ་བ་ཡི། །བྱ་བཏང་བླ་མ་འགྲོ་དོན་ཆེ། །འཁོར་དང་སློབ་མ་དཔག་མེད་དེ། །དགོན་པ་གནས་གཞི་རྒྱ་ཆེ་ཡང་། །ཁོང་རང་བྱ་བཏང་བརྟུལ་ཞུགས་འཛིན། །དེ་ཡིས་ལྕམ་སྲིང་ཀླུ་མཚོ་ཞེས། །དགེ་སློང་མ་རུ་གྱུར་པ་སྟེ། །ད་ལྟ་རཱ་ག་ཨ་སྱའོ། །༼༡༧༥༽ །དེ་ཡི་སྐྱེ་བ་རྒྱབ་མའི་ཚེ། །རི་ཁྲོད་བླ་མ་བཟང་པོར་སྐྱེས། །ཞེས་པ་གསེར་ཐུབ་བསྟན་པ་སྟེ། །ཟླ་བ་ཞེས་བྱའི་བླ་མ་ནི། །རི་སུལ་ཁོ་ནར་ཏིང་འཛིན་བསྒོམས། །འགྲོ་དོན་ཧ་ཅང་མི་ཆེའོ། །རྒྱལ་མཚན་ཞེས་བྱའི་ཉེ་གནས་པ། །ད་ལྟ་རཱ་ག་ཨ་སྱའོ། ༼༡༧༦༽ །དེ་ཡི་སྐྱེ་བ་རྒྱབ་མ་ལ། །རབ་བྱུང་ཞིག་ཏུ་སྐྱེས་ན་ཡང་། །དེ་ཡིས་ཞེ་སྡང་བྱས་ནས་ན། །མི་གཅིག་ཚེ་ཡི་དུས་བྱས་ཏེ། །མཚན་གྱི་གོང་ལ་རྒྱུག་པར་བྱས། །ཞེས་པའི་དོན་ནི་འདི་ལྟ་སྟེ། །བཀྲ་ཤིས་ཞེས་བྱ་ཡིན་པ་སྟེ། །བར་མ་རབ་བྱུང་སྡོམ་པ་སྲུང་། །


CMR003_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་སྣ་ཚོགས་ཅི་ཡང་མཁྱེན། །ལོངས་སྤྱོད་ཅུང་ཟད་ཡོད་པ་ལ། །ཐོས་བསམ་སྒོམ་གསུམ་ཅི་ཡང་བྱས། །སྟོན་པ་གསེར་ཐུབ་གསེར་སྐུ་གཅིག །མི་གཅིག་ལ་ནི་གཡར་བ་ལ། །དེ་ནས་བདག་བཟུང་བཏང་མ་ཉན། །དེ་དང་བརྩོད་པས་མནའ་དོར་ཏེ། །ས་ཆ་འདི་ན་འདུག་རེ་སྨྲས། །འགྲོ་བར་བསམས་ཀྱང་ཀུན་གྱིས་བཤོལ། །བསྡད་པས་ཁོ་ཡིས་མཚང་བྲུ་བྱས། །དེ་ནས་བཅུ་ཡི་ནུབ་བར་ལ། །ནུ་བོ་ཆོས་འཕེལ་བྱ་བ་ཡི། །དགེ་བསྙེན་གཅིག་དང་གཉིས་པོ་ནི། །སོང་བས་ཕ་རོལ་དགྲ་དེ་ཡིས། །རྟ་བཟང་ཞོན་ནས་རྗེས་དེད་བྱས། །ནུ་བོའི་དཔུང་པར་གྲི་བརྒྱབ་བོ། །དེ་ནས་ནུ་བོ་ཆོས་འཕེལ་གྱིས། །ཁོ་ཡིས་སྐེ་བཅད་བསད་པར་བྱས། །ནུ་བོ་དེར་སོང་ཨ་རཱ་ག །དགྲ་དེའི་མིང་ནི་ཁྱི་མཁོང་ཟེར། །དེང་སོང་བྱ་ཏྲའི་མིང་ཅན་ནོ། (༡༧༧༽ །དེ་ཡི་རྣམ་སྨིན་སྐྱེ་བ་རྒྱབ། །སྦྲུལ་དུ་སྐྱེས་པ་ཤེས་པར་གྱིས། །གསུངས་པའི་དོན་ནི་འདི་ལྟ་སྟེ། །དུག་སྦྲུལ་གཅིག་ཏུ་སྐྱེས་ན་ཡང་། །རང་ཉིད་ཏིང་འཛིན་སྒོམ་པར་ཤེས། །གཞན་ལ་གནོད་པ་མ་བྱས་སོ། ༼༡༧༨༽ །དེ་ཡི་སྐྱེ་བ་རྒྱབ་མ་ལ། །གླ་བ་གཅིག་ཏུ་སྐྱེས་ན་ཡང་། །དེ་ཡིས་མར་མེ་ཕུལ་བའི་


CMR003_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ། །ཅེས་པའི་དོན་ནི་འདི་ལྟ་སྟེ། །གློ་བའི་ལུས་སུ་གྱུར་པའི་ཚེ། །རང་ཉིད་ཏིང་འཛིན་ལྡན་པ་དང་། །རིགས་མཐུན་གཞན་ལ་ཆོས་བསྟན་ཏོ། །སྔགས་པ་ཞིག་གིས་གཏོར་མ་ལ། །མེ་རུ་རིང་པོ་བཙུགས་ནས་ནི། །རི་ཁར་ཕུལ་བའི་མེ་རུ་དེར། །གླ་བ་དེ་ཡིས་ཁས་ཁྱེར་ནས། །མ་ཎི་རྡོ་སྐུའི་དྲུང་དུ་ཕུལ། །གླ་བ་རོགས་ཀྱིས་ཅི་ཡིན་ཟེར། །མར་མེ་ཕུལ་བ་ཆོས་ཡིན་སྨྲས། །མར་མེ་མ་རེད་མེ་རུ་ཟེར། །དེ་ཚེ་སྡུག་པའི་སྣང་བ་བྱུང་། ༼༡༧༩༽ །པཎྜི་ཏ་རུ་དེར་སྐྱེས་སོ། །ཞེས་པ་འོད་སྲུང་བསྟན་པ་ལ། །ཨ་རིཎྚི་ཞེས་པཎྜི་ཏ། །མཁས་པ་ཆེན་པོ་རབ་ཏུ་བཙུན། །ལྷ་ཁང་གཉིས་བཞེངས་ཆོས་མང་བཤད། །དེ་དུས་གྲྭ་པ་ཨ་རྗེས་ནི། །ད་ལྟ་ཕྲིན་ལས་འདི་ཡིན་ཏེ། །ཐེ་རྗེས་ཞེས་བྱ་ཡང་དག་གོ །རཱ་ག་ཨ་སྱ་དེ་དུས་མེད། ༼༡༨༠༽ །དེ་རྗེས་གྲུབ་ཐོབ་སྐྱེའུ་པར། །གསུངས་པའི་དོན་ནི་གནམ་ཆོས་ལས། །ཨོ་རྒྱན་ཆེན་པོས་བཀའ་སྩལ་པའི། །རྣམ་ཐར་རྒྱས་པ་གཞན་དུ་ཡོད། །འཇའ་ལུས་མཆོག་གི་གྲུབ་ཐོབ་སྟེ། །ཕྱིས་སུ་པད་འབྱུང་བླ་མར་གྱུར། ༼༡༨༡༽ །དེ་རྒྱབ་ཐབ་དྲུང་ཕོ་རོག་གཅིག །གསུང་པ་རྒྱུ་འབྲས་མི་བསླུ་ཕྱིར། །རྩ་


CMR003_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླ་མ་གྲུབ་ཆེན་ལ། །ཕོ་རོག་འདྲ་ཞེས་སྨྲས་པའི་རྒྱུས། །ཕོ་རོག་གཅིག་ཏུ་སྐྱེ་ཚུལ་བསྟན། །རིགས་མཐུན་བྱ་ལ་དམ་ཆོས་འཆད། །ཤཱཀ་ཐུབ་རྒྱལ་བུ་དོན་གྲུབ་དུས། །མདུན་དུ་བབ་པས་གཏོར་ཟན་གནང་། །ཕྱག་གིས་བྱུག་ལུ་མཛད་པ་དྲན། ༼༡༨༢༽ །དེ་རྒྱབ་ཐུབ་དྲུང་ཀུན་དགའ་བོ། །རྣམ་ཐར་མདོ་རྒྱུད་ཀུན་ན་གསལ། །འོན་ཀྱང་སྤྲུལ་སྐུ་དགུང་ལོ་ནི། །བཅུ་གཅིག་དུས་སུ་དེ་ཡི་དུས། །ཡིན་ཚུལ་དྲན་ཚུལ་མང་དུ་གསུངས། །དགེ་སློང་ཞུས་ཤིང་ཉེ་གནས་བྱས། །སེང་གེའི་རྒྱལ་པོ་བྱུང་ཙམ་ན། །འཁོར་རྣམས་བྲོས་ཤིང་སྟོན་པ་ཡི། །ཕྱག་གིས་སེང་གེར་བྱུག་ལུ་མཛད། །སྟོན་པའི་དབུ་འོད་རྒྱབ་འོད་སོགས། །བྲིས་པ་ལྟ་བུ་མ་ཡིན་ཏེ། །མདུན་རྒྱབ་འོད་ཀྱིས་ཁྱབ་ཚུལ་དང་། །སེང་ཁྲི་རྒྱུན་དུ་མེད་ཚུལ་དང་། །རྟག་ཏུ་ས་ནོན་མཉམ་གཞག་སོགས། །མཛད་རབས་མེད་ཚུལ་ངོ་མཚར་གསུངས། །དེ་དུས་རཱ་ག་ཨ་སྱ་ནི། །དགེ་སློང་ཀརྨ་བྷ་ཤཱ་སྟེ། །ཀུན་དགའ་བོ་ལ་ཆོས་མང་ཞུས། །སྟོན་པའི་ཞལ་ནི་བསླེབས་ཙམ་མོ། ༼༡༨༣༽ །དེ་རྒྱབ་དགེ་སློང་པདྨ་སྐྱེས། །ཞེས་པའི་དོན་ནི་འདི་ལྟ་སྟེ། །རྒྱ་གར་གོ་ལའི་ཡུལ་དུ་ནི། །རྫུ་འཕྲུལ་མངོན་ཤེས་ཐོགས་


CMR003_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། །ཧ་ཅང་མཁས་ཚུལ་མི་ཆེ་སྟེ། །འཁོར་ནི་རབ་བྱུང་བརྒྱ་ལྷག་ཙམ། །དགེ་སློང་རབ་ཏུ་བྱུང་བ་ཞེས། །ད་ལྟ་རཱ་ག་ཨ་སྱ་སྟེ། །པཎ་རྒྱལ་ཞེས་བྱ་པཎྜི་ཏ། །དེ་ཡི་བླ་མར་གྱུར་པའོ། །འགྲོ་དོན་དཔག་ཏུ་མེད་པའོ། ༼༡༨༤༽ །དེ་རྒྱབ་པཎྜི་ཨ་ཝ་ར། །ཞེས་པ་མཁས་ཤིང་གྲུབ་པ་བརྙེས། །འཁོར་ནི་རབ་བྱུང་ཕྱེད་ལྔ་བརྒྱ། །འཁོར་ནི་སྐྱབས་རྡིས་ཨ་རཱ་ག །བསྟན་པ་གསལ་བྱེད་འགྲོ་དོན་རྒྱས། །དེ་ཡང་རྒྱ་གར་གོ་ལའི་ཡུལ། ༼༡༨༥༽ །དེ་རྒྱབ་བཻ་རོ་ཙཱ་ན་འོ། །ཞེས་གསུངས་ཉིད་ཀྱིས་ཞལ་བཞེས་ཤིང་། །རྣམ་ཐར་ཡོངས་གྲགས་སྨོས་མ་དགོས། །དེ་དུས་རཱ་ག་ཨ་སྱ་ནི། །སད་ན་ལེགས་ཞེས་བོད་ཀྱི་རྗེ། །ཕྱིས་སུ་བི་རོ་བླ་མར་བསྟེན། །དེ་དང་དུས་མཉམ་ངོ་བོ་གཅིག་སྐུ་ཡི་བཀོད་པ་གཉིས་ཡིན་ཏེ། །ཤུད་པུ་དཔལ་སེང་བཻ་རོ་འོ། །ཤུད་པུའི་རྣམ་ཐར་ཐུགས་ཐོག་ནས། །གསུངས་པ་ལོགས་སུ་རྒྱས་པར་ཡོད། ༼༡༨༦༽ །དེ་རྒྱབ་པཎྜི་ཀརྨ་དྷེ། །གསུངས་པའི་དོན་ནི་འདི་ཡིན་ནོ། །རྒྱ་གར་རྩྭ་མཆོག་དྲུང་དུ་ནི། །མཁས་བཙུན་གྲུབ་ཐོབ་པཎྜི་ཏ། །འཁོར་ནི་ཕྱེད་དང་དྲུག་བརྒྱ་ཙམ། །མདོ་སྔགས་གཉིས་ཏེ་མདོ་ལུགས་


CMR003_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ། །ཉེར་གནས་དཀོན་མཆོག་སྐྱབས་ཞེས་པ། །ད་ལྟ་རཱ་ག་ཨ་སྱ་ལགས། །དགོན་པ་གཅིག་རྒྱབ་འགྲོ་དོན་རྒྱས། ༼༡༨༧༽ །དེ་རྒྱབ་པཎྜི་ཨ་ཕ་ལ། །ལོ་རྒྱུས་གནམ་ཆོས་ཐུགས་གཏེར་ནས། །རྒྱས་པར་འབྱུང་བ་དེར་ཤེས་བྱ། ༼༡༨༨༽ །དེ་རྒྱབ་བླ་མ་ཀུན་བཟང་ལེགས། །བླ་མ་ཀུན་བཟང་ལེགས་དེ་ནི། །བལ་པོར་འགྲོ་ལ་ཆེན་པོར་ཟེར། །ཆོས་ལུགས་རྙིང་མ་རང་ཡིན་ནོ། །གསུངས་པའི་འགྲེལ་པ་འདི་ལྟར་ཏེ། །རཱ་ག་ཨ་སྱ་དེ་ཡི་དུས། །བླ་མ་རབ་བཟང་ཞེས་བྱ་བ། །ཤིན་ཏུ་བཟང་མཐོང་ཆེ་བར་གྱུར། །ཀུན་བཟང་ལེགས་ནི་བལ་པོར་འཁྲུངས། །བོད་དུ་འོང་ནས་དེ་ཡིས་ནི། །མཆེད་གྲོགས་སློབ་བུ་གཉིས་ཀ་སྟེ། །བླ་མཚན་འདྲ་བ་བྱས་ན་ཡང་། །གཉིས་ཀ་རྒྱ་བོད་མཚམས་སུ་བྱོན། །བླ་མ་འདས་ནས་བལ་པོ་རུ། །འགྲོ་དོན་ཆེ་སྟེ་འཁོར་ཚོགས་ནི། །སྟོང་ཕྲག་གསུམ་རེ་ཙམ་འདུས་སོ། །སྐུ་ཚེ་མ་རིང་ཞིང་བརྗེས་སོ། ༼༡༨༩༽ །དེ་རྒྱབ་བླ་མ་ཨོ་རྒྱན་མགོན། །ཨོ་རྒྱན་མགོན་ནི་བལ་བོད་མཚམས། །རྙིང་མ་གསར་མ་སྦྲག་མར་བྱེད། །ཅེས་གསུངས་དོན་ནི་བལ་བོད་མཚམས། གསར་རྙིང་ཆོས་ལུགས་གཉིས་ཀ་བྱེད། །ཡོན་ཏན་ཆུང་སྟེ་ཏིང་


CMR003_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལྡན། །ཨ་མཱ་ར་ཎི་དུང་ལྷག་ཐོན། །དེ་ཡི་སློབ་བུ་བཟང་རྒྱས་ཞེས། །བླ་མ་ཡིན་ཏེ་དཔོན་སློབ་གཉིས། །གྲོང་ཆོག་ལ་ཡང་འབྱོན་རེས་བྱེད། །མི་རྣམས་དད་པ་ཡེ་ཙམ་མེད། །གཉིས་ཀ་སྐུ་ཚེ་རིང་པོར་ཐུབ། །བསྐྱེད་རྫོགས་ཉམས་ལེན་ལེགས་པར་བྱུང་། ༼༡༩༠༽ །དེ་རྒྱབ་བླ་མ་ཀུན་དགའི་མཚན། །ཀུན་དགའི་མཚན་ནི་བྷུ་ཊེར་འདུག །ཆོས་ལུགས་རྙིང་མ་སོར་བཞག་བྱེད། །མིང་ནི་ཀུན་དགའ་རྒྱ་མཚོ་སྟེ། །ཀུན་གྱིས་མིང་བཏགས་སུ་ཏྲ་ཝ། །མཚམས་སྒྲུབ་ངོས་ན་འགྲོ་དོན་ཆེ། །འཁོར་སློབ་ཕྱེད་དང་གཉིས་བརྒྱ་ཙམ། །འདི་དུས་རཱ་ག་ཨ་སྱ་ནི། །དུས་མཁྱེན་གཉེར་པར་གྱུར་པ་སྟེ། །སྤྱི་ཏྲེ་ཝ་ཡི་དུས་མཁྱེན་མཇལ། །ཕག་མོའི་དབང་སོགས་ཆོས་འབྲེལ་ཐོབ། །ཉང་གི་དངོས་སློབ་གཅིག་ལ་ནི། །ཉང་ལུགས་མང་ཐོབ་ཉམས་སུ་བླངས། ༼༡༩༡༽ །དེ་རྗེས་ཁམས་ཀྱི་འབུ་ཡུལ་དུ་སྐྱེས་ཏེ། །ཁམས་སུ་རཱ་ག་ཨ་སྱ་དེ་ཡི་དུས། །ཚུལ་ཁྲིམས་འོད་ཟེར་ཙཀྲ་ཞེས་བྱ་བ། །ཆགས་ལམ་བླ་མ་འཁོར་སློབ་མང་བར་གྱུར། །དེ་ཡི་ཇ་མ་ཡུན་རིང་བྱས་པ་ཡིས། །མིང་ཡང་ཇ་མ་རྟོགས་ལྡན་བྱ་བར་གྲགས། །ཇ་མ་བྱེད་ཅིང་ཐུགས་རྗེ་ཆེན་པོ་


CMR003_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས། །ཨོ་རྒྱན་ལ་སོགས་ཞལ་གཟིགས་མང་དུ་བྱུང་། །དེ་ནས་ཕ་ཡུལ་དང་ནི་རྒྱ་འཚམས་སོང་། །སྤྱི་ར་ཚུལ་ཁྲིམས་རྒྱལ་མཚན་ཞེས་བྱར་གྲགས། །ཤེས་རབ་འོད་ཟེར་ཞེས་ཀྱང་བྱ། །གནས་ཕྲན་སྒོ་ཕྱེས་ཤོག་དྲིལ་སུམ་ཅུ་བཏོན། །བཏགས་གྲོལ་པོ་ཏི་རྒྱས་འབྲིང་བསྡུས་གསུམ་བཏོན། །གྲྭ་པ་ཡང་ནི་བརྒྱ་ལྷག་ཙམ་རེ་ཡོད། །བསྙེན་པ་ཡང་ནི་དུང་ཕྱུར་ཕྱེད་གསུམ་ཐོན། །སྲས་པོ་བླ་མ་མི་ཡི་རྒྱལ་པོ་ཞེས། །བསྙེན་པ་དུང་ཐོན་སྡོམ་གཙང་འགྲོ་དོན་ཆེ། །དེ་ནི་ད་ལྟ་ཕྲིན་ལས་འདི་ཡིན་གསུངས། ༼༡༩༢༽ །དེ་རྒྱབ་ཇ་མ་བླ་མར་སྐྱེས། །དབང་ཕྱུག་བཀྲ་ཤིས་ཞེས་བྱ་བ། །དེ་སློབ་ཇ་མ་གཅིག་ཡོད་པ། །བླ་མར་གྱུར་པས་མིང་འདི་འོ། །ཇ་མ་བླ་མ་བྷི་སུ་ཝ། །ཞེས་གསུངས་དོན་ནི་ཀོང་ཡུལ་དུ། །རཱ་ག་ཨ་སྱ་དེ་ཡི་དུས། །ཆགས་ལམ་རྫོགས་ཆེན་རྣལ་འབྱོར་གྱུར། །ཡོན་བདག་བུ་གཅིག་དད་པ་སྐྱེས། །གྲྭ་པ་བྱས་པ་ཇ་མར་བརྐོས། །བླ་མས་གནས་ཕྲན་སྒོ་ཕྱེས་ཤིང་། །གཏེར་ཕྲན་ཐོན་པའི་རོགས་ཀྱང་བྱས། །བླ་མའི་སྲས་གཅིག་ཕུལ་ཞོར་ལ། །ཀརྨ་པཀྴི་ཞལ་ཡང་མཇལ། །རྒྱལ་བ་རྒྱ་མཚོའི་ཆོས་འབྲེལ་ཐོབ། །དེ་ནས་ཇ་མ་བླ་མར་གྱུར། །འགྲོ་དོན་


CMR003_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་ཆེན་པོ་སྟེ། །རྫོ་གས་ཆེན་རྟོགས་པ་མཐར་ཕྱིན་སྐྱེས། །ལུས་ཀྱི་སྤྲུལ་བསྒྱུར་སྟོན་པ་དང་། །ཕྱག་ཞབས་རྗེས་ཀྱང་རྡོ་ལ་བཞག ༼༡༩༣༽ །དེ་རྒྱབ་བླ་མ་སྤྲ་ལོ་པ། །མི་རྣམས་རྒྱ་ནག་བླ་མ་ཟེར། །ཞེས་པས་སྙེ་མར་འཁྲུངས་པ་རྒྱ་ནག་བྱོན། །མངོན་ཤེས་ལྡན་ཞིང་གྲུབ་རྟགས་ཅུང་ཟད་ཡོད། །རྒྱ་ནག་ཡུལ་དུ་གྲུབ་ཐོབ་ཡིན་པར་གྲགས། །དེ་དུས་རཱ་ག་ཨ་སྱ་གཡང་གི་རིགས། །རང་བྱུང་བ་ཡི་ཞལ་སླེབ་སློབ་མ་སྟེ། །གཡུང་སྟོན་ཆེན་པོའི་དབོན་པོ་ཡིན་པའི་ཕྱིར། །རྒྱ་ནག་རྒྱལ་པོས་གདན་དྲངས་བླ་མར་བཀུར། །གཡུང་སྟོན་རྒྱབ་མ་གཡུང་སྟོན་ཆུང་བ་དང་། །གཡུང་སྟོན་ཞིང་ཆུང་ཀརྨ་རབ་རྒྱས་སོ། །དེ་ཡི་ཕེབས་ལམ་རྒྱ་ནག་བླ་མ་ལ། །གཏོར་ཆ་གཡོར་གསུང་མ་གཡར་དེ་ཡིས་ཕྱིར། །ར་འདྲ་ཞེས་སོགས་ངག་འཁྱལ་སྨྲས་པ་དང་། །བློན་པོས་རྒྱ་ནག་བླ་མའི་ཤངས་བཅད་སོགས། །རྣམ་སྨིན་གཡུང་ཆུང་རར་སྐྱེས་རྫི་བོ་ཡི། །སྣ་བཅད་ར་དེ་རྒྱ་ནག་བླ་མས་གཟིགས། །སྐྱེ་རྒྱུད་གསུངས་པ་ར་ཡི་སྐྱེ་བ་དྲན། །མཆི་མ་བྱུང་ཞིང་འགྱོད་པའི་བསམ་པ་སྐྱེས། །རྣམ་སྨིན་མྱུར་བྱང་མི་རུ་སྐྱེས་པར་མཛད། ༼༡༩༤༽ །དེ་རྒྱབ་ཤཱི་ལ་བཛྲ་རོ། །


CMR003_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྣམས་ཚུལ་རྡོར་ཚུལ་རྡོར་ཟེར། །རྒྱས་པར་ཚུལ་ཁྲིམས་རྡོ་རྗེ་ཟེར། །ཞེས་པ་རྒྱ་བལ་མཚམས་ཤེད་ན། །རྙིང་མ་ཁོ་ན་ཉམས་སུ་ལེན། །རྩེ་གཅིག་སྒྲུབ་པ་ཁོ་ན་སྟེ། །ཕྱིས་ནས་མངོན་ཤེས་རྫུ་འཕྲུལ་ཐོབ། །སྦས་ཚུལ་འགྲོ་དོན་ཆེར་མེད་དོ། ༼༡༩༥༽ །དེ་རྗེས་བྱ་བཏང་པ་ཁྱོད་ལ། །མི་རྣམས་ཁྱོད་ཅེས་མིང་ནས་འབོད། །དེ་ཡིས་རྒྱབ་མ་ཁྱོད་ཡིན་ནོ། །ཞེས་སོགས་གསུངས་པའི་དོན་ནི་འདི། །རྒྱ་ནག་གླིང་ཆེན་འགྱིང་རི་ན། །བྱ་བཏང་རྩེ་གཅིག་སྒྲུབ་པ་བྱེད། །རྫོགས་པ་ཆེན་པོ་ཉམས་སུ་ལེན། །མངོན་ཤེས་རྫུ་འཕྲུལ་ཅུང་ཟད་ཡོད། །འགྲོ་དོན་མི་ཆེ་སྦས་ཚུལ་བཞུགས། ༼༡༩༦༽ །དེ་རྒྱབ་སྐྱང་ཡུལ་བྱ་བཏང་ཞིག །སྤུ་ཁྱེ་ཟེར་བ་གཅིག་ཏུ་སྐྱེས། །ཞེས་པ་འཁྲུངས་ས་སྐྱོང་ཡུལ་ཏེ། །བྱ་བྲལ་ངེས་མེད་རྣལ་འབྱོར་པ། །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་། །ཡིག་དྲུག་བརྐོ་ཞིང་ཕྱོགས་ཀུན་འཁྱམས། །ཇག་པ་སྔགས་པ་གཅིག་དང་ཐུག །མཐུ་བསྡིག་བྱས་པས་ཇག་པ་ཡི། །སྔགས་པས་མཐུ་བྱས་རྣ་བ་འོན། །རྐང་པ་དག་ཀྱང་འཐིང་བར་གྱུར། །ལན་གཅིག་ཆུ་ཆེན་གཅིག་ལ་འཕུར། །ཕྱོགས་མེད་འཁྱམས་པས་གདུལ་བྱ་མེད། ༼༡༩༧༽ །དེ་རྒྱབ་རྒྱ་


CMR003_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བོད་མཚམས་ཤེད་དུ། །བླ་མ་ཀུ་ར་ཞེས་བྱར་སྐྱེས། །ཀུན་གྱི་ཀུ་ཞེས་མིང་ནས་འབོད། །ཞེས་པ་གསར་རྙིང་ཀུན་ལ་མཁས། །ཆགས་ལམ་མངོན་ཤེས་གྲུབ་རྟགས་ལྡན། །ཧ་ཅང་གདུལ་བྱ་མི་ཆེ་སྟེ། །སྲས་ལ་སྔགས་རྒྱུད་བཟང་པོར་གྱུར། །དེ་ཡི་ཡབ་ནི་དཔུང་བཟང་ཞེས། །མངའ་རི་ཚོང་དཔོན་ལྷ་སར་བསྡད། །ད་ལྟ་རཱ་ག་ཨ་སྱ་འོ། །རྒན་ཞུགས་རྒྱ་བོད་མཚམས་སུ་བཞུགས། ༼༡༩༨༽ །དེ་ནས་རྒྱལ་བ་ཀཿཐོག་ཏུ། །བླ་མ་གཅིག་ལ་སྐྱེས་པ་ཡིན། །མཚམས་དང་བསྙེན་སྒྲུབ་མང་དུ་ཐོན། །ཧ་ཅང་འགྲོ་དོན་གདུལ་བྱ་མེད། །གཞོན་ཚེ་ཕལ་ཆེར་ལྷ་རིས་བྲིས། །རྫོགས་ཆེན་རྟོགས་པ་ཚད་ལྡན་སྐྱེས། ༼༡༩༩༽ །དེ་ནས་ཀཐོག་དབང་དྲག་དང་། །རྒྱ་མཚོ་ཞེས་པའི་མིང་ཡིན་ལ། །མི་ཀུན་རང་གྲོལ་བ་ཞེས་འབོད། །དེ་ནི་ཀུན་ལ་གྲགས་པ་སྟེ། །སྒྲུབ་པའི་རྒྱལ་མཚན་འཛུགས་པའོ། །སྤྲུལ་སྐུ་དགུང་ལོ་བཅུ་ཡི་དུས། །བྱིན་འབེབས་བྱས་པས་བྱིན་ཆེན་ཕེབས། །སྐུ་བླ་ཕུག་ཏུ་བཞུགས་ཚུལ་དང་། །ཕུག་པའི་བཀོད་པ་ཡོད་ལུགས་དང་། །ར་ནི་ཡར་གྲུས་ཁྱད་མེད་པར། །འོ་མ་འཇོ་རྒྱུ་ཡོད་རབས་གསུངས། ༼༢༠༠༽ །དེ་རྒྱབ་ཁྱོད་ཉིད་ཡིན་


CMR003_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ས་མ་ཡ། །རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་བྱེ། བརྡ་ཡིག ཅེས་པ་དགུང་ལོ་བཅུ་གསུམ་དུས། །ཨོ་རྒྱན་ཆེན་པོས་གསུངས་པ་དང་། ཨ་མ་མ༔ བརྡ་ཡིག ཅེས་སོགས་དགུང་ལོ་བཅུ་གཉིས་དུས། །ཐུགས་རྗེ་ཆེན་པོས་གསུངས་པ་ཡི། །སྐྱེས་རབས་གཉིས་དང་འཐོར་བུ་དང་། །སྤྲུལ་སྐུས་དྲན་ནས་གསུངས་པ་དང་། །དགུང་ལོ་བཅུ་གཉིས་དུས་སུ་ནི། །སྐྱེ་བ་མང་པོ་ཐལ་ཐོལ་དྲན། །དེ་དག་དཔེའུ་རིས་སུ་བཀོད། །དེ་ནས་ཡིན་ཚུལ་གསུངས་པ་སོགས། །གོ་རིམ་མ་ངེས་གྲངས་མང་བ། །བརྗེད་ཐོ་སོ་སོར་བྲིས་པ་རྣམས། །དགུང་ལོ་བཅུ་གསུམ་ལོ་མཇུག་ལ། །གནམ་ཆོས་ཡོངས་སུ་རྫོགས་པའི་གཏིང་། །སྔོན་གནས་ཤེས་པའི་མངོན་ཤེས་ཐོབ། །དེ་ནས་སྔོན་དུ་བྲིས་པ་རྣམས། །གོ་རིམ་བསྒྲིགས་ཏེ་བྲིས་པ་ཡིན། །སྐྱེ་བ་འདི་ཡི་རྣམ་ཐར་དང་། །མ་འོངས་ཕྱི་མའི་འབྱུང་ཚུལ་རྣམས། །ཐམས་ཅད་དགོངས་པར་འདུག་ནའང་། །སྐུ་ཚེ་ལ་སོགས་རྟེན་འབྲེལ་གྱིས། །འདི་རུ་གསལ་བར་མ་བྲིས་ཏེ། །ཤི་སེང་ཧས་བཻ་རོ་ཙཱ་ན་ལ། །རྫོགས་ཆེན་སྙན་བརྒྱུད་གནང་ནས་ལུང་བསྟན་པ། །ཀུན་བཟང་རྡོ་རྗེ་སེམས་དང་ཁྱོད་དབྱེར་མེད། །ཁྱོད་


CMR003_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འདི་ནས་ཚེ་འཕོས་གྱུར་ནས་ཀྱང་། །བསྐལ་པ་ཆེན་པོ་སྟོང་དང་ལྔ་བརྒྱ་རུ། །སངས་རྒྱས་བསྟན་པ་འཛིན་པར་འགྱུར་རོ་གསུངས། །བཻ་རོ་ཙཱ་ན་ཡིན་པར་གནམ་ཆོས་དང་། །སྤྲུལ་སྐུ་ཉིད་ཀྱིས་ཞལ་བཞེས་མཐུན་པའི་ཕྱིར། །བསྐལ་ཆེན་སྟོང་དང་ལྔ་བརྒྱར་ཕྱོགས་བཅུ་ཡི། །སངས་རྒྱས་རྣམས་ཀྱི་བསྟན་པ་འཛིན་པའི་ཕྱིར། །སྤྲུལ་པ་ཡང་སྤྲུལ་བསམ་ལས་འདས་པ་སྟེ། །གང་ལ་གང་འདུལ་འགྲོ་དོན་འབྱུང་བར་ངེས། །དེ་བཞིན་རྒྱལ་པོ་བཀའ་ཡི་ཐང་ཡིག་ལས། །རིག་འཛིན་སུམ་ཅུ་རྩ་གཉིས་བོད་ཡུལ་དུ། །རིམ་པར་འབྱོན་ཅིང་བྱང་ཆུབ་ལུང་བསྟན་སྐབས། །ཤཱཀྱའི་ཞིང་ཁམས་མདོ་ཁམས་ཞེས་པ་ན། །གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ། །སྔགས་ཀྱི་བདག་པོ་རྡོ་རྗེ་གྲགས་པ་འབྱུང་། །དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད། །སྟོང་གསུམ་འཇིག་རྟེན་འདི་ཡི་བྱང་ཕྱོགས་སུ། །ཞིང་ཁམས་རྣམ་དག་ཙནྡན་ནགས་ཞེས་སུ། །དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་བསྒྱུར། །བླ་མེད་སྟོན་པ་སུམ་སྟོང་འདུས་པ་སྐྱོང་། །རྒྱལ་བ་ཡེ་ཤེས་ཀུན་བཟང་ཞེས་པ་འབྱུང་། །ཞེས་པའི་ལུང་བསྟན་འདི་ཉིད་སྤྲུལ་སྐུ་ཉིད། །ཡིན་པར་ཐུགས་ཀྱིས་མཁྱེན་ཞིང་


CMR003_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱིས་བཞེས། །སངས་རྒྱས་མཚན་དེ་ཡི་གེ་ཅུང་མ་དག །རྒྱལ་བ་ཡེ་ཤེས་ཀུན་མཁྱེན་ཡིན་ནོ་གསུངས། །འདུས་པ་དང་པོ་དགེ་སློང་བརྒྱ་ཕྲག་སྟེ། །གཉིས་པ་སུམ་སྟོང་གསུམ་པ་ཁྲི་ཡིན་གསུངས། །ཆོས་ནི་མདོ་སྔགས་གཉིས་ཀ་བསྟན་ནོ་གསུངས། །སྐུ་ཚེའི་ཚད་ནི་བར་བསྐལ་གཅིག་ཡིན་གསུངས། །བསྟན་བ་བར་བསྐལ་གསུམ་ནི་གནས་སོ་གསུངས། །སངས་རྒྱས་སྐུ་མདོག་དམར་པོ་ཡིན་ནོ་གསུངས། །སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་ལྡན་ནོ་གསུངས། །འདི་ལྟར་གནམ་ཆོས་སྐྱེས་རབས་རྩ་ཚིག་དང་། །སྤྲུལ་སྐུས་གསུངས་པ་ཉིད་ལ་དཔང་པོར་བྱས། །རཱ་ག་ཨ་སྱ་བདག་གིས་ཚིགས་སུ་བཅད། །ཤིན་ཏུ་ཉུང་ངུར་བསྡུས་ཏེ་བྲིས་པ་ལ། །འགལ་འཁྲུལ་གང་མཆིས་རྩ་བ་གསུམ་ལ་བཤགས། །དགེ་བས་ཟབ་གཏེར་བསྟན་པ་འཕེལ་རྒྱས་ཤོག །མངྒ་ལཾ་ཀུརླནྟུ། །ཤུ་བྷཾ།། བརྡ་ཡིག ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏེར་སྟོན་སྤྲུལ་སྐུའི་གསང་བའི་རྣམ་ཐར་སྐྱེས་རབས་རྩ་ཚིག་དང་དེའི་འགྲེལ་པ།next