Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
ཤུད་བུ་དཔལ་གྱི་སེང་གེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་མཛོད།
   


 
previousཤུད་བུ་དཔལ་གྱི་སེང་གེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་མཛོད།next

ཤུད་བུ་དཔལ་གྱི་སེང་གེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་མཛོད།


CMR003_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཤུད་བུ་དཔལ་གྱི་སེང་གེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་མཛོད་བཞུགས་སོ།།


CMR003_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྗེ་ན་མོ་གུ་རུ་རིན་པོ་ཆེ་ཡེ། ཤུད་བུ་དཔལ་གྱི་སེང་གེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་མཛོད་ནི། དང་པོ་རུས་པ་ཤུད་བུ་བྱ་བའི་རིགས་ལ། བློན་པོ་ཤུད་བུ་མགོན་པོ་བརྟེན་དང་། ཡུམ་གཡུང་སྐྱིད་རུས་པ་སྤྱི་ཡི་རིགས་ཡིན་པ་ལ་དུས་བཟང་ཚེས་བཅུའི་ཉི་མ་རྩེ་ཤར་དུས་འཁྲུངས་རྒྱུའི་དེ་ནུབ་ཡུམ་གཡུང་སྐྱིད་མ་ཡི་རྣལ་ལམ་དུ་ཚིགས་བཅད་འདི་རྣམས་གྲགས་སོ། །ཨེ་མ་ཧོ་ངོ་མཚར་ཆེ། །ཨེ་མ་ཧོ་ངོ་མཚར་རྨད་དུ་བྱུང་། །ཤུད་བུའི་རིགས་ཀྱི་དཔལ་དུ་འཁྲུངས། །ཡ་ང་འཇིགས་མེད་སེང་གེ་འདྲ། །སངས་རྒྱས་ཀུན་སྲས་སྒྲ་བོ་ཆེ། །དེ་སྐད་ཤ་ཟ་མཁའ་


CMR003_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །འགྲོའི་སྐད། །ཤ་མ་ཡ་ཧོ་མ་ལ་ཀ །ཤ་མ་ཡ་ཧོ་མ་རི་ཀ་ཏ། །ར་མ་ར་གི་ས་ཏི་མི་རུ་ཧ་ཡེ། །ཤ་ཏ་ཀུ་མ་མ་ཧཱ་ཡ་མ། །བུ་ཏ་ས་ར་ཐ་ལི་ན་ནི་ལ་ཀ །ཅེས་ཟེར་བ་ཡང་ཕྱིར་ནངས་ནས་བརྗེད་དེ། མདངས་ངས། དཔལ་དང་སེང་གེ་དང་ཏི་མི་དང་མ་ཧཱ་ཟེར་བ་འགའ་ཐོས། །ཞེས་སྨྲས་སོ། །དེ་ནས་མིང་འདག་པ། འགའ་ལ་མིང་ཅི་བཏགས་དྲིས་པས་འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ་ངོ་མཚར་ཆེ། ཤ་ཟ་མཁའ་འགྲོའི་སྐད་དུ། ཏི་མི་ད་པ་ལ། མ་ཧཱ་སེང་གེ་ཡིན། དེས་ན་དཔལ་གྱི་སེང་གེ་ཐོགས། ཞེས་གསུངས་སོ། །དེ་ནས་དཔལ་གྱི་སེང་གེ་བྱ་བའི་


CMR003_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་བཞི་ཡོད་པས་ནོར་རོ། །སྨྲས་པས། འོ་ན་དེའི་མགོར་གཡུང་དྲུང་ཐོགས། ཞེས་གསུངས་སོ། །དེ་ནས་གཡུང་དྲུང་དཔལ་གྱི་སེང་གེ་ཞེས་གྲགས་སོ། །གཡུང་དྲུང་དཔལ་གྱི་སེང་གེ་དེས་ལོ་བཞི་ལོན་ཙ་ན། ཨ་མ་ངའི་མིང་སུ་ཞེས་བྱ། ཡབ་ཅི་ཞེས་བྱ། རུས་པ་ཅི་ཞེས་བྱ། མ་ཁྱོད་ཀྱི་མིང་ཅི་ཞེས་བྱ། གསོ་བའི་སློབ་དཔོན་ཅི་ཞེས་བྱ། མིང་འདོགས་པ་གང་ཞེས་བྱ། དེ་རྣམས་རྩ་བ་ནས་རྩེ་མོའི་བར་མ་ཁྱེད་ཀྱིས་གསུང་དུ་གསོལ། ཞེས་ཞུས་པས། བུ་རིག་པ་ཅན། ཁྱོད་མིང་ནི་གཡུང་དྲུང་དཔལ་གྱི་སེང་གེ་ཞེས་བྱ། ཡབ་ནི་མགོན་པོ་བརྟེན་ཞེས་བྱ། རུས་པ་ཤུད་བུ་ཞེས་བྱ། མ་ནི་གཡུང་སྐྱིད་ཅེས་བྱ། གསོ་བའི་སློབ་དཔོན་འོད་རབ་ཏུ་རྒྱས་པ་ཞེས་བྱ། མིང་འདོགས་པ། གཡུང་དྲུང་དཔལ་དགེ་ཞེས་བྱ། ཞེས་ཞུས་པས། འོ་ན་ཁྱོད་ཀྱི་རུས་པ་གང་ཞེས་བྱ། ཡུལ་གྱི་རྒྱལ་པོ་གང་ཞེས་བྱ། རྟགས་མཚན་གང་བྱུང་ང་དུས་ཚོད་ནམ་སྐྱེས། ཚེས་གྲངས་གང་དུ་སྐྱེས། །ལྷུམས་སུ་ནམ་ཞུགས། ཞེས་པས། བུ་རིག་པ་ཅན། ངའི་རུས་པ་ནི་སྤུ་ཞེས་བྱ། ཡུལ་གྱི་རྒྱལ་པོ་མེའི་ཨག་ཙོམ་ཞེས་བྱ། རྟགས་མཚན་རྨི་ལམ་བཟང་པོ་བྱུང་། ཡང་ང་སྒྲིབ་


CMR003_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ་ནས་བརྗེད། དུས་ཚོད་ཉི་མ་ཤར་དུས་སྐྱེས། ཚེས་གྲངས་ཚེས་བཅུ་ལ་སྐྱེས། ལྷུམས་སུ་ཚེས་བཅོ་ལྔ་ལ་ཞུགས། ཞེས་ཞུས་པས། ཨ་མ་ཁྱོད་ལ་མི་བདེན་ནོ། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡིན། །ཧེ་ཧེ་ལྷུམས་སུ་དུས་ཚོད་གང་ལ་ཞུགས། ཟླ་བ་གང་ཡིན། སྐྱེས་དུས་ཟླ་བ་གང་ཡིན་ཞུས་པས། ལྷུམས་སུ་དུས་ཚོད་ཐོ་རངས་ཞུགས། ཟླ་བ་བྱི་བ་ཡིན། སྐྱེས་དུས་སྤྲེལ་ཟླ་ཡིན། ཞེས་ཞུས་སོ། །དེ་ནས་ལོ་ལྔ་རྒྱལ་གྱི་ཟླ་ཚེས་གསུམ་ལ། ཨ་མ་ཨ་མ་དེ་རིང་མི་གཅིག་གི་ཤ་འབབ་གཅིག་ཁྱེར་ནི་འོང་ལེ་ཡོད་མ་ཟ་ཨང་། ཞེས་གསུངས། དེ་ཉིན་མིའི་ཤ་འབབ་ཁྱེར་བྱུང་སྟེ་མ་ཟོས་པས། ཕྱིས་དེ་རྒྱུ་ནད་ཀྱིས་ཤི་བའི་ཤ་ཡིན་པ་ཐོས། དེ་ནས་བཟུང་སྟེ་མངོན་ཤེས་ཐོབ། ཡང་བོན་པོ་འགའ་བྱུང་ནས་ཁྲུས་བྱེད་སྨྲས་པས་མ་བཅུག་དུས། བོན་པོས་བྱིས་སྦ་ཁྱོད་ལ་འདི་རེ་ཨང་སྨྲས་པས། བུ་དེས་ཧ་ཧ། ང་ལ་མི་འདེར་ཁྱོད་ལ་འདེར། །ལོ་གཅིག་ལོ་ཡི་ལོ་སྟོད་ན། །བུམ་ལྟོའི་ནམ་མཁའ་མཚོན་གྱིས་གཤག །བོན་མགོ་ཆེ་ཁྱོད་ལ་འདེ་རེ་ཨང་། །ལོ་གསུམ་ལོ་ཡི་ལོ་སྨད་ན། །དཀྱིལ་གྱི་མེ་ཏོག་མཐའ་རུ་བུད། །བོན་དཔོན་འདོད་ཅན་ལ་


CMR003_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འདེ་རེ་ཨང་། །ལོ་ལྔ་ལོ་ཡི་ལོ་སྐེད་ན། །ཁ་འཛིན་གྱི་འཇའ་མོ་འོད་དུ་ཡལ། །བོན་བརྟེན་འདོད་ཅན་ལ་འདེ་རེ་ཨད། །ལོ་བདུན་ལོ་ཡི་ལོ་འགོ་ན། །མཛེས་འདོད་ཀྱི་ཁྱུ་གཅིག་གཤིན་རྗེས་འཁྱེར། །བོན་འདོད་ཆགས་ཅན་ལ་འདེ་རེ་ཨང་། །ལོ་དགུ་ལོ་ཡི་ལོ་མཇུག་ན། །མི་ཀུན་གྱིས་རྣ་བ་ཕར་ལ་བསྟེབ། །བོན་གཏི་མུག་ཅན་ལ་འདེ་རེ་ཨང་། །བཅུ་གཅིག་ལོ་ཡི་ལོ་སྐེད་ན། །གྲི་མདུང་ཚོ་གཡག་རྒོད་འཕགས་པ་འདྲ། །བོན་ཞེ་སྡང་ཅན་ལ་འདེ་རེ་ཨང་། །བཅུ་གསུམ་ལོ་ཡི་ལོ་མཚམས་ན། །མི་ཐུབ་པའི་སེང་གེས་ང་རོ་བྱ། །བོན་ཕྲག་དོག་ཅན་ལ་འདེ་རེ་ཨང་། །བཅོ་ལྔ་ལོ་ཡི་ལོ་མགོ་ན། །བཟང་མཛེས་ཀྱི་དཔོན་པོ་གཅེར་བུར་འགྲོ། །བོན་འདོད་སྲེད་ཅན་ལ་འདེ་རེ་ཨང་། །བཅུ་བདུན་ལོ་ཡི་ལོ་སྨད་ན། །ཕྱུག་པོའི་གཡང་ལ་དྲི་ཟས་བཏབ། །བོན་སེར་སྣ་ཅན་ལ་འདེ་རེ་ཨང་། །བཅུ་བདུན་ལོ་ཡི་ལོ་སྐེད་ན། །མགོ་གཉིས་ཀྱི་མགོ་བོ་ཕྱོགས་བཞིར་གྱེས། །བོན་བཟང་འདོད་ཅན་ལ་འདེ་རེ་ཨང་། །ཉེར་གཅིག་ལོ་ཡི་ལོ་མཚམས་ན། །ཟིལ་ནོན་ཆོས་ཀྱི་བསྟན་པ་དར། །བོན་ང་རྒྱལ་ཅན་ལ་འདེ་རེ་ཨང་། །ཞེས་གསུངས་སོ། །བུམ་ལྟོ་ཟེར་བའི་བོན་པོ་


CMR003_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་དཔོན་གཅིག་ཡོད་པ་མགོ་ཟླའི་བཅུ་ལ་དེར་འོང་བས། ཡང་དེ་འདྲ་སྨྲས་པ། ཁོ་ཁྲོས་ནས་ཞག་བདུན་མནོལ་བསྒྲུབས་ནས་མནོལ་རྫས་བྱིན་པས་མངོན་ཤེས་མེད་སོང་། དེ་ནས་ལོ་ཡོལ་ཙ་བློན་པོ་མགོན་པོ་བརྟེན་གྱིས་གསན་ནས་གྲི་བརྒྱབ་སྟེ་བསད། ལོ་གསུམ་ཙམ་རེད་ཙ་བོན་པདྨ་དཀར་པོ་བྱ་བའི་དེ་གོང་གི་དཔོན་གཅིག་ཡོད་པས་རྒྱལ་པོའི་བཙུན་མོ་ལ་སྤྱོད་པས་ཕུད་དོ། །དེ་ནས་ལོ་ལྔ་རེད་ཙ་བློན་པོ་དགེ་བྱང་ཟེར་བ་བོན་བློན་ཡིན་པས་བོན་པོའི་ཁ་འཛིན་བྱེད་ནས་བོན་ཡོང་དུ་བཅུག་མཁན་ཞིག་ཡོད་པ་ཤི། ལོ་བདུན་ལོན་ཙ་ན་ནད་ངན་བྱུང་ནས་བོན་མོ་བརྒྱ་ཙམ་ཤི། དེ་ནས་བློན་པོའི་གྲལ་བསྡད་པས། ཡབ་མགོན་པོ་བརྟེན་ནི་བློན་པོ་ཐམས་ཅད་ཀྱི་མཆོག་ཡིན་དེ་མཚན་བློན་པོ་འོད་ལུ་ཞེས་བྱ་བའི་གྲི་རྐུས་པས། བློན་པོའི་གྲ་ནས་ཕུད་ནས་འོན་ལུང་དུ་བཞག །ཡབ་ཀྱི་སྡེ་ལ་ངའི་བུ་ཅི་ལ་ཕུད་དྲིས་པས། བཤད་མ་ཕོད་པར་མི་ཤེས་བོན་པོ་ཚོས་ཕུད་སྨྲས་ཟིན་ཟེར་རོ། །དེ་ནས་བློན་པོ་བོན་པོ་ལ་མ་དགའ་ནས་བློན་པོས་བོན་པོ་ངན་རབ་ཀྱི་མོ་ལྷ་བཏང་བས། སྡེ་ཐམས་ཅད་བོན་པོ་ལ་དད་པ་ལོག་ནས་བཀུར་སྟི་མ་བྱུང་སྟེ་ངོ་ལོག །དེ་ནས་གཡུང་དྲུང་དཔལ་གྱི་


CMR003_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་ཁྲིམས་སང་ནས་བློན་པོར་ཚུད་པས། སྔར་གྱི་སྙིང་ནད་བྱས་ཏེ་བོན་པོ་གྲག་པ་གཅིག་གིས་གསོ་གཤག་པས། དེ་དང་སྔར་ནས་མ་དགའ་བས། བོན་པོ་ཀུན་གྱིས་བློན་པོའི་གྲ་ནས་ཕུད་དེ་བལ་ཡུལ་དུ་སྤྲུགས་སོ། །དེ་ཕུད་པ་ཁྲི་སྲོང་ལྡེའུ་བཙན་རྒྱལ་པོ་དང་པོར་འཁོད་པས་གསན། དེ་བློན་པོ་ཆེན་པོ་མགོན་པོ་བརྟེན་གྱིས་སྲས་ཡིན་ཕུད་མི་རུང་གསུངས་ཚུར་བོས། དེ་ནས་བོན་པོ་ཐམས་ཅད་གྲོས་བྱས་ནས་ཁྲི་སྲོང་ལ་ནི་འདི་སྤྲུགས་དགོས་ཞུས་ཀྱང་མ་གསན། དེར་བོན་པོ་གཅིག་གིས་རྒྱལ་པོའི་གཡུའི་ནེ་ཙོ་སྨྲ་ཤེས་བརྐུས་ནས་མ་རྙེད་པར། །བོན་པོ་གཅིག་ན་རེ། དེ་ངས་མཐོང་ངོ་། གཡུང་དྲུང་དཔལ་གྱི་སེང་གེས་བརྐུས་སོ། ཞེས་ཞུས་པས། ཡང་རྒྱལ་པོས་རྒྱ་ནག་ཡུལ་དུ་སྤྲུགས་སོ། །དེར་སྤྲུགས་པའི་རྩ་བ་བོན་པོས་བྱས་པ་ཡབ་བློན་པོ་མགོན་པོ་བརྟེན་གྱིས་གསན་ནས་དམག་བྱས་ཏེ་བོན་པོ་དེ་དང་བརྩད། བོན་པོ་ལ་ཡང་སྡེ་ཡོད་པས་གཡུལ་གཏུགས་པས་བོན་པོ་ཕལ་ཆེར་བསད། དེ་ནས་གཡུང་དྲུང་དཔལ་སེང་སྤྲང་ཆས་སུ་ཡར་དབུས་སུ་འོང་ངོ་། །དེར་སུས་ཀྱང་ངོ་མ་ཤེས་པར་སྤྱང་ཞི་དུལ་ཅན་ཟེར་ནས་ཀུན་གྱིས་སྤྱང་ཟས་ལེགས་པར་བྱིན་ནོ། །དེ་ནས་ངོ་ཤེས་པ་ཞིག་བྱུང་སྟེ་


CMR003_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་མ་བྱིན། གཡུང་དྲུང་དཔལ་སེང་རེད་ཟེར་རོ། །དེ་ཅི་ཡིན་ཟེར་བས་འདི་རྒྱལ་པོས་སྤྲུགས་པ་ཡིན། འདི་ལ་ལེགས་པོ་བྱས་ན་ཆད་པ་འོང་ཟེར། དེར་ཡང་མ་ཉན་ཅིང་བྱིན་ནོ། །དེ་ནས་ཡབ་བློན་རྒན་སར་ཕྱིན་པས། རྒྱལ་པོ་ལ་བཀའ་ཞུས་ནས་ཡབ་འདས་ལ་ཁད་དང་མཇལ། དེ་ནས་ཁྲི་སྲོང་ལྡེའུ་བཙན་ཡང་བོན་ལ་ཧ་ཀྱང་མི་དགྱེས་པར་གྱུར། བོན་པོ་རྣམས་དང་རྒྱལ་པོ་ཧུས་མི་གཅིག་པར་སོང་། དེར་བོད་ཀྱི་རྒྱལ་ཕྲན་ཞིག་ལ་བོན་པོས་དབང་ཆེ་བྱས་པས། རྒྱལ་ཕྲན་དེས་དམག་སྟོང་དམག་གཉིས་ཙམ་བསྡུས་ནས་བོན་པོ་ལ་བརྒྱབ་བོ། །དེར་བོན་པོ་ཤིན་ཏུ་ཕམ་མོ། །དེའི་མངའ་ཞབས་བོན་པོ་རྣམས་དེ་ལ་ཁྲལ་འཇལ་བར་གྱུར་ཏོ། །དེ་རྒྱལ་པོ་ཁྲི་སྲོང་ལ་ཞུས་ཀྱང་བོན་པོ་ལ་མ་གསན། དེ་ནས་བོན་པོ་ཐམས་ཅད་ཀྱིས་དཔོན་བཟང་མཛེས་བྱ་བ་ལ། ཁྲི་སྲོང་གི་བློན་པོ་ཐུགས་ཟིན་ཞིག་གིས་བུ་གསོ་བཅུག་པ་མ་སོས་ཏེ་ཐར་ཁན་སྟོན་ནུབ་ཤི། དེ་ནས་བོན་པོ་དེ་རྒྱལ་པོས་སྤྲུགས། དེ་ཕྱིར་སོང་བ་ཇག་པས་བླངས་ཏེ་གཅེར་བུར་ཕུད་དེ་བཀྱིག་བརྡུངས་བྱས་སོ། །དེ་ནས་འཁྱམ་དུ་སོང་སྟེ་དེ་ནི་ནེ་ཙོ་རྐུ་མཁན་དེའོ། །བོན་པོ་དེ་རྣམས་ཕྱུག་པོ་ཡིན་པ་ལ་


CMR003_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དགས་བཏབ་ནས་རྒྱུ་མེད་པར་ཕུད་དོ། །དེ་ནས་བོན་སྐུ་ཚེ་དབང་རིག་འཛིན་དང་བོན་པོ་བྱེད་འདོད་བྱ་བ་གཉིས་མ་དུམ་སྟེ་བྱེ་སོ་སོར་བྱས་པ་དང་དྲན་པ་ནམ་མཁའ་ཡབ་སྲས་གཉིས་བྱེད་འདོད་ཡབ་སྲས་གཉིས་དང་བཞི་ནང་མ་འཆམ་ཁ་བཞིར་གྱེས་སོ། །དེ་ནས་ཨོ་རྒྱན་རྒྱ་གར་དུ་གདན་འདྲེན་སྔ་མ་བཏང་བས་བལ་པོར་ཕེབས། དེ་དུས་བློན་པོ་གཅིག་དང་མ་དུམ་པས་གཡུང་དྲུང་དཔལ་སེང་སྤྲུགས་སོ། །དེར་ཁོ་བོ་ཨོ་རྒྱན་དྲུང་དུ་འགྲོ་སྟེ་ཁྱོད་ལ་ཡང་བཀའ་ཆད་འོང་སྨྲས་པས། ཁྱོད་སྔོན་ལ་ལན་གསུམ་ཕུད་དུས་བཀའ་ཆད་མ་བྱུང་། བཀའ་ཆད་ཅིའི་ཕྱིར་འོང་ཟེར་བས་མགུར་འདི་གསུངས། རྗེ་ན་མོ་གུ་རུ། བཀའ་ཆད་ཁྱོད་ལ་མི་འོང་སུ་ལ་འོང་། །ང་དེ་སྔ་ལན་གསུམ་ཕུད་པའི་དུས། །ཁྱོད་ཀྱི་བཀའ་ཆད་མ་བྱུང་ཟེར། །འོན་ལུང་ནང་དུ་སྤྲུགས་པའི་དུས། །དེ་ཡི་བཀའ་ཆད་བོན་པོ་ལ། །མི་ཀུན་གྱི་མ་ཉན་ངོ་ལོག་བྱས། །ང་དང་པོ་ལོ་ལྔ་ལོན་པའི་དུས། །དེ་དང་མཐུན་པའི་ལུང་བསྟན་བྱས། །དེ་ནས་ལན་གཉིས་སྤྲུགས་པའི་དུས། །བོན་པོ་རྣམས་དང་འཁྲུག་པ་བྱས། །ང་དང་པོ་ལོ་ལྔ་ལོན་པའི་དུས། །དེ་དང་མཐུན་པའི་ལུང་བསྟན་བྱས། །སྡེ་ཆུང་གཅིག་གིས་དམག་བྱས་


CMR003_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ན་མོ་གུ་རུ། བཀའཚད་ལ་ཡང་བཀའ་ཆད་འོང་སྨྲས་པས། མ་ཚང་བས་བལ་པོར་ཕེབས། ང་ནང་དུ་སྤྲུགས་པའི་བར་གསུངས། ནས། །སྡེ་བོན་པོ་སྤྱི་ཡི་དཔོན་དུ་གྱུར། །ང་དང་པོ་ལོ་ལྔ་ལོན་པའི་དུས། །དེ་དང་མཐུན་པའི་ལུང་བསྟན་བྱས། །བོན་བཟང་མཛེས་གཅེར་བུར་མཐའ་རུ་འཁྱམས། །ང་དང་པོ་ལོ་ལྔ་ལོན་པའི་དུས། །དེ་དང་མཐུན་པའི་ལུང་བསྟན་བྱས། །ཞེས་སྨྲས་ཨོ་རྒྱན་མཇལ་དུ་སོང་ངོ་། །དེར་བལ་ཡུལ་དུ་ཨོ་རྒྱན་དང་མཇལ་ལོ། །ཚེ་དཔག་དབང་ལུང་ཐོབ། དེ་ནས་སྐྲུན་ལ་ཚུར་འོང་རྒྱལ་པོ་ལ་ཡང་མ་སྒྲུག་གོ །དེ་ནས་རྒྱལ་པོ་འཁོར་བཅས་ཨོ་རྒྱན་བསུར་འོང་བ་དང་ལམ་དུ་ཐུག་སྟེ། ཨ་རོག་མངའ་བདག་རྒྱལ་པོ། ང་ཁྱི་ལ་སྟག་ཚར་བ་ཡིན་ང་ལ་ཕྱག་འཚོལ་སྨྲས་པས། ཁྱོད་ཁྱིའམ་ཝ་ལ་སྟག་ཚར་ཡང་ང་འཛམ་གླིང་རྒྱལ་པོས་ཕྱག་མི་འཚལ་གསུངས། དེ་ནས་ཨོ་རྒྱན་དྲུང་དུ་ཡར་སོང་བས། ཨོ་རྒྱན་དང་རྒྱལ་པོ་མཇལ་ལ་ཁད་དུ་རྒྱལ་པོའི་དྲུང་དུ་སོང་ནས་ཨོ་རྒྱན་ལ་བསུ་བ་རྒྱ་ཆེན་པོ་དང་ཕྱག་འཚོལ་སྨྲས་སོ། །དེ་ནས་ཨོ་རྒྱན་ལས་ལྷག་པ་འཇིག་རྟེན་ན་མེད་ན་ཅིའི་ཕྱིར་རྒྱལ་པོས་ཕྱག་མི་འཚལ་སྨྲས་པས། ང་ལ་ཡང་ཨོ་རྒྱན་གྱི་ཐུགས་རྗེ་འདི་ལྟར་བྱུང་ཞེས་ནམ་མཁའ་ལ་སྐྱིལ་ཀྲུང་བཅས་ཏེ། རི་རྩེ་སྐྱིལ་ཀྲུང་གིས་ཁྱབ་པར་བྱས་སོ། །ཕྱིས་བི་མ་ལའི་ཉེར་གནས་ཀྱང་


CMR003_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས། མ་མོའི་དབང་ལུང་གནང་། བི་མ་ལས་བྱང་ཆུབ་ཆེན་པོ་ལ་ཕྱག་མ་འཚལ་ནས་རྒྱལ་པོ་མ་མཉེས་དུས། ང་ནི་བི་མའི་སློབ་མ་ཡིན་པས་ལྟོས་སྨྲས་ནས་འདོམ་དོ་ཙམ་ནམ་མཁའ་ལ་བཞུགས་སོ། །དེ་ནས་གཡུང་དྲུང་དཔལ་སེང་ཟླ་བ་གསུམ་ཙམ་མཚམས་བསྡམས་ཏེ་སྒྲུབ་པ་མཛད། དེ་ནས་བོན་པོ་བསྣུབས་ནས། བི་མ་ལས་ཁྱོད་ལ་མིང་འདི་སུས་བཏགས་རུས་ཅི་ཡིན་གསུངས་པས་རྒྱུ་མཚན་ཞུས་པ་ན། ང་གཡུང་དྲུང་དེ་བོན་པོས་བཏགས་འདུག་པས་ཆོད། རུས་ཤུད་བུ་ཡིན་པས་ཤུད་བུ་དཔལ་གྱི་སེང་གེ་ཐོགས་གསུངས། དེ་ནས་རྒྱལ་པོའི་ཚ་མོ་གཅིག་ལ་སྲས་གཅིག་ཐོན། དེ་སུའི་ཡིན་མ་ཤེས་དུས་མོ་མ་དང་རྩིས་མཁན་འགས་འདི་གཡུང་དྲུང་དཔལ་སེང་གི་རེད་སྨྲས་པས། རྒྱལ་པོས་བཀའ་བཀྱོན་གནང་ཛ། ང་གཡུང་དྲུང་དཔལ་སེང་མིན། ང་ཤུད་བུ་དཔལ་སེང་ཡིན་གསུངས། དེ་ནས་རྒྱལ་པོས་བཀའ་བཀྱོན་སོང་ངོ་། །ཡང་སྦྱ་བ་མ་བྱ་བའི་འཆོལ་མ་ཞིག་ཡོད་པ་ཁྲིད་ནས་གཞུ་སྙི་མོ་བྱོན། ཕྱིར་ནངས་སྙེབ་པས་ཁོང་རང་གཞུ་བསླང་བའི་གཞུ་མཆོག་སྟེང་དུ་སྐྱིལ་ཀྲུང་བཅས་འཆེས་མོས་གཞུ་འཐེན་ནས་མདའ་གཅིག་འཕང་པ་མདའ་དེ་ཕ་བོང་ལ་བརྒྱབས་ནས་སྒྲོའོ་ཆར་


CMR003_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་བྱས། དེར་སྲས་མོ་གཅིག་ཡོད་ཛ་མུ་གེ་བྱུང་ནས་སྤང་སོང་ཛ་འཆས་མོ་བསྐྱར་སྲས་མོ་ཁྲིད་ནས་མཚན་ལ་རྒྱལ་པོའི་ཕོ་བྲང་དུ་གཤེགས་ཏེ་བཞུགས་པས་སུས་ཁྲིམས་མེད་པས་ཤུད་བུ་ཁྲིམས་ཐར་ཞེས་བཏགས། དེ་ནས་འཆས་མོ་དེ་མུ་གེས་ཤི་བ་ཐོས་པས་ད་ཁྱོད་ཀྱི་དྲོངས་དང་སྨྲས་ནས་བཅོལ་གཏམ་བྱས་པས་མོ་ངས་སྔར་ཡང་དྲངས་ཚོད་གཅིག་ཡོད། །ད་ཡང་ངས་འདྲེན། ད་ལྟོས་ཟེར་ནས་བལྟས་པས། ཀུན་གྱིས་མཐོང་བར་འཇའ་དཀར་པོའི་རྒྱུད་ལ་གོས་དཀར་པོ་གྱོན་ནས་ཡར་འགྲོ་བ་མཐོང་། དེ་ནས་ཡུམ་དེར་དགེ་དང་འདིར་དགེ་གཉིས་བསུས། དེར་དགེ་ལ་སྲས་གཅིག་ཡོད་ཛ། ཡང་འབིལ་མཚོ་བྱ་བ་ལ་སྲས་གཅིག་ཐོན་པས་དེར་དགེས་འཛིངས་ནས་ལྟག་པའི་བདུད་སྒོར་རྡོ་བ་སོ་གསུམ་པ་གཅིག་བརྒྱབས་པས་ཆུང་མ་འདིར་དགེས་ཆུང་མ་དེར་དགེ་ལ་གྲི་ཆུང་ཕྱུང་ནས་བསྡིག །དེར་ཤུད་བུ་དཔལ་སེང་གིས། ད་ནི་སེམས་ཅན་ཡིན་པས་སྡིག་པ་ལ་འཛེམ་པ་ཡིན། དེ་མིན་ན་ངས་ཁྱོད་ཐུབ་སྟེང་ལ་སྡིག་པ་ཡོད་པ་དེ་ཁྱོད་ཀྱི་ཨི་ཤེས་ཞེས་གསུངས། དེ་ནས་འདིར་དགེས་བལྟས་པས་རྨ་དེའི་ནང་དུ་ལྷ་ཚོགས་དཔག་ཏུ་མེད་པ་མཐོང་། དེ་ནས་འདིར་དགེ་ལའང་སྲས་པོ་གཅིག་


CMR003_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། དེ་གཉིས་བསུས་ནས་ལོ་གསུམ་རེད་ཛ། དེ་ནས་ཆེན་ཆུང་དང་རྩོད་པས་འཛིང་འཛིང་ཛ་འཛིར་བསྡོ་དེར་དགེ་མེད་སོང་། འདིར་དགེ་དང་བརྩད་ནས་བརྗེ་བྱེད་དུ་བི་མ་ལའི་དྲུང་དུ་སོང་ནས་ཞུས་པས་ཁྱོས་འཛིངས་མོ་བྱས་ནི་འོང་བས་བན་དེ་མི་བྱེད་གསུངས། རྗེ་ན་མོ་གུ་རུ་བི་མ་ལ། །ང་སྐྱོ་བ་སྙིང་ནས་སྐྱེས་པ་ཡིན། །གསུངས་ཤིང་ཡོང་བཟློ་བི་མ་ལས་ཅི་ཡིན་འདྲ་བན་དེ་བྱེད་རྒྱུ་མེད་ཕྱིར་གཤེགས་གསུངས་པས་མ་བྱས། དེ་ནས་མ་མོ་བསྒྲུབས་པས་ཞག་གཉིས་སོང་ཛ་རྒྱལ་པོས་སྐད་པས་མཚམས་ཧར་འདོན་བྱས་ནས་འོང་བས་འདིར་དགེ་ཤི། དེ་ནས་རྒྱལ་པོ་ལ་ཚེ་ཆུ་འཐུང་མ་བཙུག་དུས། ཨོ་རྒྱན་གྱིས་རྒྱལ་སྲིད་ཀྱི་བཞེད་པ་མེད། ཁག་ཁུར་དེ་ལས་རྒྱལ་པོ་སྐུ་ཚེ་རིང་བས་གཙོ། ཞེས་གསུངས་སོ། །ཀླུ་དཔལ་གྱི་མཁར་བས་གཉའ་བ་ནས་ལན་གསུམ་བརྡུངས། འདི་གང་དུ་མ་འགྲོ་ཟེར། རྒྱལ་པོས་གསོལ་མ་ཕོད་པས་ཚེ་ཆུ་ཚེ་རིལ་ཐམས་ཅད་གཏེར་དུ་སྦས། སྨོན་ལམ་བཏབ་དེ་ནས་ཡང་རྒྱལ་པོ་འགྱོད་ནས། ད་ཡང་ང་ཡི་ཚེ་བསྲིང་དགོས་ཞུས་པས། རྟེན་འབྲེལ་མ་འགྲིགས་དེ་མིན་ན་སྔོན་དུ་ཚེ་ཆུ་དེ་བཏུང་ན་ལོ་སྟོང་ཚོ་གསུམ་ཐུབ་སྟེ་མ་བཏུང་བས་ད་ལོ་དྲུག་ལས་


CMR003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བསྲིང་རྒྱུ་མེད་གསུངས་པས། དེ་ཙམ་ཡིན་ལོ་སྟོང་ཚོ་གསུམ་ཐུབ་པས་ངས་ཇུས་ནི་མི་དབང་དེ་ལས་དྲུག་དགའ་སྨྲས། མ་ལེགས་ལོ་གསུམ་ལས་བསྲིང་ཐབས་མེད་གསུངས་པས། དེར་ཀླུ་དཔལ་གྱིས་ཁྱོད་ཀྱིས་བྱས་ཟེར་ནས་དཔལ་སེང་མདའ་དེད་བྱས། དེ་ནས་དཔལ་སེང་གེས་རྡོ་རྗེ་ཕུར་པ་ཨོ་རྒྱན་ལ་ཞུས་ནས་བསྒྲུབས་དུས་ཕུར་པ་འཁོར་བཅས་ནམ་མཁའ་ལ་འཕག །སྒྲོ་བའི་ནང་དུ་བཞུགས་ཀྱང་སྒྲོ་བ་དང་བཅས་པ་ལན་གསུམ་ནམ་མཁའ་ལ་འཕར། དེ་ནས་ཕུར་པ་དེ་གཙང་པོ་ལ་བཏབ་པས་ཞག་བདུན་ཡར་བབ། དེ་ནས་རྟ་རྒྱུག་མ་བྱེད། ཨོ་རྒྱན་གྱིས་གསུང་དུས་མཚན་ལ་རྒྱུག་རྒྱུ་བྱས་པས་དཔལ་སེང་གེ །ཨོ་རྒྱན་ལ་མངོན་ཤེས་ཡོད་པ་ནི་ཐག་ཆོད་དོ། །དེས་ན་ཉིན་མཚན་ནམ་རྒྱུག་འདྲ་བ་མ་རྒྱུག་སྨྲས་པས། ཀླུ་དཔལ་བོད་ཀྱི་ལོ་གསར་དུས་རྟ་མ་རྒྱུག་ན་རྒྱལ་པོ་འདས་སམ་སྡུག་བསྔལ་བྱུང་རྟགས་ཡིན་པས་ཁ་ལྟས་ངན་པ་ཟེར་ནས་རྡོ་བ་ཆང་ཚུད་རེ་བྲང་དཀྱིལ་དུ་བརྒྱབས་པས། ངས་དེ་སྨྲས་པས་རྒྱལ་པོ་མི་འདའ་སྟེ་རྒྱུག་ན་འདའ་དོགས་པ་ཡིན། ཅེས་སྨྲས་ཏེ་མགུར་འདི་བཞེངས་སོ། །རྗེ་ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། །ང་བློན་པོའི་གྲལ་ལ་བསྡད་པས་


CMR003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ལེན། །ང་དང་པོ་བློན་པོར་བསྡད་པའི་དུས། །འོན་ལུང་ནང་གི་བར་དུ་ཕུད། །དེ་ནས་བློན་པོར་བསྡད་པའི་དུས། །བལ་པོའི་ཡུལ་གྱི་བར་དུ་ཕུད། །ཡང་མ་གམ་བློན་པོར་བསྡད་པའི་དུས། །རྒྱ་ནག་ཁྱི་ཡི་ཡུལ་བར་ཕུད། །ཡང་མ་གམ་བློན་པོར་བསྡད་པའི་དུས། །རྒྱ་གར་བལ་པོའི་མཚམས་སུ་ཕུད། །ཆོག་གོ་ཆོག་གོ་འཇར་པོ་འཇར། །ཡང་གཅིག་བློན་པོའི་གྲལ་བསྡད་དུས། །གཉའ་བ་མཁར་བས་ལན་གསུམ་བརྡུང་། །གོང་དུ་མ་འགྲོ་ཟེར་བས་འཚིང་། །ཡང་མ་གམ་བློན་པོར་བསྡད་པའི་དུས། །ཉེས་མེད་མདའ་མོས་བརྒྱབ་གྲབས་བྱས། །ཡང་མ་གམ་བློན་པོར་བསྡད་པའི་དུས། །ཆང་ཚུད་རྡོ་བ་གཉིས་ཀྱིས་ནི། །གཅིག་བརྒྱབ་གཅིག་བརྒྱབ་བྲང་རུས་བཅག །ད་ཆོག་ད་ཆོག་ད་མི་འདུག །ད་ཆོག་ད་ཆོག་འདིར་མི་འདུག །ཆོག་གོ་ཆོག་གོ་འཇར་པོ་འཇར། །བློན་པོའི་གྲལ་ན་མ་ཕྱིན་དགོས་ལེ་རེད། །ད་ཕྱིན་ཆད་བློན་པོར་མ་སྐྱེ་ཅིག །ཅེས་གསུངས་ནས་བྱོན་པས། ཀླུ་དཔལ་གྱིས་ད་ཁྱོད་ཀྱིས་ཆུ་དེ་ལ་འདི་གཏོར་ཚེ་ཆོད་ཐལ་ན་ནི་ཁྱོད་བློན་པོའི་གྲལ་ན་འདུག་མི་དགོས། འདི་གཏོར་ཚེ་མ་ཆོད་ན་ནི་བློན་པོའི་གྲལ་ན་འདུག་དགོས་ཟེར་ནས། ཆང་སྐྱོགས་དོ་


CMR003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུས་ཚག་ནང་ནས་གཏོར་རྒྱུ་བྱས་སོ། །དེ་ནས་དབྱིག་པ་གཅིག་གཙང་པོ་ལ་བརྒྱབས་པས་དེ་མ་ཐག་གཙང་པོ་ཆད་དེ་ཕར་ཀར་ཐར། དེ་མ་ཐག་གཙང་པོ་སྔར་ལྟར་འབྲེལ་ལོ། །དེ་ནས་རབ་ཏུ་བྱུང་འདོད་ནས་བི་མ་ལའི་དྲུང་དུ་སོང་ངོ་། །དེར་བི་མས་མ་གནང་ངོ་། །དེ་ནས་དུས་ཤིང་ཕྱིར་འོང་ནས་རྒྱལ་པོའི་དྲུང་དུ་འགྲོ་བསམས་པས་ཀླུ་དཔལ་སོགས་ཀྱིས་འོང་མ་བཅུག །ཁྱོད་དང་པོ་བློན་པོའི་གྲལ་ནས་མི་ཐར་ཐར་བྱས། ་ཡང་ཡར་ཅི་ལ་འོང་ཟེར། དེ་ནས་ངུས་ཤིང་སྤྲང་པོ་ཁྱུ་གཅིག་གི་གྲལ་བསྡད་པས། བི་མ་ལས་རྒྱལ་པོ་ལ་གསུངས་པ། འདི་བློན་པོའི་གྲལ་ཚུད་དང་ལེགས། སྤྲང་པོའི་གྲལ་བཞག་ན་བཀའ་ཆད་འོང་གསུངས། དེ་ནས་ཡང་བློན་པོའི་གྲལ་བཙུད་དོ། །རྒྱལ་པོ་རྟ་རྒྱུག་པས་འདས་སོ། །བློན་པོ་བྱས་ནས་དབང་ཆེར་བྱས་པས། ཀླུ་དཔལ་གྱིས་འདི་སྤྲང་པོའི་གྲལ་ནས་བཏོན་ཛ། ཡང་དབང་ཆེ་བྱེད་ནི་ཟེར་བཤུལ་ཏིང་དུ་རྡོ་བ་གཅིག་བརྒྱབ་བོ། །དེ་ནས་རྒྱལ་པོ་འདས་རྗེས་སྲས་མུ་ནེ་བཙད་པོ་རྒྱལ་སྲིད་དུ་དབང་བསྐུར་བ་མ་ཡར་གྱིས་དུག་དྲངས་ནས་འདས། བསམ་ཡས་གཉའ་བྲག་དམར་པོའི་གདང་སྣ་གཉན་ས་དེ་ནས་མགུར་འདི་གསུངས། །


CMR003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ་ད་ནི་བསྐལ་པ་སྙིགས། །མ་ཡི་བུ་ལ་དུག་བྱིན་ནས། །རྒྱལ་པོའི་རྒྱལ་རྒྱུད་རྩད་ནས་བཅད། །འདི་འདྲ་སྲིད་པར་འོང་ངམ་སོམ། །ལྷ་འདྲེ་ཁྱོད་ཀྱིས་ཤན་ཕྱེས་ཤིག །ཅེས་སྨྲས་པས་བཙུན་མོས་ཐོས་ཏེ་གནོང་ལ་ཕོག་ནས་ཤུད་བུ་ཆུ་ལ་འཕེན་པར་བྱས་ཏེ། ཆུའི་མདའ་དེར་མི་བཅུ་གསུམ་གྱིས་ལག་ལ་ལྕགས་ཀྱུ་རལ་གྲི་མདུང་རིང་ཐུང་བཟུང་ནས་དགུག་བཅུག ། དེ་ནས་ཆུ་ལ་འཕངས་བས། ཤུད་བུས་འོ་དོད་བྱས་ཏེ། ཆུ་བོ་མདའ་ན་མ་འབབ་ཕུ་ན་བོབ། །དཔལ་སེང་དག་ལ་བདེན་པ་ཡོད་དམ་མེད། །ཅེས་སྨྲས་པས་ཆུ་བོ་གྱེན་དུ་བབ་བོ། །དེར་དགུག་མི་རྣམས་ཆུ་གྱེན་ལ་བབ་ནས་ཐལ་བ་དེས་ཅི་བྱས་སམ་ཟེར། ལ་ལས་མིག་འཁྲུལ་བ་ཡིན་དགུག་ཟེར། དེར་དཔལ་སེང་ཟམ་འོག་གཅིག་ཏུ་ཡར་ཆུས་ཁྱེར་བ་ཟམ་ལ་འཇུས་ནས་སྟེང་དུ་ཐར་ཏེ། ཟམ་ཤིང་གཅིག་ལ་གོས་ཕྱི་མ་རྣམས་དཀྲིས་ཏེ་ཆུར་འཕངས། ད་ནི་ཆུ་བོ་ཐུར་དུ་བོབ་སྨྲས་པས་དེ་ལྟར་གྱུར་ཏེ་སོང་། དགུག་མི་རྣམས་ཀྱིས་རོ་ཡིན་སྙམ་ནས་མཚོན་ཆ་རྣམས་བརྒྱབས། ལ་ལས་མ་རེད་ཟེར། བློན་པོ་འོད་ལྡན་བྱ་བས་ལྕགས་ཀྱུ་བརྒྱབས་པས་ཤིང་གིས་དྲུད་ནས་ཆུས་ཁྱེར་རོ། །དེ་ནས་བསམ་ཡས་སུ་བྱོན་པས་


CMR003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་ན་རེ། འདི་མ་སོད་སྟེང་མ་ངའི་འོད་ལྡན་ཆུས་ཁྱེར་ཟེར་ནས་འཐབ་ཏུ་བྱུང་བས། ཞབས་ཕྱེད་སྐྱིལ་གཅིག་བྱས་ནམ་མཁར་འཕག་སྟེ་ཡུན་རིང་བཞུགས་སོ། །དེ་ནས་བཙུན་མོའི་ཆད་པ་སང་ངོ་། །དེ་ནས་གཞན་གྲོང་གཅིག་ཏུ་གུ་རུ་མ་བ་ལ་སྲས་གཅིག་འཁྲུངས། དེ་དཔལ་སེང་གེ་ཡིན་པར་ཐག་ཆོད་པ་དང་། བི་མ་ལ་ཕེབས་འོང་ནས། ངས་ལན་གཉིས་བན་དེ་མ་བྱས་པ་དེ་འོང་བར་ཤེས་པ་ཡིན། ད་ཨོ་རྒྱན་གྱི་དྲུང་དུ་རབ་ཏུ་བྱུང་ཞིག་གསུངས་པས། ཨོ་རྒྱན་གྱི་དྲུང་དུ་རབ་བྱུང་ཞུས་སོ། །སྤྱིར་བི་མ་ལ་ཨོ་རྒྱན་སོགས་ལ་དབང་དང་གདམས་པ་ནི་སྔ་ཕྱི་བར་གསུམ་དུ་དཔག་ཏུ་མེད་པ་ཞུས་སོ། །ཁྱད་པར་རྡོ་རྗེ་ཕུར་པའི་བཀའ་བབ་པ་ལགས་སོ། །བཻ་རོ་ཙཱ་ན་ལ་ཡང་ཆོས་འབྲེལ་མང་དུ་ཞུས་སོ། །དེ་ནས་རབ་ཏུ་བྱུང་ན་ཡང་ཨོ་རྒྱན་བྱོན་རྗེས། སད་ན་ལེགས་ཀྱི་ཡབ་དོད་བློ་ཕུག་འདྲི་བའི་ནང་བློན་ལོ་བཞི་ཙམ་མཛད་དེ། དེ་ནས་དགུང་ལོ་བདུན་ཅུ་དོན་དགུའི་སྟེང་དུ་བསམ་ཡས་ཉིད་དུ་མྱ་ངན་ལས་འདས་ཏེ། གདུང་བཞུས་པ་ལ་འཇའ་ཚོན་སྣ་ཚོགས་ཟུགས་ཤིང་དེའི་རྒྱུད་ན་ལྷའི་སྐུ་མང་པོ་བཞུགས་པ་ཀུན་གྱིས་མཐོང་། རིང་བསྲེལ་བཅུ་དང་ཧིཡིག་དཀར་པོ་བྱོན་


CMR003_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ནས་ཁོང་དངོས་ནི་ཟངས་མདོག་དཔལ་རིར་འཇའ་ལུས་རིག་འཛིན་ཚུལ་དུ་བཞུགས་ཏེ། སྤྲུལ་པ་སྐྱེས་རྒྱུད་ཀྱི་ཕྲེང་བ་ནི་ལོགས་སུ་རྒྱས་པར་ཡོད་པ་ལྟར་རོ། །རྒྱལ་པོའི་ཚ་མོ་ལ་འཁྲུངས་པའི་སྲས་ནི་སྦས་ཚུལ་ཐ་མལ་པའི་ཚུལ་ལ། སྤུ་བ་མའི་བུ་མོ་ནི་རབ་བྱུང་བཙུན་མ་གཙང་མ་གཅིག་བྱུང་ངོ་། །འདིར་དགེའི་སྲས་རབ་ཏུ་བྱུང་སྟེ་དགེ་སློང་རྣམ་པར་དག་གོ དེ་གསུམ་ལ་ནི་རྒྱུད་མེད་དོ། །དེར་དགེའི་སྲས་ལ་སྲས་སྔགས་པ་གཅིག་བྱུང་། དེ་ལ་སྲས་གཉིས་ཀྱི་གཅིག་རབ་ཏུ་བྱུང་སྟེ་དགེ་སློང་གཅིག་ཁྱིམ་པ་སྟེ། དེའི་སྲས་ལ་བླ་མ་བཟང་པོ་གཅིག་བྱུང་སྟེ། ཨོ་རྒྱན་རབ་བརྟེན་ནོ། །དེ་ཕྱིན་རྒྱུད་མེད་དོ། །དེ་ཐམས་ཅད་འདས་དུས་འཇའ་རིང་བསྲེལ་ལ་སོགས་ངོ་མཚར་བའི་ལྟས་བྱུང་ངོ་། །ཞེས་པ་འདི་ཤུད་བུ་དཔལ་སེང་གི་རྣམ་ཐར་མཐོང་མ་མྱོང་ཞུས་པས། །དེ་ང་རང་གསལ་གསུངས་ནས་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་དགུང་ལོ་བཅུ་གསུམ་དུས་ཐུགས་ཐོགས་ནས་བྲི་བར་མཛད་པའོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཤུད་བུ་དཔལ་གྱི་སེང་གེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་མཛོད།next