Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
ཚེ་སྒྲུབ་གསང་འདུས་དཀྱིལ་འཁོར་རིག་འཛིན་ཚེ་ཡི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཚེ་སྒྲུབ་གསང་འདུས་དཀྱིལ་འཁོར་རིག་འཛིན་ཚེ་ཡི་གསོལ་འདེབས།next

ཚེ་སྒྲུབ་གསང་འདུས་དཀྱིལ་འཁོར་རིག་འཛིན་ཚེ་ཡི་གསོལ་འདེབས།


CMR007_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་འདུས་དཀྱིལ་འཁོར་རིག་འཛིན་ཚེ་ཡི་གསོལ་འདེབས་སོ།། ན་མོ་ཨཱ་ཡུཛྙཱ་ན་ཡེ། ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་། །བཅོམ་ལྡན་ཚེ་བདག་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕུང་པོ་ལྔ་པོ་རྣམ་དག་པའི། །ཚེ་བདག་རྒྱལ་བ་རིགས་ལྔ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁམས་ལྔ་གནས་སུ་དག་པ་ཡི། །ཚེ་བདག་རིགས་ཀྱི་ཡུམ་ལྔ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚོགས་བརྒྱད་གནས་སུ་དག་པ་ཡི། །ཚེ་ཡི་ལྷ་མོ་མཆེད་བརྒྱད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐྱེ་གནས་བཞི་པོ་གནས་དག་པའི། །ཚེ་ལྷ་སྒོ་མ་བཞི་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དགའ་རབ་ཤྲཱི་སེང་བི་མ་ལ། །རྒྱུ་གར་ཚེ་ཡི་རིག་འཛིན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །པདྨ་འབྱུང་གནས་མནྡཱ་ར། །འགྲན་མེད་རིག་འཛིན་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་། །ནམ་སྙིང་མ་གཅིག་མཚོ་རྒྱལ་མ། །བོད་ཡུལ་ཚེ་ཡི་རིག་འཛིན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རཏྣ་གླིང་པ་ཚེ་དབང་གྲགས། །རིག་འཛིན་རྩ་


CMR007_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐོབ་དཀའི་དལ་འབྱོར་རིན་པོ་ཆེ། །དོན་ཆེན་འགྲུབ་པར་མ་གྱུར་བར། །དུས་མིན་འཆི་བ་མེད་པར་མཛོད། །རྟོགས་དཀའི་རང་སེམས་རྗེན་པ་འདི། །འཆི་མེད་གདེང་ཞིག་མ་ཐོབ་བར། །དུས་མིན་འཆི་བ་མེད་པར་མཛོད། །བདག་དང་སློབ་མ་བརྒྱུད་པར་བཅས། །བདེ་ཆེན་ཞིང་ཁམས་བགྲོད་པ་ཡི། །ཚོགས་གཉིས་མཐའ་རུ་མ་ཕྱིན་བར། །དུས་མིན་འཆི་བ་མེད་པར་མཛོད། །གདོས་བཅས་རྣམ་སྨིན་ལུས་པོ་འདི། །དཀྱིལ་འཁོར་ངོ་བོར་མ་སྨིན་བར་། །དུས་མིན་འཆི་བའི་བར་ཆད་སོལ། །ཐུགས་རྗེ་མ་ཆུང་རིག་འཛིན་རྣམས། །ཞེས་པ་འདི་ཚེ་སྒྲུབ་གསང་འདུས་ཀྱི། །བསྙེན་པ་ཁ་གསོ་ཞག་ལྔ་བྱས་པའི་དུས། །རྨི་ལམ་བདག་གིས་བྲིས་པ་ཡིན་སྙམ་བྱེད། །བར་སྣང་ཁམས་སུ་ལོ་རྒན་དྲུག་ཅུ་ནི། །སྣང་ལ་རང་བཞིན་མ་གྲུབ་འཇའ་ཚོན་ལྟར། །གསལ་བར་སྣང་ཚེ་གཟུགས་མེད་སྒྲ་འདི་གྲག །ཆོས་དབང་ཀུན་བཟང་ཤིང་ཡོས་ལོ་ཡིན་ལ། །དོན་གྲུབ་མེ་ཡོས་ཡིན་ནོ་ཟེར་བ་ལ། །དེ་དག་ཚེ་ཚད་ལུང་བསྟན་ཡིན་པར་གོ །བདག་ནི་ཚེ་ལོ་དྲུག་ཅུ་ཡིན་འདུག་སྙམ། །དེ་ཚེ་དྲུག་ཅུ་རེ་གཅིག་མ་ཡིན་ནོ། །ཞེས་པའི་སྒྲ་ཞིག་ཉམས་ཀྱི་སྐབས་སུ་གྲག །བར་ཆད་མ་བྱུང་ན་ནི་དེ་ལྟར་ཐུབ། །སྐུ་མཚམས་བསྡམས་


CMR007_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བསྲིང་དུ་ཡོད། །འདི་ནི་སྔ་ཕྱིར་ཉམས་རྨིས་ལུང་བསྟན་མཐུན། །དེ་ཕྱིར་གསོལ་འདེབས་འདི་ཡང་རྟེན་འབྲེལ་བྲིས། །ཞེས་པ་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


no previousཚེ་སྒྲུབ་གསང་འདུས་དཀྱིལ་འཁོར་རིག་འཛིན་ཚེ་ཡི་གསོལ་འདེབས།next