Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
ཚེ་སྒྲུབ་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསོལ་འདེབས།next

ཚེ་སྒྲུབ་གསོལ་འདེབས།


CMR007_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསོལ་འདེབས་ནི། ན་མོ་ཨཱ་ཡུཛྙཱ་ན་ཡེ། འགྱུར་མེད་རྒྱུན་དུ་བརྟན་པའི་གནས། །བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་ཚེ་དཔག་མེད་མགོན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་། །འཐུག་པོ་བཀོད་སོགས་ལྔ་པོ་ནས། །རིགས་ལྔ་ཚེ་བདག་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །རྡོ་རྗེ་གདན་གྱི་ལྷོ་ཡི་ཕྱོགས། །རི་བོ་གྲུ་འཛིན་རྩེ་མོ་ནས། །ཚེ་ཡི་བདག་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །མ་མོ་མཁའ་འགྲོ་འདུ་བའི་གནས། །ཟངས་མདོག་དཔལ་རིའི་རྩེ་མོ་ནས། །འཆི་མེད་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གནས། །དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ནས། །ཚེ་ཡི་ལྷ་མོ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རིག་འཛིན་ཚེ་ཡི་དངོས་


CMR007_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ། །གདུལ་བྱ་འགྲོ་བ་འདུལ་བའི་ཞིང་། །གངས་ཅན་བོད་ཀྱི་སྒྲུབ་གནས་ནས། །ཚེ་དབང་གྲགས་པ་ཡབ་སྲས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །ཚེ་རབས་བསྐལ་པོ་གྲངས་མེད་ནས། །སྲོག་བཅད་ཁ་ཟས་འཕྲོག་པ་སོགས། །ཚེ་ཐུང་བ་ཡི་ལས་སྒྲིབ་རྣམས། །གང་བསགས་བྱང་ཞིང་དག་པར་ཤོག །ཚེ་ཡི་བར་ཆད་ཞི་ནས་ཀྱང་། །ཚེ་དང་བསོད་ནམས་ཡེ་ཤེས་ནི། །ཡར་ངོའི་ཟླ་ལྟར་འཕེལ་བ་དང་། །འཆི་མེད་མགོན་པོ་ཚེ་དཔག་མེད། །མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་བླ་མ་ཆོས་དབང་ཀུན་བཟང་ལ་རང་གཞན་མང་པོས་འཆི་ལྟས་མཐོང་ཟེར་བས་ཐུགས་རྗེ་ཆེན་པོའི་སྒོ་ནས་འཆི་བསླུའི་ལས་སྦྱོར་དང་། །ཐུགས་རྗེ་ཆེན་པོའི་སྒོ་ནས་བགེགས་ཞི་བའི་སྦྱིན་སྲེག་ལོ་གྲངས་འགྲུབ་པའི་ཉིན་ཨ་རཱ་གས་སྦྱར་བའོ། །དགེའོ།། །།


previousཚེ་སྒྲུབ་གསོལ་འདེབས།next