Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
གསང་འདུས་ཚེ་ཡི་བླ་མ་བརྒྱུད་པའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་འདུས་ཚེ་ཡི་བླ་མ་བརྒྱུད་པའི་གསོལ་འདེབས།next

གསང་འདུས་ཚེ་ཡི་བླ་མ་བརྒྱུད་པའི་གསོལ་འདེབས།


CMR007_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་ཚེ་ཡི་བླ་མ་བརྒྱུད་པའི་གསོལ་འདེབས་ནི། དོན་གཉིས་མཐར་ཕྱིན་བཅོམ་ལྡན་སྣང་མཐའ་ཡས༔ མཁྱེན་བརྩེའི་གཏེར་ཆེན་འཕགས་པ་འཇིག་རྟེན་དབང་། སྣང་སྲིད་ཟིལ་གནོན་གུ་རུ་པདྨ་འབྱུང་༔ གསོལ་འདེབས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་གང་འདུལ་སྤྲུལ་པའི་གར་མཁན་རཏྣ་གླིང་༔ རྒྱལ་ཚབ་དམ་པ་རྒྱལ་སྲས་ཚེ་དབང་གྲགས༔ གྲུབ་པའི་མཆོག་བརྙེས་རྒྱལ་སྲས་ངག་དབང་གྲགས༔ གསོལ་འདེབས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རིག་འཛིན་སར་གནས་གུ་རུ་ཀུན་དགའ་གྲགས༔ ཕྲིན་ལས་རྒྱ་མཚོའི་མངའ་བདག་བསྟན་འཛིན་མཚན༔ སྔགས་རིག་གྲུབ་པའི་རྣལ་འབྱོར་དབང་ཕྱུག་མཚན༔ གསོལ་འདེབས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རིམ་གཉིས་གྲུབ་པ་ཀརྨ་ཨ་མོ་གྷ༔ ཀརྨ་ཆགས་མེད་པདྨ་ཨ་ནནྟ༔ ཕྲིན་ལས་དབང་འབྱུང་ཀརྨ་ཤེས་རབ་གྲགས༔ གསོལ་འདེབས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་སོགས༔ ཚེ་ལ་དབང་བའི་རིག་འཛིན་ཐམས་ཅད་དང་༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ གསོལ་འདེབས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ལུས་


CMR007_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་རྟག་ཅིང་མི་ཤིགས་པ༔ རྡོ་རྗེ་གསུམ་དུ་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པ་འདི་དབུས་གཙང་ནས་མཆེད་གྲོགས་རང་གི་སློབ་དཔོན་གྱི་ཞལ་ནས། ཁྱེད་ཕྱི་འཇམ་ནང་འཛམ་མེ་ཏོག་རློན་པ་འདྲ་བ་ཞིག་བྱུང་སྣང་བ་ཤིན་ཏུ་དགའ། འོན་ཀྱང་དར་དཀར་པོ་ལ་དྲི་མ་ཕོག་སླ་བ་ལྟར། ཚེ་ལ་བར་ཆད་འོང་དོགས་ཡོད་པས་ཚེ་སྒྲུབ་རང་གལ་ཆེ་ཞེས་ཡང་ཡང་གསུངས་པས་ཚེ་སྒྲུབ་འགའ་རེ་བྱས་དུས། རཱ་ག་ཨ་སྱས་བྲིས་ནས་གསོལ་བ་བཏབ་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསང་འདུས་ཚེ་ཡི་བླ་མ་བརྒྱུད་པའི་གསོལ་འདེབས།next