Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
ལས་བྱང་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་བྱང་འདོན་འགྲིགས།next

ལས་བྱང་འདོན་འགྲིགས།


CMR007_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་འདོན་འགྲིགས་བཞུགས་སོ༔ ཚེ་སྒྲུབ་གསང་བ་འདུས་པ་དང་༔ ལས་བྱང་གུད་དུ་སྦས་པ་གཉིས་གབ་སྤྲད་ལུགས་ནི༔ མཆོད་པ་བྱིན་རླབས་ནི༔ ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི༔ མཆོད་པ་བྱིན་རླབས་སབ༔ དེ་མིན་ལས་བྱང་གཞུང་ལྟར་ལས༔ བདེ་ཆེན་ཡབ་དང་གཉིས་མེད་སྦྱོར༔ ཚེ་དང་དཔལ་གྱི་འཕྲོ་འདུ་གསལ༔ བདག་ཉིད་དམ་ཚིག་གི་ཚེ་དཔག་མེད་སྐུ་མདོག་དམར་པོ་ཚེ་བུམ་དང་ལྡན་པ་ལམ་གྱིས་བསྒོམ༔ དེའི་སྙིང་གར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ༔ དེའི་ལྟེ་བའི་སྟེང་དང་འོག་ཏུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ༔ སྲོག་མི་འགྱུར་བའི་ཡི་གེ་ནྲྀ་ལྗང་གུ་འོད་ཟེར་ཁ་དོག་ལྔ་འཕྲོ་བར་བསྒོམ༔ དེའི་གཡས་སུ་སྲོག་མི་འགྱུར་བའི་ཡི་གེ་ཨཱདཀར་པོ༔ གཡོན་དུ་སྲོག་བརྟན་པར་བྱེད་པའི་ཡི་གེ་ཧཱུྃམཐིང་ག དེ་གསུམ་འོད་ཟེར་དང་ལྡན་པར་གྱུར༔ རང་གི་སྤྱི་གཙུག་ཏུ་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་དབུས་སུ་ཟེའུ་འབྲུའི་སྟེང་ན༔ ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་མེད་སྐུ་མདོག་དམར་པོ་བྱུ་རུའི་མདོག་ལྟ་བུ་ལ༔ འོད་དང་འོད་ཟེར་གྱི་ངོ་བོར་གནས་པ༔ ལོངས་སྐུའི་རྒྱན་རྫོགས་པ༔ རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ཕྱག་མཉམ་བཞག་གི་ནང་འཆི་མེད་ཚེའི་བུམ་པ་བདུད་རྩིས་


CMR007_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་བསྣམས་པ༔ དར་རྣམ་པ་ལྔའི་སྟོད་གཡོགས་དང་༔ དམར་པོའི་ཤམ་ཐབས་བྱས་པ༔ དེའི་མདུན་ན་ཡུམ་ཆེའི་ལྷ་མོ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས༔ སྐུ་གཅེར་བུ་ལ་རུས་པའི་རྒྱན་དྲུག་དང་པདྨའི་ཕྲེང་བས་སྤྲས་པ༔ ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་དུ་འཁྱུད་པ༔ གཡོན་པས་ཚེའི་བུམ་པ་ཡབ་ཀྱི་སྙན་གྱི་ཐད་དུ་འཛིན་པ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་སྙོམས་འཇུག་མཛད་པ༔ དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་ཞིང་སྐུ་རྒྱབ་ཏུ་འཕྱང་བ༔ ༈ ཤར་དུ་ལཱ་སེ་དཀར་མོ་ལ༔ ལྷོར་མཱ་ལེ་སྔོན་མོ་བསྐྱེད་ཅེས་སོགས་ནས༔ ལྷུན་གྲུབ་འགྱུར་བ་མེད་པར་བསྒོམ༔ དེའི་བར་བྱའོ༔ དེའི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས༔ བདེ་བ་ཅན་ནས་ཚེ་དཔག་ཏུ་མེད་པ་ལ་འཁོར་རྒྱལ་བ་རྒྱ་མཚོ་དང་༔ རྔ་ཡབ་གླིང་ནས་ཨོ་རྒྱན་རིན་པོ་ཆེ་འཁོར་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ༔ ༈ ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་འགྱུར་བ་མེད་པའི་ཕོ་བྲང་ནས༔ ཞེས་སོགས་ནས་བཟུང་སྟེ༔ ཧཱ་ཧཱུྃ་བཛྲ་ཨ་ཡུ་ཥ་ཧཱུྃ་ཨཱཿ དེའི་བར་བརྗོད༔ དེ་ནས་ཟུར་


CMR007_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ནི༔ ༈ བཅོམ་ལྡན་ཚེ་བདག་ཡབ་ཡུམ་ནི༔ དམར་གསལ་དྲི་མེད་ཚེ་བུམ་འཛིན༔ སོགས་ནས༔ ཕྱག་འཚལ་དམ་ཚིག་སྒྲོལ་མ་ལའོ༔ དེའི་བར་བརྗོད༔ ཕྱོགས་བཅུའི་རྒྱལ་བ་དཔག་ཏུ་མེད་པ་ཐམས་ཅད་ཚེ་དཔག་ཏུ་མེད་པའི་ངོ་བོར་བྱོན་ནས༔ ཚེ་དཔག་མེད་ཀྱི་བུམ་པར་ཐིམ༔ རྣམ་པ་རྒྱལ་བ་ཞི་ཁྲོའི་རྣམ་པ་ལ༔ ངོ་བོ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ གཞན་ཡང་ལྷ་དང་དྲང་སྲོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་ཚེ་དང་བསོད་ནམས་དཔལ་དང་བཀྲག་མདངས་གཟི་བརྗིད་ཐམས་ཅད་བུམ་པར་བསྡུས་ཏེ༔ ཚེ་དཔག་མེད་ཀྱི་བུམ་པར་ཐིམ༔ གཞན་ཡང་ས་ཆུ་མེ་རླུང་ལ་སོགས་འབྱུང་བའི་བཅུད་ཐམས་ཅད་བསྡུས་ཏེ་བུམ་པར་བསྟིམ༔ འཆི་མེད་ཀྱི་བདུད་རྩི་ཆི་ལི་ལི་ཁོལ་བར་གྱུར༔ མོས་གུས་རྩེ་གཅིག་ཏུ་ཐལ་མོ་སྦྱར་ཏེ༔ ༈་ཀྱི་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་མགོན་པོ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་ལན་གསུམ་གསོལ་བ་བཏབ༔ མཉམ་བཞག་གི་བུམ་


CMR007_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་ན་རེ་རེ་བབ་པ་དང་༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དུ་བབས་པས༔ རང་གི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ཀྱི་བར་དུ་རྐྱལ་པ་ཞོ་ཡིས་གང་བ་ལྟར་དུ་དཀར་ལྟེམ་གྱིས་གང་བར་གྱུར༔ ཞེས་དམིགས་པ་གཏད་ལ༔ ཨོཾ་གུ་རུ་ཨཱ་ཡུསིདྡྷི་ཧཱུྃ་ཧི༔ ཨ་མཱ་ར་ཎི་ཛི་བན་ཏི་ཡེ་སྭཱ་ཧཱ༔ ཞེས་བསྙེན་པའོ༔ ༈ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ཞེས་ནས༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཞེས་པའི་བར། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཀྱི་བདུད་རྩི་འོ་མ་ལྟ་བུ་བཅུད་ཐམས་ཅད་ཀྱི་དྭངས་མའི་དྭངས་མ༔ སྙིང་པོའི་སྙིང་པོ་ཐམས་ཅད་སྙིང་གའི་གའུ་ཅུང་ཟད་ཁ་བྱེ་བའི་བར་ནས་ཡེ་ཤེས་ཀྱི་རླུང་བྱུང་ནས༔ རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་འུབ་འུབ་བསྡུས་ནས༔ གྲྭའུ་ནང་གི་ཡིག་འབྲུ་གསུམ་ལ་ཐིམ༔ ཁྱད་པར་ནི་ཡིག་ལ་ཐིམ་པར་གྱུར༔ བཀྲག་མདངས་འོད་དུ་འབར༔ ལོ་བརྒྱའི་བར་དུ་འཆི་མེད་ཀྱི་རིག་འཛིན་ཐོབ་པར་གྱུར༔ ཉི་ཟླའི་གའུ་ཁ་བསྒྲིག འོག་གི་རྡོ་རྗེའི་རྭ་བཞིས་བསྣོལ་མར་རྒྱས་བཏབ༔ སྟེང་དུ་ཚེ་དཔག་མེད་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་འགྱུར་


CMR007_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཚེའི་རྟེན་དུ་བཞུགས་པར་གྱུར༔ ༔ ཨོ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཚེ༔ སོགས་ནས༔ ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ དེའི་བར་དུའོ༔ དེ་ནས་ཟུར་འདེབས་ནི༔ ཡི་དངོས་གྲུབ་སྩོལ༔ དེའི་བར་བརྗོད༔ ༈ ཧཱུྃ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཏིཥྛ་ལྷན༔ ༈ ཧཱུྃ༔ སྙིང་པོ་བརྟན་པ་མི་ནུབ་སྟེ༔ རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ ༈ ཧཱུྃ༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་འདིར༔ སོགས་ནས༔ འཆི་མེད་ཚེ་སོགས་ནས་ལས་བྱུང་མ་རྫོགས་བར་གཞུང་ལྟར་རོ༔ ཞེས་པ་འདི་ནི་རཱ་ག་ཨ་སྱས་བསྒྲིགས་པའོ༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལས་བྱང་འདོན་འགྲིགས།next