Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
མཆོད་ཕྲེང་རྒྱས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཆོད་ཕྲེང་རྒྱས་པ།next

མཆོད་ཕྲེང་རྒྱས་པ།


CMR007_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཆོད་ཕྲེང་རྒྱས་པར་སྤྲོ་ན་འདི་ལྟར་རོ༔ ཉེ་བར་གྲུབ་པའི་མཆོད་པ་ནི༔ ཧྲཱི༔ སྣང་སྟོང་ཟུང་འཇུག་དབྱིངས་ཀྱི་གླུ༔ རྟོག་བྲལ་འདུ་འབྲལ་མེད་པའི་ངང་༔ །ཐབས་ཤེས་མེད་པའི་གླུ༔ བྲོ་ནི་བདེ་བ་ཆེན་པོར་བརྡུང་༔ ཤུ་མ་ཧཱ་ཛྷཱ་ན་ཏེ་ཏེ་ཧཱུྃ་ཏེ་ན་ཧཱུྃ༔ ཞེས་ཐུགས་རྗེ་ཆེན་པོ་གསང་འདུས་ལས་ཁོལ་ཕྱུང་ཚེ་སྒྲུབ་གསང་འདུས་ཀྱི་ཁ་བཀང་བྱེད་པ་ལེགས་ཀྱང་། དགོས་པ་མ་མཆིས་སོ། །རྒྱལ་བ་ཀཿཐོག་པའི་ཕྱག་བཞེས་དང་ཞལ་རྒྱུན་རྒྱུད་གཞུང་རྣམས་ལ་མ་མཆིས་སོ། །དེ་ནས་མཆོད་ཕྲེང་བྱ་བ་འདི་སྐད་དོ༔ ༔ ཧཱུྃ༔ རང་བྱུང་ཡེ་ཤེས་ཚེ་དཔག་མེད༔ གསང་བ་འདུས་པའི་གཙོ་དང་འཁོར༔ བླ་མེད་མཆོག་གི་དཀྱིལ་འཁོར་དུ༔ བདེ་ཆེན་གར་གྱི་མཆོད་པ་ནི༔ རྒྱུན་ཆད་མེད་པར་རབ་བརྟན་ཅིང་༔ མཉམ་པ་ཉིད་ཀྱི་ངང་དུ་འབུལ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ དཀར་མོ་སྒེག་ཅིང་འགྱིང་བའི་གཟུགས༔ མཛེས་པའི་མེ་ཏོག་སྣ་ཚོགས་རིགས༔ དཀར་སེར་དམར་ལྗང་མཐིང་མདངས་ཅན༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ སྣང་སྟོང་མཆོད་འབུལ་བཞེས་སུ་གསོལ༔ ཨོཾ་བཛྲ་པུཊྚེ་ཨཱཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ སེར་མོ་སྒེག་ཅིང་འགྱིང་བའི་


CMR007_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས༔ དྲི་ཞིམ་བདུག་སྤོས་དཔག་མེད་བསྣམས༔ ག་པུར་ཙན་དན་ཨ་གར་སོགས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ དྲི་སྟོང་མཆོད་འབུལ་བཞེས་སུ་གསོལ༔ ཨོ་བཛྲ་དྷ་ཧྥེ་ཨཱཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ དམར་མོ་སྒེག་ཅིང་འགྱིང་བའི་གཟུགས༔ སྣང་གསལ་མར་མེ་ལ་སོགས་པ༔ ཉི་ཟླ་འབྲུ་མར་རྩི་མར་སོགས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ གསལ་སྟོང་མཆོད་འབུལ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ ལྗང་མོ་སྒེག་ཅིང་འགྱིང་བའི་གཟུགས༔ དྲི་ཞིམ་དྲི་ཆབ་བདེ་བའི་མཆོག༔ ཙནྡན་གུར་གུམ་དཔག་མེད་སྦྱར་གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ བདེ་སྟོང་མཆོད་འབུལ་བཞེས་སུ་གསོལ༔ ཨོ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི་སེར་མོ་སྒེག་ཅིང་འགྱིང་བའི་གཟུགས༔ རང་བྱུང་ལྷན་སྐྱེས་སྦྱར་བའི་བཤོས༔ རོ་ལྡན་གཙང་མའི་ཞལ་ཟས་ཚོགས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ རོ་སྟོང་མཆོད་འབུལ་བཞེས་སུ་གསོལ༔ ཨོཾ་བཛྲ་ནེ་ཝི་དྱ་ཨཱཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ མཐིང་སྐྱ་སྒེག་ཅིང་


CMR007_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་བའི་གཟུགས༔ རྔ་དུང་དྲིལ་བུ་སིལ་སྙན་སོགས༔ འབྱུང་བའི་སྒྲ་སོགས་རོལ་མོ་རྣམས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ གྲག་སྟོང་མཆོད་འབུལ་བཞེས་སུ་གསོལ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ དེ་ནས་ནང་གི་མཆོད་འབུལ་ནི༔ ཧཱུྃ༔ ཡིད་འོང་གཟུགས་ཀྱི་ལྷ་མོ་ནི༔ དཀར་མོ་གར་བསྒྱུར་ལྡན་པ་མོ༔ སྣང་གསལ་དག་པའི་མེ་ལོང་བསྣམས༔ སྣང་སྲིད་གཟུགས་སུ་ཀུན་སྤྲུལ་ནས༔ གསང་འདུས་ཚེ་ཡི་ལྷ་ཚོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་རཱུ་པ་ཨཱཧཱུྃ༔ ཧཱུྃ་ཡིད་འོང་སྒྲ་ཡི་ལྷ་མོ་ནི༔ སེར་མོ་གར་བསྒྱུར་ལྡན་པ་མོ༔ སྒྲ་སྙན་དག་པའི་པི་ཝཾ་བསྣམས༔ སྣང་ཞིང་སྲིད་པའི་སྒྲ་རྣམས་ཀུན༔ གསང་འདུས་ཚེ་ཡི་ལྷ་ཚོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་ཤཔྟ་ཨཱཧཱུྃ༔ ཧཱུྃ༔ ཡིད་འོང་དྲི་ཡི་ལྷ་མོ་ནི༔ སྔོན་མོ་གར་བསྒྱུར་ལྡན་པ་མོ༔ ཡིད་འོང་དྲི་ཡི་སྤྲོས་ཁང་བསྣམས༔ སྣང་སྲིད་དྲི་ཡི་སྤོས་མཆོག་ཀུན༔ གསང་འདུས་ཚེ་ཡི་ལྷ་ཚོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཧཱུྃ༔ ཡིད་འོང་རོ་ཡི་ལྷ་མོ་ནི༔ དམར་མོ་གར་


CMR007_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ལྡན་པ་མོ༔ རོ་མཆོག་བརྒྱ་ལྡན་ཞལ་ཟས་ཀུན༔ སྣང་སྲིད་རོ་མཆོག་བཅུད་ལྡན་རྣམས༔ གསང་འདུས་ཚེ་ཡི་ལྷ་ཚོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་ནེ་ཝི་དྱ་ཨཱཿཧཱུྃ༔ ཧཱུྃ༔ ཡིད་འོང་རེག་བྱའི་ལྷ་མོ་ནི༔ ལྗང་གུ་གར་བསྒྱུར་ལྡན་པ་མོ༔ པཉྩ་ལི་ཀའི་ན་བཟའ་བསྣམས༔ སྣང་སྲིད་བདེ་བ་རེག་བྱའི་ཚོགས༔ གསང་འདུས་ཚེ་ཡི་ལྷ་ཚོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་སྤརེ་ཨཱཧཱུྃ༔ ཧཱུྃ༔ ཡིད་འོང་ཆོས་ཀྱི་ལྷ་མོ་ནི༔ མཐིང་མདོག་གར་བསྒྱུར་ལྡན་པ་མོ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཛིན༔ སྣང་སྲིད་ཐམས་ཅད་ཆོས་དབྱིངས་སྤྲུལ༔ གསང་འདུས་ཚེ་ཡི་ལྷ་ཚོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་དྷརྨཱ་ཨཱཧཱུྃ༔ གསུམ་པ་གསང་བའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གསང་མཆོག་སྐུ་ཡི་རིག་མ་ནི༔ དཀར་མོ་བདེ་བའི་མདངས་དང་ལྡན༔ རབ་མཛེས་མེ་ལོང་པདྨ་བསྣམས༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོཾ་བཛྲ་དརེ་ཨཱ༔ ཧཱུྃ༔ ཧཱུྃ༔ གསང་མཆོག་གསུང་གི་རིག་མ་ནི༔ དམར་མོ་བདེ་བའི་


CMR007_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ལྡན་མ༔ རྡོ་ཟླུམ་སྙན་པའི་སྒྲ་སྒྲོག་ཅིང་༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་དུ་བདེ་བས་མཉེས་གྱུར་ཅིག ཨོ་བཛྲ་མུ་ར་ཛེ་ཨཱཧཱུྃ༔ ཧཱུྃ༔ གསང་མཆོག་ཐུགས་ཀྱི་རིག་མ་ནི༔ མཐིང་ག་བདེ་བའི་མདངས་ལྡན་མ༔ སྙན་པའི་པི་ཝཾ་སྒྲ་སྒྲོག་ཅིང་༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོཾ་བཛྲ་ཝི་ནི་ཨཱཧཱུྃ༔ ཧཱུྃ༔ གསང་མཆོག་ཡོན་ཏན་རིག་མ་ནི༔ སེར་མོ་བདེ་བའི་མདངས་ལྡན་མ༔ གསུང་སྙན་གླིང་བུའི་སྒྲ་སྒྲོག་ཅིང་༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོཾ་བཛྲ་མེ་དྷི་ཀེ་ཨཱཧཱུྃ༔ ཧཱུྃ༔ གསང་མཆོག་ཕྲིན་ལས་རིག་མ་ནི༔ ལྗང་མོ་བདེ་བའི་མདངས་ལྡན་མ༔ སིལ་སྙན་དྲིལ་བུའི་སྒྲ་སྒྲོག་ཅིང་༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོ་ཧིམུ་གུ་ཏ་ཨཱཧཱུྃ༔ དེ་ནས་བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་


CMR007_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་མཆོག༔ ཨོཾ་ཨཱ༔ ཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ༔ ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ངོ་མཚར་རྨད་དུ་བྱུང་བའི་མཆོག༔ ཚེ་ཡི་རང་བཞིན་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དེ་བཞིན་དུ་མཚན་དོན་ལྷ་ཚོགས་ཐམས་ཅད་ལ་སྦྱར༔ དེ་ནས་གཏོར་མའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་བདེ་ཆེན་གཏོར་གཞོང་དུ༔ རང་བྱུང་འཁོར་འདས་གཏོར་མར་སྦྱར༔ མ་ལུས་འདུས་པའི་ཚོགས་ཆེན་པོ༔ ཚེ་ཡི་ལྷ་ཚོགས་བཞེས་སུ་གསོལ༔ མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་རཀྟའི་མཆོད་པ་ནི༔ ཧཱུྃ༔ རྒྱུ་དྲུག་རང་བཞིན་དབྱིངས་སུ་བསྒྲལ༔ འདོད་ཆགས་རཀྟའི་རྦ་ཀློང་འཁྲུག བློ་ངན་འཁོར་བའི་རྒྱུན་བཅད་ཕྱིར༔ རཀྟའི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ བདེ་ཆེན་འདུ་འབྲལ་མེད་པར་སྦྱོར༔ བདེ་བའི་རང་བཞིན་དགའ་བ་


CMR007_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ༔ ཚེ་ཡི་ལྷ་ཚོགས་མཉེས་གྱུར་ཅིག༔ ཛཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནི་མུ་དྲ་པྲ་ཝེ་ཕཊ༔ སརྦ་པུཙྪ་ཧོ༔ བསྒྲལ་བའི་མཆོད་པ་ནི༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ཕྲག་དོག་དུག་ལྔ་ནི༔ ཡེ་ཤེས་ལྔ་ཡི་ངོ་བོ་རུ༔ ཡེ་ནས་རོ་གཅིག་ཆོས་ཀྱི་སྐུ༔ རང་ངོ་རྟོགས་གྲོལ་རང་སར་བསྒྲལ༔ ཐམས་ཅད་ཡེ་རྫོགས་ཆེན་པོར་བཞེས༔ མ་ཏྲཾ་རུ་ཏྲ་པྲ་བན་ཙཀྲ་ཁ་རཾ་ཁཱ་ཧི༔ དེ་ནས་དེ་བཞིན་ཉིད་ཀྱི་མཆོད་པ་ནི༔ ཧཱུྃ༔ ཀ་དག་ཟང་ཐལ་ཆོས་ཀྱི་སྐུ༔ སྤྲོས་པ་མེད་པ་དབྱིངས་ཀྱི་ངང་༔ ནམ་མཁའ་ལ་ནི་ནམ་མཁའ་ཐིམ༔ ཡེ་མཆོད་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཤུ་ནྱ་ཏ་ཛྷཱ་ན་སརྦ་སྭ་བྷ་ཝ་ཨཏྨ་ཀོཉཧཾ་པུཙྪ་ཧོ༔ ཞེས་ཨ་རཱ་གས་བྲིས་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཆོད་ཕྲེང་རྒྱས་པ།next