Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
ཚེ་སྒྲུབ་མཆོད་ཕྲེང་འབྲིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་མཆོད་ཕྲེང་འབྲིང་པོ།next

ཚེ་སྒྲུབ་མཆོད་ཕྲེང་འབྲིང་པོ།


CMR007_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་མཆོད་ཕྲེང་འབྲིང་པོ་ལྟར་ནི༔ དང་པོ་གླུ་ཡི་མཆོད་པ་ནི༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་དབྱིངས་ཀྱི་གླུ༔ རྟོགས་བྲལ་འདུ་འབྲལ་མེད་པའི་ངང་༔ གླུ་ནི་ཐབས་ཤེས་དབྱེར་མེད་གླུ༔ བྲོ་ནི་བདེ་བ་ཆེན་པོར་བརྡུང་༔ ཤུ་མ་ཧཱ་ཛྷཱ་ན་ཏེ་ཏེ་ཧཾ༔ ཏེ་ན་ཧཱུྃ༔ དེ་ནས་ཕྱི་ཡི་མཆོད་པ་ནི༔ ཧཱུྃ༔ གསང་འདུས་ཚེ་ཡི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མཛེས་པའི་མེ་ཏོག་སྤྱན་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་ཐུགས་ལ་འབུལ༔ བདེ་བའི་དྲི་ཆབ་སྐུ་ལ་འབུལ༔ རོ་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྒྲ་སྙན་རོལ་མོ་སྙན་ལ་འབུལ༔ ཐུགས་རྗེའི་དབང་གིས་བཞེས་སུ་གསོལ༔ པུཥྤེ༴ དྷ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནི་ཝིདྱ༴ ཤབ་ཨཱཿཧཱུྃ༔ དེ་ནས་ནང་གི་མཆོད་པ་ནི༔ ཧཱུྃ༔ གསང་འདུས་ཚེ་ཡི་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་སྟེ༔ འདོད་པའི་ལོངས་སྤྱོད་སྤྲིན་ཚོགས་གཏིབས། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ཡི་མཆོད་ཚོགས་འབུལ༔ མ་ཧཱ་པཉྩཔཱ་ཛ་ཧོ༔ དེ་ནས་གསང་བའི་མཆོད་པ་ནི༔ ཧྲཱིཿ ཐབས་ཤེས་གཉིས་སུ་མེད་པ་ལས༔ བདེ་


previousཚེ་སྒྲུབ་མཆོད་ཕྲེང་འབྲིང་པོ།next