Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
བདག་འཇུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདག་འཇུགnext

བདག་འཇུག


CMR007_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་ལེན་པ་ནི། མོས་པ་རྩེ་གཅིག་ཏུ་ཐལ་མོ་སྦྱར་ཏེ། ཀྱེ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག །ཨོ་རྒྱན་མགོན་པོ་རིག་འཛིན་ཚེ་དཔག་མེད། །བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ། །འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་ལན་གསུམ་གསོལ་བ་བཏབ་པས། ཧྲཱི༔ ཚེ་ཡི་ལྷ་མོ་རྣམས་ཀྱི་བུམ་པ་ནས། །བཅུད་རྣམས་དལ་གྱིས་བུམ་པར་སིབ་ཀྱིས་བླུགས། །ཆིལ་གྱིས་བཀང་ནས་རྣལ་འབྱོར་བདག་ཅག་ལ། །སྔགས་སྒྲ་དིར་དིར་དབང་བསྐུར་ཚངས་བུག་ནས། །བདུད་རྩི་བབས་པས་རང་ལུས་ལྟེམ་མེར་གང་། །བུམ་པའི་མཆུ་ནས་དཀར་ན་ར་ར་བབས་པར་བསམ། ཚེ་དཔག་མེད་ཀྱི་མཉམ་བཞག་བུམ་པ་ནས་འཆི་མེད་ཡེ་ཤེས་བདུད་རྩི་བབས་པ་དང་། །ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས། །བྱང་སེམས་དཀར་དམར་རང་གི་ཚངས་བུག་བབས། །གསང་གནས་ཡན་ཆད་རྐྱལ་པ་ཞོས་བཀང་ལྟར། །གང་ནས་ལུས་ལ་བཀྲག་མདངས་གཟི་བརྗིད་འབར། །སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བུདྡྷ་ཀཱ་ཡ་བྷི་ཥིཉྩ་ཨཱ། ཨཱ༔ པདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་བཛྲ་ཀཱ་ཡ་


CMR007_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥིཉྩ་ཧཱུྃ། སྭ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཿ ཧ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ། སྐབས་འདིར་ཏིང་ངེ་འཛིན་གྱི་དབང་བླང་ཟེར་བའི་དོན་ནོ། །དེ་ལྟར་ཆེ་བསྐུལ་བཀུག་སྐལ་ལྡན་གྱི་ལུས་ལ་བསྟིམ་ཚར་ནས། ད་ནི་ཚེ་སྦ་བ་ནི། དེ་ལྟར་ཚེ་དབང་བསྐུར་བས་ལུས་ཀྱི་ནང་། །བདུད་རྩི་འོ་མ་ལྟ་བུའི་བཅུད་རྣམས་ཀྱིས། །གང་བའི་དྭངས་མ་དྭངས་མའི་ཡང་སྙིང་ཀུན། །སྙིང་གའི་ཉི་ཟླའི་གའུ་ཁ་བྱེ་ནས་་་ཅུང་ཟད། །ཡེ་ཤེས་རླུང་བྱུང་འུབ་འུབ་བསྡུས་ནས་ཀྱང་། །རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར། །གཱའུ་ནང་གི་ཡིག་འབྲུ་་་ཨནཱིཧཱུཾ། གསུམ་ལ་ཐིམ། །བཀྲག་མདངས་འོད་ཟེར་གཟི་བརྗིད་འབར་བར་གྱུར། །གུའུ་ཁ་བསྒྲིགས་འོག་གི་རྡོ་རྗེ་ཡི། །རྭ་བཞིས་བསྣོལ་མར་རྒྱས་བཏབ་དེ་སྟེང་དུ། །ཚེ་དཔག་ཡེ་ཤེས་སེམས་དཔའ་ཚོན་གང་བ། །འགྱུར་མེད་ཚེ་ཡི་རྟེན་དུ་བཞུགས་པར་གྱུར། །ཧཱུྃ་ནམ་མཁའི་དབྱིངས་སོགས། ཧཱུྃ་ཏྲ་ཏྲ་ཤག །མུ་ཏྲ་ཧོ། ཏིཥྛ་ལྷན། བརྒྱ་སྟོང་ཅི་མང་བཟླ། ལོ་བརྒྱའི་བར་དུ་འཆི་མེད་ཀྱི་རིག་འཛིན་ཐོབ་པར་བསམ། ཞེས་པ་ཀརྨ་ཨ་རཱ་གས་ཚེ་སྒྲུབ་ལས་བྱང་ནང་དུ་དམིགས་རིམ་ཚིགས་བཅད་དུ་བྲིས་ནས་སེར་གྱིས་མནན་ནས་འདུག་པ་རྣམས་ཕྱོགས་གཅིག་ཏུ་བྲིས་པ་ལགས། །


previousབདག་འཇུགnext