Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
ལས་བྱང་ཁ་སབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་བྱང་ཁ་སབ།next

ལས་བྱང་ཁ་སབ།


CMR007_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཡབ་དང་གཉིས་མེད་སྦྱོར། །ཚེ་དང་དཔལ་གྱི་འཕྲོ་འདུ་གསལ། །སྙིང་ཁར་སྣ་ཚོགས་རྡོ་རྗེ་ཡི། །ལྟེ་བའི་སྟེང་དུ་ཉི་ཟླ་གཉིས། །ཁ་སྦྱོར་ནང་དུ་ཧྲཱིཿདམར་པོ། །དབུས་སུ་ཨ་ནཱི་ཧཱུྃ་གསུམ་གསལ། །སྤྱི་བོར་པད་དཀར་སྟོང་ལྡན་དབུས། །ཨོ་རྒྱན་ཚེ་དཔག་སྐུ་མདོག་དམར། །འོད་དང་འོད་ཟེར་ངོ་བོར་གནས། །ལོངས་སྐུའི་རྒྱན་རྫོགས་རིན་ཆེན་བརྒྱན། །མཉམ་གཞག་འཆི་མེད་ཚེ་བུམ་འཛིན། །དར་ཚོན་སྣ་ལྔའི་སྟོད་གཡོགས་དང་། །དམར་པོའི་ཤམ་ཐབས་བྱས་པའོ། །དེ་ཡི་པང་ཡུམ་རིག་མ་ནི། །གསང་བ་ཡེ་ཤེས་སྐུ་མདོག་དམར། །གཅེར་བུ་རུས་རྒྱུན་པད་འཕྲེང་བརྒྱན། །ཕྱག་གཡས་པད་ཕྲེང་ཡབ་མགུལ་འཁྱུད། །གཡོན་པས་ཚེ་ཡི་བུམ་པ་ནི། །ཡབ་ཀྱི་སྙན་གྱི་ཐད་དུ་འཛིན། །ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ། །སྙོམས་འཇུག་མཛད་པའི་ཚུལ་དུ་གནས། །དབུ་སྐྲ་དམར་སེར་འཁྱིལ་ཞིང་འཕྱང་། །ཤར་དུ་ལཱ་སྱ་དཀར་མོ་ལ། །སོགས་ནས། བདག་ཅག་ཚེ་སྲོག་བརྟན་པར་མཛོད། །ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །ཕྱོགས་བཅུའི་རྒྱལ་བ་དཔག་མེད་


CMR007_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཚེ་དཔག་མེད་ཀྱི་ངོ་བོར་བྱོན། །བདག་དང་ཚེ་བུམ་རྣམས་ལ་ཐིམ། །གཞན་ཡང་ལྷ་དང་དྲང་སྲོང་དང་། །འཁོར་ལོས་སྒྱུར་རྒྱལ་ལ་སོགས་པའི། །ཚེ་བསོད་དཔལ་དང་བཀྲག་མདངས་དང་། །གཟི་བརྗིད་མ་ལུས་ཀུན་བསྡུས་ནས། །བདག་དང་ཚེ་བུམ་རྣམས་ལ་ཐིམ། །འབྱུང་བའི་བཅུད་བསྡུས་དེ་ལྟར་ཐིམ། །ལྷ་ཀླུ་མི་གསུམ་འཁོར་བཅས་དང་། །རང་གི་བླ་ཚེ་ཡར་ཁྱེར་རྣམས། །ཨ་ནི་ཧཱུཾ་གསུམ་རྣམ་པར་བསྡུས། །འཆི་མེད་ཡེ་ཤེས་བདུད་རྩིར་གྱུར། །བུམ་པའི་ནང་དུ་ཆི་ལི་ལི། །འཁོར་བར་དམིགས་ཤིང་སྔགས་འདི་བཟླ། །ༀ་གུ་རུ་ཨཱ་ཡུ༔ སིདྡྷི་ཧཱུྃ་ཧི༔ ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བཟླའོ། །ཚེ་འགུགས་སྨད་དུ། རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཞེས་པའི་མཚམས་སུ། །ཀྱི། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག །ཨོ་རྒྱན་མགོན་པོ་རིག་འཛིན་ཚེ་དཔག་མེད། །བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །གསོལ་འདེབས་ལན་གསུམ་བྱ། ཚེ་ཡི་ལྷ་ཚོགས་རྣམས་ཀྱི་བུམ་པ་ནས། །བཅུད་རྣམས་དལ་གྱིས་བུམ་པར་


CMR007_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སིབ་སིབ་བླུགས། །ཆིལ་གྱིས་གང་ནས་རྣལ་འབྱོར་བདག་ཅག་ལ། །སྔགས་སྒྲ་དིར་དིར་དབང་བསྐུར་ཚངས་བུག་ནས། །བདུད་རྩི་བླུགས་པས་རང་ལུས་ལྟེམས་སེ་གང་། །ཚེ་དཔག་མེད་པའི་མཉམ་བཞག་བུམ་པ་ནས། །འཆི་མེད་ཡེ་ཤེས་བདུད་རྩི་བབ་པ་དང་། །ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས། །བྱང་སེམས་དཀར་དམར་རང་གི་ཚགས་བུག་བབ། །གསང་གནས་ཡན་ཆད་རྐྱལ་པ་ཞོས་བཀང་ལྟར། །གང་ནས་ལུས་ལ་བཀྲག་མདངས་གཟི་བརྗིད་འབར། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བུདྡྷཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ་ཧཱུྃ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ སཱ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ ཨཱཔདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧྭ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་ཚེ་དབང་བསྐུར་བས་ལུས་ཀྱི་ནང་། །བདུད་རྩི་འོ་མ་ལྟ་བུའི་བཅུད་རྣམས་ཀྱིས། །གང་བའི་དྭངས་མ་དྭངས་མའི་ཡང་སྙིང་ཀུན། །སྙིང་ཁའི་ཉི་ཟླའི་གའུ་ཁ་བྱེ་སྟེ། །ཡེ་ཤེས་རླུང་བྱུང་འུབ་འུབ་བསྡུས་ནས་ཀྱང་། །གའུ་ནང་གི་ཡིག་འབྲུ་རྣམས་ལ་བསྟིམས། །བཀྲག་མདངས་འོད་ཟེར་གཟི་བརྗིད་འབར་བར་གྱུར། །གུའུ་ཁ་བསྒྲིགས་འོག་གི་རྡོ་རྗེ་


CMR007_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ར་བཞི་བསྣོལ་མས་རྒྱས་གདབ་དེའི་སྟེང་དུ། །ཚེ་དཔག་ཡེ་ཤེས་སེམས་དཔའ་ཚོན་གང་བ། །འགྱུར་མེད་ཚེ་ཡི་རྟེན་དུ་བཞུགས་པར་གྱུར། །ཨོཾ་ཏཱ་ཏྲ་ཤག མུ་ཏྲ་ཧོ༔ ཏིཥྛ་ལྷན། །ཨ་རཱ་གས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལས་བྱང་ཁ་སབ།next