Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
ཚེ་སྒྲུབ་གསང་བ་འདུས་པའི་ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པའི་ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་།next

ཚེ་སྒྲུབ་གསང་བ་འདུས་པའི་ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་།


CMR007_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པའི་ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །


CMR007_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱ་ཡུཛྙཱ་ན་ཡེ། །གསང་བ་འདུས་པའི་ཚོགས་མཆོད་བྱ་བར་འདོད་ན། །ཅི་འབྱོར་ཚོགས་བཤམས་ཚེ་ཆོག་གཞུང་བསྲང་ལ། །དེ་ནས་གྱེར་སྒོམ་སྦྲག་ལ་འདི་སྐད་དོ།། དྷཱི༔ བདག་ཉིད་ཚེ་དཔག་མེད་མགོན་གྱི། །ཐུགས་ལས་ཡིག་འབྲུ་རིམ་བཞིན་འཕྲོས། །རཾ་ཡིག་ལས་མེ་བྱུང་དངོས་འཛིན་བསྲེག །ཡཾ་ཡིག་ལས་རླུང་བྱུང་བག་ཆགས་གཏོར། །ཁཾ་ཡིག་ལས་ཆུ་བྱུང་གཉིས་འཛིན་བཀྲུས། །ཨོ་ཡིག་གིས་རྣམ་པར་རྟོག་པ་སྦྱངས། །ཨཱཡིག་གིས་དྲི་མེད་བདུད་རྩིར་བསྒྱུར། །ཧཱུྃ་ཡིག་གིས་སྣང་སྲིད་མཆོད་པས་བསྐང་། །ཧྲཱིཿཡིག་གིས་མཆོད་ལྷ་དཔག་མེད་


CMR007_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ། །རཾ་ཡཾ་ཁཾ་ཨོཾ་ཨཱཧཱུཾ། ཧྲཱིཿ དཔལ་ཀུན་ཏུ་བཟང་མོའི་ཡུམ་གྱི་ཀློང་། །དོན་ཅིར་ཡང་འཆར་བ་སྒྱུ་མའི་འཕྲུལ། །སྣོད་མཚན་ལྡན་གྱི་རྡོ་རྗེཀ་པཱ་ལ། །ཚད་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ། །བཅུད་ཟག་མེད་ལོངས་སྤྱོད་ཟད་མི་ཤེས། །ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས། །དོན་འགྱུར་མེད་བདེ་ཆེན་བསྐྱེད་པར་གྱུར། །ཧ་ཧོ་ཧྲཱིཿ དཔལ་སྐྱབས་གསུམ་ཀུན་འདུས་པདྨ་འབྱུང་། །དགའ་རབ་དང་ཤྲཱི་སེང་ཧཱུྃ་ཀཱ་ར། །བི་མ་ལ་ནམ་སྙིང་རཏྣ་གླིང་། །འཁོར་ཚེ་ཡི་རིག་འཛིན་ཉི་ལི་ལི། །སྐུ་མཛེས་པའི་རྒྱན་ཆ་ཁྲོ་ལོ་ལོ། །གསུང་འཛབ་


CMR007_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་འབྲུག་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་བྲོ་གར་ལིངས་སེ་ལིང་། །ཁྱེད་འདིར་གཤེགས་དམ་རྫས་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་མཆོད་པ་དགྱེས་པར་རོལ། །དོན་ཚེ་ཡི་དངོས་གྲུབ་གནང་ནས་ཀྱང་། །རྗེ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །དཔལ་ཚེ་དཔག་མེད་མགོན་ཡུམ་དང་བཅས། །རིགས་བཞིའི་ཚེ་བདག་ཡུམ་དང་བཅས་། །ལཱ་སྱ་སོགས་ཀྱི་སྒོ་མ་བཞི། །མགྱོགས་མ་དང་སྒོ་མ་ཆེན་མོ་བཞི། །འཁོར་རྒྱུད་སྡེའི་ལྷ་ཚོགས་ཉི་ལི་ལི། །སྐུ་མཛེས་པའི་རྒྱན་ཆ་ཁྲོ་ལོ་ལོ། །གསུང་འཛབ་དབྱངས་འབྲུག་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་བྲོ་གར་ལིངས་སེ་ལིང་། །ཁྱེད་འདིར་གཤེགས་དམ་རྫས་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་མཆོད་པ་དགྱེས་པར་རོལ། །དོན་ཚེ་ཡི་དངོས་གྲུབ་གནང་ནས་ཀྱང་། །ལྷ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །མ་གསང་བ་ཡེ་ཤེས་མནྡཱ་ར། །བདེ་ཆེན་རྒྱ་མཚོ་དང་ཞི་བ་འཚོ། །དབྱིངས་ཕྱུག་རྒྱ་མཚོ་དང་བདེ་ལྡན་མ། །མཚོ་རྒྱལ་དང་ཤེལ་དཀར་རྡོ་རྗེ་མཚོ། །འཁོར་གནས་གསུམ་མཁའ་འགྲོ་ཉི་ལི་ལི། །སྐུ་མཛེས་པའི་རྒྱན་ཆ་ཁྲོ་ལོ་ལོ། །གསུང་འཛབ་དབྱངས་འབྲུག་སྒྲ་འུ་


CMR007_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རུ། །ཐུགས་དགྱེས་པའི་བྲོ་གར་ལིངས་སེ་ལིང་། །ཁྱེད་འདིར་གཤེགས་དམ་རྫས་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་མཆོད་པ་དགྱེས་པར་རོལ། །དོན་ཚེ་ཡི་དངོས་གྲུབ་གནང་ནས་ཀྱང་། །ཡུམ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །མགོན་མ་ནིང་སྲོག་བདག་དཔལ་འབར་མ། །དཔལ་སེང་གདོང་ཡབ་ཡུམ་རྣམ་ཐོས་སྲས། །སྔགས་སྲུང་མ་རྡོར་ལེགས་སྨྱོ་ཁ་བ། །གཏེར་སྲུང་མ་མཁའ་རི་མིང་དང་སྲིང་། །འཁོར་དམ་ཅན་རྒྱ་མཚོ་ཉི་ལི་ལི། །སྐུ་མཛེས་པའི་རྒྱན་ཆ་ཁྲོ་ལོ་ལོ། །གསུང་འཛབ་དབྱངས་འབྲུག་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་བྲོ་གར་ལིངས་སེ་ལིང་། །ཁྱེད་འདིར་གཤེགས་དམ་རྫས་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་མཆོད་པ་དགྱེས་པར་རོལ། །དོན་ཆེ་ཡི་དངོས་གྲུབ་གནང་ནས་ཀྱང་། །མགོན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །རྗེ་སྣང་སྲིད་ཀུན་ལ་དབང་བསྒྱུར་མཁན། །སྐུ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་། །དཔལ་ཨོ་རྒྱན་རིག་འཛིན་ཚེ་དཔག་མེད། །ཚེ་དབང་གི་རིག་འཛིན་རྒྱ་མཚོ་ལ། །མི་བདག་གི་ལུས་དང་ལོངས་སྤྱོད་བཅས། །བླ་མེད་ཀྱི་ཚོགས་འཁོར་མཆོད་པའི་


CMR007_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན། །འཛད་མེད་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད། །ཟག་མེད་ཀྱི་བདུད་རྩིར་བསྒྱུར་ཏེ་འབུལ། །ཚེ་བསོད་ཀྱི་དཀྱིལ་འཁོར་རབ་རྒྱས་ཤིང་། །བར་ཆད་ཀྱི་རྐྱེན་ལས་རབ་གྲོལ་ནས། །ལུས་འཆི་མེད་ཚེ་ཡི་རིག་འཛིན་མཆོག །དུས་ད་ལྟ་ཉིད་ནས་བསྩལ་བར་ཞུ། །གཞི་གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །ལམ་ཐུགས་བསྐྱེད་སྨོན་ལམ་རླབས་ཆེན་མཐུས། །དུས་ད་ལྟ་རིག་འཛིན་ཚེ་ཡི་ལྷ། །ཐེག་དགུ་ཡི་ལྷ་ཚོགས་རྒྱ་མཚོ་ལ། །མི་བདག་གི་ལུས་དང་ལོངས་སྤྱོད་བཅས། །བླ་མེད་ཀྱི་ཚོགས་འཁོར་མཆོད་པའི་སྤྲིན། །འཛད་མེད་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད། །ཟག་མེད་ཀྱི་བདུད་རྩིར་བསྒྱུར་ཏེ་འབུལ། །ཚེ་བསོད་ཀྱི་དཀྱིལ་འཁོར་རབ་རྒྱས་ཤིང་། །བར་ཆད་ཀྱི་རྐྱེན་ལས་རབ་གྲོལ་ནས། །ལུས་འཆི་མེད་ཚེ་ཡི་རིག་འཛིན་མཆོག །དུས་ད་ལྟ་ཉིད་ནས་བསྩལ་བར་ཞུ། །དཔལ་འཕགས་བཞི་སྐྱེད་བྱེད་རྒྱལ་བའི་ཡུམ། །གོས་དཀར་མོ་ལོངས་སྐུ་ཡུམ་ཆེན་ལྔ། །དེའི་སྤྲུལ་སྐུ་ཡུམ་མཆོག་མནྡཱ་ར། །ཚེ་དབང་གི་མཁའ་འགྲོ་རྒྱ་མཚོ་ལ། །མི་བདག་གི་ལུས་དང་ལོངས་སྤྱོད་བཅས། །བླ་མེད་ཀྱི་ཚོགས་འཁོར་མཆོད་པའི་སྤྲིན། །


CMR007_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་མེད་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད། །ཟག་མེད་ཀྱི་བདུད་རྩིར་བསྒྱུར་ཏེ་འབུལ། །ཚེ་བསོད་ཀྱི་དཀྱིལ་འཁོར་རབ་རྒྱས་ཤིང་། །བར་ཆད་ཀྱི་རྐྱེན་ལས་རབ་གྲོལ་ནས། །ལུས་འཆི་མེད་ཚེ་ཡི་རིག་འཛིན་མཆོག །དུས་ད་ལྟ་ཉིད་ནས་བསྩལ་བར་ཞུ། །ཡེ་ཤེས་དང་ལས་ལས་གྲུབ་པ་ཡི། །རིག་འཛིན་གྱི་རྒྱལ་བས་བཀའ་བསྒོས་བཞིན། །རང་ཉིད་ཀྱིས་ཁས་བླངས་དམ་བཅས་པའི། །གསང་འདུས་ཀྱི་བཀའ་སྲུང་དམ་ཚིག་ཅན། །ཆོས་སྐྱོང་བའི་སྲུང་མ་དམ་ཅན་རྣམས། །མི་བདག་གི་ལུས་དང་ལོངས་སྤྱོད་བཅས། །བླ་མེད་ཀྱི་ཚོགས་འཁོར་མཆོད་པའི་སྤྲིན། །འཛད་མེད་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད། །ཟག་མེད་ཀྱི་བདུད་རྩིར་བསྒྱུར་ཏེ་འབུལ། །ཚེ་བསོད་ཀྱི་དཀྱིལ་འཁོར་རབ་རྒྱས་ཤིང་། །བར་ཆད་ཀྱི་རྐྱེན་ལས་རབ་གྲོལ་ནས། །ལུས་འཆི་མེད་ཚེ་ཡི་རིག་འཛིན་མཆོག །དུས་ད་ལྟ་ཉིད་ནས་བསྩལ་བར་ཞུ། །དེ་ནས་ཚོགས་ཕུད་འབུལ་བ་ནི། རྗེ་ཨོ་རྒྱན་གུ་རུ་རིག་འཛིན་མཆོག །དཔལ་གསང་འདུས་ཚེ་ཡི་ལྷ་ཚོགས་རྣམས། །ཞལ་ཟས་ཀྱི་ཚོགས་ཕུད་ཡར་བཞེས་ལ། །འཆི་མེད་ཀྱི་དངོས་གྲུབ་དུས་འདིར་


CMR007_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ཨོཾ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུཾ་ཧྲཱིཿ་ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཨི་དམ་བྷ་ལི་ཏ་ག་ཎ་ཙཀྲ་ཁཱ་ཧི་ཁཱ་ཧི།་བར་པ་བསྐང་བཤགས་ནི། བསྐང་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར། ཨོཾ་བཛྲ་སྤ་ར་ཎ་ཁཾ། ཧྲཱིཿ བདེ་ཆེན་དབྱིངས་བཞུགས་རིགས་ཀྱི་བདག །གསང་འདུས་ཡབ་ཡུམ་ཐུགས་དམ་བསྐང་། །ཕུང་པོ་ལྔ་པོ་གནས་དག་པའི། །ཚེ་བདག་རིགས་ལྔའི་ཐུགས་དམ་བསྐང་། །འབྱུང་བ་ལྔ་པོ་གནས་དག་པའི། །ཚེ་བདག་ཡུམ་ལྔའི་ཐུགས་དམ་བསྐང་། །ཕྱོགས་བཞིའི་ཕྱོགས་ནས་ཚེ་འགུགས་པའི། །ལྷ་མོ་བཞི་ཡི་ཐུགས་དམ་བསྐང་། །རིགས་བཞིའི་ཚེ་རྣམས་འགུགས་བྱེད་མ། །མགྱོགས་མ་བཞི་ཡི་ཐུགས་དམ་བསྐང་། །གདོན་ཆེན་བཞིའི་ལག་ནས་ཚེ་འགུགས་མ། །སྒོ་མ་བཞིའི་ཐུགས་དམ་བསྐང་། །མ་ར་ཏི་ཀར་འཆི་མེད་གྲུབ། །པད་འབྱུང་ཡབ་ཡུམ་ཐུགས་དམ་བསྐང་། །དོན་ཏིག་འགྲམ་དུ་འཆི་མེད་གྲུབ། །དགའ་རབ་ཡབ་ཡུམ་ཐུགས་དམ་བསྐང་། །སོ་ས་གླིང་དུ་འཆི་མེད་གྲུབ། །ཤཱི་སེང་ཡབ་ཡུམ་ཐུགས་དམ་བསྐང་། །བྱ་ཁྱུང་ཕུག་ཏུ་འཆི་མེད་གྲུབ། །ཧཱུཾ་ཀར་ཡབ་ཡུམ་ཐུགས་དམ་བསྐང་། །


CMR007_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་གཏེར་དུ་འཆི་མེད་གྲུབ། །བི་མ་ཡབ་ཡུམ་ཐུགས་དམ་བསྐང་། །མཁར་ཆུའི་གནས་སུ་འཆི་མེད་གྲུབ། །ནམ་སྙིང་ཡབ་ཡུམ་ཐུགས་དམ་བསྐང་། །ཚེ་ལ་དབང་ཐོབ་སྒྲེས་རྒུད་བྲལ། །མཁར་ཆེན་བཟའ་ཡི་ཐུགས་དམ་བསྐང་། །དུས་མིན་འཆི་བཟློག་ཚེ་མཐར་ཕྱིན། །རཏྣ་གླིང་པའི་ཐུགས་དམ་བསྐང་། །བརྒྱ་དང་བཅུ་བཞུགས་བསྟན་པ་སྐྱོང་། །ཚེ་དབང་གྲགས་པའི་ཐུགས་དམ་བསྐང་། །སྨིན་གྲོལ་གདམས་པས་འགྲོ་བ་འདྲེན། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཨོ་རྒྱན་བཀའ་ཡི་བྱ་ར་བ།་།མ་ནིང་ལྕམ་དྲལ་ཐུགས་དམ་བསྐང་། །སྒྲུབ་ལ་དངོས་གྲུབ་སྟེར་བའི་མགོན། །རྒྱལ་ཆེན་རྣམ་སྲས་ཐུགས་དམ་བསྐང་། །གནས་ཆེན་གནས་ཕྲན་ཀུན་གྱི་བདག ། ཞིང་སྐྱོང་ཡབ་ཡུམ་ཐུགས་དམ་བསྐང་། །གསང་འདུས་བརྒྱུད་པའི་སྲུང་མ་སྟེ། །ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་། །ཁྱད་པར་བཀའ་ཡི་སྲུང་མ་སྟེ། །རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་། །སྒྲུབ་པའི་སྟོངས་གྲོགས་མཛད་པ་ཡི། །དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་། །ཟབ་གཏེར་བཀའ་ཡི་སོ་པ་སྟེ། །མཁའ་རི་ལྕམ་དྲལ་ཐུགས་དམ་བསྐང་། །


CMR007_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི། །བྷ་ལིང་གཏོར་མས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །རཀྟ་དམར་གྱིས་ཐུགས་དམ་བསྐང་། །ཛ་གད་ཚོགས་ཀྱིས་ཐུགས་དམ་བསྐང་། །ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་། །ཕྱི་མཆོད་ལྔ་ཡིས་ཐུགས་དམ་བསྐང་། །འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་། །རིག་མ་ལྔ་ཡིས་ཐུགས་དམ་བསྐང་། །ལྟ་སྤྱོད་དག་པས་ཐུགས་དམ་བསྐང་། །སྙིང་པོ་འཛབ་ཀྱིས་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །དུས་དང་དུས་མིན་འཆི་བ་ཟློག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཤགས་པ་བྱ་བ་ནི། ཐོག་མེད་དུས་ནས་ད་ལྟའི་བར། །སྲོག་བཅད་ཁ་ཟས་འཕྲོག་པ་དང་། །དམ་ཚིག་སེལ་དང་ཉམས་ཆག་སོགས། །ཚེ་ཐུང་བསད་པའི་ལས་སྒྲིབ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་ནི། །ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། ཨོཾ་གུ་རུ་ཨཱ་ཡུསིདྡྷི་ཧཱུཾ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་


CMR007_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ། སོགས། སཏྭ་ཨཱཿ དེ་ནས་བསྒྲལ་བ་ནི། ཧཱུྃ། གསང་འདུས་བཀའ་སྲུང་ཕོ་ཉའི་ཚོགས། །ཚེ་སྲོག་ལ་གནོད་དགྲ་དང་བགེགས། །ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ། །རྣམ་ཤེས་བདེ་ཆེན་ཞིང་དུ་སྤོར། །ཤ་ཁྲག་ཕུང་པོ་ཚོགས་སུ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། སརྦ་དྷརྨ་པཱ་ལ་དགྲ་བགེགས་རྨི་ཏྲི་ཤ་ཧཱུཾ་མཱ་ར་ཡ་ཁཱ་ཧི༔ ཚོགས་དྲངས་ཏེ་རོལ། ཧཱུྃ༔ སྣང་སྲིད་སྔགས་ཀྱི་རོལ་པ་ལ། །མ་དག་རྟོག་པ་མི་དམིགས་པས། །གཞི་གདོད་ནས་རྣམ་དག་གི་མཆོད་པ་ཆེར། །ཁྱོད་རོལ་ཅིག་གྷ་ཎ་ཙཀྲ་ཧོ༔ ཞེས་དྲངས། ཧྲཱི༔ མི་བདག་ལུས་གསང་འདུས་ཚེ་ཡི་བདག །སྐུ་གནས་ལྔར་ཚེ་བདག་ཡབ་ཡུམ་ལྔ། །རྩ་འཁོར་ལོ་འཁོར་ཕྲན་ཌཱ་ཀིས་གཏམས། །གནས་ལྟེ་བའི་མེ་ཉིད་རང་བྱུང་མེ། །ཁ་དབང་གི་ཐབ་ཁུང་ལྕེ་ནི་མེ། །ལག་དགང་གཟར་སྦྱར་བས་བཟའ་བཏུང་རྣམས། །དཔལ་གསང་འདུས་ལྷ་ལ་སྲེག་བླུགས་འབུལ། །དོན་ཚོགས་རྫོགས་འཆི་མེད་འགྲུབ་པར་ཤོག །ཨོཾ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ། ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་ཚིམ་པར་རོལ་ཏེ་ལྷག་མ་བཤམས། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཧཱུྃ༔ གསང་བ་ཡེ་ཤེས་


CMR007_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཌཀྐིའི་འཁོར། །གནས་ཉེར་བཞིའི་ཕོ་ཉ་འཇིགས་ཆེན་པོ། །སྔོན་ལས་ལ་གྲུབ་པའི་ཤ་ཟ་མོ། །སྐུ་དཀར་སེར་དམར་ལྗང་སྔོ་དང་ཁྲ། །ལུས་མེ་འབར་གློག་འོད་ཁྱུགས་སེ་ཁྱུག །ངག་བརྡ་སྐད་བཤུག་གླུ་དི་རི་རི། །ཡིད་གསང་སྔགས་བསྟན་ལ་དུངས་སེ་དུང་། །ལས་ཁམས་གསུམ་ཉུལ་མ་ཤ་ར་ར། །མཐོ་དགུང་སྔོན་དབྱིངས་ནས་བྱ་ར་བྱེད། །མི་བསྟན་དགྲའི་སྟེང་དུ་ཐོག་ལྟར་འབེབས། །བར་དུར་ཁྲོད་གཉན་ས་ཀུན་ཏུ་རྒྱུག །སྡང་དགྲ་བོ་བསྒྲལ་ཕྱིར་ཚོགས་ལ་རོལ། །འོག་རྒྱ་མཚོའི་ཀློང་ནས་གྱེན་དུ་འཕྱུར། །དམ་ཉམས་པ་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བཞི་བརྒྱ་རྩ་བཞི་ཀུན་གྱི་བདག །གདོན་སྟོང་ཕྲག་བརྒྱད་ཅུས་འཁོར་དུ་བསྐོར། །ཕོ་འཕྱོར་པོ་ཀུན་གྱི་བླ་ཡིད་ཁྱེར། །མོ་འཕྱོར་མོ་ཀུན་གྱི་བཀྲག་མདངས་ལེན། །སྒོམ་ཉམས་ལེན་མཁན་གྱི་དྲོད་ཚད་ཉུལ། །གནས་སྔགས་འཆང་ཀུན་གྱི་ཚོགས་ཁང་འགྲིམ། །ཟས་ཤ་ཁྲག་དྲི་ཚོར་བཟོད་བླག་མེད། །ཁྱེད་སྲིང་རྣམས་དགྱེས་པའི་ལྷག་གཏོར་འབུལ། །མི་བདག་གི་དུས་མིན་འཆི་བ་ཟློག །རྐྱེན་དལ་ཁ་རིམས་ཁ་དགྲ་ལ་སྒྱུར། །ཨོཾ་ཨུཙྪིཥྛ་བྷ་ལི་ཏ་བྷཀྵ་སྭཱ་ཧཱ། ཞེས་ལྷག་གཏོར་


CMR007_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ། དམར་གཏོར་ལ་ཚེ་ཡི་བར་ཆད་ཐམས་ཅད་བཀུག་གཞུག་བྱས་ལ་བདུད་རྩིར་བསམ། ཐོག་མ་བར་དང་ཐ་མའི་བསྐལ་པ་ལ། །བདེ་ཆེན་ཞིང་དང་འཕགས་ཡུལ་གངས་ཅན་དུ། །སྣང་བ་མཐའ་ཡས་པདྨ་འབྱུང་གནས་ཀྱི། །རྒྱུད་སྲུང་རིག་འཛིན་སྒྲུབ་དང་གཏེར་སྦས་ཚེ། །ཌཀྐི་ཆོས་སྐྱོང་དམ་ཅན་ཐམས་ཅད་ཀྱིས། །སྲོག་སྙིང་ཕུལ་ནས་བཀའ་བསྒོས་དམ་བཞག་ཚེ། །སྒྲུབ་པའི་བར་ཆད་སེལ་བར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ། །རྐྱེན་ངན་བར་ཆད་སེལ་བར་མ་ཆད་དམ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཁྱད་པར་གསང་འདུས་བཀའ་ཡི་སྲུང་མ་སྟེ། །ཨེ་ཀ་ཙ་ཊི་རྡོར་ལེགས་སྨྱོ་ཁ་དང་། །མཁའ་རི་ལྕམ་དྲལ་འཁོར་དང་བཅས་པ་རྣམས། །འདིར་གཤེགས་དམ་རྫས་བཀའ་ཡི་གཏོར་མ་བཞེས། །བདག་ནི་གསང་འདུས་སྒྲུབ་པའི་དམ་ཚིག་ཅན། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་བསམ་པ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་


CMR007_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད། །ཅེས་ཕུལ་ནས་གཏོར་སྣོད་བདུད་རྩིས་བཤལ་ལ་བྲན་ནས། ཧྲཱི༔ ཚེ་དབང་རིག་འཛིན་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས། །མཚར་སྡུག་ཡིད་འཕྲོག་རྒྱན་དང་ན་བཟའ་ཅན། །རེ་རེའི་འཁོར་ཚོགས་འབུམ་ཕྲག་དུ་མར་བཅས། །བོད་ཡུལ་མཐའ་དབུས་ཀུན་ལ་བཞུགས་པ་རྣམས། །འདིར་གཤེགས་དམ་རྫས་བཤལ་ཆུའི་མཆོད་པ་བཞེས། །དུས་མིན་འཆི་བའི་རྐྱེན་རྣམས་བཟློག་པ་དང་། །བསམ་པ་བསྒྲུབས་ལ་རེ་བ་ཐམས་ཅད་སྐོངས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་མ་ཧྲིང་ཧྲིང་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་མཆོད། གཏོར་གཞོང་ཁ་སྦུབ་ལ། ཧྲཱི༔ གསང་འདུས་ཚེ་ཡི་ལྷ་ཚོགས་རྣམས། །དབུ་རྒྱན་ཐོར་ཚུགས་ལྡེམས་སེ་ལྡེམ། །ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག །འཛབ་དབྱངས་འབྲུག་སྒྲ་འུ་རུ་རུ། །བགེགས་དང་བར་ཆད་འཆི་བདག་བདུད། །རི་རབ་ཆེན་པོའི་འོག་ཏུ་མནན། །ཚེ་ཡི་ལྷ་ཚོགས་བྲོ་ར་བཅས། །ཟླུམ་པོར་བྲོ་བརྡུང་བར་ཆད་ཞི། །གྲུ་བཞིར་བྲོ་བརྡུང་ཚེ་བསོད་རྒྱས། །ཟླ་གམ་བྲོ་བརྡུང་ཚེ་དབང་རྒྱས། །གྲུ་གསུམ་བྲོ་བརྡུང་ཚེ་བདུད་ཟློག །ཚེ་ལ་གནོད་པའི་


CMR007_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དང་བགེགས། །ནམ་ཡང་ལྡང་བར་མ་བྱེད་ཅིག །ཨོཾ་ལཾ་ཧཱུཾ་ལཾ་སྭཱ་ལཾ་ཧྲིལཾ་ཨཱལཾ་ཛཱ་ལ་སམྦྷ་ཡ་ནན། ཞེས་མནན་ནོ། །རྡོ་རྗེའི་ཚིག་འདི་ཡིས་བཀྲ་ཤི་ས་བརྗོད་པ་ནི། །ཧྲཱིཿ ནམ་མཁའ་ཇི་སྲིད་འཆི་བ་མེད། །པདྨ་འབྱུང་གནས་བཀྲ་ཤིས་ཤོག །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ། །རིག་འཛིན་རྣམས་ཀྱི་བཀྲ་ཤིས་ཤོག །དུས་མིན་འཆི་བ་འཇོམས་མཛད་པ། །གསང་འདུས་ཡབ་ཡུམ་བཀྲ་ཤིས་ཤོག །ཕུང་ཁམས་སྐྱེ་མཆེད་དག་པའི་དངོས། །ཚེ་ཡི་ལྷ་ཚོགས་བཀྲ་ཤིས་ཤོག །སྒྲུབ་པའི་བར་ཆད་སེལ་མཛད་པའི། །བཀའ་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གཏོར། ཚེ་སྒྲུབ་གསང་འདུས་ཆོ་ག་ཡི། །མ་ཚང་ཁ་བསྐང་ལྷན་ཐབས་འདི། །བདག་འདྲ་རཱ་གའི་མིང་ཅན་གྱིས། །འབྲུག་ལོ་སྣོན་ཟླའི་ཚེས་བཅུའི་ཉིན། །རང་དང་གཞན་ལ་ཕན་ཕྱིར་བཀོད། །འདི་ལ་འགལ་འཁྲུལ་ཉེས་པའི་ཚོགས། །ཚེ་ཡི་ལྷ་ཚོགས་རྣམས་ལ་བཤགས། །དགེ་བས་ཚེ་ཡི་རིག་འཛིན་བརྙེས། །འཆི་བ་མེད་པ་རྡོ་རྗེའི་སྐུ། །ཚེ་འདི་ཉིད་ལ་འགྲུབ་ཕྱིར་བསྔོ། མངྒ་ལཾ།། །།


previousཚེ་སྒྲུབ་གསང་བ་འདུས་པའི་ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་།next