Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
ཚོགས་འཁོར་གཏེར་གཞུང་རྣམས་བྱིན་རླབས་ཆེ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚོགས་འཁོར་གཏེར་གཞུང་རྣམས་བྱིན་རླབས་ཆེ་བ།next

ཚོགས་འཁོར་གཏེར་གཞུང་རྣམས་བྱིན་རླབས་ཆེ་བ།


CMR007_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་གཏེར་གཞུང་རྣམས་བྱིན་རླབས་ཆེ་བས་ལེགས། འོན་ཀྱང་གཉན་པའི་ཟ་ཚོགས་མ་འདི་འདོན་ན་ལེགས། ཧྲཱི༔ ཆོས་རྣམས་ཡེ་ནས་རྫོགས་པ་ཆེ། །དོན་སྟོང་ཉིད་སྨྲ་བསམ་བརྗོད་ལས་འདས། །དཔེ་ནམ་མཁའ་མཐའ་དབུས་བྲལ་བ་བཞིན། །དོན་ཅི་ཡང་མེད་པ་ཅི་ཡང་འཆར།།དཔེ་མཁའ་ལ་འཇའ་སྤྲིན་ཤར་བ་བཞིན། །སེམས་ཆོས་སྐུའི་ངོ་བོ་ཀུན་ཏུ་བཟང་། །དེ་གཟུགས་སུ་སྣང་བ་པད་འབྱུང་སྐུ། །ཐུགས་ཡིག་འབྲུ་རིག་རྩལ་འགགས་མེད་ལ། །གསུང་ཡིག་འབྲུ་རཾཡཾཁཾདང་གསུམ། །རྀའཕྲོས་པས་མི་གཙང་དྲི་མ་བསྲེག །ཡཾའཕྲོས་པས་དངོས་འཛིན་ཨ་འཐས་གཏོར། །ཁཾའཕྲོས་པས་ཐ་མལ་བག་ཆགས་བཀྲུས། །གསུང་ཡིག་འབྲུ་རཾཡཾཁཾགསུམ་འཕྲོས། །དེ་གནས་འགྱུར་སྐུ་གསུམ་ཡིག་འབྲུར་གྱུར། །ཧཱུཾ་ཐུགས་ཀྱི་ཡི་གེ་རྣམ་རྟོག་སྦྱངས། །ཨཱཐགསུང་གི་ཡི་གེ་བདུད་རྩིར་གྱུར། །ཨོཾ་སྐུ་ཡི་ཡི་གེ་མཆོད་སྤྲིན་གྱུར། །དྷཱིཐུགས་ལས་མཆོད་ལྷ་དཔག་མེད་འཕྲོས། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །དཔལ་ཀུན་བཟང་རྡོ་རྗེ་འཆང་ཆེན་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རང་སེམས་


CMR007_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་སུ་མེད་པར་མཆོད། །གནས་དག་པ་ཞིང་ཁམས་ལྔ་པོ་ན། །དཔལ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རང་ལུས་དང་གཉིས་སུ་མེད་པར་མཆོད། །གནས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །དཔལ་སྤྲུལ་སྐུ་སངས་རྒྱས་སྟོང་རྩ་ལ། །རྗེས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རང་སྣང་གཉིས་སུ་མེད་པར་མཆོད། །གནས་གྲུ་འཛིན་བྱེ་བ་ཕྲག་བརྒྱ་ན། །དཔལ་སྤྱན་རིས་གཟིགས་དབང་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་ཐུགས་རྗེ་དང་གཉིས་སུ་མེད་པར་མཆོད། །གནས་རི་བོ་རྩེ་ལྔ་ཕྲག་བརྒྱ་ན། །དཔལ་འཇམ་དབྱངས་བྱེ་བ་ཕྲག་བརྒྱ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་མཁྱེན་རབ་དང་གཉིས་སུ་མེད་པར་མཆོད། །གནས་ལྕང་ལོ་བྱེ་བ་ཕྲག་བརྒྱ་ན། །དཔལ་ཕྱག་ན་རྡོ་རྗེ་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་མཐུ་སྟོབས་དང་གཉིས་སུ་མེད་པར་མཆོད། །གནས་རྔ་ཡབ་བྱེ་བ་ཕྲག་བརྒྱ་ན། །དཔལ་པདྨ་འབྱུང་གནས་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་


CMR007_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོད་འབུལ། །དོན་རིག་རྩལ་དང་གཉིས་སུ་མེད་པར་མཆོད། །གནས་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ན། །དཔལ་རྟ་ཕག་ཡབ་ཡུམ་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་བདེ་སྟོང་དང་གཉིས་སུ་མེད་པར་མཆོད། །གནས་རིགས་དྲུག་བྱེ་བ་ཕྲག་བརྒྱ་ན། །ཐུབ་དྲུག་བྱེ་བ་ཕྲག་བརྒྱ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་ཕྱིན་དྲུག་དང་གཉིས་སུ་མེད་པར་མཆོད། །གནས་རྒྱ་གར་བྱེ་བ་ཕྲག་བརྒྱ་ན། །གྲུབ་ཆེན་བྱེ་བ་བརྒྱད་ཅུ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་བླ་མ་དང་གཉིས་སུ་མེད་པར་མཆོད། །གནས་གངས་ཅན་བྱེ་བ་ཕྲག་བརྒྱ་ན། །དཔལ་རྗེ་འབངས་ཉེར་ལྔ་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རིག་སྟོང་དང་གཉིས་སུ་མེད་པར་མཆོད། །གནས་གང་ལ་གང་འདུལ་ཞིང་ཁམས་སུ། །དཔལ་རྩ་བ་བརྒྱུད་པའི་བླ་མ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་པད་འབྱུང་དང་གཉིས་སུ་མེད་པར་མཆོད། །གནས་ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ན། །ལྷ་བུདྡྷ་བཞི་བཅུ་རྩ་གཉིས་


CMR007_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རང་སྙིང་དང་གཉིས་སུ་མེད་པར་མཆོད། །གནས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ན། །འབར་བ་ལྔ་བཅུ་རྩ་གཉིས་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་དུང་ཁང་དང་གཉིས་སུ་མེད་པར་མཆོད། །གནས་འོག་མིན་མཁའ་སྤྱོད་རྣམ་གསུམ་ལ། །དཔལ་དག་པ་རིག་འཛིན་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་མགྲིན་པ་དང་གཉིས་སུ་མེད་པར་མཆོད། །ཡུལ་ཆེན་པོ་ཉི་ཤུ་རྩ་བཞི་ལ། །དཔལ་དཔའ་བོ་མཁའ་འགྲོ་བྱེ་བ་བརྒྱར། །རྗེ་ས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རྩ་ཕྲན་དང་གཉིས་སུ་མེད་པར་མཆོད། །གནས་རབ་འཇིགས་དུར་ཁྲོད་ཆེན་པོ་ན། །དཔལ་མ་མགོན་དམ་ཅན་རྒྱ་མཚོ་ལ། །རྫ་ས་ཟག་མེད་བདུད་རྩི་ཚོགས་མཆོད་འབུལ། །དོན་དམ་ཚིག་དང་གཉིས་སུ་མེད་པར་མཆོད། །གནས་སྟོང་གསུམ་མི་མཇེད་ཞིང་ཁམས་ན། །དྲེགས་པ་སྣང་སྲིད་ལྷ་འདྲེ་ལ། །རྫ་ས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རྣམ་རྟོག་དང་གཉིས་སུ་མེད་པར་མཆོད། །གནས་ནམ་མཁའི་མཐར་


CMR007_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ཞིང་ཁམས་ན། །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་ཡི་དམ་དང་གཉིས་སུ་མེད་པར་མཆོད། །བདག་དེ་ལྟར་ཚོགས་མཆོད་ཕུལ་བའི་མཐུས། །གནས་ཡུལ་འབྲོག་དང་རི་ཁྲོད་གྲོང་པའི་གསེབ། །གར་ཡོད་ཀྱང་འོག་མིན་བདེ་བ་ཅན། །ཞིང་ཡོངས་སུ་དག་པར་བྱིན་གྱིས་རློབས། །མཁར་ཁང་ཁྱིམ་སྦྲ་གུར་སྤྱིལ་བུའི་ཕུག །གར་འདུག་གཞལ་ཡས་སུ་བྱིན་གྱིས་རློབས། །གྲོགས་སྐྱེས་པ་དང་བུད་མེད་བྱི་སྦ་སོགས། །སུ་འགྲོགས་ཡི་དམ་ལྷ་རུ་བྱིན་གྱིས་རློབས། །གདན་ཕྱིང་པ་དང་གཡང་གཞི་རྩྭ་སོགས་ཤིང་། །དེ་གསེར་ཁྲི་པད་མར་བྱིན་གྱིས་རློབས། །སྣོད་ཟངས་ལྕགས་འཁར་བ་ཤིང་གི་སྡེར། །དེ་པདྨ་བྷནར་བྱིན་གྱིས་རློབས། །རླུང་ཟས་ཤ་ཇ་ཆང་ཞོ་ཟན་སོགས། །ཁ་མེ་ཐབ་ལག་གཉིས་དགང་གཟར་སྣོད། །སེམས་ཡི་དམ་ཨ་ཐུང་ཡེ་ཤེས་མེ། །ཟས་བཟའ་བཏུང་སྦྱིན་སྲེག་ཏུ་བྱིན་གྱིས་རློབས། །རླུང་འབྱུང་འཇུག་གནས་གསུམ་རྡོ་རྗེའི་སྔགས། །གཉིད་རྨི་ལམ་ཐ་མལ་སྙོམས་འཇུག་བཞི། །དོན་སྐུ་བཞི་ལྷུན་གྲུབ་ཏུ་བྱིན་གྱིས་རློབས། །དོན་རང་


CMR007_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་ཆོས་དབྱིངས་ནམ་མཁའ་གཉིས། །སྣང་སྲིད་ཀུན་རང་སེམས་རོ་གཅིག་འདྲེས། །ལྷ་སྤྱན་འདྲེན་དང་བཞུགས་གསོལ་མི་དགོས་པའི། །འཁོར་འདས་མཉམ་ཉིད་དུ་བྱིན་གྱིས་རློབས། །ཟས་ཞིམ་བཙོག་མངར་སྐྱུར་གྱི་རྟོག་པ་ལ། །དེ་ངོ་བོ་བལྟས་པས་སྟོང་པར་ཡལ། །ཚོགས་ཕྱི་ནང་ཟག་མེད་བདུད་རྩིར་དམིགས། །ལུས་ཕུང་ཁམས་སྐྱེ་མཆེད་ལྷ་ལ་འབུལ། །དེ་ཟ་འཐུང་ཚོགས་འཁོར་གྱི་གདམས་པ་ཡིན། །གུ་རུ་དེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི། ཞེས་རོལ། ལྷག་མ་ནི། རང་ཡི་དམ་ཞལ་གྱི་ཡར་མར་རྐན། །ལྷ་སྣང་མཐའ་གོས་དཀར་སྦྱོར་མཚམས་ནས། །བདུད་རྩི་བྱང་སེམས་ཐིགས་པ་འཕྲོས། །རྫས་ལྷག་མ་ཤ་ལྔ་བདུད་རྩི་ལྔ། །དོན་ཟག་མེད་ཡེ་ཤེས་བདུད་རྩི་ལྔ། །གཟུགས་ཤ་ཁྲག་རུས་པའི་རྒྱ་མཚོར་གྱུར། །སྔགས་ཧ་ཧོ༔ ཧྲཱིཿཡིས་བྱིན་གྱིས་རློབས། །རྫས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །དོན་རང་གི་རིག་རྩལ་འགགས་མེད་ལ། །ཕྱི་དབང་ཕྱུག་མ་མོ་ཞིང་སྐྱོང་ཚོགས། །གནས་དུར་ཁྲོད་འགྲིམ་ཞིང་ཚོགས་ཁང་ཉུལ། །བུ་དམ་ཚིག་ཅན་ལ་དངོས་གྲུབ་སྟེར། །བཀའ་དམ་ཉམས་རྣམས་ལ་ཆད་


CMR007_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབེབས། །མི་ཉམས་རྟོགས་ཅན་གྱི་དྲོད་ཚད་ཉུལ། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །བར་སྣང་སྲིད་ལྷ་འདྲེ་འཁོར་དུ་ཁྲིད། །དམའ་ས་གཞིའི་ལེགས་ཉེས་སྟངས་རྣམས་གཅོད། །ཕོ་འཕྱོར་པོ་ཀུན་གྱི་བླ་ཡིད་ཁྱེར། །མོ་འཕྱོར་མོ་ཀུན་གྱི་ཡིད་སེམས་བསླུ། །དུས་སྙིགས་དུས་དལ་ཡམས་རྐྱེན་རྣམས་འབེབས། །དགྲ་ཞིང་བཅུ་ཚང་བའི་ཚེ་སྲོག་གཅོད། །གནས་དུར་ཁྲོད་གནས་རི་ཐམས་ཅད་ཉུལ། །ཟས་ཤ་ཁྲག་ལྷག་མའི་གཏོར་མ་ཟས། །མི་དམ་ཚིག་ཅན་ལ་སྲིང་བས་གདུང་། །ཆོས་སྙིང་ནས་བྱེད་ལ་མ་བས་བྱམས། །མི་བསྟན་བཤིག་རྣམས་ལ་ཞེ་རེ་ནག །སྟོབས་རྫུ་འཕྲུལ་གནམ་ས་ཁ་ཞབས་བསྒྱུར། །བང་མྱུར་མགྱོགས་གློག་དང་སྐར་མདའ་འདྲ། །མཐུ་དྲག་རྩལ་ནམ་མཁའི་གློག་བས་ཆེ། །སྔོན་དཔལ་ཆེན་རིག་འཛིན་སྤྱན་སྔ་རུ། །དུས་མ་འོངས་གསང་སྔགས་ཉམས་ལེན་པ། །དེ་སྤྱི་བོའི་གཙུག་ཏུ་བཀུར་བ་དང་། །སྙིང་ཐག་པའི་བུ་བཞིན་མི་སྐྱོང་རེ། །དེ་རང་དམ་བཅའ་ལ་ཐ་ཚིག་བཞག །དོན་རྫོགས་སངས་རྒྱས་དང་དབྱེར་མེད་ཀྱང་། །འཕྲལ་གསང་སྔགས་བསྟན་པ་བསྲུང་བའི་ཕྱིར། །ལུས་


CMR007_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་གཡོག་ཕོ་མོའི་ཚུལ་གནས་པའི། །ཁྱེད་མཉེས་པའི་ལྷག་གཏོར་ངས་འབུལ་གྱིས། །ང་རྣལ་འབྱོར་དགའ་བའི་དངོས་གྲུབ་བྱིན། །དོན་སྟོངས་གྲོགས་མེ་ལྕེ་བཀའ་བཞིན་མཛོད་། །སརྦ་པྲ་ཏ་བ་ལིཾ་ཏ་ཁཱ་ཧི། མི་བདག་གིས་དུས་གསུམ་དགེ་བསགས་དང་། །ཟས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་མཐུས། །ཚེ་འདི་ལ་ནད་གདོན་བར་ཆད་ཞི། །ཚེ་བསོད་ནམས་ཉམས་རྟོགས་འཕེལ་ཞིང་རྒྱས། །རང་རླུང་སེམས་སྣང་བ་དབང་དུ་འདུས། །དགྲ་བདུད་བཞིའི་གཡུལ་ལས་རབ་རྒྱལ་ནས། །ཚེ་འདི་ལ་པད་འབྱུང་སྐུ་འགྲུབ་ཤོག །དོན་སྣང་སྲིད་དག་པ་རབ་འབྱམས་ཞིང་། །དེ་ཡིན་ལ་ཡིན་པར་ངོ་འཕྲོད་ནས། །དེ་དངོས་སུ་འཆར་བའི་བཀྲ་ཤིས་ཤོག །ཅེས་ཡོས་ལོ་ས་གའི་ཉེར་དགུ་ལ། །རང་རྣམ་གཡེང་མང་པོས་གཡེང་སྐབས་ལ། །བུས་བྲིས་ཤོག་གཏད་ནས་བསྐུལ་བའི་ངོར། །འཕྲལ་གང་དྲན་བྲིས་པའི་ཚོགས་མགུར་འདི། །ཁྱེད་དུས་མིན་ཤ་ཆང་ལོངས་སྤྱོད་ཚེ། །འདི་བཏོན་པའི་སྔགས་ནུས་མི་ཉམས་ཤོག །ཟས་ཤ་ཆང་ལ་སོགས་བཟའ་བཏུང་ཚེ། །འདི་བཏོན་པས་བསོད་ནམས་ཚོགས་སུ་གྱུར། །ཚོགས་བྲི་བཞིན་བཤམས་ནས་བཏོན་ནས་ཀྱང་། །དོན་མ་ཚང་ལྷག་ཆད་འདི་ལ་མེད། །ཚིག་རྣམས་ཀྱི་དོན་རྩ་འདི་ལས་མེད། །དེ་སྐྱེས་ནས་ཉམས་རྟོགས་བོགས་སུ་


CMR007_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཚིག་དེ་སྐད་རཱ་ག་ཨ་སྱས་སོ། །བཀྲ་ཤིས་ཤིང་ཉམས་རྟོགས་འཕེལ་རྒྱས་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚོགས་འཁོར་གཏེར་གཞུང་རྣམས་བྱིན་རླབས་ཆེ་བ།next