Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་བ་འདུས་པ་ལས། གནམ་སྐས་ཅན་གྱི་གཏེར་མ་ཡང་ཟབ་རཏྣའི་ཐུགས་བཅུད་དམ་པ་དཔལ་འབར་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པ་ལས། གནམ་སྐས་ཅན་གྱི་གཏེར་མ་ཡང་ཟབ་རཏྣའི་ཐུགས་བཅུད་དམ་པ་དཔལ་འབར་དབང་།next

ཚེ་སྒྲུབ་གསང་བ་འདུས་པ་ལས། གནམ་སྐས་ཅན་གྱི་གཏེར་མ་ཡང་ཟབ་རཏྣའི་ཐུགས་བཅུད་དམ་པ་དཔལ་འབར་དབང་།


CMR007_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པ་ལས། གནམ་སྐས་ཅན་གྱི་གཏེར་མ་ཡང་ཟབ་རཏྣའི་ཐུགས་བཅུད་དམ་པ་དཔལ་འབར་དབང་བཞུགས་པའི་དབུ་ཕྱོགས་ལགས་སོ་ཨ་རཱ་གས་ཁ་བཀང་བའོ༔


CMR007_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཀཇུགཤཊགཏ།ཅབྷ།ཏ། རིགས་བདག་ཚེ་ཡི་མགོན་པོ་ལ༔ གུས་པས་བཏུད་དེ་དེ་ཉིད་ཀྱི༔ ཡང་ཟབ་དབང་གི་རིམ་པ་ཉིད༔ ཚེ་བདག་པདྨ་ང་ཡིས་བཀོད༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་སྟེ༔ དང་པོ་ནི༔ སྒྲུབ་ཁོག་དང་ལས་བྱང་ལས་ཇི་ལྟར་བྱུང་བ་ལྟར༔ དཀྱིལ་འཁོར་དབང་རྫས་དང་བཅས་པ་ལེགས་པར་བཤམས༔ ཆོ་གའི་རྗེས་གནང་གི་སྐབས་སུ་བསྡུས་པར་གཞུང་ལས་བྱུང་བ་ལྟར་བྱ་ཞིང་༔ གོང་དུ་བླ་མ་རབ་འབྲིང་ཐ་མ་གསུམ་གྱིས་བསྙེན་སྒྲུབ་ཐེམ་པ་གལ་ཆེ་ཞིང་༔ གནས་སྐབས་སུ་དབང་བསྙེན་ཁ་གསོ་བ་ཡང་སྒྲུབ་ཁོག་ལྟར་བྱས་ལ༔ ཁྲིའམ་སྟོང་ལས་མི་ཉུང་བར་བྱའོ༔ དེ་ནས་དབང་བསྐུར་བའི་སྔོན་དུ་སྟ་གོན་ལ་འཇུག་པར་བྱའོ༔ དེ་ཡང་ཐོག་མར༔ ལས་བུམ་


CMR007_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སེར་རྒྱ་གྲམ་དང་སྡིགས་མཛུབ་མཛད་པར་དམིགས་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཚིནྡྷ་ཚིན་ཧཱུྃ་ཕཊ༔ ཅེས་བརྒྱ་སྟོང་ལ་སོགས་བཟླས་ལ་རྗེས་སུ༔ ལྷ་འོད་དུ་ཞུ་ནས་དག་བྱེད་ཀྱི་བདུད་རྩི་ཕབ་ལ་ནུས་པ་དང་ལྡན་པར་བསྒོམ༔ བདག་འཇུག་སློབ་དཔོན་གྱིས་དབང་ལེན་པ་ནི༔ སྐད་ཅིག་གིས་མི་དམིགས་པ་སྟོང་པའི་ངང་ལས༔ རང་ཉིད་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་བྱུ་རུའི་མདོག་ལྟ་བུ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ཕྱག་མཉམ་གཞག་གི་སྟེང་ན་བུམ་པ་འཛིན་པ༔ དེའི་སྤྱི་བོར་རྡོ་རྗེ་སེམས་དཔའ་


CMR007_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ༔ མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ༔ སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ༔ ལྟེ་བར་དོན་ཡོད་གྲུབ་པ་ཡབ་ཡུམ་རྣམས་སྐུ་མདོག་རིགས་ཀྱི་ཁ་དོག་ལས་ཕྱག་མཚན་འཛིན་པ་ལ༔ ཁྱད་པར་དུ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ ལྷ་དེ་རྣམས་ཀྱི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ དེ་ནས་ཨོཾ་བཛྲ་རཀྵ་ཧཱུྃ༔ ཞེས་བརྗོད་པས་སྤྱི་བོར་སྣ་ཚོགས་རྒྱ་གྲམ་ལས་རྡོ་རྗེའི་རྭ་བའི་ལུས་གཏམས་པར་བསམ༔ བདག་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུ་ནས་ཡེ་ཤེས་སེམས་དཔའ་རྣམས་རང་རང་གི་ཚུལ་དུ་སྤྱན་དྲངས་ཏེ་ཡེ་ཤེས་པ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་ཏེ༔ བདག་དམ་ཚིག་པའི་གནས་བཞིར་ཐིམ་པས་བདག་ལ་དབང་བཞི་རྫོགས་པར་བསྐུར་ཞིང་བདག་དང་ཡེ་ཤེས་སེམས་དཔའ་ཡིག་འབྲུའི་འོད་ཟེར་ལས་ཡེ་ཤེས་ཀྱི་མེ་འབར་ནསཿ་ཚེ་དཔག་མེད་ཀྱི་བུམ་པ་ནས་འཆི་མེད་ཀྱི་བདུད་རྩི་ཁོལ་བས་བདག་གི་སྤྱི་བོ་ནས་འཁོར་ལོ་ལྔ་རིམ་གྱིས་ཁེངས་ཏེ༔ ཕྱི་ནང་གསང་བའི་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ཞིང་༔ ཁྱོད་ཀྱིས་འགྲོ་བ་དཔག་ཏུ་མེད་པ་ལ་དབང་སྐུར་ཅིག ཅེས་


CMR007_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་བྱིན་ནས་རྡོ་རྗེ་སློབ་དཔོན་དུ་བཀའ་བསྒོ་བར་བསམ༔ དེ་ནས་བདག་དམ་ཚིག་པ་དང་གཉིས་སུ་མེད་པའི་ས་བོན་ལ་ཐིམ་པར་བསམ༔ དེ་ནས་ཡབ་ཡུམ་རང་རང་གི་ས་བོན་ལ་རང་རང་གི་སྙིང་པོས་འཁོར་བར་བསམས་ལ༔ བཟླས་པ་བརྒྱ་རྩ་བརྒྱད་བྱས་ལ༔ དེ་དག་ལས་འོད་ཟེར་འཕྲོས་པས་བདག་གཞན་གྱི་སྡིག་སྒྲིབ་དག་པར་བསམས་ལ༔ ཨོ་ཨཱཧཱུཾ་སྭ་ཧྭཿ ཨཾ་ལཾ་མཱ་པཱ་ཏཱཾ༔ ཨཱ་ཡུ་སིདྡྷི་ཕ་ལ་ཧཱུྃ་ཛ་བཟླས་པས་སངས་རྒྱས་ཐམས་ཅད་ཀྱི་བདག་ལ་དབང་བསྐུར་བར་བསམས་ལ༔ རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ༔ ཡན་ལག་བདུན་པ་བྱ༔ ཕྱི་ནང་གསང་བས་མཆོད་ནས་རྡོ་རྗེའི་ཚིག་འདི་བརྗོད་དེ༔ ཧཱུྃ༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་ཀུན་གྱི་རབ་ཏུ་བསྔགས༔ རྡོ་རྗེ་འཆང་གི་དབང་ཡང་བསྐུར༔ ཧཱུྃ༔ ང་ནི་རིགས་ཀྱི་བདག་པོ་སྟེ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག༔ མ་རིག་ལོག་རྟོག་འཁྲུལ་པ་ཡི༔ འཁོར་བའི་རྒྱ་མཚོར་བྱིངས་བ་རྣམས༔ ཐམས་ཅད་བདག་གིས་བསྒྲལ་བར་བྱ༔ མ་གྲོལ་བ་རྣམས་དགྲོལ་བྱ་ཞིང་༔ མ་སྒྲལ་བ་རྣམས་བསྒྲལ་བྱ་ཞིང་༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་བྱ༔ ཞེས་གསོལ་ནས༔ ཧཱུྃ༔ ང་ནི་རྒྱལ་བ་ཀུན་གྱི་སྲས་


CMR007_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བའི་དབང་ཡང་བསྐུར༔ རང་བྱུང་རིག་པའི་དབང་ཡང་ཐོབ༔ འགྲོ་བ་འདྲེན་པར་དམ་བཅའོ༔ ཞེས་བྱའོ༔ ༈ དེ་ནས་བགེགས་གཏོར་བཏང་ལ༔ བདག་ཉིད་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་སྡང་མིག་དམར་ལ་འཁྲུགས་ཤིང་སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར་བ༔ ཕྱག་གཡས་རྡོ་རྗེའི་དབྱུག་པ་དང་གཡོན་པས་སྡིགས་མཛུབ་སྦྲུལ་ཞགས་ཅན༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་སུ་བསྒྲད་ནས༔ ཁྲོ་བོའི་ཆ་ལུགས་དུ་མ་དང་ལྡན་པའི་ཞལ་ནས་ཧཱུཾ་ཧཱུཾ་དང་ཕཊ་ཕཊཀྱི་སྒྲ་སྒྲོག་ཅིང་༔ སྐུའི་ཆ་ཐམས་ཅད་ནས་ཁྲོ་བོ་དང་ཁྲོ་མོ་སྤྲུལ་པའི་ཚོགས་དཔག་ཏུ་མེད་པ་སེར་རྒོད་བབ་པ་ལྟར་བྱུང་ནས་ཁྱེད་རང་རྣམས་ཀྱི་ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་འབྱུང་པོ་ཐམས་ཅད་ཐལ་བའི་རྡུལ་དུ་བརླག་པར་སྒོམས་ཤིག རོལ་མོ་འཇིགས་རྔམས་དང་བཅས་པས༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་སོགས་ནས༔ ཧཱུྃ༔ ང་ནི་འབར་བ་སོགས་ཀྱིས་མཚམས་བཅད༔ སྲུང་འཁོར་བསྒོམ༔ འོ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཁྲུས་ཀྱི་བུམ་པ་འདིའི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་འོད་དུ་ཞུ་ནས་དག་བྱེད་ཡེ་ཤེས་ཀྱི་བདུད་


CMR007_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་ཆུ་རྒྱུན་ངང་ན་ར་ར་བྱུང་ནས་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཡོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཉི་མའི་གྲིབ་སོ་དེད་པ་བཞིན་དུ་སང་སང་དག་ནས་འོག་དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སོང་༔ ལུས་ཀྱི་ཕྱི་ནང་མེད་པར་ཤེལ་སྒོང་གཡའ་དག་པ་ལྟར་སྒོམས་ཤིག ཨོ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཚིནྡྷ་ཚིནྡྷ་ཧཱུྃ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ཁྲུས་གསོལ༔ དེ་ནས་སློབ་མས་མཎྜལ་ཕུལ༔ ཀྱེ༔ མགོན་པོ་ཚོགས་རྗེ་དབང་དང་ལྡན༔ དཀྱིལ་འཁོར་ཀུན་ཏུ་ཡན་ལག་མཆོག༔ ལས་དང་སྐལ་བར་ལྡན་པ་ཡི༔ དམ་པ་མཆོག་ཉིད་བདག་ལ་སྩོལ༔ ཅེས་ལན་གསུམ་ཞུ། རྗེས་ཟློས། ཧོཿ ཚུར་ཤོག་རྒྱལ་བའི་དཀྱིལ་འཁོར་དུ༔ ཚུལ་བཞིན་འཇུག་འདོད་བུ་གང་སུ༔ གསང་བ་གསུམ་གྱི་མཆོག་ཆེན་པོ༔ ཡན་ལག་དབང་ཉིད་ཁྱོད་ལ་སྦྱིན༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ སློབ་དཔོན་རིན་པོ་ཆེ་བདག་ལ་དགོངས་སུ་གསོལ༔ དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་


CMR007_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ༔ ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ༔ རྐང་གཉིས་རྣམས་ཀྱི་མཆོག༔ སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ༔ ཞི་བ་དུལ་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག༔ འཕགས་པའི་ཐེག་པ་ཆེན་པོ་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ༔ ཚོགས་རྣམས་ཀྱི་མཆོག༔ འཕགས་པའི་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ༔ ལན་གསུམ་རྗེས་ཟློས་བྱ༔ སློབ་མས་ལེགས་སོ་བརྗོད༔ དེ་ནས་སྨོན་པ་སེམས་བསྐྱེད་ནི༔ རྗེས་ཟློས༔ ཧོཿ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་སྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ་དང་༔ འཇུག་པའི་སེམས་བསྐྱེད་བླང་བའི་དབུགས་དབྱུང་རྗེས་ཟློས་མཛོད༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་


CMR007_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བསྐྱེད་པར་བགྱི༔ གསུམ༔ རྡོ་རྗེ་སློབ་དཔོན་གྱིས་གསང་སྔགས་ཀྱི་དམ་ཚིག་ཇི་ལྟར་བསྒོས་པ་ལྟར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་ཆེན་དཀོན་མཆོག་གསུམ་པོ་ལ༔ མི་འདའ་རྡོ་རྗེ་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ་རྩ་བ་ཡན་ལག་དམ་ཚིག་བསྲུང་༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ མདོར་ན་གསང་སྔགས་དམ་ཚིག་ལས༔ ནམ་ཡང་མི་འདའ་བཟུང་བར་བྱ༔ ཞེས་ལན་གསུམ༔ དེས་གསང་སྔགས་བླ་ན་མེད་པའི་དབང་བསྐུར་བའི་སྣོད་དུ་རུང་བ་ཡིན་ནོ༔ བླ་མས་རྡོ་རྗེ་ཕྱག་གིས་བཟུང་ལ་རིམ་པར་འགྲིམ་སྟེ༔ ཀྱེ༔ མགོན་པོ་རྡོ་རྗེ་མཆོག་སྩོལ་མཛད༔ སྐྱེ་འཆི་མེད་པ་རྡོ་རྗེའི་མཆོག༔ ཚེ་ཡི་དངོས་གྲུབ་ཡང་དག་ཉིད༔ གཙོ་བོས་བདག་ལ་བསྩལ་དུ་གསོལ༔ ཨེ་དམ་དྷ་རི་རཏྣ་ས་མ་ཡཱ༔ ཞེས་ཞུས་སོ༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱི་ཡང་དག་མནོས་གྱུར་ཏེ༔ འདི་ཀུན་ཉམས་ན་ཉེས་ཆེན་པོ༔ དེ་ཕྱིར་ཁྱོད་ཀྱིས་ཡང་དག་ཟུངས༔ ས་མ་ཡ་ཕེ་མི་ཏ་


CMR007_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཛ༔ དེ་ནས་གནས་གསུམ་དུ་རྡོ་རྗེ་གཏུགས་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི༔ མཆོག་གི་དམ་པ་ཁྱོད་ཀྱིས་ཐོབ་ཚུལ་འདི་སྨྲ་བའང་མ་ཡིན་ཞིང་༔ མི་འགྱུར་རྡོ་རྗེ་མཆོག་ཐོབ་འགྱུར༔ ཨོཾ་ཨཱཿཧཱུྃ་ཀ་རོ་ར་ཀ་ཧཱུྃ་ཛ༔ བདུད་རྩི་ངག་ཏུ་བྱིན་ལ་རྡོ་རྗེ་སྙིང་གར་བཞག་ལ༔ ཧཱུྃ༔ དེ་རིང་མགོན་པོ་ཚེ་ཡི་བདག༔ གཉིས་སུ་མེད་པར་ཁྱེད་ལ་བཞུགས༔ དཀྱིལ་འཁོར་གསུམ་དུ་ཡང་དག་གནས༔ མི་འདའ་རྡོ་རྗེའི་དམ་མནོས་ཤིག༔ བཛྲ་ཨུད་ཐ་མི་ཛ་ཧཱུྃ༔ དེ་ནས་སོ་ཤིང་སོར་བཅུ་གཉིས་པ་མགོ་མཇུག་མ་ལོག་པ་ཅོད་པན་དང་བཅས་པ་མེ་ཏོག་གི་ཚོམ་བུར་རེག་སྟེ༔ ཧཱུྃ༔ ཚེ་ལ་དབང་བའི་དཀྱིལ་འཁོར་དུ༔ འབྲེལ་པའི་མེ་ཏོག་འདི་འབུལ་བས༔ ལས་དང་སྐལ་པར་ལྡན་པའི་ལྷ༔ དེ་རིང་དམ་པ་ཉིད་དུ་སྩོལ༔ ཨོཾ་བཛྲ་ཧ་ས་ཞེས་དོར༔ ཕྱོགས་དང་སྐལ་པ་ལྷ་ངོ་བསྟན་པ་སྤྱི་དང་མཐུན་པར་བྱའོ༔ ཞེས་པས༔ ཤར་དུ་ཞི་བའི་དངོས་གྲུབ༔ སོགས་སྦྱར་རོ༔ དེ་ནས་དཔུང་སྐུད་སྣ་ལྔ་ལ་རྡོ་རྗེའི་མདུད་པ་བྱས་ཏེ༔ ཨོཾ་བཛྲ་པདྨ་ཀྲོཏྟ་བཛྲ་ཙཀྲ་ཏིག་ན་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཀྟ་ཧཱུྃ༔ ཞེས་བརྒྱ་རྩ་བརྒྱད་བཟླས་རྗེས༔ ཧཱུྃ༔ ཁ་དོག་ལྔ་ལྡན་སྲད་བུ་འདི༔ མི་ཤིགས་རྡོ་རྗེའི་གུར་དང་ལྡན༔ ལས་ཀྱི་རྡོ་རྗེའི་དཔུང་པར་


CMR007_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས༔ བར་ཆད་ཀུན་གྱིས་མི་ཚུགས་ཤོག༔ ཅེས་ཕོའི་དཔུང་པ་གཡོན་མོའི་གཡས་སུ་བཏགས༔ རྗེས་སུ་རྡོ་རྗེའི་རྒྱས་གདབ་སྟེ༔ བཛྲ་རཀྟ་ཧཱུྃ༔ ཞེས་བརྗོད༔ དེའི་རྗེས་སུ་ཀུ་ཤ་གཙང་མ་ལ་འབྲུ་གསུམ་བརྗོད་ལ་བསྣོལ་མར་བྱིན་ཏེ༔ ཧཱུྃ༔ སྔོན་གྱི་རྒྱལ་བ་འཇིག་རྟེན་མགོན༔ རྩྭ་མཆོག་ལ་ནི་སྟན་བྱས་ནས༔ མི་འགྱུར་རྡོ་རྗེ་མཆོག་ཐོབ་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ བཛྲ་ཏིཀཱ་པཾ༔ ཞེས་བྱིན་ལ་སྟན་དང་སྔས་སུ་བྱས་ལ༔ དམོད་པ་བོར་ལ་རྨི་ལམ་བརྟག༔ ངན་ན་བཟླས་པ་བྱ་ཞིང་སྲུང་བ་གདགས་པར་བྱའོ༔ ༄༅། །སྤྱི་དོན་གཉིས་པ་དབང་བསྐུར་བར་བྱ་སྟེ༔ གོང་དུ་དབང་རྫས་སྒྲུབ་ཁོག་ལྟར་དབང་རྫས་སྒེས་སུ༔ རིགས་ལྔའི་ཕྱག་མཚན༔ སྲོག་ཞུ༔ རྡོ་རྗེའི་གོ་ཁྲབ༔ སྙིང་པོ་ལྔ༔ བཀྲ་ཤིས་རྟགས་བརྒྱད༔ དེ་དག་རབ་དངོས༔ འབྲིང་བྲིས་པ་རྒྱབ་ཡིག་ཅན༔ ཐ་མ་ཕྱག་རྒྱུ་བསྣམས་པ་བསྟན་ཏེ༔ ཐོག་མར་སློབ་བུས་གསེར་གྱི་མཎྜལ་ཕུལ་ལ༔ མེ་ཏོག་ཐོགས་ཏེ༔ ཧོ༔ རྡོ་རྗེ་འཛིན་པའི་དཀྱིལ་འཁོར་བདག༔ ཚེ་ཡི་བདག་པོ་རིགས་ཀྱི་མཆོག༔ འགྱུར་མེད་རྡོ་རྗེ་ཚེ་ཡི་དབང་༔ མགོན་པོས་བདག་ལ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ༔ རྗེས་སུ༔ མིག་དར་བཅིངས་ལ༔ ཡེ་ཤེས་དབབ་པ་ནི༔ དམིགས་པ་འདི་བཞིན་དུ་མཛོད༔ ཁྱེད་རང་རྣམས་


CMR007_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཚེ་དཔག་ཏུ་མེད་པར་གསལ་བའི་སྙིང་གར་གསེར་གྱི་རྡོ་རྗེ་རྒྱ་གྲམ་རེ་བསྒོམ༔ དེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་བའི་ནང་དུ་སྲོག་མི་འགྱུར་བའི་ཡི་གེ་ཧཱུྃ་ལྗང་གུ༔ གཡས་སུ་སྲོག་མི་འགྱུར་བའི་ཡི་གེ་ཨ་དཀར་པོ༔ གཡོན་དུ་སྲོག་བརྟན་པར་བྱེད་པའི་ཡི་གེ་ཧཱུྃ་མཐིང་ག་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པར་སྒོམས་ཤིག རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ སོགས་སྔགས་མཐར་ཨཱ་ཝེ་ཤ་ཡ་ཨཱ༔ རྡོ་རྗེ་སྤྱི་བོར་བཞག་ཅིང་༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ མེ་ཏོག་འཐོར་བ་ནི༔ ཧོ༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ལས་དང་ཐུགས་རྗེས་འབྲེལ་པ་ཡི༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨཱཡུ་ཏེ་པུཎྜེ་སི་གྷིཏྟ་ཧོ༔ སྤྱན་དབྱེ་བར་ཞུ་པའི་རྗེས་ཟློས་ཀྱི༔ ལས་དང་སྐལ་བར་ལྡན་པ་རྣམས༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས༔ རྡོ་རྗེ་སློབ་དཔོན་མཆོག་གིས་ཟུངས༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ མ་རིག་སྒྲིབ་པའི་ལིང་ཏོག་སོལ༔ དག་པའི་ཞིང་ཁམས་བསྟན་དུ་གསོལ༔ ཞུས་རྗེས༔ གསེར་གྱི་རྡོ་རྗེ་ཐོགས་ལ༔ ཧོཿ ང་ནི་ཐར་པའི་ལམ་སྟོན་ཏེ༔ ཁྱོད་ཀྱི་མ་རིག་བསལ་བར་


CMR007_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བྱ༔ གསང་བ་འདུས་པའི་དཀྱིལ་འཁོར་ལྟོས༔ ལམ་མཆོག་རྙེད་དོ་སྤྲོ་བ་བསྐྱེད༔ བཛྲ་ཙཀྟ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ༔ དེ་ནས་གསང་མཚན་གདགས་པ་ནི༔ མེ་ཏོག་གང་དུ་ཕོག་པའི་མིང་ཐོབ་སྟེ༔ དབུས་སུ་བབ་ན་བུདྡྷ་ཚེ་དབང་རྩལ༔ གཙོ་མཆོག་ཚེ་དབང་རྩལ༔ རིགས་འདུས་ཚེ་དབང་རྩལ༔ ཤར་དུ་བཛྲ་དང་༔ རྡོ་རྗེ་ཞི་བ་ལས་གྲས་པ༔ ལྷོར་རཏྟ་རིན་ཆེན་དང་༔ རྒྱས་པ་ལས་གྲས་པ༔ ནུབ་ཏུ་པདྨ་དང་༔ དབང་ལས་གྲས་པ༔ བྱང་དུ་ཀརྨ་དང་༔ ལས་རབ་དྲག་པོ་ལས་གྲས་པར་བཏགས༔ མོ་ལ་ཡུམ་གྱི་འགྲེས་སུ་ཤེས་པར་བྱའོ༔ དེ་ནས་ཐོག་མར་ཅོད་པན་སྤྱི་བོར་བཞག་སྟེ༔ ཧཱུྃ༔ ཅོད་པན་འདི་ནི་དབང་གི་རྟགས༔ ཡི་དམ་ལྷ་དང་སྐལ་བ་མཉམ༔ ཚེ་དང་དཔལ་གྱི་རྒྱལ་མཚན་ཤོག༔ ཨོཾ་པུཎྜེ་སིདྡྷི་གྲིཉྩ་ཧོ༔ མ་འོངས་པ་ན་བདེ་ཆེན་པདྨོ་བཀོད་པའི་ཞིང་དུ་སངས་རྒྱས་པདྨོ་དཔལ་ཞེས་བྱ་བར་སངས་རྒྱས་པར་འགྱུར་རོ༔ ཞེས་ལུང་བསྟན༔ བུམ་པ་ཚེ་དཔག་མེད་དུ་གསལ་བ་སློབ་བུའི་སྤྱི་བོར་བཞག་ལ༔ ཚེ་དཔག་མེད་དང་ཚེ་ཡི་ལྷ་མོ་རྣམས་དང་བཅས་པ་ཐམས་ཅད་ཀྱི་ཕྱག་ན་འཆི་མེད་ཚེའི་བདུད་རྩིས་བཀང་བའི་བུམ་པ་ཐོགས་ཏེ༔ ཐམས་ཅད་འཆི་མེད་ཚེའི་སྔགས་སྒྲ་ཏི་རི་རི་དབང་བསྐུར་བས༔


CMR007_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་དཀར་པོ་འོ་མ་ལྟ་བུ་སྤྱི་བོ་ནས་མར་བབས༔ ལུས་འཆི་མེད་བདུད་རྩིས་མེ་རེ་རེ་གང་ཞིང་འོད་ཟེར་བ་སྤུའི་བུ་ག་ནས་འཕྲོས༔ འཁོར་འདས་སྣང་སྲིད་ཐམས་ཅད་ཀྱི་ཚེ་བཅུད་བཀྲག་མདངས་ཨ་ནཱི་ཧཱུྃ་གསུམ་གྱི་རྣམ་པར་འཇིག་རྟེན་ཐམས་ཅད་མེ་རེ་རེ་གང་བ་ལུབ་འུབ་འདུས་ནས་སྙིང་ཁའི་སྲོག་རྟེན་དྲི་ལ་ཐིམ༔ བཀྲག་མདངས་འོད་དུ་འབར་བར་སྒོམས་ཤིག༔ ཧཱུྃ༔ བུམ་པ་ལོངས་སྐུའི་གཞལ་ཡས་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་འཚེར་འོད་ཟེར་འབར༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང་༔ ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ནས༔ སྣོད་བཅུད་ཐམས་ཅད་ཚེ་རུ་བསྡུས༔ ཨ་ནི་ཧཱུྃ་གི་འཕྲོ་འདུར་གསལ༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཨཱ༔ ཨོཾ་བཛྲ་ཨཱ༔ ཡུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཀྐ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བུམ་པའི་དབང་བསྐུར་སྣོད་བཅུད་དཔལ༔ འབྲུ་ལྔ་སྨན་ལྔ་སྙིང་པོ་ལྔ༔ རིན་ཆེན་སྣ་ལྔ་དར་སྣ་ལྔ༔ སྐྱེ་འཆི་མེད་པ་ཚེ་ཡི་བཅུད༔ སྣོད་ལྡན་ཁྱོད་ལ་དབང་མཆོག་བསྐུར༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔


CMR007_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འོ་རིགས་ཀྱི་བུ་ཁྱོད་ལ་བུམ་པའི་དབང་མཆོག་འདི་བསྐུར་བས༔ སྐུ་རྡོ་རྗེ་འགྱུར་མེད༔ གསུང་རྡོ་རྗེ་འགགས་མེད༔ ཐུགས་རྡོ་རྗེ་འཁྲུལ་མེད་ཀྱི་དབང་མཆོག་ཐོབ་ནས་རྟག་པ་གཡུང་དྲུང་གི་ཚེ་ཐོབ་པར་གྱུར་ཅིག༔ ཨོཾ་སྭ་སྟི་བྦྷ༔ རྒྱལ་བ་ཀུན་གྱི་གསུང་མཆོག་གཅིག་བསྡུས་པ༔ འགྲོ་བའི་མགོན་པོ་ཨུ་རྒྱན་ཚེ་དཔག་མེད༔ མི་འགྱུར་མི་ཤིགས་འཆི་མེད་རྡོ་རྗེའི་སྐུ༔ ལྷག་པ་སྨོན་ལམ་ལེགས་གྲུབ་བཀྲ་ཤིས་ཤོག༔ ཅེས་བུམ་པ་གནས་གསུམ་དུ་གཏུགས་ཤིང་བུམ་ཆུ་ངག་ཏུ་བླུད་པས༔ ལུས་འཆི་མེད་བདུད་རྩིས་བཀང་སྟེ་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་འཕྲོས༔ འཁོར་འདས་ཀྱི་ཨ་ནཱི་ཧཱུྃ་གསུམ་དུ་འུབ་འབ་བསྡུས་སྙིང་གའི་འབྲུ་གསུམ་ལ་ཐིམ་བཀྲག་མདངས་མི་འགྱུར་རྡོ་རྗེའི་ཚེ་ཐོབ་པར་བསྒོམ༔ དེ་ནས་གཏོར་མའི་དབང་སྐུར་ཏེ༔ ཧཱུྃ༔ གཏོར་མ་རིན་ཆེན་དཔལ་དུ་འབརཾ༔ གཡང་ཞགས་འཁྱིལ་པ་ཚེ་ཡི་རྟེན༔ ཚེ་བདག་རིགས་ཀྱི་ཡུམ་རྣམས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ ཡོངས་སུ་རྫོགས་པའི་དབང་ཐོབ་ནས༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ མཱུྃལཾམཱཾཔཾཏཱཾ༔ ལཱ་སྱཱ༔ མཱ་ལྱ༔ གཱིརྟི༔ ནཱིཏི་༔ ཛཿཧཱུྃ་བཾ་ཧོ༔ ཨཱ་ཡུ་སརྦ་ཛྙཱ་ན་པུཎྱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔


CMR007_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཝཀྐ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩཧཱུྃ༔ ཞེས་གནས་གསུམ་དུ་གཏུགས་ཤིང་དངོས་གྲུབ་ཏུ་རོལ༔ དེ་ནས་ཚེ་ཆང་མགྲིན་པར་གཏུགས་ལ་ཚེ་རིལ་ཚེ་ཆང་དང་བཅས་པ་ངག་ཏུ་ཡང་སྦྱིན༔ ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་དཀྱིལ་འཁོར་དུ༔ དམ་རྫ་ས་ཚེ་ཡི་བཅུད་ཀྱིས་བཀང་༔ ཚེ་བཅུད་ལུས་ལ་བརྟན་གྱུར་ཅིག༔ ཨོཾ་ཨཱ་ཡུཛ་ན་གཏྰ་ཧཱུཾ་བཾ༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག་ལ༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་ཚེ་དཔག་མེད༔ མཱ་ཀི་ཡུམ་དང་གཉིས་མེད་སྦྱོར༔ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་མཆོག་ཚེ་ཡི་དབང་ཐོབ་ཤོག༔ ཧཱུྃ་ཨཱ་ཡུཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ རྡོ་རྗེ་སེམས་དཔའ་མགོན་པོ་ཚེ་དཔག་མེད༔ ཐུགས་ཀྱི་ཚེ་བདག་རྡོ་རྗེའི་བཀྲ་ཤིས་ནི༔ བདག་ཅག་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག་པདྨ་མགྲིན་པར་གཏུགས་ལ༔ ཧཱུྃ༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ གོས་དཀར་ཡུམ་དང་གཉིས་མེད་སྦྱོར༔ པདྨ་རིགས་ཀྱི་དཀྱིལ་འཁོར་ནས༔ གསུང་མཆོག་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་པདྨ་ཨཱ་ཡུཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ ཨ༔ སྣང་བ་མཐའ་ཡས་མགོན་པོ་ཚེ་དཔག་མེད༔ གསུང་གི་ཚེ་བདག་པདྨའི་བཀྲ་ཤིས་ནི༔ བདག་ཅག་འདིར་ཚོགས་རྣམས་ལ་བཀྲ་


CMR007_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཤོག༔ སྤྱི་བོར་འཁོར་ལོ་བཞག་སྟེ༔ ཨོཾ༔ རྣམ་པར་སྣང་མཛད་ཚེ་དཔག་མེད༔ ཀུན་བཟང་ཡུམ་དང་གཉིས་མེད་སྦྱོར༔ དེ་བཞིན་རིགས་ཀྱི་དཀྱིལ་འཁོར་ནས༔ སྐུ་མཆོག་ཚེ་ཡི་དབང་ཐོབ་ཤོག༔ ཨོ་བྷུདྡྷ་ཨཱ་ཡུཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ རྣམ་པར་སྣང་མཛད་མགོན་པོ་ཚེ་དཔག་མེད༔ སྐུ་ཡི་ཚེ་བདག་པདྨའི་བཀྲ་ཤིས་ནི༔ བདག་ཅག་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ རིན་པོ་ཆེའི་པྲོག་ཞུ་མགོ་ལ་བཀོན་ཏེ༔ ཧཱུྃ༔ རིན་ཆེན་འབྱུང་ལྡན་ཚེ་དཔག་མེད༔ སྤྱན་མ་ཡུམ་དང་གཉིས་མེད་སྦྱོར༔ རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས༔ ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཧཱུྃརཏྣ་ཨཱ་ཡུཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་འབྱུང་ལྡན་མགོན་པོ་ཚེ་དཔག་མེད༔ ཡོན་ཏན་ཚེ་བདག་རིན་ཆེན་བཀྲ་ཤིས་ནི༔ བདག་ཅག་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ རྒྱ་གྲམ་སྤྱི་བོར་བཞག་ལ༔ ཧཱུྃ༔ དོན་ཡོད་གྲུབ་པ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་དང་གཉིས་མེད་སྦྱོར༔ ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས༔ ཕྲིན་ལས་ཚེ་ཡི་དབང་ཐོབ་ཤོག༔ ཧ་ཀརྨ་ཨཱ་ཡུཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ༔ ཞེས་དབང་བསྐུར་རྗེས་སུ༔


CMR007_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་བསྡོམས་ལ༔ གནས་ལྔར་གཏུགས་ཤིང་༔ ཧཱུྃ༔ དུག་ལྔ་གནས་སུ་དག་པ་ལ༔ རྒྱལ་བ་ཚེ་བདག་རིགས་མཆོག་རྣམས༔ ཡེ་ཤེས་ལྔ་ཡི་ངོ་བོར་གསལ༔ སྐལ་ལྡན་བུ་ལ་རྡོ་རྗེའི་ཚེ༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མ་ཧཱ་པུཎྜེ་སརྦ་སིདྡྷི་ཨ་བྷི་ཥིཉྩ་མཱི༔ ཕྱོགས་བཞིའི་ཚེ་འགུགས་ལྷ་མོ་མགྱོགས་མ་སོགས༔ ཕྲིན་ལས་བསྒྲུབ་མཛད་ཡོངས་རྫོགས་བཀྲ་ཤིས་ནི༔ བདག་ཅག་འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག ཞེས་དབང་བསྐུར་རྗེས་སུ་མེ་ཏོག་གཏོར་ཞིང་༔ ༀ་འགྲུབ་པར་གྱུར་ཅིག་སྐྱེ་འཆི་མེད་པའི་དབང་༔ རིགས་བདག་ཚེ་དབང་ལྷ་མོ་མགྱོགས་མའི་ཚོགས༔ བཀྲ་ཤིས་མཆོག་གི་དམ་པ་རབ་བརྙེས་པ༔ སྐལ་ལྡན་བུ་ལ་རབ་འབྱམས་དབང་ཐོབ་ཤོག་ཅེས་བརྗོད་དོ༔ དེ་ནས་རྡོ་རྗེའི་གོ་ཁྲབ་ལུས་ལ་བཀོན་ལ༔ ཧཱུྃ་སྐལ་ལྡན་ལུས་ཀྱི་དཀྱིལ་འཁོར་དུ༔ མི་ཤིགས་འགྱུར་མེད་རྡོ་རྗེའི་ཁྲབ༔ གསལ་བ་གསུམ་གྱི་རྒྱས་བཏབ་ནས༔ བར་ཆད་བདུད་ལས་རྣམ་རྒྱལ་ཤོག༔ ཨོཾ་བཛྲ་ཙཀྲ་རཀྟ་ཧཱུྃ༔ སྙིང་པོ་ལྔ་དངོས་སམ་བྲིས་པའམ་རྒྱབ་ཡིག་ཅན་ཀྱང་རུང་སྟེ༔ ལག་ཏུ་གཏད་དེ་སྙིང་གར་བཟུང་ལ༔ ཧཱུྃ༔ ས་ཡི་སྙིང་པོ་གསེར་ཡིན་ཏེ༔ ཚེ་ནི་སྲ་ཞིང་


CMR007_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་ཤོག ཆུ་ཡི་སྙིང་པོ་ཚ་ཡིན་ཏེ༔ ཚེ་ནི་རྒྱུན་ཆད་མེད་པར་ཤོག༔ འབྲུ་ཡི་སྙིང་པོ་ཏིལ་ཡིན་ཏེ༔ ཚེ་བསོད་དཔག་མེད་འཕེལ་བར་ཤོག༔ རྩི་བཅུད་སྙིང་པོ་མར་ཡིན་ཏེ༔ འགྱུར་མེད་ཚེ་ཡི་བཅུད་རྒྱས་ཤོག༔ རྩི་ཐོག་སྙིང་པོ་སྦྲང་ཡིན་ཏེ༔ བཀྲག་མདངས་དཔལ་དུ་འབར་བར་ཤོག༔ ཨོ་པུཊྚེ་པཉྩ་ལི་ཀྲི་ཤཱ་དྷ་ར་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ལ་མེ་ཏོག་གཏོར༔ རོལ་མོ་བསྒྲགས༔ ཤིས་པ་བརྗོད༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་རྒྱབ་ཡིག་ཅན་དང་བཅས་ཏེ༔ གནས་རྣམས་ཐོབ་པའི་གནས་སོ་སོར་གཏུགས་ཤིང་༔ ལག་ཏུ་གཏད༔ ཧཱུྃ༔ གསེར་གདུགས་སྐྱོབས་ཆེན་ཀུན་ཏུ་ཁྱབ༔ ནོར་བུ་ཆེན་པོ་རིན་ཆེན་ཏོག༔ དབུ་ཡི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་སྐྱོབས་པར་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མཾ་ག་ལཾ་སྭ་སྟི་ཧཱུྃ་ཧཱུྃ༔ ཧཱུྃ༔ གསེར་ཉ་དྲི་མེད་གསལ་འགྲིབ་མེད༔ ཡེ་ཤེས་མིག་ནི་དྲི་མ་མེད༔ སྤྱན་གྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་གསལ་བར་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མཾ་གཾ་ལཾ་སྭ་སྟི་ཧཱུྃ་ཧཱུྃ༔ ཧཱུྃ༔ ཚེམས་མཆོག་དྲི་མེད་སྐྱེ་ཤི་གཅོད༔ དུང་མཆོག་དྲི་མེད་ཆོས་ཀྱི་སྒྲ༔ ཚེམས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་བརྟན་


CMR007_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མཾ་ག་ལཾ་སྭ་སྟི་ཧཱུྃ་ཧཱུྃ༔ ཧཱུྃ༔ པདྨ་རབ་རྒྱས་རྣམ་པར་དག༔ དབྱིངས་ཀྱི་ཆོས་སྒྲ་ཆེན་པོ་སྒྲོག ལྗགས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་རྒྱས་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མཾ་ག་ལཾ་སྭ་སྟི་ཧཱུྃ་ཧཱུྃ༔ ཧཱུྃ༔ མགྲིན་པར་བུམ་བཟང་ཆེ་བའི་མཆོག༔ དྲི་མེད་དབང་སྐུར་ཡང་དག་དཔལ༔ མགྲིན་པའི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་དབང་རྫོགས་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྱ༔ ཧཱུྃ༔ ཐུགས་མཆོག་མི་འགྱུར་དཔལ་དུ་འབར༔ ནམ་མཁའ་ལྟ་བུ་གསལ་འགྲིབ་མེད༔ ཐུགས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་རྒྱས་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མཾ་ག་ལཾ་སྭ་སྟི་ཧཱུྃ་ཧཱུྃ༔ ཧཱུྃ༔ ཕྱག་ན་ནོར་བུ་དཔལ་འབར་བ༔ དགོས་འདོད་རིན་ཆེན་ཡིད་བཞིན་གཏེར༔ ཕྱག་གི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་ཡིད་བཞིན་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མཾ་ག་ལཾ་སྭ་སྟི་ཧཱུཾ་ཧཱུཾ༔ ཧཱུྃ༔ འཁོར་ལོ་རིན་ཆེན་ཆོས་འཁོར་བསྐོར༔ རྣམ་བཅུད་དབང་ལྡན་ཆེ་བ་པོ༔ ཞབས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་བརྟན་ཤོག ཨོ་ཨཱ་ཡུཛྙཱ་ན་མཾ་ག་ལཾ་སྭ་སྟི་ཧཱུྃ་ཧཱུྃ༔ ཧཱུྃ༔


CMR007_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུབ་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་༔ རྟག་པ་རྡོ་རྗེ་གཡུང་དྲུང་ཉིད༔ སྐུ་ཡི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་གནས་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་མོ་ག་ལོ་སྭ་སྟི་ཧཱུྃ་ཧཱུྃ༔ ཧཱུྃ༔ འཁོར་བའི་འཁྲུལ་འཁོར་ཟློག་པའི་རིན་པོ་ཆེ༔ དགོས་འདོད་རེ་བ་སྐོང་བའི་རིན་པོ་ཆེ༔ ལོངས་སྤྱོད་འབྱོར་པ་འཕེལ་བའི་རིན་པོ་ཆེ་རྒྱལ་བའི་བསྟན་སྲིད་སྐྱོང་བའི་རིན་པོ་ཆེ༔ སྟོབས་བཅུས་བདུད་དཔུང་འཇོམས་པའི་རིན་པོ་ཆེ༔ ཐར་ལམ་བྱང་ཆུབ་བགྲོད་པའི་རིན་པོ་ཆེ༔ ཉོན་མོངས་གཡུལ་ངོ་ཟློག་པའི་རིན་པོ་ཆེ༔ རིན་ཆེན་སྣ་བདུན་དཔལ་ཀྱི་བཀྲ་ཤིས་ནི༔ འདིར་འཚོགས་སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ ཅེས་རྗེས་སུ་མེ་ཏོག་གཏོར༔ ཤིས་པ་བརྗོད༔ དེའི་རྗེས་སུ་སྒྲུབ་ཁོག་ལས་བྱུང་བ་ལྟར་ཚེ་སྦ་བསྟིམས་ལ་སོགས་པ་སྐབས་དང་སྦྱར་བར་བྱའོ༔ ཚེ་སྦ་ནི༔ ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ སོགས། ཚེ་འགུགས་པ་ནི་མདའ་དར་གཡབ་ཅིང་༔ ཧཱུྃ༔ དམ་ཚིག་ཆེན་པོ༔ སོགས་བྱ༔ ཧཱུྃ༔ མི་འགྱུར་རྡོ་རྗེ་ཚེ་ཡི་རྟེན༔ གཡང་ཞགས་འཁྱིལ་པའི་དམ་རྫས་ནི༔ ཚེ་དཔག་མེད་པའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཚེ་དང་


CMR007_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་འཕྲོ་འདུར་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་སྐུ་གསུང་ཐུགས་སུ་སྨིན༔ འཆི་མེད་ཚེ་ཡིདབང་ཐོབ་ཤོག༔ ཨོཾ་ཤྲཱི་བཛྲ་ཨཱ་ཡུཿཥེ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་བཞིར་གཏུགས་ཤིང་བསྐུར་རོ༔ ཚེ་ཆང་ཚེ་འབྲས་ལ༔ ཨོ་ཚེ་བྷཾ་གཡུ་བྷཾ༔ ཨཱ་ཡུཛྙཱ་ན་གཡུ་ཚེ་ཧཱུཾ༔ སྤྲོ་བསྡུ་བྱ་ཞིང་༔ སློབ་དཔོན་གྱིས་མེ་ཏོག་གཏོར་ལ་ཚེ་ཆང་ཚེ་འབྲས་དྲངས་ཤིང་༔ ཧཱུྃ༔ རྩ་ཁམས་དག་པ་ལུས་ཁམས་གནས༔ དམ་རྫས་ཚེ་ཡི་བདུད་རྩི་འདིས༔ འབྱུང་བ་ཕྱི་ཡི་བཅུད་སྡུད་ལ༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམ༔ སྐྱེ་ཤི་མེད་པའི་ཚེ་ཐོབ་ནས༔ འགྱུར་བ་མེད་པའི་དོན་རྟོགས་ཤོག ཅེས་དྲངས༔ དེ་ནས་ཆེ་རྟེན་རྣམས་སོ་སོར་གཏད་པ་ནི༔ ཧཱུྃ༔ མདའ་ནི་སྐྱེས་པ་ཕོ་ཡི་རྟེན༔ གསེར་ནི་རིན་ཆེན་སྙིང་པོའི་བཅུད༔ འགྱུར་བ་མེད་པའི་བླ་རྟེན་མཛད༔ གཡུ་འདི་ཟ་མ་མོ་ཡི་རྟེན༔ བལ་འདི་ལོངས་སྤྱོད་གཡང་གི་རྟེནཾ༔ ཤཱ་ནི་བྱིས་པ་ཆུང་གི་རྟེན༔ དུང་ནི་བཀྲ་ཤིས་དགེ་བའི་རྫས༔ ཚེ་ནི་མི་འགྱུར་ལུས་ལ་བསྟིམ༔ ཕོ་ཡི་བླ་རྟེན་ཕོ་ལ་གཏད༔ མོ་ཡི་བླ་རྟེན་མོ་ལ་གཏད༔ བྱིས་པའི་བླ་རྟེན་ཆུང་ལ་


CMR007_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གཏད༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག ཧཱུྃ་ཧཱུྃ༔ ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ། བདག་གཞན་བདེ་ལེགས་བཀྲ་ཤིས་ཕུན་ཚོགས་ནས༔ མཁའ་མཉམ་འགྲོ་བ་གཅིག་ཀྱང་མ་ལུས་པ༔ བླ་མེད་བྱང་ཆུབ་མྱུར་དུ་འགྲུབ་པར་ཤོག༔ བླ་མས་རྡོ་རྗེ་དང་མདའ་དར་གྱིས་གཡབ་ཅིང་༔ ཨོྃ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ སོགས་བརྗོད༔ སྤྱི་དོན་གསུམ་པ་དམ་ཚིག་རྒྱས་གདབ་པ་ནི༔ སྤང་བྱའི་དམ་ཚིག་ཏུ༔ སྲོག་གཅོད༔ རྟེན་གསུམ་བཤིག་གཞོམ༔ གཉན་ཁ་སྲོལ་བ༔ ལྷ་སྲིན་དྲེགས་པ་ཅན་ལ་མི་བསྡོའོ༔ བསྒྲུབ་བྱའི་དམ་ཚིག་ཏུ༔ ལམ་ཟམ་བཅོས༔ རྟེན་གསུམ་རྙིང་པ་གསོ་བ༔ སཱཙྪ་གདབ་པ༔ སེམས་ཅན་གྱི་སྲོག་སྐྱོབ་པ༔ དཀར་པོ་དགེ་བའི་རྩ་བ་མཐའ་དག་ལ་འབད་དོ༔ རྒྱས་གདབ་པ་ནི༔ ཚེ་དབང་ཟབ་མོ་འདི་སྣོད་མིན༔ སྡིག་ཅན༔ དམ་མེད༔ དམ་ལོག༔ ལོག་སྤྱོད་ཅན་ལ་མི་བསྐུར་ཏེ༔ ཤིན་ཏུ་བཀའ་རྒྱ་དམ་པར་བྱའོ༔ ཚེའི་དབང་མཆོག་འདི་ཉིད་གང་ཟག་རྒྱས་པ་ལ་དགའ་བ༔ དམ་ཚིག་སྣོད་ལྡན་ལ་བསྐུར་རོ༔ སྤྲོས་པ་མི་དགའ་ན༔ བསྡུས་པ་ལ་དགའ་


CMR007_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ར༔ སྒྲུབ་ཁོག་ལས་བྱུང་བ་ལྟར་བྱའོ༔ ཨེ་མ༔ ཐུགས་ཀྱི་ཡང་ཞུན་རིན་ཆེན་གསེར་ལྟ་བུ༔ ཤིན་ཏུ་ཟབ་ཕྱིར་གནམ་སྐས་བྲག་ལ་སྦས༔ ལས་ཅན་རྣམས་ཀྱི་ཚེ་ལ་དབང་ཐོབ་ཤོག༔ ལྷོ་བྲག་གནམ་སྐས་གཏེར་གནས་ཁྱད་པར་ཅན༔ ཀླུ་བདུད་མགོ་དགུ་གཏེར་སྲུང་ཁྱད་པར་ཅན༔ ཁྲི་སྲོང་ལྡེའུ་བཙན་ཆོས་རྒྱལ་ཁྱད་པར་ཅན༔ གསང་འདུས་སྐོར་གསུམ་གདམས་པ་ཁྱད་པར་ཅན༔ ལང་གྲོ་ལོ་ཙཱ་སྨོན་ལམ་ཁྱད་པར་ཅན༔ རྒྱ༔ གཏེར་སྲུང་རྣམས་ཀྱིས་བྱ་ར་མ་བསྙེལ་ཅིག༔ དུས་ལ་བབས་ན་ཆོས་བདག་བུ་ལ་སྤྱོད༔ དེས་ཀྱང་བཀའ་རྒྱ་སྤེལ་ཚོད་རིག་པས་ལྟོས༔ ཟབ་རྒྱ༔ སྦས་རྒྱ༔ ས་མ་ཡ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་རྒྱ༔ བརྡ་ཡིག བྱ་ལོར་གཏེར་ནས་རཏྣ་གླིང་པས་བཏོན་པའོ༔ ཞེས་གཏེར་གཞུང་ལས་ཁ་བཀང་རཱ་ག་ཨ་སྱས་མཛད་པའོ༔


previousཚེ་སྒྲུབ་གསང་བ་འདུས་པ་ལས། གནམ་སྐས་ཅན་གྱི་གཏེར་མ་ཡང་ཟབ་རཏྣའི་ཐུགས་བཅུད་དམ་པ་དཔལ་འབར་དབང་།next