Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་འདུས་ཀྱི་འདོན་འགྲིག་ནང་སྒྲུབ་ཀྱི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་འདུས་ཀྱི་འདོན་འགྲིག་ནང་སྒྲུབ་ཀྱི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས། next

ཚེ་སྒྲུབ་གསང་འདུས་ཀྱི་འདོན་འགྲིག་ནང་སྒྲུབ་ཀྱི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས།


CMR007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་འདུས་ཀྱི་འདོན་འགྲིག་ནང་སྒྲུབ་ཀྱི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས་ལགས་སོ༔


CMR007_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ནང་སྒྲུབ་ཀྱི་འདོན་འགྲིག་ནི༔ བདག་ཉིད་དབང་ཆེན་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་སྒྲོག་པར་གྱུར༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ སོགས་ནས། སུཾ་བྷ་ནི་ཧཱུྃ་བཞི་ཡི་སྔགས་སོགས་ནས། ཚེ་སྲོག་ལ་བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ དེ་བར་བརྗོད༔ བགེགས་རྣམས་རྒྱ་མཚོའི་ཕར་འགྲམ་ཕྱིའི་ལྕགས་རི་ཆེན་པོའི་ཕྱིར་བསྐྲད་དེ་འདའ་བའི་གནས་མེད་པར་གྱུར༔ ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ༔ སོགས་ནས་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ དེའི་བར་བརྗོད༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད༔ རྡོ་རྗེ་འཁོར་ལོ་དབྱུག་ཏོ༔


CMR007_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་རྒྱ་གྲམ་ཕུར་པའི་གུར་གྱིས་བསྣོལ་མར་འཁོར་ཞིང་༔ བར་མཚམས་མེད་པར་གཏམས་པའི་ཕྱི་རོལ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔས་ཚངས་པའི་གནས་ཀྱི་བར་འུ་རུ་རུ་འབར་བར་གྱུར༔ བར་མཚམས་ཐམས་ཅད་ཁྲོ་ཆུང་མཚོན་ཆས་གང་བ་སྐར་ལྟར་རྒྱུག་པ་དང་རླུང་ལྟར་འཁྲུག་ཅིང་འབར་བར་གྱུར༔ ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ནས་ཨཱ་ཝེ་ཤ་ཡ་ཨཱ༔ དེ་ནས་མཆོད་པ་བྱིན་རླབས་ནི༔ ཧཱུྃ༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་ཚོགས་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་


CMR007_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་སུ་གསོལ༔ ཨོཾ་བཛྲ་པུཊྚེ་ཨཱཧཱུྃ༔ སོགས། ཨོྃ་ཨཱ༔ ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲིཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིཏ་ཏེ་ཛཱ་བྷ་ལིནྟ་བྷ་ལ་བྷ་ཏེ་གླུ་རྒྱ་ས་མ་ཡེ་སྭཱ་ཧཱ༔ སོགས་ནས། ཤུདྡྷེ་ཨཱཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཧཱུྃ་བྷོ་དྷི་ཙིཏྟ་གྷ་ན་གུ་ཧྱ་ས་མ་ཡ་སཱུ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ནས་ཤུདྡྷོ་ཨཱ༔ ཧཱུྃ་བྷཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བློ་ལས་ཡེ་ཤེས་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་ཆོས་འཁོར་ཡོངས་སུ་རྫོགས་པ་ཕྱི་གསལ་ནང་གསལ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་སྟེང་ཐམས་ཅད་རྡོ་རྗེའི་བླ་རེ༔ འོག་ཐམས་ཅད་རྡོ་རྗེའི་ས་གཞི་ཕྱོགས་མཚམས་རྡོ་རྗེའི་གུར་དུ་གྱུར༔ དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་བདག་ཉིད་པདྨ་ཉི་ཟླའི་སྟེང་དུ་དམར་པོ་ལས༔ འོད་ཟེར་ཕར་འཕྲོས་རྒྱལ་བ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་སྒྲིབ་པ་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་ན་ཚེའི་བུམ་པ་འཛིན་པ་འོད་དུ་འཕྲོ་བར་གྱུར༔ དེ་ནས་མདུན་བསྐྱེད་དཀྱིལ་འཁོར་བསྐྱེད་པ་ནི༔ སྭ་བྷཱ་ཝ་སོགས༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་


CMR007_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཀོཉཧཾ། ཞེས་བརྗོད་པས། མདུན་གྱི་དལ་བུམ་པ་བཅས་པ་མི་དམིགས་པ་ལས༔ གཞལ་ཡས་ཁང་ཆེན་པོ་སྒོ་བཞི་གྲུ་བཞི་རྟ་བབས་བཞི༔ གདུགས་ཏོག་ཆོས་འཁོར་རྣམས་ཡོངས་སུ་རྫོགས༔ ཕྱི་གསལ་ནང་གསལ་འོད་དུ་འབར་བ༔ ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དབུས་སུ༔ རྨ་བྱ་བརྒྱད་དང་པདྨ་དང་ཉི་མ་ཟླ་བའི་དལ་གྱི་སྟེང་༔ རང་བྱུང་ལྷུན་གྱིས་གྲུབ་པའི་ཡི་གེ་ཧྲཱིཿདམར་པོ་འོད་དུ་འབར་བ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ ཁྱད་པར་དུ་འཁོར་གྱི་ཚེ་བསོད་ནམས་དཔལ་དང་བཅུད་ཐམས་ཅད་ཚུར་བསྡུས་ཧྲིལ་ཐིམ་ཡོངས་སུ་གྱུར་པ་ལས༔ ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་ན་ཚེའི་བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བ་འཛིན་པ༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ མདུན་དུ་ཚེའི་ལྷ་མོ་གོས་དཀར་མོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་སེར༔ ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་ཚེའི་བུམ་པ་ཡབ་ཀྱི་སྙན་གཡས་ཐད་དུ་འཛིན་པ༔ དབུ་སྐྲ་གྲོལ་བ༔ གཅེར་བུ་ལ་རིན་པོ་ཆེ་དང་


CMR007_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ཕྲེང་བ་དང་རྒྱན་དྲུག་གིས་སྤྲས་པ༔ འཛུམ་པའི་མདངས་དང་ལྡན་པ༔ ཞབས་གཉིས་ཡབ་ཀྱི་རྐེད་དུ་འཁྲིལ་བ༔ དེའི་ཤར་དུ་མི་བསྐྱོད་པ་ཚེ་དཔག་མེད་ཡབ་ཡུམ་སྐུ་མདོག་དཀར་པོ༔ ཕྱག་ན་བུམ་པ་འཛིན་པ༔ ལྷོར་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད་ཡབ་ཡུམ་སྐུ་མདོག་སེར་པོ་ཕྱག་ན་བུམ་པ་འཛིན་པ༔ ནུབ་ཏུ་རྣམ་པར་སྣང་མཛད་ཚེ་དཔག་མེད་ཡབ་ཡུམ་དམར་པོ་ཕྱག་ན་བུམ་པ་འཛིན་པ༔ བྱང་དུ་དོན་ཡོད་གྲུབ་པ་ཚེ་དཔག་མེད་ཡབ་ཡུམ་སྐུ་མདོག་ལྗང་གུ་ཕྱག་ན་བུམ་པ་འཛིན་པ༔ དེའི་ཕྱི་རིམ་ཤར་དུ་ལཱ་སྱ་དཀར་མོ་གཡས་ཚེའི་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པའོ༔ ལྷོར་མཱ་ལེ་སྔོན་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པའོ༔ ནུབ་ཏུ་གྷིརྟི་དམར་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པའོ༔ བྱང་དུ་ནིརྟི་ལྗང་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པའོ༔ དེ་དག་རྣམས་ཀྱང་ལྷ་མོའི་ཕྱེད་སྐྱིལ་དུ་བཞུགས་པའོ༔ དེའི་ཕྱི་རིམ་ཤར་དུ་དཀར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ལྷོར་སེར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་དམར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔


CMR007_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ལྗང་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ཀུན་ཀྱང་པདྨའི་སྐྱིལ་ཀྲུང་དུ་བཞུགས་པའོ༔ དེའི་ཕྱི་རིམ་ཤར་དུ་སྒོ་མ་ལྕགས་ཀྱུ་དཀར་མོ་བསེའི་གའུ་འཛིན་པ༔ ལྷོར་སྒོ་མ་ཞགས་པ་སེར་མོ་ཞགས་པ་དང་བསེའི་གའུ་འཛིན་པ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ་དམར་མོ་པདྨ་དང་བྷན་འཛིན་པ༔ བྱང་སྒོར་རལ་གྲི་མ་ལྗང་མོ་གཡུའི་གའུ་འཛིན་པ༔ སྒོ་མ་རྣམས་ཀྱི་སྐུ་གར་སྟབས་སུ་བཞུགས་པ༔ ཀུན་ཀྱང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་དར་རྣམ་པ་ལྔས་སྟོད་གཡོགས་དང་ཤམ་ཐབས་ཅན་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་གྱུར༔ ལྷ་དེ་དག་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ཁ༔ ཨོྃ་ཨཱ༔ ཧཱུྃ་བརྗོད་པས་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས༔ ཡེ་ཤེས་ལྔའི་དབང་བསྐུར་བར་གྱུར་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཧྲིདམར་པོའི་མཐའ་མ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་གྱུར༔ སྔགས་ལས་འོད་ཟེར་འཕྲོས་ཏེ་བདེ་བ་ཅན་ནས་རང་རང་གི་ཡེ་ཤེས་པ་སྤྱན་དྲངས་ཏེ༔ དམ་ཚིག་པ་རང་ལ་ཐིམ་གཉིས་སུ་མེད་པར་གྱུར་ཏེ༔ འོད་ཟེར་གྱིས་སྟོང་གསུམ་གང་བར་གྱུར༔ ཨོཾ་


CMR007_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཡུསརྦ་ཏ་ཐཱ་ག་ཏ་ཛཱ་ན་མུ་ཏྲ་ས་མ་ཡ་ཛ༔ དེ་ནས་སྤྱན་འདྲེན་པ་ནི། ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་༔ ནས་སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ དེ་བར་བརྗོད་དམིགས་པ་གསལ་འདེབས་བསྙེན་སྒྲུབ་དང་ལས་སྦྱོར་སོགས་ནང་སྒྲུབ་གཞུང་ལྟར་བྱའོ། ཞེས་ཨ་རཱ་གས་བསྒྲིགས་པའོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་སྒྲུབ་གསང་འདུས་ཀྱི་འདོན་འགྲིག་ནང་སྒྲུབ་ཀྱི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས། next