Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་བ་འདུས་པ་ལས་ནང་སྒྲུབ་དམིགས་རིམ་བཞུགས་པའི་དབུ་ཕྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པ་ལས་ནང་སྒྲུབ་དམིགས་རིམ་བཞུགས་པའི་དབུ་ཕྱོགས།next

ཚེ་སྒྲུབ་གསང་བ་འདུས་པ་ལས་ནང་སྒྲུབ་དམིགས་རིམ་བཞུགས་པའི་དབུ་ཕྱོགས།


CMR007_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པ་ལས་ནང་སྒྲུབ་དམིགས་རིམ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR007_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཅཅཁ༔ ན་མོ་ཨཱ་ཡུཛྙཱ་ན་ཡེ༔ ཚེ་སྒྲུབ་གསང་འདུས་ཀྱི་ནང་སྒྲུབ་ལ༔ བདག་བསྐྱེད་གཞལ་ཡས་ཁང་གི་དབུས་སུ་གཙོ་རྐྱང་ཡིན༔ མདུན་བསྐྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་མངོན་རྟོགས་ལྟར་འཁོར་མང་བསྐྱེད༔ མདུན་བསྐྱེད་གཙོ་བོའི་ཕྱག་ན་འཛིན་པའི་བུམ་པ་དང་བཤམ་པའི་བུམ་པ་གཉིས་དབྱེར་མེད་བསྒོམ་པ་མ་གཏོགས་ལོགས་ན་བུམ་པ་ལྷ་བསྐྱེད་ནས་མེད་དོ༔ རང་བདག་བསྐྱེད་ཚེ་དཔག་མེད་ཀྱི་ཐུགས་ཀར་པདྨ་དམར་པོ་ཞིག་གི་སྟེང་དུ༔ གསེར་གྱི་རྡོ་རྗེ་རྒྱ་གྲམ་ཞིག་ལྷན་ཐབས་སུ་ཡོད་པའི་ལྟེ་བའི་སྟེང་དུ་འོག་ཉི་མ་སྟེང་ཟླ་བ་གཉིས་ཀྱི་གའུ་ཁ་སྦྱོར་ཁ་ཅུང་ཟད་


CMR007_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ། དེའི་ནང་དུ་པདྨ་དང་ཟླ་བའི་གདན་གྱི་དབུས་སུ་ཚེ་དཔག་མེད་པའི་ཐུགས་སྲོག་ཧཱུྃ༔ དམར་པོ་བྱུ་རུའི་མདོག་ཅན་ལངས་ཏེ་གནས་པ་ཧཱུྃཡིག་ཚེག་ངོས་རྒྱབ་སྒལ་ཚིགས་ངོས་ན་བསྟན་པ་གཡོ་འགུལ་མེད་པར་ཁྲོང་ངེ་གནས་པ༔ ཧཱུྃདེ་ཡི་ནང་སྟོང་པ་ཟངས་ཀྱི་སྦུ་གུ་ལྟ་བུའི་ཧའི་ཁོག་པའི་ནང་དུ་རང་གི་བླ་སྲོག་གི་ངོ་བོ་ནི་ལྗང་གུ་བཀྲག་མདངས་སྐར་རྗེན་ཤར་བ་ཙམ་ཡོད་པ་དེའི་གཡས་སུ་སྲོག་མི་འགྱུར་བའི་ཡི་གེ་ཨཱཿདཀར་པོ་གཡོན་དུ་སྲོག་བརྟན་པའི་ངོ་བོ་ཡི་གེ་ཧཱུྃ་མཐིང་ག་གསུམ་བསྒོམ༔ ཐུགས་སྲོག་ཧཱུྃཡི་མཐར་འདོན་རྒྱུའི་སྔགས་དེའི་ཡི་གེ་ངོ་ཕྱི་ན་བསྟན་ནས་ཡི་གེ་


CMR007_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལངས་ཏེ་གནས་པར་བསྒོམ༔ ངག་ནས་སྔགས་བརྗོད་མ་ཐག་བྱུ་རུའི་ཕྲེང་བའམ་མགལ་མེའི་འཁོར་ལོ་ལྟར་གཡས་སུ་དམར་ཀྱི་ལི་ལི་འཁོར། དེ་བཞིན་དུ་མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཝལ་སྔགས་ཕྲེང་འཁོར་བ་ནི་འདྲ་སྟེ་ཨ་ནཱི་ཧཱུྃ་གསུམ་མི་དགོས༔ བདག་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་ཧྲཱིཿདམར་པོ་གཅིག་འཕྲོས་པས༔ མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོའི་ཕྱག་གི་བུམ་པ་དང་བཤམས་པ་གཉིས་གཅིག་ཡིན་པའི་དབུས་སུ་ཟླ་བའི་གདན་ལ་ཧཱུྃ༔ དེ་བཞུགས་པ་ལ་སྔགས་ཕྲེང་གིས་བསྐོར་བ་ཡང་གཡས་སུ་ཀྱི་ལི་ལི་འཁོར་བར་བསྒོམ༔ དེ་ཡན་ནི་བསྙེན་སྒྲུབ་ལས་གསུམ་ཀ་ལ་སྒོམ་ལུགས་འདྲ་ལ༔ མི་འདྲ་བའི་ཁྱད་པར་ཅུང་ཟད་ནི༔ བསྙེན་པའི་དུས་དམིགས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དམར་པོ་ཤས་ཆེ་བ་སྤྲོས༔ གཟུངས་ཐག་གི་རྒྱུད་ནས་སོང་སྟེ༔ དཀྱིལ་འཁོར་ལྷ་ཐམས་ཅད་ལ་འོད་དེས་ཕོག་པས་ཐུགས་རྒྱུད་བསྐུལ༔ ཐུགས་རྒྱུད་ཟེར་བ་ནི༔ སྔོན་ཚེ་ཟད་པའི་ཚེ་བསྲིང་བའི་དམ་བཅས་པའི་སྨོན་ལམ་དེ་དྲན་པའོ༔ དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དམར་པོ་


CMR007_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེ་བ་སྟེང་འོག་ཕྱོགས་བཅུར་ནམ་མཁས་གར་ཁྱབ་ཏུ་འཕྲོས༔ འཁོར་བའི་སེམས་ཅན་ཐམས་ཅད་དང་མྱ་ངན་ལས་འདས་པའི་ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བཅུ་པོ་གང་རུང་ལ་བཞུགས་པ་རྫོགས་པའི་སངས་རྒྱས་ཏེ་འཁོར་འདས་ཐམས་ཅད་ཀྱི་ཚེ་དང་བསོད་ནམས༔ བཀྲག་མདངས་དཔལ་དང་གཟི་བརྗིད་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་ནས༔ ལ་ལ་རང་ལ་ཐིམ་ལ་ལ་མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་སིབ་སིབ་རུག་རུག་ཐིམ་པར་བསྒོམ༔ ཧྲེ་འཁྱམས་པ་ཞེས་བྱ་བ་རང་གི་བླ་སྲོག་འཁྱམས་པ་ཡིན་པ་སྟེ༔ ཡང་རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ཏུ་བརྒྱུད་ནས་སོང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་སྔགས་འཁོར་བཞིན་ལས་འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པས་རང་ནི་སྲོག་འཁྱམས་པ་དང་༔ གདོན་ཆེན་གྱིས་འཕྲོག་པ༔ གདོན་ཕྲན་གྱིས་བསྡུམ་པ༔ བྱད་མ་ལྷ་སྲུང་གིས་བརྐུས་པ་ཐམས་ཅད་འོད་དང་འོད་ཟེར་གྱི་ཚུལ་དུ་འུབས་སེ་འུབས་སེ་བསྡུས༔ བདག་ལ་སིབ་སིབ་ཐིམ༔ མདུན་བསྐྱེད་ཚེ་དཔག་མེད་ཀྱི་


CMR007_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གི་བུམ་པར་རུག་རུག་བླུག་པར་བྷེ༔ ཡང་རང་གི་ཐུགས་ཀའི་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ་ནས༔ མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་འཕྲོས་པས་ནམ་མཁའི་ཉི་ཟླ་ས་ཆུ་མེ་རླུང་འཁོར་འདས་སྣོད་བཅུད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་ཚེ་བསོད་ནམས་ཀྱི་བཅུད་ཐམས་ཅད་འོད་ཁ་དོག་སྣ་ཚོགས་དང་འོད་ཟེར་བཀྲག་མདངས་ཆེན་པོ་སྤྲིན་མེད་ཉི་མ་ལྟར་འུབས་སེ་འུབས་སེ་བསྡུས་ཏེ༔ རང་ལ་སིབ་སིབ་ཐིམ་པ་དང་༔ མདུན་བསྐྱེད་ཀྱི་བུམ་པའི་ནང་དུ་རུག་རུག་སོང་བ་ཚེའི་བདུད་རྩིར་གྱུར་པར་བསྒོམ་ལ་བསྙེན་པ་བྱ་ཐུན་མཚམས་སུ༔ ཀྱི་རྗེ་བཙུན་ཞེས་གསོལ་འདེབས་དབྱངས་དང་བཅས་ཏེ་བྱ༔ དབྱངས་ནི་རྣལ་འབྱོར་རང་གདངས་གང་ཤེས་ཆོག༔ ཐུན་མཚམས་སུ་ལས་བྱང་སྔོན་མ་ཚར་བསྙེན་པ་མང་དུ་སོང་ནས༔ ལས་བྱང་རྒྱབ་མ་བཏང་རན་ལ་ཁད་ཡིན་དེ་ཡིན་པས༔ ཐུན་འཇོག་ཁར་དབང་བླང་བ་ནི༔ གཟུངས་ཐག་གི་རྒྱུད་ནས་མདུན་གྱི་བུམ་པ་དེ་ནས་འཆི་མེད་ཚེའི་བཅུད་འོད་ཟེར་ཁ་དོག་སྣ་ཚོགས་


CMR007_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ར་ར་བྱུང་སྟེ། བདག་གི་དཔྲལ་བ་མགྲིན་པ་ཐུགས་ཀ་གསུམ་ལ་ཐིམ༔ ཁྱད་པར་དུ་སྙིང་གའི་ཧཱུྃ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དཔག་ཏུ་མེད་པ་དང་ལྡན་པར་བྷེ༔ དེ་རྣམས་ནི་བསྙེན་པ་དུས་ཡིན་པར་རྩེ་གཅིག་བྱའོ། །དེ་ནས་སྒྲུབ་པ་དུས་བདག་མདུན་གྱི་ནམ་མཁར་ཧྲཱིཿདང་སྔགས་འཁོར་གོང་སོང་དང་འདྲ་སྟེ་དམིགས་པ་མི་འདྲ་བའི་ཁྱད་ནི་རང་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་རྒྱུད་ནས་སོང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་པས་ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་དཀྱིལ་འཁོར་དབུས་སུ་ཚེ་དཔག་མེད་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་པས༔ སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྟེང་ལྷའི་ཚེའི་དངོས་གྲུབ་ཐམས་ཅད་ལ་ཨ་དཀར་པོ༔ བར་མིའི་ཚེ་དངོས་གྲུབ་ཐམས་ཅད་ནི་ལྗང་ཀུ༔ འོག་ཀླུ་དང་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་ཧཱུྃ་སྔོན་པོའི་གཟུགས་ཀྱི་རྣམ་པར་གྱུར་ཏེ་སྟེང་འོག་ནམ་མཁའ་བར་སྣང་ཐམས་ཅད་ཡི་གེ་དེ་གསུམ་མེ་རེ་རེ་གང་བར་གྱུར་པ་ལས༔ མདུན་བསྐྱེད་ཀྱི་ཐུགས་སྲོག་ཧྲཱིཿདང་ཕྱག་གི་བུམ་པའི་དབུས་ཀྱི་ཧྲཱིཿ སྔགས་


CMR007_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ལྕགས་ཀྱུའི་དབྱིབས་སུ་ཚེ་འགུགས་པ་དང་སྡུད་པའི་ཕོ་ཉའི་ཚུལ་དུ་འཕྲོས་པས་ཡི་གེ་འབྲུ་གསུམ་གྱིས་གང་བ་ཐམས་ཅད་འུབ་ཀྱིས་ཧྲིལ་བསྡུས་ནས་བདག་ལ་ཡང་ཐིམ་ཞིང་ཁྱད་པར་མདུན་བསྐྱེད་ཀྱི་ཕྱག་གི་བུམ་པ་དང་བཤམས་པའི་བུམ་པ་དབྱེར་མེད་པ་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ་བསྡུས་པའི་ཡིག་འབྲུ་གསུམ་པོ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པས་ཆིལ་གྱིས་གང་བར་བསྒོམ༔ ཡང་རང་གི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ་བས་སྦྱོར་མཚམས་དང་ཕྱག་གི་བུམ་པའི་དབུས་ཀྱི་ཧྲུདང་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱི་ས་ཆུ་མེ་རླུང་ནམ་མཁའི་བཅུད་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་ཚུལ་དུ་བསྡུས་ནས་བདག་དང་བུམ་པའི་ནང་གི་བདུད་རྩི་ལ་སིབ་སིབ་ཐིམ་པར་བསྒོམ། ཡང་གོང་ལྟར་རང་གི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས་ཐུགས་སྲོག་ཧཱུྃ༔ དང་བུམ་པ་སོགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས་ནང་རྒྱལ་བ་རིགས་ལྔ་སྟེ༔ རྡོ་རྗེ་སེམས་དཔའི༔ རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས༔ དོན་ཡོད་གྲུབ་པ༔ རྣམ་པར་སྣང་མཛད༔ ཡུམ་སངས་རྒྱས་སྤྱན་མ༔ མ་མཱ་ཀི༔ གོས་དཀར་མོ༔ དམ་ཚིག་སྒྲོལ་


CMR007_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མ༔ ནམ་མཁའི་དབྱིངས་ཕྱུག་མ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེའི་དངོས་གྲུབ་ཀྱི་ངོ་བོ་འོད་ཟེར་ཁ་དོག་ལྔ་འུབ་ཧྲིལ་ཧྲིལ་བསྡུས་ནས་བདག་མདུན་བུམ་པའི་བདུད་རྩི་ལ་འདུས་ཤིང་ཐིམ་པར་བསྒོམ༔ ཡང་གོང་ལྟར་འོད་ཟེར་འཕྲོས་པས་གསང་བ་ཕྱོགས་བཅུའི་དུས་གསུམ་གྱི་རྒྱལ་བ་རྒྱལ་སྲས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་འདུས་ཤིང་བུམ་པར་ཐིམ་བདག་ལ་ཡང་ཐིམ་པར་བསྒོམ༔ ཐུན་རེ་ལ་དམིགས་པ་དེ་རྣམས་གསལ་ངེས་བྱ༔ ཐུན་མཚམས་སུ་གསོལ་བ་གོང་ལྟར་གདབ་ནས་ཐུན་འཇོག་ཁར་དབང་བླང་བ་ནི༔ གཟུངས་ཐག་རྒྱུད་ནས་འཆི་མེད་ཚེའི་བཅུད་འོད་ཟེར་དུ་ན་ར་ར་བྱུང་སྟེ་བདག་གི་གནས་གསུམ་དང་ཁྱད་པར་སྙིང་གའི་ཎི་ལ་ཐིམ་ནས་བཀྲག་མདངས་གཟི་བརྗིད་ལྡན་པར་བསྒོམ་མོ༔ དེ་ནི་སྒྲུབ་པའི་དུས་ཡིན་ནོ༔ དེ་ནས་ལས་སྦྱོར་དམིགས་པ་ནི༔ བདག་མདུན་ཐུགས་ཀའི་ཧྲིལ་སྔགས་ཀྱིས་བསྐོར་བ་སོགས་ནི་ཁྱད་མེད་ལ༔ མི་འདྲ་བའི་ཁྱད་པར་གྱི་དམིགས་པ་ནི༔ རང་གིས་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་གཙོ་བོ་ལ་ཕོག༔ གཙོ་བོའི་ཐུགས་


CMR007_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་འོད་ཟེར་འཕྲོས༔ འཁོར་ཚེའི་ལྷ་མོ་ལ་ཕོག་ལྷ་མོ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་རང་རང་གི་མདོག་ཅན་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྒྱལ་སྲས་ཚེའི་བདག་པོ་ཚེ་ལ་དབང་བ་དཔག་ཏུ་མེད་པའི་བྱིན་རླབས་ཚེའི་དངོས་གྲུབ་དང་༔ འབྱུང་བ་བཞིའི་བཅུད་དང་༔ ནམ་མཁའ་དང་ཉི་ཟླའི་བཅུད་དང་༔ འགྲོ་བ་སྣོད་བཅུད་འཇིག་རྟེན་གྱི་ཁམས་ཀྱི་ཨ་ནི་ཧཱུཾ་གསུམ་རིང་པར་རིང་པར་རུབ་རུབ་བསྡུས་ནས་ལྷ་མོ་རང་རང་གི་ཕྱག་གི་བུམ་པ་མེར་མེར་ཆིལ་ཆིལ་ཁེངས་ཤིང་བདུད་རྩི་ཞུ་ཞིང་ཁོལ༔ དེ་ཐམས་ཅད་གཙོ་བོའི་ཕྱག་གི་བུམ་པར་སིབ་སིབ་རུག་རུག་བླུག་སྟེ་བདུད་རྩིས་བུམ་པ་གང་བ་དེ༔ གཙོ་བོའི་ཕྱག་གཉིས་བརྐྱངས་ཏེ་བདག་གི་མགོ་ལ་བཞག་ནས་དབང་བསྐུར་ཞིང་༔ ལྷ་ཚོགས་ཐམས་ཅད་ཀྱི་འཆི་མེད་ཚེའི་སྔགས་ཀྱི་རང་སྒྲ་དི་རི་རི་བསམས་པས་བདུད་རྩི་ཚངས་བུག་ནས་ཞུགས་ལུས་ཐམས་ཅད་དཀར་ལྟེམས་སེ་གང་༔ བཅུད་ཀྱི་དངས་མ་སྙིང་དབུས་ཀྱི་ཨ་ནི་ཧཱུྃ་གསུམ་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར་བར་བསྒོམ༔ ཐུན་མཚམས་སུ་གསོལ་བ་གོང་ལྟར་གདབ༔ དབང་བླང་བའི་དམིགས་པ་མི་དགོས༔ དམིགས་པ་དངོས་


CMR007_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དེས་འཐུས་སོ༔ དེ་ལྟར་མི་གཅིག་གིས་བསྒྲུབ་ན་བསྙེན་སྒྲུབ་ལས་གསུམ་ཞག་བདུན་རེ་ལས་ཉུང་ཐབས་མེད་ནའང་༔ མང་པོས་བསྒྲུབ་ན་མི་གྲངས་རྩི་བས་མི་བདུན་ཡོད་ན་ཞག་གཅིག་ལ་བདུན་རྩིའོ༔ དེ་ནས་ཡུན་ཅི་ཙམ་སྒྲུབ་པ་དུས་ཐེམས་ནས་ཕྱིར་ནངས་གྲོལ་ཁ་དབང་བླང་བ་ནི༔ དེ་ནས་བདག་མདུན་གཞུང་ལྟར་དང་༔ ཞོར་ལ་ཚེ་གཏོར་དང་མདུན་བསྐྱེད་དབྱེར་མེད་བུམ་པ་དང་༔ མདུན་བསྐྱེད་ཕྱག་གི་བུམ་པ་དབྱེར་མེད་དུ་བསྒོམ་ལ༔ ལས་བྱང་གི་བསྟོད་པ་ཡིན་བྱ་བ་འདིར་ཚོགས་ངེས་པར་བྱ་དགོས་སོ༔ བདག་གིས་བྱས་པ་དེའི་རྒྱལ་བ་རྒྱ་མཚོ་བྱས་ཀྱང་རུང་༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཕོག་པས་ཐུགས་ཀའི་ཧྲཱིཿདང་སྦྱོར་མཚམས་ནས་འོད་ཟེར་སྣ་ཚོགས་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འཁོར་འདས་ཀྱི་ཚེ་བསོད་ནམས་ཁྱད་པར་དུ་འབྱུང་བ་ལྔའི་བཅུད་ཐམས་ཅད་འུབ་ཧྲིལ་བསྡུས་ནས་ཚེ་ཆང་དང་ཚེ་འབྲས་ཞེས་པ་ཚེ་ནས་དང་ཚེ་རིལ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོ་ཚེ་ཧཱུཾ་གཡུ་བྷཾ་གཡུ་ཚེ་ཧཱུཾ༔ ཨཱ་ཡུ་ཛྙཱ་ན་གཡུ་ཚེ་ཧཱུཾ༔ ཞེས་མི་གཅིག་ཡིན་ན་བཟླས་པ་མང་ན་སྤྱི་ཁ་ནས་སྟོང་འགྲོ་བར་བྱས༔ གོང་གི་བསྙེན་པ་འགྲོ་


CMR007_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས༔ གོང་གི་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་དེ་འཛབ་དབྱངས་ཀྱི་ཚུལ་དུ་དབྱངས་བྱས་ཤིང་མི་གཅིག་ཡིན་ན་བརྒྱ་རེ་དང་མང་ན་སྤྱི་ཁ་ནས་སྟོང་འགྲོ་བར་བྱས་པས་བསྙེན་སྒྲུབ་དངོས་གྲུབ་ལན་ཁ་ཁ་གསོ་བའོ༔ དེ་ནས་དཀྱིལ་འཁོར་ལ་མཎྜལ་ཕུལ༔ དབང་ཞུ་བའི་གསོལ་འདེབས་ཚུར་དུ༔ གོང་གི་གསོལ་འདེབས་དེ་མང་མ་ལ་རྗེས་ཟློས་བཙུག༔ རང་གི་ཡིན་ན་ལན་གསུམ་གདུང་བའི་དབྱངས་ཀྱིས་བྱ༔ མཚམས་དེར་གཞུང་དབང་བླང་སྟེ༔ ཚེ་གཏོར་གྱི་བུམ་པ་ཚེ་དཔག་མེད་དངོས་སུ་གསལ་བས་མདུན་བསྐྱེད་གཙོ་བོ་དང་དབྱེར་མེད་པ་ལ་མདུན་བསྐྱེད་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད༔ ཕྱག་གཡས་ཚེའི་མདའ་དར་གཡབ་ཅིང་ཚེ་དཔལ་བསོད་ནམས་བཀྲག་མདངས་གཟི་བརྗིད་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་ཞིང་གཡོན་པས་ཚེའི་བུམ་པར་ཚེ་བཅུད་བསྡུས་ཤིང་༔ བདག་ལ་དབང་བསྐུར་བའི་ཕྱིར༔ གཙོ་བོའི་བུམ་པར་རུག་རུག་བླུག་པར་བསྒོམ་ཞིང་༔ རང་གིས་མདའ་དར་གཡབ་ཅིང་༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ཞེས་སོགས་ལས་བྱུང་གི་ཚེ་འགུགས་རྣམས་བྱ་སྟེ༔ ཚེ་སྦ་བ་དང་བསྟིམ་པ་དེ་སྐྱུར་ལ༔ མདུན་བསྐྱེད་གཙོ་བོའི་ཕྱག་གི་བུམ་


CMR007_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་ལ་དབང་བསྐུར་བར་བྷེ༔ རྡོར་དྲིལ་དང་བཅས་བུམ་པ་བཟུང་ལ༔ དབང་ཚིག་ནི་སྒྲུབ་གཞུང་གིས༔ ཀྱེ༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔ ཞེས་སོགས་དབྱངས་དང་བཅས་པར་བྱ༔ མདུན་གྱི་གཙོ་བོའི་ཕྱག་གི་བུམ་པ་དང་དབྱེར་མེད་པའི་བུམ་དབང་བསྐུར་ཞིང་ནམ་མཁའ་ཐམས་ཅད་རྒྱལ་བ་ཚེ་དཔག་མེད་པའི་ལྷ་ཚོགས་ཀྱིས་གང་བ་ཀུན་ཀྱང་འཆི་མེད་སྔགས་ཀྱི་རང་སྒྲ་ཏི་རི་རི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་འུ་རུ་རུ་དབང་བསྐུར་བས༔ བདག་གི་སྤྱི་བོ་ནས་མར་འཆི་མེད་ཚེའི་བདུད་རྩི་དཀར་ན་ར་ར་བབ༔ ལུས་སྤྱི་བོ་ནས་གསང་གནས་ཡན་ཆད་འཆི་མེད་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསྒོམ་ཞིང་སྒྲུབ་གཞུང་གི་དབང་གི་སྔགས་ལྔ་པོ་བརྗོད་ཅིང་བུམ་པ་མགོའི་ཕྱོགས་ལྔར་བཞག་ལ༔ བུམ་ཆུ་བཏུང་༔ དེ་ནས་ཚེ་གཏོར་མདུན་བསྐྱེད་ཀྱི་གཙོ་བོ་དང་དབྱེར་མེད་དུ་རང་གི་སྤྱི་བོར་བྱོན༔ དེའི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་བཞི་ནས༔ འོད་ཟེར་དཀར་དམར་མཐིང་ལྗང་བཞི་ཡི་ཐིག་ལེ་ཨོ་ཨཱ༔ ཧཱུྃ་ཧིས་མཚན་པ་རང་གི་གནས་བཞིར་ཐིམ་ལ་དབང་བཞི་ཐོབ་པར་བསྒོམ་ཞིང་༔ ཚེ་གཏོར་པྲ་ཁྲིད་ནས༔ ཧཱུྃ༔ མི་འགྱུར་རྡོ་རྗེའི་


CMR007_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བརྟན་སོགས་དང་༔ སྔགས་བཞི་བརྗོད་ཅིང་རང་གི་གནས་བཞིར་གཏུག་གོ༔ ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་གནས་༔ ཞེས་སོགས་བརྗོད་ཚེ་ཆང་དྲངས༔ ཚེ་རིལ་དྲངས༔ ཧཱུྃ༔ མདའ་འདིས་སོགས་བརྗོད༔ ཚེ་མདའ་ཚེ་ནས་ལག་ཏུ་འཛིན་ཙམ་བྱ༔ དེ་ནས་ལུས་འཆི་མེད་བདུད་རྩིས་དཀར་ལྟེམ་གྱིས་གང་༔ དྭངས་མའི་དྭངས་མ་བཅུད་ཀྱི་ཡང་སྙིང་ཐམས་ཅད་རང་གི་སྙིང་དབུས་ན་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བའི་སྟེང་ན༔ ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ༔ སྲོག་མི་འགྱུར་བའི་རྟེན་ཨཱནཾ་ཧཱུྃ་གསུམ་གནས་པ་ལས༔ བཅུད་ཐམས་ཅད་སིབ་ཀྱིས་ཡིག་འབྲུ་གསུམ་ལ་ཐིམ་པས༔ བཀྲག་མདངས་སུ་འབར་བས་འོད་ཟེར་བ་སྤུའི་བུ་ག་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས༔ འཁོར་འདས་གཉིས་ཀྱི་ཚེ་དཔལ་བཀྲག་མདངས་གཟི་བརྗིད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་བ་ལྟར་འུབས་སེ་འདུས་ནས་དཔྲལ་མགྲིན་སྙིང་ག་གནས་གསུམ་དང་༔ བ་སྤུའི་བུ་ག་ནས་སིབ་སིབ་འདུས། སྙིང་དབུས་ཀྱི་ཨ་ནི་ཧཱུྃ་གསུམ་ལ་ཐིམ༔ སྲོག་རྩ་ཐམས་ཅད་ཀྱང་སླར་ཡང་༔ ལྷ་དང་དྲང་སྲོང་རིག་འཛིན་ཀླུ་དབང་འཁོར་ལོས་སྒྱུར་བའི་རྒྱལ་པོ༔ འཇིག་རྟེན་ཚེ་དང་བསོད་ནམས་ལ་


CMR007_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བའི་ཚེ་བསོད་དཔལ་འབྱོར་བཅུད་ཐམས་ཅད་འདུས་ཤིང་སྙིང་དབུས་ཨ་ནི་ཧཱུྃ་གི་ཡི་གེ་འབྲུ་གསུམ་ལ་ཐིམ༔ བདག་བཀྲག་མདངས་འོད་དུ་འབར་བཅུ་དྲུག་ལོན་པའི་གཞོན་ཤ་དང་ལྡན་པར་བསྒོམ༔ རྟེན་འབྲེལ་མི་བསླུ་བས་དེ་ལྟར་འགྱུར་ངེས་སྙམ་པའི་དཔའ་གདིང་བསྐྱེད་དོ༔ དེ་ལྟར་བསྒོམ་ཞིང་ལས་བྱང་གི་ཚེ་སྦ་བསྟིམ་རྣམས་གྱེར་རོ༔ དེ་ནས་སྙིང་གའི་ཨ་ནི་ཧཱུྃ་གསུམ་ལ་བཅུད་ཐིམ་རྗེས་སུ༔ སྙིང་གའི་ཉི་ཟླ་གའུ་ཁ་འགྲིག འོག་གི་རྡོ་རྗེ་རྒྱ་གྲམ་གྱི་ཕྱོགས་བཞིའི་རྡོ་རྗེ་ར་བཞི་བཞིར་ཡར་གྱེན་དུ་ལངས༔ གའུའི་སྟེང་ནས་བསྣོལ་མར་རྒྱས་གདབས་ཏེ༔ གའུ་དམ་པར་དཀྱིག་པའི་རྡོ་རྗེ་ར་བཞི་ཡི་རྩེ་མོ་རྟ་མགྲིན་གྱི་སྔགས་ཕྲེང་དམར་པོ་སྟོང་སྐུད་དམར་པོ་འདྲ་བས་དམ་པར་བཅིངས༔ གའུའི་སྟེང་ན་ཚེ་དཔག་མེད་དཀར་པོ་ཚོན་གང་བ་ཅིག་བཞུགས་པར་བསྒོམས་ལ༔ ཨོ་སྐུ་ཡི་སོགས་ལས་བྱང་གི་མཇུག་ནས༔ བཀྲ་ཤིས་གང་རུང་བྱ༔ མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་སྐུ་གསུང་ཐུགས་རྟེན་རྣམས་ལ་ཐིམ༔ བདག་བསྐྱེད་ནམ་ཡང་མི་གཤེགས་སོ༔ འདི་སྒྲུབ་པའི་ཚེ་ནུབ་ཐུན་གང་རུང་དེ་ལ་སྨྱོ་ཁ་དང་མཁའ་རིའི་གཏོར་ཆོག་འདོན་པ་གལ་ཆེའོ༔ གྲོལ་དུས་གཏེར་


CMR007_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་གཉིས་ཕྱིར་འབུལ་ལ་དབང་བླངས་ལ་དངོས་གྲུབ་བྱ་རུང་ངོ་༔ མ་བླངས་ཀྱང་ཆོག གཞན་ཡང་གཏོར་མ་ཚེ་རིལ་རང་དོན་ཡིན་ན་མི་ལ་མི་སྦྱིན༔ མང་པོས་བསྒྲུབས་ན་ནང་སྐོར་ཙམ་ལ་བཀྱེ༔ གཞན་དོན་ཡིན་ན་བུམ་ཆུ་ཚེ་རིལ་ཚེ་གཏོར་སོགས་ཚེ་རིལ་གྱི་རུ་རྩི་ལེགས་སོ༔ ཞེས་པ་འདི་ཡི་འདོན་ཆ་འཁྲུགས་ཆེ་བ་ནི་ལོགས་སུ་བསྒྲིགས་པ་ལྟར་ཡིན༔ དམིགས་པ་གཞུང་འདིར་ཁ་གསལ་བས་བྲི་དགོས་མེད་ནའང་༔ ཤིང་སྦྲུལ་ཆེན་པོའི་ཡར་ངོ་ཞག་བདུན་ཕྲག་ལ་དཔོན་སློབ་ཉི་ཤུ་ཙམ་གྱིས་འདིའི་སྒྲུབ་པ་བྱས་སྐབས༔ བླ་མ་རྒྱལ་མཚན་གྱིས་སྔགས་འཁོར་དམིགས་རིམ་དོགས་གཅོད་སུམ་ཅུ་དྲགས་བསྐུལ་བྱུང་ནས༔ རཱ་ག་ཨ་སྱས་བསྒྲིགས་ཏེ༔ འདི་ནང་སྒྲུབ་རང་གི་གཞུང་ཚིག་རྣམས་ཅུང་ཟད་གོ་བདེ་བ་མ་གཏོགས༔ བསྲེ་སླད་རང་གིས་རིགས་འགྲེས་སོགས་ཅུང་ཟད་མེད་པས་ཕྱི་རབས་རྣམས་ཡིད་ཆེས་པསཉམས་སུ་བླངས་ན་བློ་ཆུང་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག


previousཚེ་སྒྲུབ་གསང་བ་འདུས་པ་ལས་ནང་སྒྲུབ་དམིགས་རིམ་བཞུགས་པའི་དབུ་ཕྱོགས།next