Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་པའི་མཐར་ཐུག་གི་ཟིན་བྲིས་ཉུང་བསྡུས་ཞིག་བཞུགས་པའི་དབུ་ཕྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་པའི་མཐར་ཐུག་གི་ཟིན་བྲིས་ཉུང་བསྡུས་ཞིག་བཞུགས་པའི་དབུ་ཕྱོགས།next

ཟབ་པའི་མཐར་ཐུག་གི་ཟིན་བྲིས་ཉུང་བསྡུས་ཞིག་བཞུགས་པའི་དབུ་ཕྱོགས།


CMR007_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པའི་མཐར་ཐུག་གི་ཟིན་བྲིས་ཉུང་བསྡུས་ཞིག་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR007_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣའི་གཏེར་ཁ་ཚེ་སྒྲུབ་གསང་བ་འདུས་པ་འདི་ཡང་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་སོགས། མང་དུ་ཡོད་པའི་ནང་ནས་ཟབ་པའི་མཐར་ཐུག་འདི་སྟབས་བདེ་ཞིང་ཤིན་ཏུ་ཟབ། གཏེར་སྟོན་ནས་ད་ལྟའི་བར་དུ་སྒྲུབ་པའི་རྒྱུན་མ་ཆད་ཅིང་རྟགས་ཐོན་པ་ཡིན། འདི་སྒྲུབ་པ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། དང་པོ་སྐར་མ་བཟང་ཞིང་ཡར་ངོ་མར་ངོ་ནམ་ཡང་རུང་སྟེ། མཚམས་ལ་བཞུགས་ལ་གཟིམ་ཁང་ཕྱགས་དར་དང་མཆོད་བཤམས་སྤྱི་ལྟར་བྱ། སྒྲུབ་པ་མ་ཚར་བར་དུ་བཞུགས་གདན་བསྒུལ་མི་རུང་། ཕུགས་གཏོར་དང་གཏོར་གསོལ་མང་དུ་བཅའ། སྒྲུབ་པ་དུས་


CMR007_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཤ་མིན་པ་མི་མཆོད། ཤ་གང་ཡོད་དུས་གཅིག་བྲན་ལ་ཚོགས་བྱ། དེ་གྲྭ་པ་ཚོས་ཚོགས་བྱས་ཀྱང་ཆོག །དེ་ནས་ཆ་གསུམ་བཏང་ལ་ཕྱིར་ཕུལ། སུམྦྷ་ནི་བརྗོད་ཅིང་ནས་ལྕག་གཏོར། ན་བཟའ་གཟིམ་ཆས་སྤོས་རུམ་བྱ། མཚམས་ཁང་སྒོ་རྩར་ཐོ་གཅིག་བརྩེགས་ནས་དཀར་པོ་ཐོན་ན་ལེགས། དཀར་གཏོར་གཅིག་དང་གཞན་ཞིག་སྤྱི་དང་གནས་བདག་དེ་ལ་ཁ་བསྔོས་བྱས་ལ་སྒྲུབ་པ་འདི་མཐར་མ་ཐོན་བར་དུ། ཕྱི་ཡི་བར་ཆད་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱིར་མ་བཏང་། ཁྱེད་རྣམས་ལ་མཐུ་རྩལ་ཅི་འདུག་ལྟའོ། །བརྗོད་ལ་ཐོ་དཀར་པོའི་རྩར་


CMR007_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། དེ་ཐམས་ཅད་ཞག་གཉིས་གསུམ་གོང་ནས་དལ་བུས་བྱེད་ཆོག་དེ་ནས་ཡར་ངོའི་ཚེས་ཉིན་པར་སྒྲུབ་པའི་དབུ་བཙུགས་ཏེ། རྒྱུན་གྱི་ཐུགས་དམ་ཆག་མེད་རིགས་རྣམས་སྔར་ལྟར་བྱ༔ ནངས་སྔའི་ཁྲུས་དེ་ལ་སྨེ་བརྩེགས་རྣམ་འཇོམས་གང་རེད་ཀྱི་སྔགས་ཐུང་གང་རུང་གཅིག་གིས་ཞལ་བུ་བཏབ་ནས་ཁྲུས་བྱ། གཟུངས་ཆུ་མིན་པའི་ཁྲུས་དང་ཆབ་མི་རུང་། ཚོགས་ཤ་མིན་པ་མི་གསོལ། གཞན་ཟས་སྔར་མུས་ལྟར་ཅི་བདེ་ཆོག །ནམ་ཡང་ལྕེ་མི་གསོལ། མེ་ལ་ཕུ་མི་བྱ། ངག་བཅད་དམ་པར་བྱ། ངག་གཏམ་རུང་་། བདག་བསྐྱེད་རང་ཉིད་ཡི་དམ་ཟེར་བ་ནི་ཚེ་དཔག་གྲུབ་རྒྱལ་ཉུང་ངུས་ཆོག ༈ །དེ་ནས་གཞུང་དུ་གསལ་བ་ལྟར། སྤྱི་གཙུག་ཏུ་ཨོ་རྒྱན་ཚེ་དཔག་མེད་གཉིས་དབྱེར་མེད་བསྒོམ་སྟེ། དགུང་སྙིང་བྱ་ཡིན་པས་སྐུ་མདོག་དམར་སེར་བསྒོམ། དེ་ཡི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲི༔ ཡིག་དམར་པོ་འཕྲེང་ཐབས་སུ་གནས་པའི་མཐར་བཟླ་བྱའི་སྔགས་དེ། གཡས་སྐོར་དུ་ཀྱི་ལི་ལི་འཁོར་བར་བསྒོམ་། དེ་ལས་འོད་ཟེར་འཕྲོས། བདེ་བ་ཅན་དང་ཟངས་མདོག་དཔལ་རི་ནས། ཚེ་དཔག་མེད་དང་ཨོ་རྒྱན་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ། ཡང་དེ་ཡི་ཐུགས་ཀ་ནས་འོད་


CMR007_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས་པས། རང་གི་ཚེ་ཡར་བ་དང་། འབྱུང་བའི་བཅུད་དང་། འགྲོ་བའི་ཚེ་བསོད། འཕགས་པའི་བྱིན་རླབས་བསྡུ་བ་རྣམས་ཚེ་དབང་དུས་ལྟར། ཚེ་དཔག་མེད་ཡབ་ཡུམ་གྱི་སྐུ་དང་ཕྱག་གི་བུམ་པར་བསྟིམ། བུམ་པའི་བདུད་རྩི་ཆི་ལི་ལི་ཁོལ་བ་དང་། ཐལ་མོ་སྙིང་གར་སྦྱར་ཏེ་གཞུང་གི་གསོལ་འདེབས་ཤོ་ལོ་ཀ་གཉིས་དེ་ཚར་གསུམ། དེ་ནས་བདུད་རྩི་བྱུང་ནས་ཚངས་བུག་ནས་ཞུགས། རང་གི་ལུས་གང་། དེ་འདྲ་ལན་བདུན་གྱི་རྗེས་ལ། རང་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུྃཡིག་ནང་དུ། རང་གི་སྲོག་གི་ངོ་བོ་ཚིལྗང་གུ་བཀྲག་མདངས་ཅན་གཅིག་བསྒོམ། བདུད་རྩིའི་བཅུད་ཐམས་ཅད་དེ་ལ་ཐིམ། སླར་ཡང་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས། ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་ཐམས་ཅད་འོད་ཟེར་དུ་ཞུ་ནས། ཨ་དཀར་པོ་དང་ནི་ལྗང་ཁུས་འཇིག་རྟེན་མེ་རེ་རེ་གང་། དེ་ཐམས་ཅད་རྡོ་ཁབ་ལེན་གྱི་ཁབ་ལེན་པ་ལྟར། སྙིང་ཁའི་ཚྭ་ལ་སིབ་ཀྱིས་ཐིམ་པས་བཀྲག་མདངས་འོད་དུ་འབར་ཏེ་ལོ་བརྒྱ་ཡི་བར་དུ་འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཐོབ་ཨང་སྙམ་དུ་ངེས་ཤེས་བསྐྱེད། སྔོན་ལྟར་དམིགས་པ་བསྒོམ་ཝིག་བྱ་ཞིང་སྔགས་ཤུབ་


CMR007_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བཟླས། སྔགས་འབྲུ་མིས་མི་གསལ་བ་དང་སྒྲ་ཆེ་བ་མི་བྱ། བུང་བའི་སྐད་ལྟར་སི་ལི་ལི་བཟླས། དམིགས་པ་མི་གསལ་ན་སྔ་དྲོ་ཐུན་གཉིས། དགོང་ཀ་གཅིག་དང་གསུམ་དང་བཞིའམ། ཉིན་གསུམ་མཚན་གསུམ་དང་ཐུན་དྲུག་གམ། ཉིན་གསུམ་མཚན་གཅིག་གམ་བཞི་ལ་ཡིག་ཆུང་རྣམས་སྐྱུར་ནས། ཡིག་ཆེན་རྣམས་འདོན་བསྒོམ་ལྟར་གསལ་བཏབ། དེ་ལྟར་ཟླ་གཅིག་ཙམ་བསྒྲུབས་པས་གཞུང་ནས་གསུངས་པ་ལྟར་རྟགས་དང་རྨི་ལམ་འབྱུང་། སྒྲུབ་པ་ཚར་ནས་སྤྱི་བོའི་ཚེ་དཔག་མེད་ཡབ་ཡུམ་རང་ལ་ཐིམ། རང་ཉིད་ཚེ་དཔག་མེད་མཐའ་ནས་དབུས་སུ་ཡལ་ཏེ་ཐུགས་ཀའི་ཧྲིལ་ཐིམ། གྷིཡང་མི་དམིགས་སྟོང་པ་ཉིད་ལ་བཞག་ནས། འདི་ནུབ་གཟིམ་ཁ་བྱ་བར་བཤད་ཀྱང་བསྐྱེད་རིམ་མ་བསྡུས་ན་རྟགས་གསལ་བར་འོང་། དེ་ཡི་བར་སྐབས་སུ་བདེ་མཆོག་སོགས་ལྷ་གཞན་བསྒོམ་དགོས་ན། བདག་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་རང་འདྲ་སྤྲོས། དེས་བདག་བསྐྱེད་དང་མདུན་བསྐྱེད་བསྒོམས་ནས་འོད་དུ་ཞུ་ནས་རང་ལ་བསྟིམ་པར་བྱའོ། །སྒྲུབ་པ་ཚར་དུས་བཀྲ་ཤིས་སྨོན་ལམ་བྱའོ། །དེ་ལྟར་སྒྲུབ་པ་ཚར་ནས་ཐོ་རངས་སམ་སྔ་དྲོ་དམིགས་པ་བསྒོམ། གསོལ་བ་བཏབ་ནས་སྔགས་


CMR007_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རབ་སྟོང་། འབྲིང་ལྔ་བརྒྱ། ཐ་མ་སུམ་བརྒྱ་མ་ཆག་པར་བཟླ། ཡང་རྨིས་ལྟས་ཞན་དུས་སོགས་ལ། སྔར་ལྟར་མཚམས་བསྡམས་ནས་བཟླས་ན་རྨི་ལམ་བཟང་བར་འོང་བ་མྱོང་བས་གྲུབ། མཚམས་མིན་ཀྱང་ནམ་དྲན་དམིགས་པ་གསལ་བཏབ་པས་བསྒོམ་ཆོག །གཏོར་བསྔོས་སོགས་མི་དགོས། གལ་ཏེ་གཏོར་བསྔོས་འདོད་ན་བཟླས་བྱའི་སྔགས་དེ་ཡི་མཇུག་ཏུ་ཚེ་དཔག་མེད། རྒྱལ་བ་རྒྱ་མཚོ་གསང་བ་འདུས་པའི་ཞལ་དུ་ཨི་དམ་བ་ལིངྐ་ཁ་ཁ་ཁཱ་ཧི། བརྗོད་པས་འཐུས། རྒྱལ་བ་རྒྱ་མཚོའི་དང་རྟ་མགྲིན་གཉིས་ཀྱི་མཚམས་སུ་འཛུད། དེ་ནས་མཚམས་གྲོལ་ནས་འབྱོན་དུས་མཚམས་ཐོའི་རྩར་གཏང་རཀ་དཀར་གཏོར་ཕུལ། ཐོ་འགྱེལ་བཞག །ཅེས་པ་ཨ་རཱ་གས་སོ། །ཤུ་བྷཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཟབ་པའི་མཐར་ཐུག་གི་ཟིན་བྲིས་ཉུང་བསྡུས་ཞིག་བཞུགས་པའི་དབུ་ཕྱོགས།next