Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་ལས་བྱང་གི་མཚམས་སྦྱར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དབུ་ཕྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་ལས་བྱང་གི་མཚམས་སྦྱར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དབུ་ཕྱོགས།next

ཚེ་སྒྲུབ་ལས་བྱང་གི་མཚམས་སྦྱར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དབུ་ཕྱོགས།


CMR007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ལས་བྱང་གི་མཚམས་སྦྱར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དབུ་ཕྱོགས་ལགས་སོ།།


CMR007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཅད་ལས་བྱང་ནང་༔ ང་ཡི་བཀའ་ལ་འདའ་མ་བྱེད༔ ཅེས་པ་ནས༔ ཧཱུྃ༔ སྟེང་ཡང་རྡོ་རྗེའི་བླ་བྲེ་ལ༔ འོག་ཀྱང་རྡོ་རྗེའི་ས་གཞི་སྟེ༔ ཕྱོགས་མཚམས་རྡོ་རྗེའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་འཁོར་ལོའི་བླ་བྲེ་ལ༔ འོག་ཀྱང་འཁོར་ལོའི་ས་གཞི་སྟེ༔ ཕྱོགས་མཚམས་འཁོར་ལོའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་དབྱུག་ཏོའི་བླ་བྲེ་ལ༔ འོག་ཀྱང་དབྱུག་ཏོའི་ས་གཞི་སྟེ༔ ཕྱོགས་མཚམས་དབྱུག་ཏོའི་གུར་དུ་གྱུར༔ ཧཱུྃ། སྟེང་ཡང་རལ་གྲིའི་བླ་བྲེ་ལ༔ འོག་ཀྱང་རལ་གྲིའི་ས་གཞིར་གྱུར༔ ཕྱོགས་མཚམས་རལ་གྲིའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་རྒྱ་གྲམ་བླ་བྲེ་


CMR007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ འོག་ཀྱང་རྒྱ་གྲམ་ས་གཞི་སྟེ༔ ཕྱོགས་མཚམས་རྒྱ་གྲམ་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་ནིཡི་བླ་བྲེ་ལ༔ འོག་ཀྱང་ནིཡི་ས་གཞི་སྟེ༔ ཕྱོགས་མཚམས་ནཱི༔ ཡི་གུར་དུ་གྱུརཿ༔ ཧཱུྃ༔ སྟེང་ཡང་ཕུར་པའི་བླ་བྲེ་ལ༔ འོག་ཀྱང་ཕུར་པའི་ས་གཞི་ས༔ ཕྱོགས་མཚམས་ཕུར་པའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་མེ་ཡི་བླ་བྲེ་ལ༔ འོག་ཀྱང་མེ་ཡི་ས་གཞི་སྟེ༔ ཕྱོགས་མཚམས་མེ་ཡི་གུར་དུ་གྱུར༔ ཧཱུྃ༔ ཐམས་ཅད་བསྣོལ་མར་འཁོར་བའི་ཕྱིར༔ བར་མཚམས་མེད་པར་བསྡམས་པ་ལ༔ ཡེ་ཤེས་མེ་དཔུང་འུ་རུ་རུ༔ ཁྲོ་ཆུང་མང་པོ་སྐར་ལྟར་


CMR007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག༔ རླུང་ལྟར་འཁྲུག་ཅིང་འབར་བར་བསྒོམ༔ བགེགས་རྣམས་རྒྱ་མཚོའི་ཆེ་འགྲམ་དུ༔ ལྕགས་རི་ཆེན་པོའི་ཕྱིར་བསྐྲད་དོ༔ ཨོ་ཧྲིབཛྲ་ཀྲོ་ཏ་ཧྱ་གྷི་ཝ་བཛྲ་ཙཀྲ་ཏིག་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་པས་མཚམས་བཅད་ནས་བརྡའི་སྒོ་ཡང་དབྱེ༔ ཧཱུྃ༔ གསང་འདུས་ཚེ་ཡི་རང་བྱུང་ཡེ་ཤེས་ལྷ༔ འཁོར་འདས་ཐམས་ཅད་དཀྱིལ་འཁོར་གཅིག་གི་ངང་༔ མ་རིག་རང་གསལ་ཐབས་ཀྱིས་སྒོ་བཅད་པ༔ རང་རིག་གསལ་སྟོང་དག་པའི་སྒོ་ཕྱེས་ཤིག༔ བྷཾ་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཡི་ཕྱག་ཀྱང་འཚལ༔ ཧཱུྃ༔ འཁོར་འདས་ཐམས་ཅད་རང་བྱུང་ཡེ་ཤེས་ལྷ༔ ཀུན་ཁྱབ་རང་བྱུང་ཡེ་ཤེས་དོན་མ་རྟོགས༔ རང་གསལ་མཐའ་དབུས་མེད་ཀྱང་མུ་བཞིར་གོལ༔ དོན་དམ་སྙིང་པོའི་རང་བཞིན་མཇལ་ཕྱག་འཚལ༔ གུ་རུ་ཨ་ཡུ་ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ༔ ཚེ་ཡི་རང་རྩལ་རྒྱུ་དྲུག་འཁོར་བར་སྦྱང་༔ ཐོག་མེད་དུས་ནས་རང་སེམས་ཡི་དམ་ལྷ༔ དུས་འདིར་རང་བྱུང་སྙིང་པོའི་དོན་མ་རྟོགས༔ སྲོག་གི་ཕྱིར་ཡང་མི་བཏང་ས་མ་ཡ༔ ཙིཏྟ་བཛྲ་ས་མ་ཡ་ཛ༔ དེ་ནས་བྱིན་དབབ་གཞུང་ལྟར་བྱ། །གཉིས་པ་དངོས་གཞིའི་རིམ་པ་ནི། །ཧཱུྃ༔ སྤྲོས་མེད་ཆོས་རྣམས་ཡེ་


CMR007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དག༔ མཐའ་བཞི་དྲི་མ་རང་སངས་ཉིད༔ ཀ་དག་ཟང་ཐལ་ཆོས་ཀྱི་སྐུ༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ༔ ཧཱུྃ༔ གདོད་ནས་བདེ་ཆེན་ཆོས་སྐུ་ཡང་༔ རང་ངོ་མ་ཤེས་འཁྲུལ་པའི་དབང་༔ གཟུང་འཛིན་ལས་ལ་རབ་ཏུ་འཐས༔ དེ་ཉིད་མ་རྟོགས་སྙིང་རེ་རྗེ༔ དྷརྨ་དྷརྟུ་སྭ་བྷ་ཝ་ཤུདྡྷེ་ཨཱ༔ ཧཱུྃ༔ འཁོར་བ་དང་ནི་མྱ་ངན་འདས༔ རྒྱུ་ཡི་ངོ་བོ་གཅིག་ཉིད་དེ༔ ཧཱུྃནི་ཡེ་ཤེས་སྙིང་པོའི་སྲོག༔ རྟེན་འབྲེལ་རྒྱུ་ཡི་ས་བོན་བསྒོམ༔ ཙིཏྟ་བཛྲ་ས་མ་ཏི་ཧཱུྃ༔ ཨེ་ལས་སྟོང་གསལ་ནམ་མཁའི་དབྱིངས༔ ཡཾ་ལས་སྟོབས་ཆེན་རྡོ་རྗེའི་རླུང་༔ ར་ལས་རྒྱ་མཚོ་མུ་མཐའ་མེད༔ སུཾ་ལས་དབང་ཆེན་གསེར་གྱི་གཞི༔ ཀེ་ལས་གྲུ་བཞི་རི་རབ་བརྗིད༔ རཾ་ལས་མེ་དཔུང་ཕྱོགས་བཅུར་འབར༔ རང་གི་སྙིང་ཁར་སྣ་ཚོགས་རྡོ་རྗེ་ཡི༔ ལྟེ་བའི་སྟེང་དུ་ཉི་ཟླ་གཉིས༔ ཁ་སྦྱོར་ནང་དུ་དྷཱིདམར་པོའི༔ དབུས་སུ་ཨ་ནི་ཧཱུྃ་གསུམ་གསལ༔ དེ་ཡང་གཡས་སུ་ཨ་དཀར་པོ་སྲོག་མི་འགྱུར་བའི་ཡི་གེ་གཡོན་དུ་ཧཱུྃ་མཐིང་ག་སྲོག་བརྟན་པའི་ཡི་གེ་དབུས་སུ་ཀྲྀ་ལྗང་གུ་དེ་གསུམ་འོད་ཟེར་དང་ལྡན་པར་བསྒོམ༔ རང་གི་སྤྱི་བོར་པད་དཀར་སྟོང་ལྡན་


CMR007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དབུས༔ ཨོ་རྒྱན་ཚེ་དཔག་སྐུ་མདོག་དམར༔ འོད་དང་འོད་ཟེར་ངོ་བོར་གནས༔ ལོངས་སྐུའི་རྒྱན་རྫོགས་རིན་ཆེན་སྤྲས༔ མཉམ་བཞག་འཆི་མེད་ཚེ་བུམ་བསྣམས༔ དར་ཚོན་སྣ་ལྔའི་སྟོད་གཡོགས་དང་༔ དམར་པོའི་ཤམ་ཐབས་བྱས་པའོ༔ དེ་ཡི་གསང་ཡུམ་རིགས་མ་ནི༔ གསང་བ་ཡེ་ཤེས་སྐུ་མདོག་དམར༔ གཅེར་བུ་རུས་བརྒྱན་པད་ཕྲེང་བརྒྱན༔ ཕྱག་གཡས་པད་ཕྲེང་ཡབ་མགུལ་འཁྱུད༔ གཡོན་པས་ཚེ་ཡི་བུམ་པ་ནི༔ ཡབ་ཀྱི་སྙན་གྱི་ཐད་དུ་འཛིན༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ༔ སྙོམས་འཇུག་མཛད་པའི་ཚུལ་དུ་གནས༔ དབུ་སྐྲ་ཁམ་སེར་སྐུ་རྒྱབ་འཁྱིལ་ཞིང་འཕྱང་༔ དེ་ཡི་ཕྱི་རིམ་འདབ་བཞི་ལ༔ ཤར་དུ་ལཱ་སྱ་སོགས། །གནས་གསུམ་འབྲུ་གསུམ་ས་བོན་ལས༔ འོད་འཕྲོས་བདེ་ཆེན་ཞིང་ཁམས་ནས་ཚེ་དཔག་གཙོ་འཁོར་རྒྱ་མཚོ་དང་༔ རྔ་ཡབ་གླིང་ནས་ཨོ་རྒྱན་རྗེ༔ གཙོ་འཁོར་དཔག་མེད་སྤྱན་དྲངས་ནས༔ བདག་མདུན་ཚེ་བུམ་རྣམས་ལ་ཐིམ༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ ཕྱོགས་བཅུའི་རྒྱལ་བ་དཔག་མེད་རྣམས༔ ཚེ་དཔག་མེད་ཀྱི་ངོ་བོར་བྱོན༔


CMR007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱལ་བ་ཞི་ཁྲོ་དང་ཁྲོ་བོའི་རྣམ་པ་ལ་ངོ་བོ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་བསམས༔ བདག་དང་ཆེ་བུམ་རྣམས་ལ་ཐིམ༔ གཞན་ཡང་ལྷ་དང་དྲང་སྲོང་དང་༔ འཁོར་ལོས་བསྒྱུར་རྒྱལ་ལ་སོགས་ཀྱི༔ ཚེ་བསོད་དཔལ་དང་བཀྲག་མདངས་དང་༔ ཨ་མྲྀཧཱུྃགསུམ་གྱི་རྣམ་པར་འོད་ཟེར་ཆི་ལི་ལི་འདུས་པར་བསམ༔ གཟི་བརྗིད་མ་ལུས་ཀུན་བསྡུས་ནས༔ བདག་དང་ཚེ་བུམ་རྣམས་ལ་ཐིམ༔ འབྱུང་ལྔའི་བཅུད་བསྡུས་དེ་ལྟར་ཐིམ༔ འཆི་མེད་ཡེ་ཤེས་བདུད་རྩིར་གྱུར༔ བུམ་པའི་ནང་དུ་ཆི་ལི་ལི༔ ཁོལ་བར་དམིགས་ཤིང་སྔགས་འདི་བཟླས༔ ཨོ་གུ་རུ་ཨཱ་ཡུསིདྡྷི་ཧཱུཾ་ཧྲཱིཿ ཨ་མཱ་ར་ཎི་ཛི་བན་ཏི་ཡེ་སྭཱ་ཧཱ༔ བསྙེན་པ་བརྒྱ་རྩ་བརྒྱད་བཟླས། །དེ་ནས་གཟུངས་ཐག་འཐེན་ལ་སྤྲོ་བསྡུ་བྱས་པས༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། །མདུན་བསྐྱེད་བུམ་ལྷའི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་འཕྲོས་མཆན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེའི་རང་བཞིན་དྲི་དང་ཨ་དང་ཧཱུྃ་གསུམ་གྱི་རང་བཞིན་དུ་བཀྲ་ལམ་མེ་རེ་རེ་སྣོད་བཅུད་ཐམས་ཅད་ཞུ་ཞིང་ཁེངས་པས༔ འུབ་འུབ་བསྡུས་པས་བུམ་པ་འབྲུ་གསུམ་གྱི་མེར་གྱིས་གང་༔ བདག་ལ་ཐིམ་པར་གྱུར་ཞིང་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱི་གཡས་ཐམས་ཅད་ཚེ་ཡི་མདའ་དར་རིགས་ལྔ༔ གཡོན་རྣམས་ཚེ་ཡི་བུམ་པ་བསྣམས་པའོ༔ ས་བོན་ལྔ་གོང་གི་གནས་འདྲེན་པ་རིགས་བདག་མདུན་གྱི་


CMR007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་འབྲུ་བརྒྱུད་ལས་འོད་ཟེར་འཕྲོས༔ ཕྱོག་བཅུའི་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་དང་འབྱུང་བ་ལྔའི་དྭངས་མ་འབྲུ་གསུམ་ཏིང་ངེ་འཛིན་གསལ་བར་དབུགས་ཀྱི་རྟ་ལ་དྲངས་ཏེ༔ ཤངས་རླུང་སྒྲོམ་ལས་ཀྱང་ཧཱུྃ་འཕྲོས་འབྲུ་གསུམ་དང་ཁྱད་པར་ཀྲྀ་འཁྱམས་པ་རང་གི་བླ་ཚེ་ཡར་བ་གདོན་བགེགས་ཀྱིས་ཁྱེར་བ་ཐམས་ཅད་རང་དབང་མེད་པར་བསྡུས་ཤིང་བཀུག་ལ་བུམ་པ་དང་བདག་ལ་ཡང་ཡང་གསལ་བར་བསྟིམ་ཞིང་༔ རང་ལུས་དང་བུམ་པ་ཁེངས་ཤིང་ཁྱད་པར་རང་གི་སྙིང་ཁའི་ཉི་ཟླ་གའུ་ཁ་སྦྱོར་གྱི་སྲོག་གི་རྟེན་འབྲུ་གསུམ་ལ་བསྟིམས་པས༔ བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས་ལ༔ ཧཱུཾ་ཧཱུཾ་བཛྲ་ཨ་ཡུ་ཥེ་ཨཱ༔ ཨོཾ་བཛྲ་སོགས། དེ་ལྟར་ཆེ་བསྐུལ་བཀུག་སྐལ་ལྡན་གྱི་ལུས་ལ་བསྟིམས་ཚར་ནས༔ ད་ནི་ཚེ་སྔ་བ་ནི༔ དེ་ལྟར་དབང་བསྐུར་བས་ནི་ལུས་ཀྱི་ནང་༔ བདུད་རྩི་འོ་མ་ལྟ་བུའི་བཅུད་རྣམས་ཀྱི༔ གང་བའི་དྭངས་མའི་དྭངས་མ་ཡང་སྙིང་ཀུན༔ སྙིང་ཁའི་ཉི་ཟླ་གའུ་ཅུང་ཟད་ཁ་བྱེ་ནས༔ ཡེ་ཤེས་རླུང་བྱུང་འུབ་འུབ་བསྡུས་ནས་ཀྱང་༔ ཁབ་ལེན་རྡོ་ལ་ལྕགས་ཕྱེ་འདུས་པ་ལྟར༔ གའུ་ནང་གི་ཡིག་འབྲུ་གསུམ་ལ་ཐིམ༔ བཀྲག་མདངས་འོད་ཟེར་གཟི་བརྗིད་འབར་བར་གྱུར༔ གའུ་ཁ་བསྒྲིགས་འོག་གི་རྡོ་རྗེ་ཡི༔ རྭ་བཞི་བསྣོལ་མར་རྒྱས་བཏབ་དེ་སྟེང་དུ༔ ཚེ་དཔག་ཡེ་ཤེས་སེམས་དཔའ་ཚོན་གང་


CMR007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ འགྱུར་མེད་ཚེ་ཡི་རྟེན་དུ་བཞུགས་པར་གྱུར༔ ཧཱུྃ་ནམ་མཁའི་དབྱིངས་ནས་༴ ཨོ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔ བརྒྱ་སོགས་ཅི་མང་བཟླས༔ ལོ་བརྒྱའི་ར་དུ་འཆི་མེད་ཀྱི་རིག་འཛིན་ཐོབ་པར་བསམ༔ བདག་འཇུག་ལེན་པ་ནི༔ མོས་པ་རྩེ་གཅིག་ཏུ་ཐལ་མོ་སྦྱར་ཏེ༔ ཀྱེ་དུས་གསུམ་སངས་རྒྱས་ཀུན་སོགས། འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཞེས་ལན་གསུམ་གསོལ་བ་བཏབ་པས༔ ཧྲཱིཿ ཚེ་ཡི་ལྷ་མོ་རྣམས་ཀྱི་བུམ་པ་ནས༔ བཅུད་རྣམས་དལ་གྱི་བུམ་པར་སིབ་ཀྱིས་བླུགས༔ ཚིལ་གྱིས་བཀང་ནས་རྣལ་འབྱོར་བདག་ཅག་ལ་སྔགས་སྒྲ་ཏིར་ཏིར་དབང་བསྐུར་ཚངས་བུག་ནས༔ བདུད་རྩི་བབས་པས་རང་ལུས་ལྡེམས་སེ་གང་༔ བུམ་པའི་མཆུ་ནས་དཀར་ན་ར་རོ་བབས་པར་བསམ། ཚེ་དཔག་མེད་ཀྱི་མཉམ་གཞག་བུམ་པ་ནས༔ འཆི་མེད་ཡེ་ཤེས་བདུད་རྩི་བབ་པ་དང་༔ ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས༔ བྱང་སེམས་དཀར་དམར་རང་གི་ཚངས་པར་བབས༔ གསང་གནས་ཡན་ཆད་རྐྱལ་པ་ཞེས་གང་ལྟར༔ གང་ནས་ལུས་ལ་བཀྲག་མདངས་གཟི་བརྗིད་འབར༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོ་བྷནྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔


CMR007_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཔདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སཱ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ༔ ཧྭ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ༔ སྐབས་འདིར་ཏིང་འཛིན་གྱི་དབང་བླངས་ཟེར་བའི་དོན་ནོ༔ ཞེས་ཚེ་སྒྲུབ་གསང་འདུས་ཀྱི་ལས་བྱང་དང་བསྟོད་པ་འདི་གཉིས་ནི་གཏེར་གཞུང་མ་འཆུགས་པ་ཡིན་ཞིང་བར་ཐམས་ཅད་དུ་བཙུད་པའི་སྡེབ་རྐྱང་འདི་རྣམས་ནི་སྒྲུབ་ཁོག་པད་མའི་ཕྲེང་བ་དང་ཚེ་སྒྲུབ་གཏེར་རང་གཞུང་གི་ཡང་གསང་གུད་དུ་སྦས་པའི་དམིགས་པ་རྣམས་མཚུངས་མེད་རཱ་ག་ཨ་སྱས་ཚིགས་བཅད་དུ་ཕབ་ཅིང་ཕྱོགས་གཅིག་ཏུ་གབ་སྤྲད་ནས༔ ཚེ་སྒྲུབ་ལས་བྱང་གཞུང་དུ་བསྒྲིགས་ཤིང་འདུག་པ༔ རང་རང་ལ་ཤོག་ཤོག་དཀོན་པའི་སྐབས་སུ་ཐུགས་པའི་དོན་གྱི་སྡེབ་རྐྱང་རྣམས་གུད་དུ་ཕྱུང་ནས༔ རྟགས་རྣམས་སོ་སོར་གསལ་པོར་བྱས་ནས་བྲིས་པ་འདི་ནི༔ རིག་འཛིན་ཤེས་རབ་ཆོས་དབང་གིས་གེ་ལ་དོན་དུ་བྱས་པ་མ་གཏོགས་གཞན་གྱི་བཅོས་སླད་ཅི་ཡང་མེད་ངེས་སོ༔ དེའང་དཔེ་འདིའི་ཕྱི་མོ་གཅིག་ནི༔ ཀུན་བཟང་ཤེས་རབ་ཀྱི་ཕྱག་དཔེ་ཡིན་ཅིང་དེ་ལ་ནི༔ ཡང་གསང་གུད་དུ་སྦས་པའི་དམིགས་པ་ཚིགས་བཅད་དུ་མ་ཕབ་ནས༔ ལས་བྱང་དུ་འདི་རྟགས་བརྒྱབ་ནས་འདུག་པ་ནི་གཞན་གྱིས་སྡེབ་རྐྱང་གཅིག་ཀྱང་མི་འདུག གཅིག་ནི་ཆགས་མེད་ཀྱི་དངོས་སློབ་བརྩོན་འགྲུས་རྒྱ་མཚོ་དང་༔ གཅིག་ནི་མི་འགྱུར་རྡོ་རྗེའི་ཉེ་གནས་བདེ་ཆེན་ཞེས་པ་དེ་གཉིས་ལ་ནི་ཐམས་ཅད་ཚིགས་བཅད་དུ་ཕབ་པ་དང་རེ་འགའ་ཙམ་མ་གཏོགས་ཐམས་ཅད་རྒྱུ་གཅིག་པར་འདུག་གོ༔ དགེའོ།།


previousཚེ་སྒྲུབ་ལས་བྱང་གི་མཚམས་སྦྱར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དབུ་ཕྱོགས།next