Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་ཀྱི་བླ་བསླུ་ཞགས་པ་དགུ་ཁྲོལ་བཅའ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུད་ཀྱི་བླ་བསླུ་ཞགས་པ་དགུ་ཁྲོལ་བཅའ་ཐབས།next

བདུད་ཀྱི་བླ་བསླུ་ཞགས་པ་དགུ་ཁྲོལ་བཅའ་ཐབས།


CMR007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་བླ་བསླུ་ཞགས་པ་དགུ་ཁྲོལ་བཅའ་ཐབས་བཞུགས་སོ།།


CMR007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡེ༔ བདུད་ཀྱི་བླ་བསླུ་ཞགས་པ་དགུ་ཁྲོལ་བཅའ་ཐབས་ལ༔ གཞི་མ་དཀར་པོའི་སྟེང་དུ༔ མཁར་ཐབ་ཀྱི་མཐར༔ བདུད་གཟུགས་མི་ནག་རྟ་ནག་ལ་ཞོན་པ་གཅིག ལག་ན་བདུད་ཞགས་ནག་པོ་ཐོགས་པ་གཅིག་བཞག༔ མཐིང་གི་ནམ་མཁའ་ནག་པོ་དར་གྱིས་བརྒྱན་པ་གཅིག་རྒྱབ་ཏུ་བཙུགས༔ རྒྱང་བུ་ནག་པོ་དར་གྱིས་བརྒྱན་པ་གཅིག ཁྲག་གི་གཏོར་མ་བཅུ་གསུམ་གྱིས་བསྐོར༔ མདུན་དུ་གླུད་རབ་ལྷའི་གནྡྷེ༔ ཡོན་བདག་གི་གླུད་གྱིས་བསྐོར༔ དར་སྣ་འབྲུ་སྣ་སྨན་སྣ་ཟས་སྣ༔ མཐར་སྡེ་བརྒྱད་ཀྱི་བཤོས་བུ་བརྒྱད་ཀྱིས་བསྐོར༔ ཕྱོགས་བཞིར་ཟ་མ་ཏོག་གི་ནང་དུ༔ ཤར་དུ་དཔལ་བཤོས༔ ལྷོ་རུ་ཐུར༔ ནུབ་ཏུ་མར༔ བྱང་དུ་གཡུ༔ དེ་སྟེང་རྨ་བྱའི་སྒྲོ་མདངས་བཙུགས༔ བླ་ཁུག་དང་༔


CMR007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བླ་རྡོ་དཀར་ནག་དྲུག༔ བླ་གཡུ་དུང་མཆོང་མུ་མན༔ བྱུ་རུ་མགྲོན་བུ་བུ་མ༔ དར་དཀར་པོ་ཁ་གང་དང་དམར་པོ་ཁ་གང་༔ མདའ་རྒོད་སྒྲོ་མ་མདེའུ་མ་ཉམས་པ་ལ་བཏགས༔ ཡང་ན་ཝ་དང་ཁྱི་དང་༔ བལ་བུའི་ཕོ་ཐོང་༔ ཤུག་པའི་གཡག་རུ༔ གླང་དང་འབྲོང་དང་སྟག་མའི་ཕོ་ཐོང་༔ རྟ་དང་སྟག་དང་གླང་མའི་ཕོ་ཐང་༔ ལུག་དང་སྤྱང་ཀི་སྐྱེར་པའི་ཕོ་ཐང་༔ ར་དང་འཕར་བ་ལྕང་མའི་ཕོ་ཐང་༔ མདའ་བཀྲ་དགུ༔ འཕང་བཀྲ་དགུ༔ ཆངས་བུ་ངར་གླུད་ལོ་གྲངས་སུམ་འགྱུར་རེ་རེར་བཤམས༔ ཡང་རང་གི་བླ་གཟུགས་གང་ཡིན་གྱི་གཟུགས་གཅིག་གི་རྒྱབ་ཏུ༔ བདུད་ཀྱི་ཁྱི་གཅིག་རྒྱབ་ཏུ་བླ་རྟགས་མཉམ་དུ་མཚོ་ནང་དུ་བཞག༔ སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ༔ རང་ཡི་དམ་དུ་བསྒོམ་ལ་འདི་སྐད་དོ༔ ༈


CMR007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ལྷ་ཡུལ་དེ་ནི་གང་བཟང་ན༔ ལྷ་ཡི་གནས་མཆོག་ཕོ་བྲང་ན༔ ལྷ་ཡི་དེ་ནི་རྒྱལ་པོ་བླ༔ གསེར་གྱི་ཤ་བ་རུ་རིང་བརྫུས༔ ཁྱི་ནི་ཤ་བའི་གཤེད་དུ་བྱུང་༔ བདུད་ནི་ལྷ་ཡི་གཤེད་དུ་བྱུང་༔ ལྷ་གཉན་རིག་འཛིན་དེ་ཡིས་ནི༔ ལྷ་ཤིང་བལ་བུས་ཕོ་ཐོང་དང་༔ གླུད་དང་གསེར་སྐྱེམས་ཆ་གཅིག་གིས༔ ལྷ་བདུད་ཁྱབ་པ་འཁོར་བཅས་མཆོད༔ དེ་རིང་བླ་དང་གླུད་གཉིས་བརྗེ༔ དེ་རིང་བླ་དང་གཤེད་གཉིས་བརྗེ༔ བླ་ནི་བདུད་ཀྱི་ལག་ནས་བསླུ༔ བླ་ནི་རྒྱབ་རྟེན་ལག་ནས་བསླུ༔ བླ་ནི་སྡེ་བརྒྱད་ལག་ནས་བསླུ༔ ཡུལ་འདྲེ་ཕོ་མོའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ༔ མནན་པ་ཁྱོག་ལ་བསྡམས་པ་གློད༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ཀྱི་ཡུལ་ནི་བཙན་ཡུལ་དགུ་ཐོག་ན༔ བཙན་རྗེ་དེ་ནི་ཐོད་དཀར་གྱི༔ བླ་ནི་དུང་གི་གླང་བུར་བརྫུས༔ བདུད་རྒྱལ་ཁྱབ་པ་རེ་ཉག་གི༔ ཆ་གཉན་རི་ཏི་མགོ་ཉག་གིས༔ ལྕགས་ཀྱི་འབྲོང་བུ་གཅིག་ཏུ་བརྫུས༔ བཙན་རྗེ་གླང་བུ་དཀར་པོ་དེས༔ འབྲོང་ནི་གླང་གི་གཤེད་དུ་བྱུང་༔ རི་ཏི་བཙན་རྗེ་གཤེད་དུ་བྱུང་༔ བཙན་གཉན་རིག་འཛིན་དེ་ཡིས་


CMR007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ བདུད་ཤིང་སྟག་པའི་ཕོ་ཐོང་བྱས༔ གླུད་དང་གསེར་སྐྱེམས་ཆ་གཅིག་གིས༔ བདུད་རྒྱལ་རེ་ཉག་འཁོར་བཅས་མཆོད༔ དེ་རིང་བླ་དང་གླུད་གཉིས་བརྗེ༔ དེ་རིང་བླ་དང་གཤེད་གཉིས་བརྗེ༔ བླ་ནི་བདུད་ཀྱི་ལག་ནས་བསླུ༔ བླ་ནི་རྒྱལ་བསེན་ལག་ནས་བསླུ༔ བླ་ནི་སྡེ་བརྒྱད་ལག་ནས་བསླུ༔ ཡུལ་འདྲེ་ཕོ་མོའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོག་ལ་བསྡམས་པ་གློད༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ཀྱེ༔ ཡུལ་ནི་རྒྱ་ཡུལ་བསྟེན་བཟང་ན༔ རྒྱ་རྗེ་དེ་ནི་བཙན་པོའི་བླ༔ ཟངས་རྟ་དམར་པོ་གཅིག་ཏུ་བརྫུས༔ རྨུ་བདུད་ཁྱབ་པ་ལག་རིང་གི༔ ཆ་གཉན་རླུ་བདུད་ཐོད་དཀར་གྱིས༔ རྒྱ་སྟག་ཁྲ་བོ་གཅིག་ཏུ་བརྫུ་ས༔ རྒྱ་རྗེའི་བླ་རྟ་དམར་པོ་དེས༔ སྟག་ནི་རྟ་ཡི་གཤེད་དུ་བྱུང་༔ བདུད་ནི་རྒྱ་རྗེའི་གཤེད་དུ་བྱུང་༔ རྨུ་བ་གཏོ་མཁན་དེ་ཡིས་ནི༔ དམུ་ཤིང་གླང་མའི་ཕོ་ཐོང་བྱས༔ གླུད་དང་གསེར་སྐྱེམས་ཆ་གཅིག་གིས༔ རྨུ་བདུད་ཆབ་པ་འཁོར་བཅས་མཆོད༔ དེ་རིང་བླ་དང་གླུད་གཉིས་བརྗེ༔ དེ་རིང་བླ་དང་གཤེད་གཉིས་བརྗེ༔ བླ་ནི་བདུད་ཀྱི་ལག་ནས་བསླུ༔ བླ་ནི་སྡེ་


CMR007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལག་ནས་བསླུ༔ བླ་ནི་རྒྱལ་བསེན་ལག་ནས་བསླུ༔ ཡུལ་འདྲེ་ཕོ་མོའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོག་ལ་བསྡམས་པ་གློད༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ཀྱེ༔ ཡུལ་ནི་ཡར་ལུང་སོག་ཁ་ནས༔ མི་ཡི་རྒྱལ་པོ་ཐེར་བྱའི་བླ༔ དུང་ལུག་དཀར་པོ་གཅིག་ཏུ་བརྫུས༔ བཙན་བདུད་རྗེ་བའི་དམུ་བཙན་གྱི༔ ཆ་གཉན་སྐྱེས་བུ་ལུང་བཙན་དེས༔ ལྕགས་སྤྱང་སྔོན་པོ་གཅིག་ཏུ་བརྫུས༔ རྒྱལ་པོ་དུང་ལུག་དཀར་པོ་དེས༔ སྤྱང་ཀི་ལུག་གི་གཤེད་དུ་བརྫུས༔ བཙན་ནི་མི་ཡི་གཤེད་དུ་བྱུང་༔ མི་ཡི་གཏོ་མཁན་གྱེར་མཁན་གྱིས༔ བཙན་ཤིང་སྐྱེར་པའི་ཕོ་ཐོང་བྱས༔ གླུད་དང་གསེར་སྐྱེམས་ཆ་གཅིག་གིས༔ བཙན་གྱི་རྒྱལ་པོ་འཁོར་བཅས་མཆོད༔ དེ་རིང་བླ་དང་གླུད་གཉིས་བརྗེ༔ དེ་རིང་བླ་དང་གཤེད་གཉིས་བརྗེ༔ བླ་ནི་བཙན་གྱི་ལག་ནས་བསླུ༔ བླ་ནི་སྡེ་བརྒྱད་ལག་ནས་བསླུ༔ བླ་ནི་རྒྱལ་བསེན་ལག་ནས་བསླུ༔ ཡུལ་འདྲེ་ཕོ་མོའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོག་ལ་བསྡམས་པ་གློད༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ཀྱེ༔ ཡུལ་ནི་མོན་ཡུལ་


CMR007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་སྟོང་ན༔ མོན་རྗེ་དེ་ནི་རྒྱལ་པོའི་བླ༔ ལྕགས་ཀྱི་ར་མ་གཅིག་ཏུ་བརྫུས༔ སེ་བཙན་རྒྱལ་པོ་འཁོར་བཅས་ཀྱི༔ ཆ་གཉན་སི་བཙན་རོལ་མོ་དེས་ཟངས་ཀྱི་འཕར་བ་གཅིག་ཏུ་བརྫུས༔ མོན་གྱི་བླ་ར་དཀར་པོ་དེ༔ འཕར་བ་ར་ཡི་གཤེད་དུ་བྱུང་༔ སེ་བཙན་མོན་རྗེའི་གཤེད་དུ་བྱུང་མོན་གྱི་གཏོ་མཁན་མཁས་པ་ཡིས༔ མོ་ཤིང་ལྕང་མའི་ཕོ་ཐོང་བྱས༔ གླུད་དང་གསེར་སྐྱེམས་ཆ་གཅིག་གིས༔ སེ་བཙན་རོལ་པོ་འཁོར་བཅས་མཆོད༔ དེ་རིང་བླ་དང་གླུད་གཉིས་བརྗེ༔ དེ་རིང་བླ་དང་གཤེད་གཉིས་བརྗེ༔ བླ་ནི་བཙན་གྱི་ལག་ནས་བསླུ༔ བླ་ནི་སྡེ་བརྒྱད་ལག་ནས་བསླུ༔ བླ་ནི་རྒྱལ་བསེན་ལག་ནས་བསླུ༔ ཡུལ་འདྲེ་ཕོ་མོའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོག་ལ་བསྡམས་པ་གློད༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ དེ་ནས་མིའུ་སྐག་ལ་བབ་སོགས། གང་ཡིན་གྱི་བླ་མཚོ་ནང་དུ་བླ་རྡོ་དཀར་ནག་ལེན་པ་སོགས་བརྟག་པ་བྱའོ། །ཡང་བླ་རྡོ་དཀར་པོ་ལོན་ན་བཟང་། ལོ་གསུམ་ཆེ་ཤུགས་འོང་གསུངས། བླ་རྡོ་ནག་པོ་ལོན་ཀྱང་བདུད་ཀྱི་བླ་རྡོ་ཡིན་པས་འབྲིང་། དཀར་པོ་གཅིག་བླ་ནང་དུ་བཏུམ། གཉིས་གྱེན་དུ་གཏོར། ནག་པོ་བདུད་ལ་བརྫོང་། ཞལ་ཤེས་


CMR007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་མངོན་དུ་བྱུང་བའོ། །ཀྱེ། ཡུལ་ནི་སེ་མཁར་གྲུ་བཞི་ན༔ ཁྱད་པར་གནས་ལམ་འདི་དག་གི༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་དང་༔ མིའུ་སྐག་ལ་བབ་པ་འདི་དག་གིས༔ གླུད་འདི་སྡེ་བརྒྱད་ཚོགས་ལ་འབུལ༔ བདུད་དང་བཙན་གྱི་ཚོགས་ལ་འབུལ༔ རྒྱལ་བསེན་འབྱུང་པོའི་ཚོགས་ལ་འབུལ༔ ཡུལ་འདྲེ་ཕོ་མོའི་ཚོགས་ལ་འབུལ༔ དེ་རིང་བདེན་པ་སྨྲང་གིས་བཀྲོལ༔ དེ་རིང་བླ་དང་གླུད་གཉིས་བརྗེ༔ དེ་རིང་བླ་དང་གཤེད་གཉིས་བརྗེ༔ བླ་ནི་སྡེ་བརྒྱད་ལག་ནས་བསླུ༔ བདུད་དང་བཙན་གྱི་ལག་ནས་བསླུ༔ རྒྱལ་བསེན་འབྱུང་པོའི་ལག་ནས་བསླ༔ ཡུལ་འདྲེ་ཕོ་མོའི་ལག་ནས་བསླུ༔ བླ་ནི་བདུད་ཀྱི་ལག་ནས་ཐར༔ བཙན་དང་སྡེ་བརྒྱད་ལག་ནས་ཐར༔ རྒྱལ་བསེན་འབྱུང་པོའི་ལག་ནས་ཐར༔ ཡུལ་འདྲེ་ཕོ་མོའི་ལག་ནས་ཐར༔ དེ་རིང་བླ་དང་གླུད་གཉིས་བརྗེ༔ བླ་ཚེ་ཚང་དུ་ཚུད་པར་ཤོག༔ བླ་ཚེ་མལ་དུ་གནས་པར་ཤོག༔ བླ་གཡུ་མདངས་དང་ལྡན་པར་ཤོག༔ བླ་དར་བཀྲག་མདངས་ལྡན་པར་ཤོག༔ བླ་ཡི་ཚབ་ཏུ་གླུད་ལོངས་ལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོག་ལ་བསྡམས་པ་གློད༔ ཕྱིན་


CMR007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་གནོད་པ་མ་བྱེད་ཅིག༔ དེ་ནས་སྔགས་འཆང་བདག་གི་ཡོན་བདག་ཕོ་མོའི་སྐེ་དང་ཡན་ལག་རྣམས་བདུད་ཞགས་ནག་པོས་བཅིངས་ལ་བླ་བདུད་ཀྱི་མདུན་དུ་བཞག༔ རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས་འདི་སྐད་དོ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ མི་ཡི་ཡུལ་གྱི་སྐྱི་མཐིང་ན༔ མི་ཡི་བླ་ལ་བདུད་བབ་པས༔ ཡ་བདུད་རྒྱལ་པོའི་ཞལ་ན་རེ༔ མ་བདུད་ཀླུ་གཉན་ཞལ་ན་རེ༔ མིའུ་ལྷའུ་ཁྱད་འཕགས་ལ༔ བདུད་བཙན་དགུ་བཅུའི་ཞགས་པས་བཅིངས༔ གཏོ་མཁན་གྱེར་མཁན་མཁས་པ་ཡིས༔ འབྲུ་སྣ་རིན་ཆེན་སྣ་ལྔ་ཡིས༔ གླུད་དང་ཡས་སུ་བཅས་ཏེ་འབུལ༔ བདུད་ཀྱི་ཞགས་པ་ད་བཀྲོལ་འཚལ༔ བཙན་གྱི་ཞགས་པ་ད་བཀྲོལ་འཚལ༔ རྒྱལ་བསེན་ཞགས་པ་ད་བཀྲོལ་འཚལ༔ ཡ་བདུད་མ་བདུད་ཞལ་ན་རེ༔ དེ་ལ་གླུད་ཡས་འབུལ་བ་ནི༔ བདུད་ཀྱི་ཞགས་པ་ཅི་ལ་འདེབས༔ བདུད་ཀྱི་ནད་ཁ་ཅི་ལ་འདེབས༔ ད་ནི་ཞགས་པ་བཀྲོལ་འཚལ་ལོ༔ ལྷ་དང་རིག་འཛིན་བཀའ་ཡིན་པས༔ གཏོ་མཁན་རིག་འཛིན་ང་ཡིས་ནི༔ ཞགས་པས་བཅིངས་བ་བཀྲོལ་བས་ནས༔ ཁྱེད་ཀྱིས་བཀའ་ཡང་གནང་བར་མཛོད༔ མཆོག་རབ་རིག་འཛིན་ཞལ་ན་རེ༔ ལྷ་


CMR007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེ་བརྒྱད་འཁོར་དང་བཅས༔ མི་ཡི་གླུད་དུ་སྤྱན་འདྲེན་ནོ༔ ཡ་བདུད་མ་བདུད་འཁོར་བཅས་རྣམས༔ མི་ཡི་གླུད་དུ་སྤྱན་འདྲེན་ནོ༔ འཆི་བདག་མཆེད་དགུ་འཁོར་བཅས་རྣམས༔ མི་ཡི་གླུད་དུ་སྤྱན་འདྲེན་ནོ༔ རྒྱལ་བསེན་བཙན་དང་ཡུལ་འདྲེ་རྣམས༔ མི་ཡི་གླུད་དུ་སྤྱན་འདྲེན་ནོ༔ བདུད་རྒྱལ་ཁྱབ་པ་ལག་རིང་ནི༔ རྟ་ནག་ཞོན་ནས་ཁམས་གསུམ་སྐོར་འཁོར་དུ་བདུད་དམག་སྤུན་དགུས་བསྐོར༔ མི་ཡི་གླུད་དུ་སྤྱན་འདྲེན་ནོ༔ འཆི་བདག་ནག་པོ་ཞགས་པ་ཅན༔ མི་ཡི་གླུད་དུ་སྤྱན་འདྲེན་ནོ༔ བདུད་ཞགས་ནག་པོ་ཁྲོལ་ཏེ་བཏང་༔ གནོད་སེམས་གདུག་པ་ཞི་བར་མཛོད༔ བྱམས་པའི་སེམས་དང་ལྡན་པར་མཛོད༔ སྤྱན་གྱི་དབང་པོས་ཡེས་ལ་གཟིགས༔ སྙན་གྱི་དབང་པོས་སྒྲ་ལ་ཉོན༔ ཐུགས་ཀྱི་དབང་པོས་སྙིང་རྗེ་བསྐྱེད༔ ཆ་བདུད་སྤུན་དགུ་འཁོར་བཅས་ལ༔ བླ་ཡི་ཚབ་ཏུ་གླུད་འདི་འབུལ༔ བདུད་ལ་དེ་རིང་བཤགས་པ་བྱས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ འཆི་བདག་མཆེད་དགུའི་ཞགས་པ་ཁྲོལ༔ སྣང་སྲིད་ལྷ་འདྲེ་འཁོར་དང་བཅས༔ ཆ་བདུད་སྤྱན་དགུ་འཁོར་དང་བཅས༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་


CMR007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཅས༔ བླ་གླུད་མཆོད་པ་འདི་བཞེས་ལ༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོག་ལ་བསྡམས་པ་གློད༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ཀྱཻ༔ གཞན་ཡང་འཆི་བདག་འཁོར་བཅས་ལ༔ མཐིང་ནག་ནམ་མཁའ་མཛེས་པ་འདི༔ དར་ཟབ་རིན་ཆེན་མཛེས་པས་བརྒྱན༔ འདབ་ཆགས་བྱ་ཡི་སྒོ་ཡིས་སྨྲས༔ ཚེ་སྲོག་དབུགས་ཀྱི་གླུད་དུ་འབུལ༔ མཐིང་ནག་རྒྱང་བུ་མཛེས་པ་ལ༔ དར་ཟབ་རིན་ཆེན་མཛེས་པས་བརྒྱན༔ དཔལ་དང་མདངས་ཀྱི་གླུད་དུ་འབུལ༔ སྟག་པ་ཕོ་ཐོང་རྒྱན་ཅན་འདི༔ ལུས་དང་དབང་པོའི་གླུད་དུ་འབུལ༔ འབྲུ་སྣ་རིན་ཆེན་ངར་གླུད་འདི་ཕུང་ཁམས་སྐྱེ་མཆེད་གླུད་དུ་འབུལ༔ བདུད་རྩི་གཏོར་མའི་མཆོད་པ་དང་༔ གཙང་མ་ཕུད་ཀྱི་མཆོད་པ་འདི༔ བདུད་ནག་སྤུན་དགུའི་ཚོགས་རྣམས་དང་༔ སྡེ་བརྒྱད་ཡུལ་འདྲེ་རྣམས་ལ་འབུལ༔ བདུད་ཀྱི་སྤྲུལ་པ་མ་འབྱེད་ཅིག སྡེ་བརྒྱད་ཆོ་འཕྲུལ་མ་གཏོང་ཞིག༔ སྣོད་ད་ལ་དབང་བྱེད་ཀྱིས་དབུས༔ མིའུ་ཕོ་མོ་འདི་དག་ལ༔ བདུད་ཀྱི་ཞགས་པས་བཅིངས་བ་ཁྲོལ༔ སྡེ་བརྒྱད་ཞགས་པས་བཅིངས་བ་


CMR007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ༔ འབྱུང་བ་ས་ལ་དབང་བྱས་ཏེ༔ བྱིང་ཞིང་འཐིབས་པའི་ནད་གཏོང་བ༔ ཤ་ལ་བཅིངས་བའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ༔ འབྱུང་བ་ཆུ་ལ་དབང་བྱས་ནས༔ གྲང་ཞིང་བསིལ་བའི་ནད་བཏང་བ༔ ཁྲག་ལ་བཅིངས་བའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ༔ འབྱུང་བ་མེ་ལ་དབང་བྱས་ནས༔ ཚ་ཞིང་རུལ་བའི་ནད་བཏང་བ་དྲོད་ལ་བཅིངས་བའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ༔ འབྱུང་བ་རླུང་ལ་དབང་བྱས་ནས༔ འདར་ཞིང་སྔངས་བའི་ནད་བཏང་བ་དབུགས་ལ་བཅིངས་བའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ༔ མིའུ་ཕོ་མོ་འདི་དག་ལ༔ ལྷ་ཡི་ཞགས་པས་བཅིངས་བ་ཁྲོལ༔ ཀླུ་ཡི་ཞགས་པས་བཅིངས་བ་ཁྲོལ༔ བདུད་ཀྱི་ཞགས་པས་བཅིངས་བ་ཁྲོལ༔ བཙན་གྱི་ཞགས་པས་བཅིངས་བ་ཁྲོལ༔ གནོད་སྦྱིན་ཞགས་པས་བཅིངས་བ་ཁྲོལ༔ གཤིན་རྗེའི་ཞགས་པས་བཅིངས་བ་ཁྲོལ༔ གཉན་གྱི་ཞགས་པས་བཅིངས་བ་ཁྲོལ༔ རྨུ་ཡི་ཞགས་པས་བཅིངས་བ་ཁྲོལ༔ མ་མོའི་ཞགས་པས་བཅིངས་བ་ཁྲོལ༔ རྒྱལ་པོའི་ཞགས་པས་བཅིངས་བ་ཁྲོལ༔ སྲིན་


CMR007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞགས་པས་བཅིངས་བ་ཁྲོལ༔ ས་བདག་ཞགས་པས་བཅིངས་བ་ཁྲོལ༔ སྨན་གྱི་ཞགས་པས་བཅིངས་བ་ཁྲོལ༔ ལུས་ལ་བསྡམས་པའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ༔ རྐེད་ལ་འཁོར་བའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ༔ སྐེ་ལ་བཅིངས་བའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ་རྐང་ལ་འཁོར་བའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ་ཡན་ལག་བཅིངས་བའི་ཞགས་པ་དེ༔ དེ་རིང་འབྱུང་བ་གཏོ་འདིས་ཁྲོལ༔ དེ་རིང་གཏོ་མཁན་བདག་གིས་ཀྱང་༔ རྨ་བྱས་མཛེས་པའི་མདངས་ལྟར་བཀྲོལ༔ སྡེ་བརྒྱད་ཞགས་པ་བཀྲོལ་ཏེ་བཏང་༔ ནད་རིམས་བྱུར་གསུམ་བཀྲོལ་ཏེ་བཏང་༔ བཀྲ་ཤིས་མིའུ་འདི་དག་གི་གླུད་གཟུགས་བརྒྱན་ཅན་འདི་བཞེས་ལ༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ དེ་ནས་ཞགས་པ་གླུད་ཀྱི་སྐེ་ལ་བཀོན༔ བདུད་ཞགས་ནག་པོ་ཡོན་བདག་གི་སྐེ་ལ་བཏགས་པ་དེ་བདུད་ཀྱི་མགོ་ཐོག་ཏུ་ཕར་འཕང་། ཡོན་བདག་གི་བླ་བདུད་ཀྱི་མདུན་དུ་ཡོད་པ། ནད་པས་ང་རྒྱལ་བསྐྱེད་ཚུལ་ཐགས་སེ་མྱུར་དུ་བླངས་ལ་འདི་སྐད་དོ༔ ཀྱེེ༔ བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ༔ དཀོན་མཆོག་བཀའ་ལ་


CMR007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉན་གང་ཡང་མེད༔ འབྱུང་བའི་གཏོ་ཡིས་མི་བཟློག་གང་ཡང་མེད༔ དེ་བས་སྔགས་འཆང་བདག་གི་བཀའ་ལ་ཉོན༔ ཡོན་ནད་སྐག་ལ་བབ་པ་འདི༔ བླ་ནི་བདུད་ཀྱི་ལག་ནས་ཐར༔ བཙན་དང་སྡེ་བརྒྱད་ལག་ནས་ཐར༔ བླ་ནི་ལྷ་འདྲེའི་ལག་ནས་ཐར༔ རྒྱལ་བསེན་འབྱུང་པོའི་ལག་ནས་ཐར༔ རང་སྐག་བདུན་ཟུར་སྐག་ལས་ཐར༔ ནད་འདྲེ་ཕུང་གྱོད་སྐག་ལས་ཐར༔ དགུ་མིག་དུར་མིག་སྐག་ལས་ཐར༔ འདྲེ་ལྔ་བདུད་གཅོད་སྐག་ལས་ཐར༔ ས་སྒོ་གནམ་སྒོའི་སྐག་ལས་ཐརཿ་མོ་ངན་རྨིས་རྩུབ་སྐག་ལས་ཐར་ཆག་ཆེན་ཉམ་ངའི་སྐག་ལས་ཐར༔ ལོ་ཟླ་ཞག་དུས་སྐག་ལས་ཐར༔ སྣང་སྲིད་ལྷ་འདྲེའི་སྐག་ལས་ཐར༔ ནད་དང་གདོན་གྱི་སྐག་ལས་ཐར༔ ༈ ཀྱེ༔ སྣང་སྲིད་ལྷ་འདྲེ་ཚུར་གསོན་དང་༔ དཀོན་མཆོག་གསུམ་གྱི་བཀའ་མ་བཅག༔ རིག་འཛིན་རྣམས་ཀྱི་དམ་མ་འད༢་བསགས་པའི་ཡས་རྣམས་ཆུད་མ་ཟྭ༔ མིའུ་སྐག་ལ་བབ་པ་འདི་མཐུན་པའི་མདོས་གླུད་འདི་བཞེས་ལ༔ རང་རང་སོ་སོའི་གནས་སུ་དེངས༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ དེ་ནས་མདོས་གླུད་ཁ་ཕྱིར་བསྒྱུར༔ ལམ་བསྟན་ནི་འདི་སྐད་དོ༔ ཀྱཻཿ༔


CMR007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་དང་འདྲེ་ལྔ་དགྲ་ལ་བསྒྱུར༔ ནད་དང་གནོད་པ་དགྲ་ལ་བསྒྱུར༔ སྤར་ཁའི་སྐྱ་མདའ་དགྲ་ལ་བསྒྱུར༔ མྱ་ངན་ངུ་འབོད་དགྲ་ལ་བསྒྱུར༔ དགྲ་གཤེད་ངན་པ་དགྲ་ལ་བསྒྱུར༔ ཆག་ཆེན་ཉམ་ང་དགྲ་ལ་བསྒྱུར༔ གཅིག་པ་རང་སྐག་དགྲ་ལ་བསྒྱུར༔ གཉིས་པ་ནད་སྐག་དགྲ་ལ་བསྒྱུར༔ གསུམ་པ་ཕུང་གྱོད་དགྲ་ལ་བསྒྱུར་བཞི་པ་བཞི་གཤེད་དགྲ་ལ་བསྒྱུར༔ ལྔ་པ་བྱེ་བྲལ་དགྲ་ལ་བསྒྱུར༔ དྲུག་པ་བྱད་གཏད་དགྲ་ལ་བསྒྱུར༔ བདུན་པ་བདུན་ཟུར་དགྲ་ལ་བསྒྱུར༔ བརྒྱད་པ་མནན་གཏད་དགྲ་ལ་བསྒྱུར༔ དགུ་པ་གསེར་འཛིན་དགྲ་ལ་བསྒྱུར༔ བཅུ་པ་དུར་སྒོ་དགྲ་ལ་བསྒྱུར༔ བཅུ་གཅིག་གཤིན་ལག་དགྲ་ལ་བསྒྱུར༔ བཅུ་གཉིས་ལོག་འདྲེན་དགྲ་ལ་བསྒྱུར༔ དེ་ནས་བཟློག་པ་ཅི་རིགས་བྱ༔ བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ སོགས་ནས། དམ་ཉམས་བྱད་མའི་སྟེང་དུ་བྷོ༔ ཨོཾ་ཨཱ༔ ཧཱུྃ་ཨར་ཅིག་སོགས༔ རང་ཉིད་ཡི་དམ་གྱི་སྔགས་བཟླས་མཐར་སུམྦྷ་ནི་བརྗོད༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ༔ སོགས་ཞལ་ཤེས༔ ༈་ད་ནི་ཚེ་འགུགས་བྱ་བ་ནི། བུད་མེད་མཚན་ལྡན་གྱིས་ལག་ཏུ་གའུ་དང་ཚེ་བུམ་བཟུང་༔ མདའ་དར་གཡབ་ཅིང་༔ དེ་ནས་རྡོ་རྗེ་སློབ་


CMR007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་གཟུངས་ཐག་བཟུང་ལ་དབྱངས་རོལ་མོ་བྱ༔ ལྷ་མོ་བཞིའི་སྔགས་བཟླས་ལ་འདི་སྐད་དོ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཐུགས་ཀྱི་དཀྱིལ་འཁོར་ཟླ་གསང་གའུ་ན༔ བྱང་ཆུབ་སེམས་ཀྱི་ཨཱཡུ་མང་པོ་འཕྲོས༔ གཉིས་མེད་བཅུད་བསྡུས་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨཱཡུ་ཥ་ཧཱུྃ་ཧཱུྃ་ཛ༔ ལྷ་མོ་བཞིའི་བསྐུལ་པ་འདི་སྐད་དོ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེ་མཁའ་འགྲོ་ཚེ་ཡི་བདག༔ ཕྱག་ན་མཐིང་གི་བུམ་པ་བསྣམས༔ འཆི་མེད་ཚེ་ཡི་བདུད་རྩིས་བཀང་༔ རྡོ་རྗེ་འབར་བས་རྒྱས་བཏབ་སྟེ༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ མེ་ལྷའི་ལག་ནས་དཔལ་སྐྱབས་ཤོག༔ ཧཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ ཧྲཱིཿ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ རིན་ཆེན་མཁའ་འགྲོ་ཚེ་ཡི་བདག ཕྱག་ན་གསེར་གྱི་བུམ་པ་བསྣམས༔ འཆི་མེད་ཚེ་ཡི་བདུད་རྩིས་བཀང་༔ རིན་ཆེན་འབར་བས་རྒྱས་བཏབ་སྟེ༔ གྲུལ་བུམ་ལག་ནས་ཚེ་ཁུག་ལ་བདེན་བྲལ་ལག་ནས་དཔལ་སྐྱབས་ཤོག༔ ཏྭཾ་རཏྣ་ཨ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ པདྨ་མཁའ་འགྲོ་ཚེ་ཡི་བདག༔ ཕྱག་ན་བྱུ་རུའི་བུམ་པ་བསྣམས༔ འཆི་མེད་ཚེ་ཡི་བདུད་རྩིས་བཀང་༔


CMR007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འབར་བས་རྒྱས་བཏབ་སྟེ༔ ཀླུ་ཡི་ལག་ནས་ཚེ་ཁུག་ལ༔ རླུང་ལྷའི་ལག་ནས་དཔལ་སྐྱབས་ཤོག དྭིཔདྨ་ཨ་ཡུ་ཥ་ཧཱུཾ་ཧཱུཾ་ཛ༔ ཧྲཱི༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལས་ཀྱི་མཁའ་འགྲོ་ཚེ་ཡི་བདག༔ ཨིནྡྲ་ནཱི་ལའི་བུམ་པ་བསྣམས༔ འཆི་མེད་ཚེ་ཡི་བདུད་རྩིས་བཀང་༔ རལ་གྲི་འབར་བས་རྒྱས་བཏབ་སྟེ༔ གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ དབང་ལྡན་ལག་ནས་དཔལ་སྐྱབས་ཤོག༔ ཨཱཿཀརྨ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ མཚམས་བཞིའི་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ དཀར་མོ་མགྱོགས་མ་ཞི་བའི་འོད་འཕྲོ་མ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་ཏེ༔ དཔལ་དང་གཟི་བརྗིད་ལྡན་པའི་འོད་ཟེར་གྱིས༔ ཁམས་གསུམ་སྲིད་གསུམ་གནས་ནས་ཚེ་ཁུག་ལ༔ ཁྲག་གི་ཁམས་ནས་ཉམས་པ་ཆུ་ནས་ཁུག ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག༔ ཨོ་ལཱ་སྱ་ཨཱ་ཡུསྶཁེ་ཧཱུཾ་ཧཱུཾ་ཛ༔ ཧཱུྃ༔ སེར་མོ་མགྱོགས་མ་རྒྱས་པའི་འོད་འཕྲོ་མ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་ཏེ༔ དཔལ་དང་གཟི་བརྗིད་ལྡན་པའི་འོད་ཟེར་གྱིས༔ ཁམས་གསུམ་སྲིད་གསུམ་གནས་ནས་ཚེ་ཁུག་ལ༔ ཤ་ཡི་ཁམས་ནས་ཉམས་པ་ས་ནས་ཁུག༔ ཚེ་དང་


CMR007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འགུགས་པའི་ལས་མཛོད་ཅིག༔ ཨ་མཱ་ལུ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ ཧཱུྃ༔ དམར་མོ་མགྱོགས་མ་དབང་གི་འོད་འཕྲོ་མ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་ཏེ༔ དཔལ་དང་གཟི་བརྗིད་ལྡན་པའི་འོད་ཟེར་གྱིས༔ ཁམས་གསུམ་སྲིད་གསུམ་གནས་ནས་ཚེ་ཁུག་ལ་དྲོད་ཀྱི་ཁམས་ནས་ཉམས་པ་མེ་ནས་ཁུག ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག༔ ཧྲཱིཿ ཀཱིརྟི་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ ཧྲཱིཿ སྔོན་མོ་མགྱོགས་མ་དྲག་པོའི་འོད་འཕྲོ་མ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་ཏེ༔ དཔལ་དང་གཟི་བརྗིད་ལྡན་པའི་འོད་ཟེར་གྱིས༔ ཁམས་གསུམ་སྲིད་གསུམཾ་གནས་ནས་ཚེ་ཁུག་ལ༔ དབུགས་ཀྱི་ཁམས་ནས་ཉམས་པ་རླུང་ནས་ཁུག ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག༔ ཧཱ་ནཱིརྟི་ཨཱ་ཡུ་ཁེ་ཧཱུཾ་ཧཱུཾ་ཛ༔ ཧཱུྃ༔ བྱང་ཤར་མཚམས་ཀྱི་ཚེ་བདག་མོ༔ དཀར་མོ་དུང་གི་ཐོར་ཚུགས་ཅན༔ མེ་ཏོག་ཕྲེང་བའི་བུམ་པ་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྨྲས༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ པུཊྚེ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ ཧཱུྃ༔ ཤར་ལྷོ་མཚམས་ཀྱི་ཚེ་བདག་མ༔ སྔོན་མོ་གཡུ་ཡི་ཐོར་ཚུགས་ཅན༔ དྲི་མཆོག་ཡོངས་ཀྱི་བུམ་པ་


CMR007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ དྷབྦེ་ཨཱ་ཡུ་ཥ་ཧཱུྃ་ཧཱུྃ་ཛ༔ ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་ཚེ་བདག་མོ་དམར་མོ་གསེར་གྱི་ལན་ཕྲན་ཅན༔ སྣང་བྱེད་འོད་ཀྱི་བུམ་པ་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ དེ་ཝི་ཨཱ་ཡུ་ཥ་ཧཱུཾ་ཧཱུཾ་ཛ༔ ཧཱུྃ༔ ནུབ་བྱང་མཚམས་ཀྱི་ཚེ་བདག་མོ༔ ལྗང་གུ་མུ་མེན་ལན་ཕྲན་ཅན༔ དྲི་མཆོག་བདུད་རྩིའི་བུམ་པ་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ཚེ་མཆོགཾ་འགུགས་པའི་ཕྲིན་ལས་མཛོད༔ གནྡྷེ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ སྒོ་མ་བཞི་བསྐུལ་པ་འདི་སྐད་དོ༔ ཧཱུྃ༔ ཤར་ཕྱོགས་སྲུང་བའི་ཚེ་བདག་མོ༔ དཀར་མོ་ལྕགས་ཀྱུ་བུམ་པ་འཛིན༔ སྤྲུལ་པ་མང་པོ་ཕྱོགས་བཅུར་འགྱེད༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ ལྷོ་ཕྱོགས་སྲུང་བའི་ཚེ་བདག་མོ༔ སེར་མོ་ཞགས་པ་བུམ་པ་འཛིན༔ སྤྲུལ་པ་མང་པོ་ཕྱོགས་བཅུར་འགྱེད༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ རཏྣ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ ནུབ་ཕྱོགས་སྲུང་བའི་ཚེ་བདག་མོ༔ དམར་མོ་ལྕགས་ཀྱུ་བུམ་པ་འཛིན༔


CMR007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་མང་པོ་ཕྱོགས་བཅུར་འགྱེད༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ པདྨ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཛ༔ བྱང་ཕྱོགས་སྲུང་བའི་ཚེ་བདག་མོ༔ སྔོན་མོ་རྒྱ་གྲམ་བུམ་པ་འཛིན༔ ། སྤྲུལ་པ་མང་པོ་ཕྱོགས་བཅུར་འགྱེད༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ དུས་ལ་བབ་བོ་དམ་ཚིག་ཅན༔ བླ་ནི་བཅོལ་ལོ་སྲོག་ནི་སྡོམ༔ ཀརྨ་ཨཱ་ཡུ་ཥེ་ཧཱུྃ་ཧཱུྃ་ཛ༔ ཚེ་འགྱུར་བ་མེད་པར་གཡུང་དྲུང་ལྟ་བུར་གྱུར་ཅིག ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱ་ཡུམངྒ་ལཾ༔ བདུད་ཀྱི་བླ་བསླུ་ཞགས་པ་དགུ་ཁྲོལ་དང་༔ ཚེ་འགུགས་འཇིག་རྟེན་དུ་དཀོན་པ་རཱ་ག་ཨ་སྱས་སྦྱར་བ་ལགས་སོ། །སརྦ་མངྒ་ལཾ།། །།


CMR007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཨོགྷརུཨཱཡུསིདྡྷིཧཱུྃཧྲཱིཿ ཨམཱརཎིཛཱིཝནདྷིཡེསྭཱཧཱ༔ ཨོཾབྷཾསྭཱཧཱུཿ ཨོམེབྷཾ༔ གཡུདྡྷཾ༔ ཨོཾབྷཱབཛྲཨཱཡུཥཧཱུྃཨཱཿ ཨཱཿ བྷཾབཛྲཨཡུཥཧཱུྃཨཱ༔ ཧཱུྃཧཱུཾབཛྲཨཡུཥཧཱུྃཨཱ༔ སྭ་བྷཾབཛྲཨཡུཏྟེཧཱུྃཨཱ༔ ཧབྷཾབཛྲཨཡུཏྟེཧཱུྃཨཱ༔ ཞེས་བསྙེན་པ་ཅི་མང་བཟླ༔ བླ་བསླུ་བཅུ་གསུམ་གྱི་བླ་འགུགས་སྔགས་འདི་ཅི་མང་བཟོ། བླ་མས་སྔགས་འདི་བྲི་ཕུ་བྱ། །ཡང་བླ་བསླུ་སྔགས་འདི་ཡིན། ཨོཾ་ཧ་རི་ནི་ས་རྫོབ་རྫབ་རྫུ་བ་རྫུ་བ་བྷ་དྲ་སློང་སློང་ནི་ཁུག་ཛ་ཛ༔ ཞེས་སྔགས་བྱང་རྫོགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབདུད་ཀྱི་བླ་བསླུ་ཞགས་པ་དགུ་ཁྲོལ་བཅའ་ཐབས།next