Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་འདུས་བྱིན་རླབས་གཏོར་མའི་བརྡ་དབང་གི་དབང་སྒྲུབ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་འདུས་བྱིན་རླབས་གཏོར་མའི་བརྡ་དབང་གི་དབང་སྒྲུབ་བསྡུས་པ།next

དགོངས་འདུས་བྱིན་རླབས་གཏོར་མའི་བརྡ་དབང་གི་དབང་སྒྲུབ་བསྡུས་པ།


CMR007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུས་བྱིན་རླབས་གཏོར་མའི་བརྡ་དབང་གི་དབང་སྒྲུབ་བསྡུས་པ་བཞུགས་པའི་དབུ་ལགས༔


CMR007_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་བ་ཌཱཀྐི་ནི་ཧཱུྃ༔ དགོངས་འདུས་གཏོར་དབང་མགྱོགས་པར་སྒྲུབ་པ་ནི༔ འབྲུ་ཡི་ཚོམ་བུའི་དབུས་སུ་གཏོམ་མ་བཤམ༔ བདག་དང་གཏོར་མའི་རྩེ་མོར་དཀྱིལ་འཁོར་བསྐྱེད༔ གཏོར་མའི་སྨད་ཆ་མཆོད་པའི་སྤྲིན་དུ་བསམ༔ ལས་བྱང་རྩ་ཚིག་འདི་ཡི་གསོལ་འདེབས་བྱ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས་ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་བས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨོཾ་ཨཱ༔ ཧཱུྃ་ཧོ༔ སྟོང་


CMR007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བདག་མེད་ནམ་མཁའ་ལྟབུ་ལ༔ ལྟར་སྣང་སྐྱེ་འགྲོའི་འགྲོ་བ་ཉོན་རེ་མོངས༔ ཧཱུྃ༔ དོན་དམ་དབྱིངས་ལས་འབར་བའི་ཆོ་འཕྲུལ་ཤོར༔ དྷཱི༔ འབྱུང་བ་མེ་རླུང་འཁྲུགས་པའི་ཕོ་བྲང་དབུས༔ ཤ་ཁྲག་ཕུང་པོ་འདུས་པའི་གཞལ་ཡས་ཁང་༔ རྣམ་ཤེས་འདབ་བརྒྱད་གདལ་བའི་གདན་སྟེང་དུ༔ ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ༔ སྣང་བའི་ངོ་བོ་པདྨ་བཛྲ་རྩལ༔ སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ༔ ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་སྟེ༔ སྟོང་གསལ་མ་འགག་རོལ་པའི་ཚུལ་བཞིན་བསྐྱེད༔ སྣང་སྟོང་མ་འགག་ལྷང་ངེ་ལྷན་


CMR007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནེར་གསལ༔ རྩལ་སྣང་དབྱིངས་ནས་རོལ་པར་གཤེགས་སུ་གསོལ༔ ལྷ་རྣམས་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ༔ བྱིན་རླབས་དབང་བསྐུར་དམ་པ་དེང་འདིར་སྩོལ༔ ཡི་དམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ བླ་མེད་མཆོད་པ་རང་སྣང་ལྷ་ལ་འབུལ༔ སརྦ་པཱུ་ཙ་ཧོ༔ ཨ་མྲྀ་ཏ་རཀྟ་བྷ་ལིཏྟ་ཁཱ་ཧི༔ དུས་གསུམ་བདེ་ཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སོགས༔ དགོངས་པ་ཀུན་འདུས་རྩལ་རྫོགས་ལྷ་ཡི་ལྷ༔ འགྲོ་འདུལ་མངོན་སུམ་སྣང་ལ་ཕྱག་འཚལ་བསྟོད༔ དེ་ནས་གྲྭ་སློབ་ཡོད་ན་སྔགས་རིང་འདི་ལ་འཛབ་དབྱངས་དང་ཐུང་བ་ལ་འུར་འདོན་བཅུག༔ ཨོཾ་ཨཱཿཧཱུྃ་ཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི༔ དྷེ་ཝ་ཌཱཀྐི་ནི༔ བོ་དྷི་ཙིཏྟ༔ མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་ཏ༔ ཤནྟི་ཀ༔ ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི༔ ཀཱ་ཡ་ཝཱཀྐ་ཙིཏྟ༔ ཛྷཱ་ན་སཏཱ༔ ཨ་མི་དེ་ཝ༔ མ་མ་ཙིཏྟ་སམྦྷ་ཝ༔ ཨ་དྷིཥྛ་ནི༔ མ་མ་ཨཱ་ཡུ་ཛྷཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ དེ་ནས་སྔགས་ཐུང་ནི༔ ༀ་ཨཱ༔ ཧཱུྃ་ཧཱུྃ༔ བཛྲ་གུ་རུ་དྷེ་བ་ཌཱཀྐི་ནཱི༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ སློབ་དཔོན་རང་ཉིད་ཀྱིས་གཏོར་མའི་ལྷ་ཚོགས་གསལ་གདབ་ཡེ་


CMR007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་བསྟིམ་ཅིང་༔ ཨོ་ཨཱ་ཧཱུྃ་ཧྲིབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་སཏྲ་མ་ཧཱ་བྷ་ལིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བརྒྱ་སོགས་ཅི་འགྲུབ་བསྙེན་ནས་དབང་བསྐུར༔ རྗེས་ནི་བདག་མདུན་གྱི་ལྷ་ཐམས་ཅད་བདག་ཉིད་ལ་ཐིམ་པར་བསྒོམས་ནས༔ ངོ་བོ་སྐྱོང་བས་འཐུས༔ ཞེས་རཱ་ག་ཨ་སྱས་ཚེས་བཅུའི་གུང་ཐུན་ལ་བསྒྲིགས་པ་ལ། ཉེས་འགལ་གང་མཆིས། བཀའ་སྲུང་ཆོས་སྲུང་གཏེར་སྲུང་རྣམས་ལ་བཤགས་ཤིང་། དགེ་བས་མཐའ་ཡས་པའི་འགྲོ་བ་རྣམས། པདྨ་བཛྲ་རྩལ་གྱི་ཐུགས་རྗེས་ཟིན་པའི་ལྕགས་ཀྱུར་གྱུར་ཅིག །ཡི་གེ་པ་ནི་འཕན་ཤུལ་དགེ་བཤེས་པདྨ་ཐབས་མཁས་ཀྱིས་སོ། །མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགོངས་འདུས་བྱིན་རླབས་གཏོར་མའི་བརྡ་དབང་གི་དབང་སྒྲུབ་བསྡུས་པ།next