Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་སྲུང་འབར་བ་སྤུན་བདུན་གྱི་མཆོད་བྱང་བསྡུས་པ།
   
   
   
   
   
   
   
   
   
   
   
   


 
previousགཏེར་སྲུང་འབར་བ་སྤུན་བདུན་གྱི་མཆོད་བྱང་བསྡུས་པ།next

གཏེར་སྲུང་འབར་བ་སྤུན་བདུན་གྱི་མཆོད་བྱང་བསྡུས་པ།


CMR007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་འབར་བ་སྤུན་བདུན་གྱི་མཆོད་བྱང་བསྡུས་པ་ནི། ཧྲཱིཿ ལྗོན་ཤིང་བྲག་རིའི་གཏམས་པའི་ཕོ་བྲང་ནས། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །བཙན་རྒོད་འབར་བ་མ་རུངས་མཆེད་སྡེ་བདུན། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །སྲུང་མ་ཀླུ་བཙན་འབར་བ་སྤུན་བདུན་ལ། །འཁོར་དུ་བཙན་རྒོད་སུམ་བརྒྱ་དྲུག་ཅུས་བསྐོར། །དཔལ་གྱི་བཀའ་ཉན་དགེ་བསྙེན་མཆེད་བདུན་ལ། །དཀོར་བདག་ཆེན་པོ་སྐྱེས་བུ་སྟོང་སྡེས་བསྐོར། །ནོར་སྐྱོང་རྒྱལ་པོ་གནོད་སྦྱིན་མཆེད་བདུན་ལ། །དངོས་གྲུབ་གཏེར་བདག་བྱེ་བ་ས་ཡས་བསྐོར། །ཀུན་ཀྱང་དཔལ་གྱི་བཀའ་ཉན་མཐུ་རྩལ་ཅན། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་བཞིན་དུ་ད་ཚུར་བྱོན། ནཱ་ག་ཙན་ཏྲི་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །བཙན་རྒོད་དགེ་བསྙེན་གནོད་སྦྱིན་འཁོར་བཅས་ལ། །དཀར་གསུམ་མངར་གསུམ་ཤ་ཁྲག་ལ་སོགས་པ། །རང་རང་དགྱེས་པའི་རྫས་མཆོད་གཏོར་མ་འབུལ། །ཐུགས་དམ་གཉན་པོ་བསྐང་ཕྱིར་


CMR007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་སུ་གསོལ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ། །ཕྱི་ནང་གསང་བ་བཀོད་པའི་མཆོད་པ་འབུལ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་ཆེན་པོ། །དམ་རྫས་བདུད་རྩིར་བྱིན་གྱིས་བརླབས་པ་འདི། །འབར་བ་སྤུན་བདུན་འཁོར་དང་བཅས་ལ་འབུལ། །སྤྲུལ་པོ་ཡང་སྤྲུལ་ཚོགས་རྣམས་དགྱེས་པར་རོལ། །ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པའི། །ཕྲིན་ལས་རྣམ་བཞི་མ་ལུས་འགྲུབ་པར་མཛོད། །ཨོཾ་ནཱ་ག་ཙན་ཏྲི་ཙ་ར་ར་ཏྲི་གིང་ཀ་ར་ཡཀཱ་ཡཀྵ་སྭཱ་མ་ཡ་ཧཱུྃ་ཕཊ༔ མ་ཧཱ་མཱི་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། ཀཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི། མ་ཧཱ་ག་ན་པཱུ་ཙ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ༔ མཆོད་དོ་བསྟོད་དོ་སྲུང་མའི་ཚོགས། །བཙན་རྒོད་འབར་བ་མཐུ་རྩལ་ཅན། །སྤྲུལ་པ་ཀླུ་བཙན་རྒྱུག་པའི་ཚེ། །དགྲ་དང་བགེགས་ཀྱི་སྲོག་རྩ་གཅོད། །དགེ་བསྙེན་ཆེན་པོར་སྤྲུལ་རྩ་ན། །མ་རུངས་འཇིགས་པའི་ཆོ་འཕྲུལ་སྟོན། །གནོད་སྦྱིན་ཆེན་པོར་སྤྲུལ་པའི་ཚེ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །མི་བརྫུ་དགུ་བརྫུ་སྟོབས་པོ་ཆེ། །སངས་རྒྱས་བསྟན་པའི་བྱ་ར་བ། །རིན་ཆེན་གཏེར་གྱི་སྲུང་མ་མཆོག །རྫུ་


CMR007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འཕུལ་ཅན་ལ་བདག་བསྟོད་དོ། །རང་རང་དགྱེས་པའི་མཆོད་གཏོར་འབུལ། །ཐུགས་དམ་གཉན་པོ་དེས་བསྐངས་ལ། །སྔར་བྱས་ལས་ཀྱི་གཏང་རག་དང་། །ཕྱིས་བྱེད་ལས་ཀྱི་གཉེར་ཟས་མཛོད། །སྡང་བའི་དགྲ་བོ་རྩད་ནས་ཆོད། །གནོད་བྱེད་བགེགས་ཀྱི་དམག་དཔུང་ཤིག །དགྲ་བགེགས་མ་ལུས་ཆམ་ལ་ཕོབ། །ཉིན་གསུམ་ཉིན་གྱི་བྱ་ར་དང་། །མཚན་གསུམ་མཚན་གྱི་མེལ་ཚེ་གྱིས། །བདག་ལ་སྡང་བའི་དགྲ་བྱུང་ན། །གཉེན་འདུན་ཡིན་ཀྱང་མྱུར་དུ་སྒྲོལ། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕྱི་ནང་གསང་གསུམ་གྱི་དྲིལ་སྒྲུབ་སྔགས་ནི། ཨོཾ་ནཱ་ག་ཙན་ཏྲི་ཙ་ར་རཱ་ཏྲི་གིང་ཀ་ར༔ ཡཀཱ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ ཅེས་བཟླའོ། །ཞེས་པ་སྔར་ཉིན་དགོངས་འདུས་རྒྱུན་ཁྱེར་བྲིས་ནུབ་བཀའ་སྲུང་རྣམས་དགའ་བའི་རྟགས་ཤིག་བྱུང་ནས་ཕྱིར་ཉིན་འདི་བྲིས་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ།།


previousགཏེར་སྲུང་འབར་བ་སྤུན་བདུན་གྱི་མཆོད་བྱང་བསྡུས་པ།next