Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེས་བཅུའི་གསོལ་འདེབས་བླ་མའི་བྱིན་འབེབས།
   
   
   
   
   
   
   
   
   
   
   


 
previousཚེས་བཅུའི་གསོལ་འདེབས་བླ་མའི་བྱིན་འབེབས། next

ཚེས་བཅུའི་གསོལ་འདེབས་བླ་མའི་བྱིན་འབེབས།


CMR007_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུའི་གསོལ་འདེབས་བླ་མའི་བྱིན་འབེབས་ཞེས་བྱ་བ་བཞུགས་སོ༔


CMR007_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ རྒྱལ་བ་ཀུན་གྱི་བྱིན་རླབས་གཅིག་བསྡུས༔ འགྲོ་བ་སེམས་ཅན་ཡོངས་ཀྱི་སྐྱབས་གནས༔ བླ་མེད་བླ་མ་གུ་རུ་པདྨ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ སྤེའུ་ཟླ་བའི་ཚེས་བཅུའི་དུས་ན༔ པདྨ་གེ་སར་སྟེང་དུ་འཁྲུངས་ཤིང་༔ མཚན་ཡང་གུ་རུ་པདྨ་འབྱུང་གནས༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ ནད་དང་སྡུག་བསྔལ་བར་ཆད་ཀུན་ཞི༔ ཚེ་དང་བསོད་ནམས་ཡོན་ཏན་འཕེལ་ལ༔ གདོན་བགེགས་འབྱུང་པོ་ཐམས་ཅད་ཞི་ཞིང་༔ གུ་རུའི་ཞལ་ཡང་མཇལ་


CMR007_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ སྟག་གི་ཟླ་བའི་ཚེས་བཅུའི་དུས་སུ༔ ཟ་ཧོར་རྒྱལ་སྲིད་ཆོས་ཀྱིས་སྐྱོང་ཞིང་༔ མཚན་ཡང་གུ་རུ་པདྨ་རྒྱལ་པོ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ་སྟོབས་ཆེན་ནད་མེད་ན་བར་ཉེར་འཚེ༔ མིག་གསལ་ཡིད་བདེ་ཤེས་རབ་ཆེ་ཞིང་༔ དུས་རྣམས་རྟག་ཏུ་བདག་སོགས་འགྲོ་བ༔ མ་ཧཱ་གུ་རུས་འབྲལ་མེད་སྐྱོངས་ཤིག༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ ཡོས་ཀྱི་ཟླ་བའི་ཚེས་བཅུའི་དུས་ན༔ བསིལ་བ་ཚལ་དུ་བརྟུལ་ཞུགས་སྤྱོད་པ༔ མཚན་ཡང་


CMR007_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཐོད་ཕྲེང་རྩལ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ ལོངས་སྤྱོད་སྤེལ་ཞིང་འགྲོ་བ་དབང་བསྡུས་མཐུན་རྐྱེན་སྒྲུབ་ཅིང་གནོད་རྐྱེན་ལས་སྲུང་༔ རྨི་ལམ་བཟང་ཞིང་དངོས་གྲུབ་ཀུན་སྟེར༔ ལེགས་འཕྲད་ཉེས་དང་བྲལ་བར་མཛོད་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ འབྲུག་གི་ཟླ་བའི་ཚེས་བཅུའི་དུས་ན༔ ཀུན་དགའ་བོ་ལ་རབ་ཏུ་བྱུང་ཞིང་༔ མཚན་ཡང་གུ་རུ་ཤཱཀྱ་སེངྒེ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ འཇིག་རྟེན་ཀུན་ཏུ་སྙན་གྲགས་ཐོབ་ཅིང་བདུད་དང་མ་མོ་གཟའ་དང་གནོད་སྦྱིན༔ རྒྱལ་པོ་ཐེའུ་རང་འགོང་པོ་གཤིན་རྗེ༔ བཙན་དང་གསོན་འདྲེའི་གནོད་པ་ཟློག་ཅིག གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ སྦྲུལ་གྱི་ཟླ་བའི་ཚེས་བཅུའི་དུས་ན༔ ཟ་ཧོར་མེས་བསྲེགས་སྐུ་ལ་མ་གནོད༔ མཚན་ཡང་གུ་རུ་ཉི་མ་འོད་ཟེར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ ཕྱོགས་བཅུར་གང་དུ་འགྲོ་ཡང་དོན་འགྲུབ༔ བཀྲ་མི་ཤིས་པ་མ་ལུས་ཞི་ཞིང་༔ གང་དུ་འགྲོ་བའི་ས་ཕྱོགས་དེ་རུ༔ བཀྲ་ཤིས་བདེ་ལེགས་


CMR007_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བར་མཛོད་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧི༔ རྟ་ཡི་ཟླ་བའི་ཚེས་བཅུའི་དུས་ན༔ ཨོ་རྒྱན་ཡུལ་དུ་མེས་བསྲེགས་མ་གནོད༔ མཚན་ཡང་གུ་རུ་པདྨ་བཛྲ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧི༔ ལྷ་བདུད་ཀླུ་དང་ས་བདག་སྟོབས་ཆེན༔ མ་རུངས་རྣམས་ཀྱི་གནོད་པ་ཞི་ནས༔ ཆོས་སྐྱོང་རྣམས་ཀྱིས་སྦ་ཞིང་སྲུང་ལ༔ འགོ་བའི་ལྷ་ཡིས་སྲུང་སྐྱོབ་མཛོད་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ ལུག་གི་ཟླ་བའི་ཚེས་བཅུའི་དུས་ན༔ མུ་སྟེགས་བཏུལ་ཞིང་ཆོས་འཁོར་བསྐོར་ནས༔ མཚན་ཡང་གུ་རུ་སེངྒེ་སྒྲ་སྒྲོགས༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ ནད་གདོན་བར་ཆད་མ་ལུས་ཞི་ཞིང་༔ ཚེ་དང་བསོད་ནམས་ཡོན་ཏན་འཕེལ་ལ༔ རླུང་སེམས་སྣང་སྲིད་དབང་དུ་བསྡུས་ཤིག༔ བདུད་བཞི་གཡུལ་ལས་རྒྱལ་བར་མཛོད་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ བྱ་ཡི་ཟླ་བའི་ཚེས་བཅུའི་དུས་ན༔ ཆུ་བོ་གང་གཱའི་སྟེང་དུ་བྲོ་མཛད༔ མཚན་ཡང་གུ་རུ་ནམ་མཁའ་ལྡིང་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧི༔ བསམ་པའི་དོན་དང་བང་མཛོད་འབྲུ་འཕེལ་


CMR007_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བདེ་ངག་གི་ནུས་པ་དང་ལྡན༔ འཁོར་ཡང་ནད་མེད་གཅོང་ནད་རྣམས་བྱང་༔ ཏིང་འཛིན་བཟང་པོ་སྐྱེ་བར་མཛོད་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ ཁྱི་ཡི་ཟླ་བའི་ཚེས་བཅུའི་དུས་ན༔ མུ་སྟེགས་ངན་སེམས་དུག་བཏང་མ་གནོད༔ མཚན་ཡང་གུ་རུ་མཚོ་སྐྱེས་རྡོ་རྗེ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ ལོ་སྐག་ཟླ་སྐག་ཞག་སྐག་ཟ་སྐག དུས་ངན་ཕྱོགས་ངན་རྨི་ལམ་ངན་པ༔ ནད་དང་གནོད་པ་ཆོས་ཀྱི་བར་ཆད༔ རླུང་རྟ་རྒུད་པ་རྣམས་ལས་སྐྱོབས་ཤིག༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ ཕག་གི་ཟླ་བའི་ཚེས་བཅུའི་དུས་ན༔ བལ་པོའི་ལྷ་འདྲེ་དམ་ལ་བཏགས་ནས༔ མཚན་ཡང་གུ་རུ་པདྨ་བཛ྄༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧི༔ གཤིན་རྗེའི་འཁོར་ལོ་མ་མོའི་དལ་ཡམས༔ འབྱུང་པོའི་རིམས་ནད་གཤའ་སེར་ཁང་སེར༔ ལྟས་ངན་ཡེ་འདྲོགས་དུས་མིན་འཆི་བ༔ གློ་བུར་བརྒྱད་ཅུ་རྩ་གཉིས་ཟློག་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ བྱི་བ་ཟླ་བའི་ཚེས་བཅུའི་དུས་ན༔ བདུད་དང་ལྷ་འདྲེ་ངན་པ་བཏུལ་ཏེ༔ མཚན་ཡང་གུ་རུ་པདྨ་འབྱུང་


CMR007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གནསཿ༔ གསོལ་བ་འདེབ་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ སྡོམ་ཁྲིམས་ཉམས་དང་དམ་ཚིག་ཉམས་པ༔ བདེ་གཤེགས་སྐུ་ལ་སྐུར་པ་བཏབ་པ༔ རྫུན་དང་ཕྲ་མ་ངག་འཁྱལ་ལ་སོགས༔ མི་དགེའི་ཉམས་གྲིབ་དག་པར་མཛོད་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ གླང་གི་ཟླ་བའི་ཚེས་བཅུའི་དུས་ན༔ བོད་ཡུལ་གཏེར་ཁ་བྱེ་བ་སྦས་ཤིང་༔ མཚན་ཡང་གུ་རུ་རྡོ་རྗེ་གྲོ་ལོད༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ བདག་སོགས་འདི་ནས་འཕོས་མ་ཐག་ཏུ༔ གུ་རུའི་དྲུང་ངམ་བདེ་བ་ཅན་དུ༔ ངེས་པར་སྐྱེས་ནས་སྤྲུལ་པའི་སྐུ་ཡིས༔ འགྲོ་དོན་དཔག་མེད་འབྱུང་བར་ཤོག་ཅིག༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་པ་འདི་ཚེས་བཅུ་མཆོད་པ་ཞིག་ལ་གནས་པའི་ཚེ༔ ཐུན་མཚམས་སུ་དགེ་སློང་རཱ་ག་ཨ་སྱས་སྦྱར་བའོ༔ བཀྲ་ཤིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེས་བཅུའི་གསོལ་འདེབས་བླ་མའི་བྱིན་འབེབས། next