Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་འདོན་འགྲིགས།
   
   
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་འདོན་འགྲིགས།next

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་འདོན་འགྲིགས།


CMR007_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་འདོན་འགྲིགས་བཞུགས་པའི་དབུ་ཕྱོགས་ལགས་སོ༔


CMR007_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་སྒྲུབ་པ་ནི༔ སྟ་གོན་གཞུང་ལྟར་བྱའོ༔ དེ་ནས་འདོན་འགྲིགས་ནི༔ ཐུན་བཞི་ལ་ལས་བྱང་མང་ཉུང་གང་རུང་ཚར་བཞི་དགོས་ཏེ༔ གཞལ་ཡས་ཁང་བསྐྱེད་ཚར་ནས༔ ༈ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཞེས་སམ༔ ཕྱི་ནང་དག་པ་འོད་ལྔའི་དཀྱིལ༔ ཞེས་པ་ནས༔ ༈ བདག་ཉིད་པདྨ་ཉི་ཟླ་བདུད་བཞིའི་སྟེང་དུ༔ རང་རིག་པའི་ངོ་བོ་ཧྲིདམར་པོའི་འཕྲོ་འདུས་རྒྱལ་བ་རྣམས་ལ་མཆོད་པ་ཕུལ༔ སེམས་ཅན་གྱི་ལས་སྒྲིབ་སྦྱངས༔ སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་བྱིན་རླབས་ཚུར་འདུས་ཧྲིལ་ཐིམ་སྐད་ཅིག་ལ་


CMR007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ༔ སྤྱི་བོར་རྟ་སྐད་འཚེར་བ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཕག་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཁྱུད་ཅིང་སྟོབ་པ་ཡབ་དང་འཁྲིལ་བ་སྤྱི་གཙུག་ནས་ཕག་ཞལ་ངུར་སྒྲ་སྒྲོག་པ༔ རྒྱན་དྲུག་གིས་སྤྲས་པ༔ མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གྱུར༔ དེའི་བསྐྱེད་རིམ་སྒྱུ་མ་ལྟ་བུ་དང་མ་བྲལ་བར་བྱའོ༔ དེ་ནས་དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་ནི༔ གཞལ་ཡས་ཁང་སྒོ་གྲུ་རྟ་བབས་ཆོས་འཁོར་ཡོངས་སུ་རྫོགས་པའི་དབུས་སུ༔ པདྨ་སྟོང་ལྡན་ཉི་ཟླའི་གདན་ལ༔ ༈ རྗེ་བཙུན་


CMR007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐོད་ཕྲེང་རྩལ༔ ཨ་ཙར་གཞོན་ཚུལ་དཀར་དམར་ཞལ༔ ཕྱག་གཡས་རྡོ་རྗེ་བྷན་གཡོན༔ མཐིང་ནག་ཟབ་བེར་ཆོས་གོས་དམར༔ པད་ཞྭ་སྒོ་དར་མེ་ལོང་རྒྱན༔ སྙན་ཆ་མགུལ་རྒྱན་ཁ་ཊཾ་འཛིན༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་བ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཤར་དུ་པདྨ་འབྱུང་གནས་མཐིང་༔ རྩེ་ལྔ་གཡས་ལ་སྡིགས་མཛུབ་གཡོན༔ གཏེར་བུ་ཡུམ་དང་འཁྲིལ་བར་བསྐྱེད༔ ལྷོ་ཕྱོགས་བློ་ལྡན་མཆོག་སྲེད་དཀར༔ ཌ་རུ་གཡས་ལ་པད་ཕོར་གཡོན༔ སྔགས་འཆང་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་ཕྱོགས་ཉི་མ་འོད་ཟེར་སེར༔ ཁ་ཊཾ་གཡས་ལ་ཉི་ཟེར་གཡོན༔ རྣལ་འབྱོར་སྤྱོད་པའི་ཆ་ལུགས་བསྐྱེད༔ བྱང་ཕྱོགས་སེངྒེ་སྒྲ་སྒྲོག་མཐིང་༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ རབ་འཇིགས་ཁྲོ་བོའི་ཚུལ་ཏུ་བསྐྱེད༔ ཤར་ལྷོར་པདྨ་སམྦྷ་དཀརཿ༔ པད་ཕོར་གཡས་ལ་སྐྱབས་སྦྱིན་གཡོན༔ དགེ་སློང་གཞོན་ཚུལ་ལྡན་པར་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ ཌེ་རུ་གཡས་ལ་མེ་ལོང་གཡོན༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ རྡོ་རྗེ་གཡས་ལ་ལྷུང་བཟེད་གཡོན༔ སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་


CMR007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག༔ རྡོ་རྗེ་གཡས་ལ་ཕུར་པ་གཡོན༔ གཏུམ་དྲག་རྔམ་ཞིང་འཇིགས་པར་བསྐྱེད༔ ཕྱི་རིམ་པད་སྐོར་བཅུ་དྲུག་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དང་༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་དང་༔ པདྨ་མཁའ་འགྲོ་ཡབ་ཡུམ་དང་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་འཛིན༔ གཞན་ཡང་རྡོ་རྗེ་རིན་ཆེན་དང་༔ པདྨ་ལས་ཀྱི་ཤུགས་འགྲོར་བཅས༔ གྲི་ཁུག་ཐོད་ཁྲག་ཁ་ཊཾ་བསྣམས༔ ཕྱི་རིམ་བར་ཁྱམས་འཁོར་ཡུག་ལ༔ བདག་སྐྱབས་ལྷ་དང་རིག་འཛིན་ཚོགས༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ ཕྲིན་ལས་བསྒྲུབ་ཅིང་བར་ཆད་སེལ༔ ༈ བུམ་པ་ཧཱུྃ་ལས་གཞལ་ཡས་ཁང་དུ་གསལ་བ་ཡི༔ དབུས་སུ་བུདྡྷ་ཐོད་ཕྲེང་རྩལ༔ འཁོར་ལོ་ཌཱ་རུ་བྷནྡྲ་བསྣམས༔ སྐུ་མདོག་སྨུག་པོ་ཟབ་བེར་གསོལ༔ ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང་༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ རྡོ་རྗེ་ཀླུ་རུ་ལྕགས་ཀྱུ་བསྣམས༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ལྷོ་རུ་རཏྣ་ཐོད་ཕྲེང་རྩལ༔ རིན་ཆེན་ཌཱ་རུ་ཞགས་པ་


CMR007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ སྐུ་མདོག་སེར་པོ་དར་སེར་གསོལ༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ པདྨ་ཊཱ་རུ་ལྕགས་སྒྲོག་བསྣམས༔ སྐུ་མདོག་དམར་པོ་དར་དམར་གསོལ༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ རྒྱ་གྲམ་ཌཱ་རུ་དྲིལ་བུ་བསྣམས༔ སྐུ་མདོག་ལྗང་གུ་དར་ལྗང་གསོལ༔ ཀུན་ཀྱང་ན་བཟའ་སྦྲག་མ་གསོལ༔ གཟི་བརྗིད་མདངས་དང་ལྡན་པར་བསྐྱེད༔ ༈ དེའི་སྟེང་དུ་གཏོར་མ་རིན་ཆེན་འབར་བ༔ ཕྱི་གཏོར་མ་ལ་ནང་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་དང་བཅས་པའི་དབུས་སུ་པདྨ་ཐོད་ཕྲེང་རྩལ་བླ་མ་གསང་བ་འདུས་པ་སྐུ་མདོག་མཐིང་ནག་ལོངས་སྤྱོད་རྫོགས་པའི་ཚུལ་གྱི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ རྡོ་རྗེ་དང་དྲིལ་བུ་འགྱིང་སྟབས་ཀྱིས་ཡུམ་ལ་བརྟེན་པ༔ ཡུམ་རྡོ་རྗེ་དྲག་མོ་རྩལ་དཀར་དམར་མདངས་དང་ལྡན་པ་བཅུ་དྲུག་ལོན་པའི་གཞོན་ཚུལ་གཅེར་བུ་རྒྱན་དྲུག་གིས་སྤྲས་པ༔ གྲི་ཐོད་འཁྱུད་ཅིང་སྟོབ་པ་སྐུ་གྲོལ་བ༔ མཉེན་ལྕུག་ཡབ་དང་སྦྱོར་བའོ༔ དེ་ལ་བཀའ་བརྒྱུད་རིག་འཛིན་ཊཀྐིའི་ཚོགས་གྲངས་མེད་པས་བསྐོར་ཏེ༔ འཛབ་ཏི་རི་རི་བཞུགས་པར་བསྒོམ༔ ལས་བྱང་མང་བ་བྱེད་ན་དེ་ལྟར་ཡོངས་རྫོགས་ལྷ་རྣམས་སོགས་དབང་བསྐུར་བྱིན་རླབས་ནས་བཟུང་སྟེ༔ ས་མ་ཡ་ཛ༔ ཞེས་


CMR007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་བརྗོད༔ ལས་བྱང་ཉུང་བ་ཡིན་ན༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་སོགས་ནས༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་མ་ཡ་ཛ་ཛ༔ ཞེས་པའི་བར་བརྗོད༔ བདག་དབང་ཆེན་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧྲིདམར་པོ་ལ་རྟ་མགྲིན་གྱི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་དཀྱིལ་འཁོར་ལྷ་རྣམས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ ལྷ་རྣམས་ཀྱི་གནས་གསུམ་ལས་འོད་འཕྲོས་ཏེ༔ ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས༔ རྗེ་བཙུན་པདྨ་མཁའ་འགྲོ་འབུམ་དང་བཅས་པ་ལྷོ་ནུབ་ཀྱི་ནམ་མཁའ་ལ་འོད་ཟེར་འབར་ཞིང་༔ མཁའ་འགྲོའི་བརྡ་སྐད་ཏི་རི་རི་བྱོན་པས་ད་ལྟའི་ལྷ་ཚོགས་རྣམས་ལ་དབྱེར་མེད་དུ་མ་རོ་གཅིག་ཏུ་ཐིམ་སྟེ་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར༔ ཁྱད་པར་དུ་གཏོར་མ་ཐོད་ཕྲེང་རྩལ་གསང་བ་འདུས་པ་གསལ་བར་ཐིམ་པར་གྱུར༔ དེ་ནས་ལས་བྱང་མང་ཉུང་གང་བྱེད་ཀྱང་བསྟོད་པ་མ་རྫོགས་པར་ལས་བྱང་གཞུང་ལྟར་རོ༔ དེ་ནས་བསྙེན་སྒྲུབ་དམིགས་པ་དང་ལས་སྦྱོར་སྒྲུབ་གཞུང་ལྟར་རོ༔ ཐུན་མཚམས་སུ་གསོལ་འདེབས་ཉེར་གཅིག་ཞེས་པ་ནི༔ གསོལ་འདེབས་ཚར་གསུམ་རེ་སྔགས་ཉེར་གཅིག་རེ་བྱའོ༔ དེ་ནས་ཏིང་ངེ་


CMR007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་དབང་ནི༔ མདུན་བསྐྱེད་ཀྱི་གནས་བཞི་ལས་འོད་ཟེར་དཀར་དམར་མཐིང་ལྗང་བཞི་རང་གི་གནས་བཞི་ལ་ཐིམ་པར་བསྒོམ༔ དེ་ནས་ཐུགས་དམ་བསྐུལ་ཞེས་པ་ནི༔ ཐུགས་སྒྲུབ་ནང་གི་རྔ་ཡབ་གླིང་པ་དེ་ཡིན༔ ལས་སྔགས་ཕྲེང་སྐོར་རེ་རེའི་མགོ་ན་སྒྲུབ་སྔགས་རེ་རེ་སྦྱར་ན་ལེགས༔ མཇུག་ཏུ་དབང་ལེན་དུས་ཐུགས་སྒྲུབ་ནང་གི་དངོས་གྲུབ་ལེན་ཆོག་དེ་ཡིན༔ དེ་ནས་ཚོགས་ནི༔ དང་པོའི་ནུབ་དང་གྲོལ་ཁའི་ནུབ་མོར་དགོས༔ རྒྱུན་དུ་མི་དགོས༔ དགོང་མོ་རྒྱུན་དུ་གཏོར་བསྔོས་ཀྱི་མཇུག་ཏུ་མ་ནིང་དང་མཁའ་རི་གཉིས་འདོན་ལ༔ སྒྲུབ་པ་འདི་ལ་བར་ཆད་མེད་པའི་ཕྲིན་ལས་མཛོད་ཅིག༔ ཅེས་བརྗོད༔ གྲོལ་ཁ་ཆད་མདོ་བརྟན་སྐྱོང་བྱའོ༔ དབང་བླང་ཚར་ནས་རྗེས་ཆོག་བཀྲ་ཤིས་ཐམས་ཅད་ཐུགས་སྒྲུབ་གཞུང་ལྟར་རྫོགས་པར་བྱའོ༔ ཕྱག་ལེན་ལ་ཐུན་མཚམས་ཀྱི་གསོལ་འདེབས་ནི་བསྙེན་སྒྲུབ་ལས་གསུམ་ཁ་ལ་དགོས་སོ༔ བསྙེན་པ་ཞག་བདུན་སྒྲུབ་པ་ཞག་བདུན་གཉིས༔ ལས་སྦྱོར་ཞག་གཅིག་གོ༔ དེ་བས་ཉུང་ཐབས་ནི་མེད༔ དེ་བས་མང་འདོད་ན་གྲངས་ཀྱི་བསྙེན་པ༔ རྟགས་ཐོན་པའམ༔ རིག་པས་དཔག་སྟེ་བྱའོ༔ འདི་ཚར་ནས་སྐུ་གསུམ་སྒྲུབ་པ་མ་ཐོན་ཀྱང་


CMR007_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཞི་བའི་ལས་གང་ཡང་བྱ་རུང་བའོ༔ སྒྲུབ་པ་འདི་མ་ཐོན་ན་དྲག་པོ་བསྙེན་མི་རུང་བ་གཞུང་དུ་གསལ༔ ཞེས་པ་འདི་ནི་གཏེར་སྟོན་ནས་ད་ལྟའི་བར་དུ་སྒྲུབ་པའི་རྒྱུན་མ་ཆད་པའི་ཕྱག་ལེན་འཁྲུལ་མེད་དུ་བཀོད་པའོ༔ ཟུར་མང་ནང་སོས་བསྐུལ་ནས་སྔགས་འཆང་རཱ་ག་ཨ་སྱས་བཀོད་པའོ༔ མངྒ་ལཾ༔ ཀུན་དྲིལ་ཡིད་བཞིན་ནོར་བུའི་གསལ་ཁ་ཡོད༔ རང་རྟ་མགྲིན་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿདམར་པོའི་མཐར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མདུན་བསྐྱེད་ཨོ་རྒྱནསྤྲུལ་སྐུའི་ཐུགས་ཀར་ཧྲཱིཿཡི་མཐར་བསྙེན་པའི་སྔགས༔ གཏོར་མ་ཨོ་རྒྱན་ཆོས་སྐུའི་ཐུགས་ཀར་ཧཱུྃ་མཐིང་ནག་གི་མཐར་སྒྲུབ་པའི་སྔགས༔ བུམ་ལྷ་ཐོད་ཕྲེང་རྩལ་སྡེ་ལྔ་སོ་སོའི་ཐུགས་ཀར་དབུས་སུ་ཨོ༔ ཤར་དུ་ཧཱུྃ༔ ལྷོ་རུ་སྭཱ༔ ནུབ་ཏུ་ཨཱཿ བྱང་དུ་ཧཱཿ༔ དེ་དག་གི་མཐར་སྒྲུབ་པའི་སྔགས་དེ་ཉིད་ཅུང་ཙམ་བསྒྱུར་ལ༔ དབུས་སུ་བྷུདྡྷ་ཤར་དུ་བཛྲ་ལྷོར་རཏྣ་ནུབ་ཏུ་པདྨ་བྱང་དུ་ཀརྨ་ཐོད་ཕྲེང་རྩལ་ལ་སོགས་སྒྲུབ་སྔགས་གཡས་སུ་འཁོར་བར་མོས་པ་ཙམ་གྱིས་ཆོག༔ སྔགས་ཐམས་ཅད་གཡས་སུ་ཀྱི་ལི་ལི་འཁོར་བ༔ ས་བོན་ཐམས་ཅད་གཡོ་འགུལ་མེད་པ༔ ལྷ་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་


CMR007_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཚན་པ་ལ༔ བདག་གི་དཔྲལ་བའི་ཨོ་ལས་འོད་ཟེར་དཀར་པོ་འཕྲོས༔ ལྷ་ཐམས་ཅད་ཀྱི་དཔྲལ་བར་ཐིམ༔ སྐུ་མཉེས་པའི་མཆོད་པར་གྱུར༔ ཡང་ལྷ་ཐམས་ཅད་ཀྱི་ཨོཾ་ལས་འོད་ཟེར་དཀར་པོ་ཚུར་འཕྲོས༔ རང་གི་དཔྲལ་བར་ཐིམ་ལ་སྐུའི་དབང་དང་བྱིན་རླབས་ཐོབ༔ དེ་ལྟར་བདག་མདུན་གཉིས་ཀྱི་དཔྲལ་བ་ནས་འོད་ཟེར་ཕར་འཕྲོས་ཚུར་འཕྲོས་མགལ་མེའི་འཁོར་ལོ་ལྟར་རྒྱུན་མི་འཆད་པ་གཅིག་ཏུ་འཁོར༔ དེ་བཞིན་དུ་བདག་གི་མགྲིན་པའི་ཨཱལས་འོད་ཟེར་དམར་པོ་འཕྲོས༔ མདུན་བསྐྱེད་ཀྱི་མགྲིན་པའི་ཨཱལ་ཐིམ་པས་གསུང་མཉེས་པའི་མཆོད་པར་གྱུར༔ མདུན་བསྐྱེད་ཀྱི་ཨཱལས་འོད་ཟེར་དོམར་པོ་ཚུར་འཕྲོས༔ རང་གི་མགྲིན་པར་ཐིམ་པས་གསུང་གི་དབང་དང་བྱིན་རླབས་ཐོབ༔ དེ་ལྟར་བདག་མདུན་མགྲིན་པའི་བར་ནས་མགལ་མེ་འཁོར་བ་ལྟར་འོད་ཟེར་དམར་པོ་འཁོར༔ བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་མདུན་བསྐྱེད་ཐུགས་ཀའི་ཧཱུཾ་ལ་ཐིམ༔ ཐུགས་མཉེས་པའི་མཆོད་པར་གྱུར༔ སྔགས་ཕྲེང་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ༔ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་ཚུར་བྱུང་༔ རང་གི་ཐུགས་ཀར་ཐིམ་པས་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ༔ དེ་


CMR007_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བདག་མདུན་ཐུགས་ཀའི་བར་ན་འོད་ཟེར་མགལ་མེ་འཁོར་བ་ལྟ་བུ་གཅིག་དེ་ལྟར་བདག་མདུན་གནས་གསུམ་དུ་འོད་ཟེར་དཀར་དམར་མཐིང་གསུམ་ཕར་འཕྲོས་ཚུར་འཕྲོས་རྒྱུན་མ་ཆད་པར་བསམ༔ ཕར་འཕྲོས་པས་སྐུ་གསུང་ཐུགས་ལ་མཆོད་པའི་ཚུལ༔ མདུན་བསྐྱེད་ཀྱི་འབྲུ་གསུམ་ལ་ཐིམ་པས་ཐུགས་དམ་གྱི་རྒྱུད་བསྐུལ༔ ཐུགས་དམ་གྱི་རྒྱུད་དེ་གང་ཡིན་ཞེ་ན༔ སྔོན་ཚེ་སངས་རྒྱས་ཀྱི་བསྟན་པ་སྲུང་༔ སེམས་ཅན་གྱི་དོན་བྱེད་པའི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོ་དྲན་པ་ཡིན༔ ཚུར་འཕྲོས་ནས་རང་གི་གནས་གསུམ་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆིག་ཉམས་ཐམས་ཅད་དག༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དཔག་ཏུ་མེད་པ་ཞུགས་པར་བསྒོམ༔ འོད་ཟེར་དཀར་དམར་མཐིང་གསུམ་ནི༔ སྣལ་མ་དཀར་དམར་མཐིང་གསུམ་གྱི་ཐགས་བྲན་པ་འདྲ་བ་གནས་གསུམ་དུ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཁུག་པ་གསུམ་མགལ་མེའི་འཁོར་ལོ་ལྟར་འཁོར་བ་ཡིན༔ བསྙེན་པའི་དུས་གཙོ་ཆེར་མདུན་བསྐྱེད་གཙོ་བོ་ཨོ་རྒྱན་སྤྲུལ་སྐུ་ལ་དམིགས་པ་གཏད༔ སྒྲུབ་པའི་དུས་གཏོར་མ་ཨོ་རྒྱན་ཆོས་སྐུ་ལ་དམིགས་པ་གཏད༔


CMR007_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བུམ་ལྷ་ཐོད་ཕྲེང་སྡེ་ལྔ་ལ་དམིགས་པ་གཏད༔ འཁོར་ལྷ་རྣམས་ལ་ཡང་དེ་ལྟར་འཁོར་ཞིང་ཡོད་པའི་མོས་པ་ཙམ་བྱ༔ ལས་སྦྱོར་དུས་རང་ཉིད་རྟ་མགྲིན་གྱི་ཐུགས་ཀར་སྔར་ལྟར་སྔགས་ཕྲེང་ཡོད༔ རྟ་མགྲིན་གྱི་དཔྲལ་བ་ཀླད་པའི་ནང་དུ་རྡོ་རྗེ་གིང་དང་རྡོ་རྗེ་མཁའ་འགྲོ་དཀར་མོ་ཡབ་ཡུམ་ཞལ་སྦྱོར༔ རྡོ་རྗེས་མཚན་པའི་གྲི་ཐོད་ཡབ་ཀྱི་ཐུགས་ཀར་ར་ཡུམ་གྱི་ཐུགས་ཀར་ཧ༔ སྔ་དྲོ་དེ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་མུན་པ་ལ་ཟླ་བ་ཤར་བ་ལྟ་བུར་བསལ་རྟ་མགྲིན་གྱི་ལྟེ་བར་རཏྣ་གིང་ཡབ་ཡུམ་རིན་པོ་ཆེའི་ཡུ་བ་བྱས་པའི་གྲི་ཐོད་ཡབ་ཀྱི་ཐུགས་ཀར་ཙ༔ ཡུམ་གྱི་ཐུགས་ཀར་རི༔ ཉིན་གུང་དེ་ལས་འོད་ཟེར་ཉི་མ་ཤར་བ་ལྟ་བུ་འཕྲོས༔ ཚེ་དང་བསོད་ནམས་ཉམས་རྟོགས་འཕེལ་བར་བྱས༔ རྟ་མགྲིན་གྱི་མགྲིན་པར་པདྨ་གིང་ཡབ་ཡུམ་དམར་པོ་པདྨས་མཚན་པའི་གྲི་ཐོད་འཛིན་པ༔ ཡབ་ཀྱི་ཐུགས་ཀར་ཧྲཱིཿ ཡུམ་གྱི་ཐུགས་ཀར་ནི༔ དགོང་ཀ་དེ་ལས་འོད་ཟེར་གློག་འཁྱུག་པ་ལྟ་བུ་འཕྲོས༔ ལྷ་འདྲེ་མི་གསུམ་དབང་དུ་འདུས་ཏེ་དངོས་གྲུབ་བདག་ལ་ཐིམ༔ རྟ་མགྲིན་གསང་གནས་སུ་ཀརྨ་གིང་ཡབ་ཡུམ་ལྗང་ཀུ་སྣ་ཚོགས་རྡོ་རྗེས་ཡུ་


CMR007_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་པའི་གྲི་ཐོད་འཛིན་པ༔ ཡབ་ཀྱི་ཐུགས་ཀར་ཡ༔ ཡུམ་གྱི་ཐུགས་ཀར་ས་སྲོད་ཀྱི་དུས་སུ་འོད་ཟེར་ལྗང་ནག་ཚ་ཞིང་རྩུབ་པ་འཕྲོས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་གཞོབ་ཐུལ་བསྲེགས་པར་བསྒོམ༔ རྒྱུན་དུ་རྟ་མགྲིན་གྱི་ཐུགས་ཀར་སྔགས་འཁོར་གྱི་ཕྱི་ནས་ལས་སྦྱོར་གྱི་སྔགས་དེ་གཡས་སུ་འཁོར་བ༔ རྟ་མགྲིན་གྱི་ཡུམ་ཕག་མོའི་མ་ཡིག་གིས་མཐར༔ ལས་སྦྱོར་གྱི་སྔགས་དེ་གཡོན་དུ་འཁོར་བའོ༔ རཱ་ག་ཨ་སྱས་བསྒྲིགས་པའོ༔ མངྒ་ལཾ༔ འདི་བྲིས་དགེ་བས་རྩ་གསུམ་ལྷ་ཚོགས་འགྲུབ་པར་ཤོག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་འདོན་འགྲིགས།next