Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་རྒྱས་འབྲིང་རྣམས་ཀྱི་དབང་བཤད་མདོར་བསྡུས་ལུང་གི་ཕྲེང་བ།
   
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་རྒྱས་འབྲིང་རྣམས་ཀྱི་དབང་བཤད་མདོར་བསྡུས་ལུང་གི་ཕྲེང་བ།next

ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་རྒྱས་འབྲིང་རྣམས་ཀྱི་དབང་བཤད་མདོར་བསྡུས་ལུང་གི་ཕྲེང་བ།


CMR007_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་རྒྱས་འབྲིང་རྣམས་ཀྱི་དབང་བཤད་མདོར་བསྡུས་ལུང་གི་ཕྲེང་བའོ།།


CMR007_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་སྒྲུབ་གུ་རུ་ཞི་བའི་དབང་བསྐུར་བ་ཡིན་ཏེ༔ དེ་ལ་ཐོག་མར་ལོ་རྒྱུས་ཤིག་མ་བཤད་ན་དབང་གི་ས་བཅད་མི་ཚང་༔ རྒྱས་པར་ནི་བརྗོད་ཀྱིས་མི་ལང་་བསྡུས་པ་མདོ་རྒྱུད་ཀྱི་རྩ་ཚིག་ཙམ་ཞུ་ན༔ རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས༔ འདི་ལ་དབང་སྤྱོད་རིགས་ཀྱི་བུ༔ སྐྱེ་འཆིས་མི་གོས་རྡོ་རྗེའི་སྐུ༔ གཉིས་མེད་མཚོ་དབུས་འདབ་རྒྱས་ལས༔ ལེགས་བྱུང་སྤྲུལ་སྐུ་དམ་པ་འབྱུང་༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག༔ སྣ་ཚོགས་སྤྱོད་པ་རླབས་པོ་ཆེ༔ གདུལ་བྱའི་མོས་བློ་ཐ་དད་ལ༔ རྣམ་པ་བཞི་ཡི་དོན་བྱེད་


CMR007_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར༔ ཞེས་དང་༔ སྐུ་རྒྱུད་ཤེལ་གྱི་རི་བོ་ལས༔ དྲི་མེད་མཚོ་གླིང་གེ་སར་རྒྱས་པའི་སྟེང་༔ མངལ་གྱིས་མ་གོས་པདྨ་བཛྲ་རྩལ༔ བདེ་བའི་རོ་འབྱིན་ལྷ་ལྕམ་མནྡཱ་ར༔ ཐབས་ཤེས་བདེ་སྟོང་གར་གྱི་དབང་ཕྱུག་མཆོག༔ རྒྱལ་བ་ཀུན་གྱི་ཐུགས་བཅུད་བསྡུས་པ་སྟེ། དེ་ཡི་རྩལ་ལས་རྣམ་འགྱུར་དུ་མར་སྣང་༔ ཞེས་དང་༔ བུདྡྷ་ཐོད་ཕྲེང་རྩལ་དང་དེ་ཡི་ཡུམ༔ ཌཱཀི་རྣམ་པར་རོལ་པ་སྟེ༔ དེ་ཡི་ཆོ་འཕྲུལ་འགྱེད་པའི་འཁོར་གྱི་ཚོགས༔ བཛྲ་ཐོད་ཕྲེང་རཏྣ་ཐོད་ཕྲེང་རྩལ༔ པདྨ་ཐོད་ཕྲེང་ཀརྨ་ཐོད་ཕྲེང་རྩལ༔ ཅེས་དང་༔ པད་མ་འབྱུང་གནས་བློ་


CMR007_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཆོག་སྲེད་དང་༔ ཉི་མ་འོད་ཟེར་སེངྒེ་སྒྲ་སྒྲོག་དང་༔ པདྨ་སཾ་བྷ་པདྨ་རྒྱལ་པོ་སྟེ༔ ཤཱཀྱ་སེངྒེ་རྡོ་རྗེ་གྲོ་བོ་ལོད༔ ཅེས་དང་༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས༔ ང་སྤྲུལ་ཀོ་ཤའི་མཚོ་གླིང་དུ༔ པདྨ་ལས་འཁྲུངས་སྤྲུལ་པའི་སྐུ༔ ཚེ་ལ་དབང་བའི་རིག་འཛིན་ལ༔ བཀའ་ཡི་བབ་དང་བཅས་ཏེ་གནང་༔ ཨོ་རྒྱན་རྒྱ་གར་ཤར་ནུབ་ཏུ༔ དེ་ཡིས་བསྟན་པ་དར་བར་བྱེད༔ ཅེས་གསུངས་སོ༔ གཞན་ཡང་གུ་རུ་སྐུ་གསུམ་གྱི་རྒྱུད༔ སུམ་བརྒྱ་བདུན་ཅུ་རྩ་བཞི༔ དེ་བསྡུས་པ་ཐུགས་རྒྱུད་ནམ་མཁའི་ཀློང་ཡངས་སོགས་རྒྱུད་ལྡ༔ དེ་རྣམས་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་གསུངས་པ་ཡིན་ལ༔ ཧེ་རུ་ཀ་འདུས་པའི་རྒྱུད་ལས་ཀྱང་༔ ཨེ་མ་ཧོ༔ སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད་ཡོན་ཏན་ཕྲིན་ལས་གཟི་བརྗིད་དྲེགས༔ སྟོབས་ཀྱི་རྒྱུད་རྣམས་ཡོངས་བསྡུས་པ༔ པདྨའི་སྙིང་པོ་ལས་སྤྲུལ་ནས༔ ཨོ་རྒྱན་ཐོར་ཅོག་རྒྱས་སྲས་སུ༔ ལྷ་ཡིས་རབ་བསྐུལ་དེས་སྡད་འགྱུར༔ ཅེས་དང་༔ དཔལ་བཀའ་འདུས་གསང་བའི་རྒྱུད་ལས་ཀྱང་༔ སྤྱི་དཔལ་ཆེན་པོ་ང་དང་གཉིས་སུ་མེད༔ གུ་རུ་མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ༔ ད་ལྟ་ང་དང་ཚུལ་


CMR007_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་ཞིག་འབྱུང་༔ དེ་ཡི་བཀའ་འདུས་སྤྱི་ཏིའི་ཐེག་པ་འདི༔ ཟ་ཧོར་ཡུལ་གྱི་ཕོ་བྲང་ཆེན་པོ་རུ༔ རྒྱལ་པོ་གཙུག་ལག་འཛིན་ལ་སོགས་པ་ལ༔ ཆོས་འདི་རྒྱ་ཆེན་རབ་ཏུ་སྟོན་པར་འགྱུར༔ ཅེས་གསུངས་པ་དང་༔ ཆེ་མཆོག་གིས་གསུངས་པའི་མ་ནིང་ལས་རྒྱུད་ལས༔ ནམ་ཞིག་ལས་ཅན་རྡོ་རྗེ་ཐོད་ཕྲེང་རྩལ༔ སྤྱན་རས་གཟིགས་སྤྲུལ་དེ་ལ་བཀའ་འདི་གཏོད༔ རིག་འཛིན་རོལ་པའི་རྩ་རྒྱུད་ལ་སོགས་པ་ནས༔ ཀུན་ཏུ་བཟང་པོ་ཧེ་རུ་ཀའི་སྐུར་བཞེངས་ནས་གསུངས་པ་ཡིན་ནོ༔ ཐུགས་སྒྲུབ་འདི་ཡི་སྒྲུབ་ཆེན་སོགས་ཕལ་ཆེར༔ ཨོ་རྒྱན་ཉིད་ཀྱིས་ཀྱང་རིག་འཛིན་རོལ་པའི་རྩ་རྒྱུད་ལ་བརྟེན་ནས་མཛད་པ་ཡིན་གསུངས༔ རྩ་རྒྱུད་མན་ངག་གི་ཏན་ཏྲ་ལས་ཀྱང་༔ ང་ཉིད་འདས་པའི་དུས་ཤེས་ན༔ ལོ་ནི་གཉིས་བརྒྱ་ལྔ་བཅུ་ན༔ དགའ་རབ་རྡོ་རྗེ་ཞེས་བྱ་འབྱུང་༔ པདྨ་འབྱུང་གནས་མ་བྱུང་བར༔ ཁྱོད་ཀྱིས་ཐུབ་པའི་རྒྱལ་ཚབ་གྱིས༔ དེ་ནས་ང་ཡི་རྒྱལ་ཚབ་ཉིད་པདྨ་འབྱུང་གནས་ཞེས་བྱ་བ༔ སྐྱེ་ཤི་མེད་པའི་སྤྲུལ་སྐུ་འབྱུང་༔ སངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ ཐུབ་པའི་རྒྱལ་ཚབ་དོན་གསུམ་པ༔ སངས་རྒྱས་ཀུན་གྱི་སྲས་


CMR007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པོ༔ བཀའ་མདོ་ལུང་གསུམ་ཆོས་ཀྱི་མཛོད༔ ང་ཡི་བསྟན་མཇུག་དེས་སྐྱོང་ངོ་༔ ང་ཡི་ཞབས་ཀྱིས་མ་བཅགས་པའི༔ འཛམ་གླིང་བོད་ཁམས་གླིང་བཞི་སོགས༔ སྤྲུལ་སྐུ་དེ་ཡིས་ཞབས་ཀྱིས་བཅགས༔ སངས་རྒྱས་བསྟན་པའི་ཉི་མ་གདལ༔ ང་ཡི་ཆོས་རྣམས་ཀུན་གྱི་ལུང་༔ མན་ངག་སྐྱེས་བུ་དེ་ཡིས་སྟོན༔ ང་ཡི་ཆོས་སྲིད་བསྟན་པ་ཡིས༔ མ་ཁྱབ་བོད་ཁམས་མུན་རུབ་ཏུ༔ དམ་ཆོས་སྒྲོན་མེ་སྤྲུལ་སྐུས་སྦར༔ ཐུབ་པའི་བསྟན་པ་བོད་ཡུལ་དུ༔ ཨོ་རྒྱན་པདྨ་ཞེས་བྱ་བ༔ ཀུན་ཏུ་བཟང་པོའི་ངོ་བོ་ཉིད༔ རྡོ་རྗེ་འཆང་ཆེན་སྤྲུལ་བའི་སྐུ༔ རིགས་ལྔའི་སངས་རྒྱས་འདུས་པའི་དཔལ༔ རིགས་གསུམ་མགོན་པོའི་རང་བཞིན་ཏེ་སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེན་པོ་མངོན་སུམ་ཉིད༔ བདག་ཅག་ཐུབ་པ་དྲུག་གི་སྐུ༔ གཅིག་ཏུ་སྤྲུལ་པའི་སྲས་གཅིག་པོ༔ མ་འོངས་སེམས་ཅད་མགོན་གཅིག་ཡིན༔ སངས་རྒྱས་སྟོང་གི་གདུང་གཅིག་པོ༔ དུས་གསུམ་སངས་རྒྱས་སྤྱི་འདུས་དཔལ༔ བདེ་གཤེགས་ཐམས་ཅད་སྐུ་གསུམ་རྫོགས༔ སངས་རྒྱས་ཀུན་གྱི་རང་བཞིན་ཏེ༔ ལོ་ནི་བཞི་གསུམ་བཅུ་གཉིས་ན༔ དྷ་ན་ཀོ་ཤའི་མཚོ་ལས་


CMR007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས༔ དེ་དུས་ཐུབ་པའི་བསྟན་པ་དར༔ རྒྱལ་ཚབ་དགའ་རབ་གུང་གཤེགས་ཚེ༔ ཐུགས་མཛོད་མན་ངག་འདི་ལ་གཏོད༔ བསྟན་པའི་བདག་པོ་ཁྱེད་དབང་བསྐུར༔ བོད་ཁམས་ཆོས་ཀྱི་བསྟན་པ་སྐྱོང་༔ གདུག་པ་སྲིན་གྱི་ཁ་གནོན་མཛད༔ ཅེས་ཐུབ་པ་ཆེན་པོས་ལུང་བསྟན་ཏོ༔ འཇམ་དཔལ་རྩ་རྒྱུད་ཤིན་ཏུ་རྒྱས་པ་ལས། ང་ནི་མི་གནས་འདས་འོག་ཏུ༔ ལོ་ནི་བཞི་གཉིས་ལོན་པ་ན༔ སྔོན་གྱི་ལས་ཀྱིས་རབ་བསྐུལ་ནས༔ ཨོ་རྒྱན་ཡུལ་དང་སིང་ག་ལར༔ མངལ་སྐྱེས་སྤང་བའི་རྫུས་སྐྱེས་གཉིས༔ པདྨ་འབྱུང་གནས་རྫུ་འཕྲུལ་ལྡན༔ འཕགས་པ་ལྷ་ཡིས་རྒོལ་ངན་འཇོམས༔ བཀའ་སྲོལ་དག་ལ་མཁས་པ་འབྱུང་༔ ཞེས་གསུངས་པ་དང་༔ འཇམ་དཔལ་སྐྱ་འཕྲུལ་དྲྭ་བ་ལས་ཀྱང་༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་༔ ཆེ་བའི་སངས་རྒྱས་རིག་སྔགས་རྒྱལ༔ ཞེས་དང་༔ གཞན་ཡང་སངས་རྒྱས་ཐོད་པ་ཞེས་བྱ་བའི་རྒྱུད་ཆེན་པོ་བཞུགས་པ་ནི༔ ཨོ་རྒྱན་གྱི་རྒྱུད་ཡིན་ཏེ༔ སངས་རྒྱས་ཐོད་པ་དང་༔ པདྨ་ཐོད་ཕྲེང་རྩལ༔ ཐོད་


CMR007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩལ་ཆེན་དང་༔ རིག་འཛིན་ཐོད་རྩལ་རྣམས་དོན་གཅིག་སྟེ༔ ཨོ་རྒྱན་གྱི་གསང་མཚན་ཡིན་པར་དགོངས་འདུས་ནས་གསུངས་སོ༔ གཞན་ཡང་སྒྲོན་མ་རལ་པ་གྱེན་བརྗེས་ཅན་གྱི་རྒྱུད་གླེགས་བམ་ཤིན་ཏུ་ཆེ་བ་ལས༔ པདྨ་དཀར་པོས་བརྒྱན་པ་ལ་སོགས་པ་རིག་འཛིན་གྱི་རྒྱལ་པོ་བཅོ་བརྒྱད་འཁོར་སྟོང་ཕྲག་བཅོ་བརྒྱད་མཐུ་ཆེན་དང་ལྡན་ཞིང་བུད་མེད་རྣམས་དང་ལྷན་ཅིག་ཏུ་བརྩེ་བར་བྱེད་པ༔ ཞེས་དང་༔ དེའི་སྙིང་པོ་ནི༔ ཨོ་པདྨ་བཛྲ་ཧཱུྃ༔ ཞེས་གསུངས་པ་ཡང་ཨོ་རྒྱན་ཉིད་ཡིན་ནོ༔ དེ་དག་ནི་རྒྱུད་ཀྱི་ལུང་ཡིན་ལ། མདོ་ཡི་ལུང་ནི༔ དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་ལས༔ ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་བཞི་གསུམ་ལོན་པའི་ཚེ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྲི་མེད་ཀོ་ཤའི་མཚོ་གླིང་དུ༔ ཀུན་བས་ལྷག་པའི་སྐྱེས་བུ་འབྱོན༔ ཁྱེད་རྣམས་མྱ་ངན་མོ་བྱེད་དང་༔ སྨན་མཆོག་ནང་ནས་རྣམ་རྒྱལ་ལྟར༔ མཐའ་ཡས་དབང་པོ་པདྨ་འབྱུང་༔ ཁྱེད་རྣམས་མྱ་ངན་མ་བྱེད་ཅིག༔ སྐར་ཚོགས་ནང་ནས་ཉི་ཟླ་ལྟར༔ མཐའ་ཡས་དབང་པོ་པདྨ་འབྱུང་༔ ཁྱེད་རྣམས་མྱ་ངན་ཅི་ཕྱིར་བྱེད༔ ནོར་བུའི་ནང་ནས་ཡིད་བཞིན་ལྟར༔


CMR007_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་དབང་པོ་པདྨ་འབྱུང་༔ འཇིག་རྟེན་མུན་པ་དེས་སེལ་འགྱུར༔ ཡང་མྱ་ངན་འདས་མདོ་ཤིན་ཏུ་རྒྱས་པ་ལས༔ ཉེ་གནས་ཀ་ཏ་ཡ་ན་དང་༔ ཙུན་དང་༔ མ་འགགས་པ་དང་༔ ཀུན་དགའ་བོ་རྣམས་ལ་བཀའ་སྩལ་པ༔ ང་ནི་ཡོངས་སུ་མྱ་ངན་ལས་འདའོ༔ ཁྱེད་རྣམས་མྱ་ངན་མ་བྱེད་ཅིག མདངས་ལྡན་དྲི་མེད་མཚོ་གླིང་དུ༔ ང་བས་ལྷག་པའི་སྐྱེས་བུ་འབྱུང་༔ ཁྱེད་རྣམས་ངུ་བར་མ་བྱེད་ཅིག ཅེས་དང་༔ དུས་འཁོར་དང་འཇམ་དཔལ་རྩ་རྒྱུད་སོགས་ལས༔ པདྨའི་མྱུ་གུ་ཞེས་སོགས་གསུངས་པ་ཡང་ཨོ་རྒྱན་ཉིད་དོ༔ དེ་ལྟར་ལུང་བསྟན་པའི་སྤྲུལ་སྐུ་དེའི་རྣམ་ཐར་ནི་མཐའ་ཡས་ལ༔ དེ་དག་གི་དོན་བསྡུས་ན༔ དྷ་ན་ཀོ་ཤའི་མཚོ་གླིང་དུ་མེ་ཏོག་པདྨ་ལས་འཁྲུངས་པས༔ མཚན་པདྨ་འབྱུང་གནས་དང་༔ མཚོ་སྐྱེས་རྡོ་རྗེར་གྲགས༔ ཨོ་རྒྱན་ཡུལ་དུ་རྒྱལ་སྲིད་སྐྱོང་བས༔ རྒྱལ་པོ་ཐོར་ཅོག་ཅན་དང་པདྨ་རྒྱལ་པོར་གྲགས༔ བསིལ་བ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པས་བདུད་དམག་བྱེ་བ་ཁྲག་ཁྲིག་བཏུལ་ཞིང་བཀའ་སྲུང་ཐམས་ཅད་དམ་ལ་བཏགས་པས༔ ནཱ་ག་ཀླུ་འདུལ་དང་ཤནྟ་རཀྵི་ཏར་གྲགས༔ རིག་པའི་


CMR007_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལྔ་ལ་མཁས་པས་པཎྜི་ཏ་ཡན་ལག་མེད་པའི་རྡོ་རྗེ་དང་པདྨ་སཾ་བྷ་བར་གྲགས༔ སྟག་བཅིབས་ནས་ནམ་མཁའ་ལ་བྱོན་པ་དང་༔ ཉི་ཟླ་བརྟོད་ལ་མནན་པ་སོགས་རྫུ་འཕྲུལ་དུ་མ་མཛད་པས་གྲུབ་ཆེན་པདྨ་བཛྲ་དུ་གྲགས༔ རྒྱ་ནག་ལི་ཡུལ་ཞང་ཞུང་སོགས་སུ་ལོ་སུམ་སྟོང་འགྲོ་དོན་མཛད་རྗེས༔ བོད་དུ་ཕེབས་ནས་ལོ་བརྒྱ་དང་བཅུ་གཅིག་བཞུགས་ནས་བསྟན་པ་དར་རྒྱས་སུ་མཛད་ནས༔ དེ་ནས་ལྷོ་ནུབ་རྔ་ཡབ་གླིང་དུ་སྲིན་པོའི་ཁ་གནོན་དུ་བྱོན་པ་ཡིན་ནོ༔ གྲུབ་ཆེན་བརྒྱད་ཅུའི་བསྟོད་པའི་རྒྱ་གཞུང་ལས༔ དགེ་སློང་ལུས་ཀྱི་ཕྱག་རྒྱ་བརྟེན༔ ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ པྲ་ཝཱ་ཀ་ར་ཞེས་བྱ་བའི༔ བླ་མ་དེ་ལ་ཕྱག་འཚལ་ལོ༔ ཞེས་གསུངས་ཏེ༔ རྒྱ་གར་སྐད་དུ༔ པྲ་ཝཱ་ཀ་ར༔ བོད་སྐད་དུ༔ པདྨ་འབྱུང་གནས་ཡིན་ནོ༔ གུ་རུ་ཉིད་ཀྱི་གསུང་རཏྣའི་གཏེར་ཁ་ནས་བྱུང་བ་རྣམས་ཀྱི་དོན་བཤད་ན༔ སྨོན་ལམ་ཀུན་རྫོབ་གདུལ་བྱའི་ངོར༔ སྲིན་ཡུལ་བཞུགས་པ་བདེན་མོད་ཀྱི༔ ཐུགས་རྗེའི་བྱིན་རླབས་རྒྱུན་ཆད་མེད༔ སུ་མོས་རྩ་ན་ང་ཉིད་འདུག དེ་བས་མང་དུ་ཅི་བཤད་ཀྱང་༔ ཚིག་གི་སྦྱིན་རོ་ཡིན་མོད་ཀྱི༔ དོན་གྱི་བློ་སྙིང་ང་ལ་ཁོལ༔ ཆེ་


CMR007_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རེག་ཆེ་དང་ཆུང་རེག་ཆུང་༔ རང་གི་མོས་གུས་དང་བསྟུན་པའི༔ བྱིན་རླབས་འཇུག་པར་ཐེ་ཚོམ་མེད༔ ཨེ་མ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ ཐུགས་བཅུད་ཟབ་མོ་གཏེར་ཁ་ཇི་སྙེད་སྦས༔ ཐུགས་སྒྲུབ་བརྒྱ་དང་རྩ་བརྒྱད་སྦས་མོད་ཀྱང་༔ ཀུན་གྱི་བཅུད་བསྡུས་ཡང་སྙིང་འདི་ཁོ་ན༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ པདྨ་ང་ཡི་ཐུགས་བཅུད་མིན་རེ་ཀན༔ ཞེས་དང་༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཏེར་ཁ་བྱེ་བ་ལ་སོགས་སྦས༔ བཅུད་ནས་བཅུད་ཀྱི་སྙིང་པོར་དྲིལ༔ ཐུགས་སྒྲུབ་ཡང་སྙིང་འདུས་པ་འདི༔ ས་འོག་ཀུན་གྱི་གཏེར་གཅིག་མ༔ འདི་ཉིད་ཁོ་ན་མིན་རེ་ཀན༔ ཞེས་གསུངས་སོ༔ ཐུགས་སྒྲུབ་རྒྱ་ཐེམ་ལས༔ ཡང་གསང་སྙིང་པོ་འདི་ལ་སུས་སྤྱོད་པ༔ དངོས་གྲུབ་དུས་ལ་འདའ་བར་མི་སྲིད་ཀྱི༔ འདི་ཉིད་བྲི་འཆང་གུས་པས་མཆོད་པ་དང་༔ ལན་གཅིག་ཙམ་ཞིག་བཀའ་ཤོག་མཐོང་ན་ཡང་༔ པདྨ་ང་ཡི་སྨོན་ལམ་མཐུ་བཙན་པས༔ ངན་སོང་གནས་ནས་སྐྱེ་སྒོ་ངེས་པར་གཅོད༔ དབང་ཐོབ་ཙམ་ཡང་ང་ཡི་དྲུང་དུ་སྐྱེ༔ ཉམས་སུ་ལེན་རྣམས་ཚེ་གཅིག་སངས་རྒྱས་ཡིན༔ དེ་


CMR007_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདི་དང་སུ་འཕྲད་སྐལ་བ་བཟང་༔ ཚུལ་བཞིན་སྤྱོད་པས་རང་གཞན་བདེ་ལ་བཀོད༔ མི་ལུས་དོན་ལྡན་ཡིན་ནོ་རིགས་ཀྱི་བུ༔ འདི་ཡི་རྗེས་འཇུག་སུ་དང་སུས་བསྒྲུབ་ཀྱང་༔ རྔ་ཡབ་གནས་ནས་རྔ་ཡབ་པདྨ་ཡིས༔ རྒྱུན་ཆད་མེད་པར་ཐུགས་རྗེས་མི་འཛིན་རེ༔ ཐེ་ཚོམ་མེད་པར་དམ་ཚིག་གཙང་བར་གཅེས༔ གསོལ་བ་ཐོབ་གཅིག་རྗེས་འཇུག་རིགས་ལྡན་རྣམས༔ བུ་ལ་གདུང་བའི་མ་ལྟར་བདག་གི་སྐྱབས༔ ཉམས་དང་རྨི་ལམ་དངོས་ཀྱི་ཚུལ་དུ་ཡང་༔ ཚུལ་བཞིན་བསྒྲུབས་ན་སྒྲུབ་པའི་བུ་དང་མཇལ༔ ངོ་སྤྱོད་དབང་བསྐུར་ཆོས་བཤད་ལུང་ཡང་སྟོན༔ བསླུས་ན་པད་འབྱུང་ཞན་ནོ་རྗེས་འཇུག་རྣམས༔ ཞེས་དང་༔ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ང་༔ རང་གི་སྒྲུབ་པ་རང་གིས་བརྩམས༔ སུ་འཕྲད་བདེ་ཆེན་ཞིང་དུ་སྦྱོར༔ ཀུན་གྱི་བཅུད་བསྡུས་ཡང་གཏེར་འདི༔ གཉལ་སྨད་དགེ་རིའི་བྲག་ལ་སྦས༔ ཞེས་གསུངས་ནས་གཏེར་དུ་སྦས་པ༔ རྗེ་འབངས་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་སྐྱེ་བ༔ གཏེར་སྟོན་རཏྣ་གླིང་པས་གཏེར་ནས་བཏོན༔ གཏེར་འགའ་ཞིག་ཁྲོམ་གཏེར་མཛད་པས་ཐམས་ཅད་ཡིད་ཆེས༔ ཀརྨ་པ་


CMR007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲགས་རྒྱ་མཚོ༔ འབྲུག་པ་རྒྱལ་དབང་ཆོས་རྗེ༔ སྣེལ་གདོང་གོང་མ་ཆེན་པོ་ལ་སོགས་པ༔ དེ་དུས་མཁས་གྲུབ་རྒྱལ་པོ་མི་ཆེན་ཀུན་གྱིས༔ གཏེར་ཆོས་ཀྱི་དབང་ལུང་ཞུས་པས༔ ཐམས་ཅད་ཐེ་ཚོམ་ཆོད༔ རཏྣ་གླིང་པ་ལ་རྟེན་འབྲེལ་མི་འགྲིགས་པ་དང་བར་ཆད་གཅིག་ཀྱང་མ་བྱུང་བས༔ གཏེར་ཆོས་བཀྲ་ཤིས༔ སློབ་མ་ལས་ཀྱང་ཡང་སློབ་རྗེས་སློབ་ཀྱི་དུས་སུ་བསྟན་པ་མཐའ་རྒྱས་སུ་འགྲོ༔ ཞེས་ལུང་བསྟན་པས༔ བསྟན་པ་རྒྱུན་རིང་ཞིང་བྱིན་རླབས་ཀྱི་བཀའ་མི་ཡལ་བ་ཡིན་ནོ༔ རྩ་རྒྱུད་མན་ངག་གི་ཏན་ཏྲ་ལས༔ བཛྲ་གུ་རུ་གསུངས་ནས༔ བླ་མ་གསང་བ་འདུས་པའི་སྔགས༔ སྟོང་ཕྲག་བཟླས་པས་བྱིན་རླབས་འབྱུང་༔ ཞེས་དང་༔ པདྨ་བཀའ་ཐང་ལས༔ འདི་རིགས་དྲུག་འདུལ་བའི་གུ་རུ་དྲུག་གི་སྙིང་པོ་ཡིན་པས༔ རིགས་དྲུག་གི་སྡུག་བསྔལ་ཞི་ཞིང་སྒྲིབ་པ་སྦྱང་ཚུལ་རྒྱ་ཆེར་གསུངས༔ རྩ་རྒྱུད་མན་ངག་གི་ཏན་ཏྲ་ལས༔ སྒྲུབ་སྔགས་ཐོད་ཕྲེང་རྩལ་གསུངས་ནས༔ བཟླས་པས་མཆོག་ཐུན་དངོས་གྲུབ་ཐོབ༔ འབྱུང་པོ་དྲེགས་པ་རྒྱལ་ཞིང་འབྲོས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་


CMR007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འདུ༔ ཞེས་དང་༔ བླ་མ་གསང་བ་འདུས་པའི་རྩ་གཞུང་ལས༔ དེ་བཟླས་སྣང་སྲིད་གཡོབར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་འབྲལ་མེད་འབྱུང་པོ་དྲེགས་པ་བརྒྱལ་ཞིང་འབྲོས༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདུ༔ ཞེས་དང་གཞུང་དེ་ཉིད་ལས༔ ཤམ་བུའི་སྔགས་དེ་བཏགས་གྱུར་ན༔ དཔའ་བོ་ཕོ་ཚོགས་མོ་ཚོགས་རྣམས༔ རང་དབང་མེད་པར་མདུན་དུ་བྱོན༔ ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ༔ བསྟོད་ཅིང་གསོལ་འདེབས་བསྒོ་བ་ཉན༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད༔ བསམ་པ་ཀུན་འགྲུབ་ཐེ་ཚོམ་མེད༔ རྟེན་འབྲེལ་ལས་ཚོགས་ཀུན་འགྲུབ་འགྱུར༔ ཞེས་དང་༔ དེ་ལྟར་བསྙེན་སྒྲུབ་ལས་གསུམ་ལ་འབད་པའི་རྟགས་དང་ཡོན་ཏན་ནི༔ གཞུང་དེ་ཉིད་ལས་བདག་ལུས་བདེ་བའི་དངོས་གྲུབ་འབྱུང་༔ ལུས་ཀྱི་རྫུ་འཕྲུལ་སྟོན་པར་ནུས༔ ཌཱཀྐི་དབང་དུ་འདུས་པའི་རྟགས༔ བུད་མེད་རིགས་གྱུར་ཀུན་ཀྱང་འདུ༔ དཔའ་བོ་དབང་དུ་འདུས་པའི་རྟོགས༔ སྔགས་བཙུན་སྐྱེ་བོ་ཀུན་ཀྱང་འདུ༔ དཔའ་བོ་དཔའ་མོ་དབང་འདུས་བས༔ རབ་དངོས་འབྲིང་ཉམས་ཐ་མ་ཡང་༔ རྨི་ལམ་ཙམ་དུ་མཁའ་འགྲོ་


CMR007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ རིགས་གང་དབང་དུ་འདུས་པའི་སར༔ གདུལ་བྱ་རྒྱ་མཚོ་མ་ལུས་འབྱུང་༔ ངག་ལ་ནུས་པ་ཐོགས་མེད་འབྱུང༔ མ་བསླབ་ཆོས་སྒོ་སྨྲ་བར་ནུས༔ དམོད་པ་བཙན་ཞིང་སྨོན་ལམ་འགྲུབ༔ ཉིད་ལ་དག་སྣང་དཔག་མེད་འཆར༔ བླ་མ་ཌཀིའི་གནས་ཆེན་མཐོང་༔ མངོན་ཤེས་ཕྲ་མོ་མང་པོ་འབྱུང་༔ ཁྱད་པར་རྟག་ཏུ་བླ་མ་ཡི༔ དག་སྣང་དཔག་མེད་འཆར་བ་དང་༔ ཆོས་སྒོ་དཔག་མེད་གསུངས་པ་དང་༔ སྣང་བ་ཐམས་ཅད་བླ་མར་འཆར༔ སྣང་སྲིད་ཀུན་གྱི་ཆོས་རྣམས་སྟོན༔ དངོས་སུ་བསམ་པ་ཡིད་བཞིན་འགྲུབ༔ ཅེས་གསུངས་སོ༔ འཆི་དུས་རྟགས་འབྱུང་ཚུལ་ཡང་༔ པད་སྡོང་བརྩེགས་པའི་རྒྱུད་ལས༔ གདོས་བཅས་ཉིད་དང་བྲལ་བའི་ཚེ༔ རྡུལ་བྲལ་མཁའ་དང་འོད་ཟེར་འཇའ༔ ཡིག་འབྲུ་སྐུ་གདུང་རིང་བསྲེལ་སོགས༔ སྐུ་གསུམ་ཐོབ་རྟགས་མང་འབྱུང་འགྱུར༔ འབད་པ་དོན་ཡོད་གཅིག་ཆོག་ཉིད༔ འདི་ནི་དུས་གསུམ་རྒྱལ་བའི་བཀའ༔ ལ་ལའི་རྣ་བའི་དབང་པོ་རུ༔ ལན་གཅིག་ཐོས་ཀྱང་དོན་ཆེན་འགྲུབ༔ ཅེས་གསུངས་པ་དང་༔


CMR007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཕུང་པོ་ལྷག་མེད་ཚེ་འདིར་སངས་རྒྱ༔ འབྲིང་འཆི་བ་ཆོས་སྐུར་སངས་རྒྱ༔ ཐ་མ་ཡང་བར་དོར་འཚང་རྒྱ༔ སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པས༔ སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཁྱབ་པར༔ སེམས་ཅན་གྱི་འགྲོ་དོན་བྱེད་པར་བཤད་དེ༔ སྐུ་རྒྱུད་ཤེལ་གྱི་རི་བོ་ལས༔ གཞིར་སྣང་དག་པ་ཆོས་ཀྱི་དབྱིངས༔ ལྷག་མེད་ཉིད་དུ་མྱ་ངན་འདས༔ སྒྲ་དང་འོད་དུ་བཅས་ནས་ཀྱང་༔ སྐུ་གསུམ་ཞིང་དུ་མངོན་བྱུང་བ༔ འདུལ་བྱ་རྣམས་ལ་ལྷག་པར་བཅས༔ སྐུ་གདུང་རིང་བསྲེལ་བཞག་ནས་ཀྱང་༔ གཞན་ཕན་ཐབས་ཀྱིས་འགྲོ་བ་རྣམས༔ རིམ་གྱིས་འདྲེན་པར་དེས་བྱེད་དོ༔ ཡང་ཐ་བར་དོ་ཉིད་དུ་ཡང་༔ རང་སྣང་ཡེ་ཤེས་ལྷ་དང་འཕྲད༔ རང་ངོ་ཤེས་ན་རྣམ་པར་གྲོལ༔ དེ་ཡང་རྒྱུ་འབྲས་དེ་ཡི་ཡིན། སྤྲུལ་པ་ལས་ཀྱང་སྤྲུལ་པའི་སྐུ༔ སྐུ་དང་མཚན་དཔེས་རབ་སྨྲས་ཤིང་༔ ལས་དག་ཞིང་ལ་རབ་སྣང་པས༔ བྱང་ཆུབ་མངོན་དུ་དེ་འགྱུར་ཞིང་༔ དེ་སོང་ས་དང་ཡང་དག་ལྡན༔ སྤྱི་ཕུད་ཉིད་དུ་སྣང་བར་བྱེད༔ འདི་ཕྱིའི་དོན་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ༔ ཞེས་པ་དབོན་པོ་བླ་མ་རྒྱལ་མཚན་གྱིས་བསྐུལ་ནས༔ གཡང་ཆེན་ལུག་གི་


CMR007_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པོ༔ སྒྲ་རྒྱལ་བ་འབྲུག་གི་ཟླ་བ༔ འབྲུག་གི་ཉི་མའི་སྔ་དྲོ་ལ༔ མངྒ་ལཾ༔ ༧ རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་པདྨ་ཐབས་མཁས་སོ༔ འདི་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་༔ དགེ་བས་གསང་སྔགས་བསྟན་པ་ཕྱོགས་བཅུར་ཁྱབ་ཅིང་རྒྱས་པར་གྱུར་ཅིག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་རྒྱས་འབྲིང་རྣམས་ཀྱི་དབང་བཤད་མདོར་བསྡུས་ལུང་གི་ཕྲེང་བ།next