Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་ལ་བརྟེན་པའི་བསྙེན་སྒྲུབ་བྱ་ཚུལ་བཞུགས་པའི་དབུ་ཕྱོགས།
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་ལ་བརྟེན་པའི་བསྙེན་སྒྲུབ་བྱ་ཚུལ་བཞུགས་པའི་དབུ་ཕྱོགས།next

ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་ལ་བརྟེན་པའི་བསྙེན་སྒྲུབ་བྱ་ཚུལ་བཞུགས་པའི་དབུ་ཕྱོགས།


CMR007_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་ལ་བརྟེན་པའི་བསྙེན་སྒྲུབ་བྱ་ཚུལ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR007_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཡེ། རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ནས། །ཐུགས་སྒྲུབ་ལས་བྱང་ལ་བརྟེན་བསྙེན་པ་དང་། །རྒྱུན་བསྙེན་བྱ་ཚུལ་འདི་ནི་ཅུང་ཟད་བྲི། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །དེ་ལ་ཐུགས་སྒྲུབ་ཀྱི་ལུང་དང་གཏོར་དབང་ཙམ་ཐོབ་པའི་གང་ཟག་གིས། རང་གང་དུ་མཐུན་རྐྱེན་འཛོམ་པའི་གནས་སུ།། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གཏོར་མ། ཆོས་སྐྱོང་སྤྱི་འདུས་དང་ནོར་ལྷ་ཕྱི་རྒྱུད་ལ་དཀར་གཏོར་གཅིག་དང་ལྔ་བཅས། རྒྱས་པར་འདོད་ན་ལྷ་གྲངས་བཅའ་འོ། །སྔོན་འགྲོ་དཀར་བགེགས་ཚོགས་གཏོར་འབུལ་རྒྱུ་བཅའ། མཆོད་


CMR007_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་ལྔ། སྨན་རཀ་རྡོར་དྲིལ་ལ་སོགས་གང་འཛོམ་སྟ་གོན་བྱ། གནས་ཁང་སྤོས་སམ་ཤུག་རུམ་བྱ། རང་གོས་གདན་སྤོས་ཀྱིས་བསངས། རང་ཉིད་ཁྲུས་བྱས་མདུན་དུ་དཀྱིལ་ཐང་ངམ། ཞལ་ཐང་ཡོད་ན་རབ། མེད་ན་ཡང་རུང་གདན་བཏིང་ནས་མི་བསྒུལ། སྒོ་རྩར་ཐོ་དཀར་པོ་ཞིག་བརྩེགས། དེ་ནས་སྔོན་འགྲོ་སྐྱབས་སེམས་སོགས་གཞུང་ལྟར་བྱ། དཀར་གཏོར་བསྔོ་དུས་ཡུལ་དེའི་གནས་བདག་ལ་ཡང་ཁཱ་ཧི་བྱས་ལ་བདག་གི་བར་ཆད་སྲུངས་དང་སྡོང་གྲོགས་མཛོད། འདི་སྒྲུབ་པ་ལ་ཕྲག་དོག་མ་བྱེད། ཅེས་བཀའ་བསྒོའོ། །དེ་ནས་བགེགས་གཏོར་བྱིན་


CMR007_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཚམས་བཅད་ཡོད་ན་གུ་གུལ་བདུག་།མཚམས་གཡོག་གཏུག་དགོས་ཡོད་ན་མ་གཏོགས་ངོ་མི་གཏུག །དེ་ནས་ཐུགས་སྒྲུབ་གཞུང་ལྟར་འདོན་ཏེ། ལྷ་བསྐྱེད་དུས་བདག་མདུན་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་པ་དང་། མདུན་བསྐྱེད་ལ་བརྟེན་ཡོད་དམ་མེད་ན་གཏོར་མ་ལ་བསྐྱེད་དོ། །བླ་མའི་གཏོར་མའི་རྩེ་ན་མདུན་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད། དེ་ཡང་བདག་བསྐྱེད་ཀྱི་རྡོ་རྭ་མེ་རི་ནི་སྒོ་ང་སྲུབ་མེད་པ་རྒྱ་ཆེ་བར་བྷེ་ལ། བདག་བསྐྱེད་དཀྱིལ་འཁོར་གྱི་དུར་ཁྲོད་པད་ར་ནང་མའི་ཁྱམས་དེ་ནས་མདུན་བསྐྱེད་གཏོར་མའི་རྩེ་དཀྱིལ་འཁོར་དེར་བསྐྱེད། མདུན་བསྐྱེད་ཀྱི་རྡོ་ར་དང་མེ་རི་ནི་དགོན་པའི་ལྕགས་རི་ལྟར་ཡོད་པས། དཀྱིལ་འཁོར་བདག་མདུན་གཉིས་ཀྱི་བཏེག་དང་ཅུང་ཟད་མཐོ་བ་གཙོ་བོ་སྐུ་ཅུང་ཟད་ཆེ་བས། བདག་མདུན་གཙོ་བོ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་གཟིགས་ཤིང་ཞལ་སྤྲོད་ཚུལ་དུ་བསྒོམ། ༈་དེ་ཡང་འདི་ཡི་སྐབས་སུ་རང་རྟ་མགྲིན་བསྒོམ་པའི་སྤྱི་བོར་བླ་མ་སྤྲུལ་པའི་སྐུ་བསྒོམ་ཚུལ་གཞུང་ཁོག་ལ།དེ་ཉིད་གནས་འགྱུར་དྲན་རྫོགས་སུ་སོགས་ཆོས་སྐུའི་མངོན་རྟོགས་དེ་བསྒྱུར། རང་རྟ་མགྲིན་ཐུགས་ཀར་བུདྨ་ཐོད་ཕྲེང་རྩལ་རྟ་མགྲིན་གྱི་


CMR007_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིར་ཐོད་ཕྲེང་རྩལ་རིགས་བཞི་བྷེ། མངོན་རྟོགས་ཚར་གཅིག་གིས་བདག་མདུན་གཉིས་དུས་གཅིག་བསྐྱེད་པ་རྙིང་མའི་ཁྱད་ཆོས་སོ། །གཞན་གཞུང་ལྟར་གོ་སླ་། སྤྱན་འདྲེན་དུས་བདག་མདུན་གཉིས་ཀ་ལ་བསྟིམ་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས་བདག་མདུན་གཉིས་ལ་མཆོད་པ་དང་བསྟོད་པ་བྱེད་པར་བསྒོམས་ལ་མཆོད་བསྟོད་འདོན། དེ་ནས་ཛབ་གོང་དེ་ན་བསྙེན་པ་བྱ་སྟེ། རང་རྟ་མགྲིན་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་པོ་ལ་རྟ་མགྲིན་གྱི་སྔགས་ཀྱིས་བསྐོར་བ་དང་། རང་གི་སྤྱི་བོར་ཨོ་རྒྱན་སྤྲུལ་སྐུའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃཡིག་དཀར་ལ་དམར་བའི་མདངས་ཆགས་པ་ཅན་གྱི་མཐར་བཛྲ་གུ་རུས་བསྐོར་བ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་བྱང་སེམས་ཐམས་ཅད་ལ་མཆོད་པའི་ཚོགས་དཔག་ཏུ་མེད་པ་སྤྲུལ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། སྤྱི་བོའི་སྤྲུལ་སྐུ་ལ་ཐིམ་པས་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བྷོ། དེ་ནས་སྤྲུལ་སྐུའི་དཔྲལ་བ་ནས་འོད་ཀྱི་ཐིག་ལེ་དཀར་པོ་ཨ་ཡིག་དཀར་པོའི་མཚན་པ་མང་པོ་བར་མ་ཆད་པ་བྱུང་ནས་རང་


CMR007_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཔྲལ་བ་ལ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག་སྐུའི་བྱིན་རླབས་ཞུགས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། ཡང་སྤྲུལ་སྐུའི་མགྲིན་པ་ནས་འོད་ཀྱི་ཐིག་ལེ་དམར་པོ་དམར་པོས་མཚན་པ་བར་མ་ཆད་པར་བྱོན་ནས་རང་གི་མགྲིན་པ་ལ་ཐིམ་པས་ངག་སྒྲིབ་དག་གསུང་གི་བྱིན་རླབས་ཞུགས་འགག་མེད་གསུང་གི་དངོས་གྲུབ་ཐོབ། ཡང་སྤྲུལ་སྐུའི་ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་སྔོན་པོ་ཧཱུྃ་གིས་མཚན་པ་བར་མ་ཆད་པར་བྱོན་ནས་བདག་གི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག་ཐུགས་ཀྱི་བྱིན་རླབས་ཞུགས། འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་དམིགས་པ་དེ་རྣམས་ལན་མང་དུ་བྱ། སྐབས་སུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་སྔགས་སྒྲ་འུ་རུ་རུ་འདོན་པར་བྱེད་པར་བསམ་ཞིང་། སྤྱི་བོའི་སྤྲུལ་སྐུ་ལ་དད་གུས་དྲག་པོས་སྔགས་བཛྲ་གུ་རུ་གསོལ་འདེབས་ཀྱི་ཚུལ་དུ་བྱ། མང་ཉུང་ཅི་ཙམ་འདོད་པ་རྒྱས་པའི་བསྙེན་པའོ།། ༈ དེ་ནས་སྤྱི་བོའི་བླ་མ་སྤྲུལ་སྐུ་དེ་སྤྱི་བོའི་ཚངས་བུག་ནས་མར་རང་གི་སྙིང་དབུས་སུ་བྱོན་ཏེ། ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ་དེ་ཐུགས་ཀར་རང་གི་སྙིང་དེ་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་ཕྱེད་ཙམ་བྱེ་བར་བྷེ་པའི་ཕོར་པའི་དབྱིབས་ཅན་ནང་གི་ཟེའུ་འབྲུ་ཟླ་བའི་གདན་ལ་


CMR007_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་དེ་བཞུགས་མ་ཐག་ཏུ་དེ་ཉིད་གནས་འགྱུར་དྲན་རྫོགས་སུ། ཞེས་སོགས་གོང་ལྟར་བླ་མ་ཆོས་སྐུའི་རྡོ་རྗེ་འཆང་ཡབ་ཡུམ་སྐུ་ལམ་གྱིས་གྱུར་པར་བསྒོམ། དེ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཁྱད་པར་དུ་པདྨ་ཉི་མ་ཟླ་བ་སུམ་བརྩེགས་པའི་གདན་ལ་ཧཱུཾ་མཐིང་ནག་གསལ་བའི་ཐུགས་ཀར་ཐོད་ཕྲེང་རྩལ་གྱི་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཐམས་ཅད་མཆོད་དེ་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཐུགས་ཀའི་བླ་མ་ཆོས་སྐུ་ལ་ཐིམ་པས། བླ་མ་གཟི་བརྗིད་ཇེ་ཆེར་སོང་བས་དཀྱིལ་འཁོར་གྱི་བླ་མ་ཐམས་ཅད་ཀྱིས་བླ་མ་ཆོས་སྐུ་ལ་བསྟོད་དབྱངས་ཚུལ་དུ་སྔགས་བཟླ་རོགས་བྱེད་པར་བསྒོམ་ཞིང་། སྔགས་ཐོད་ཕྲེང་རྩལ་ལ་བཛྲ་གུ་རུ་གང་རུང་ཅི་ཙམ་བཟླས་པའི་སུམ་འགྱུར་ཙམ་ཞིག་འདོན་ནོ། །ཐུན་མཇུག་ཏུ་སྙིང་གའི་བླ་མ་ཆོས་སྐུའི་སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པ་དཀར་དམར་མཐིང་གསུམ་བྱུང་ལུས་ལྟེམ་གྱིས་གང་བས། ལུས་ངག་ཡིད་གསུམ་གྱི་ཉམས་ཆག་སྡིག་སྒྲིབ་སྦྱངས་ནས་རང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྷེ་པ་སྒྲུབ་པའོ། །དེ་ནས་སྙིང་གི་བླ་མ་


CMR007_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དུ་ཞུ། བུདྡྷ་ཐོད་ཕྲེང་རྩལ་དང་དབྱེར་མེད་དུ་འདྲེས། བུདྡྷ་ཐོད་ཕྲེང་རྩལ་འོད་དུ་ཞུ་ནས་བདག་རྟ་མགྲིན་དང་དབྱེར་མེད་དུ་གྱུར་པས། བདག་པདྨ་འབྱུང་གནས་དང་དབྱེར་མེད་པའི་ང་རྒྱལ་ཡུད་ཙམ་བཟུང་ནས་རྟ་མགྲིན་གྱི་སྤྱི་བོའི་ནང་དུ་རྡོ་རྗེ་མཁའ་འགྲོ་ཞལ་སྦྱོར་དཀར་པོ། མགྲིན་པར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ། སྙིང་གར་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ། ལྟེ་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་གུ། །ཐམས་ཅད་གྲི་ཁུག་ཐོད་ཁྲག་ཅན། ཡབ་རྣམས་ཞབས་གཡས་བསྐུམ་གཡོན་བརྐྱང་པ་ཡུམ་རྣམས་གཡས་བརྐྱང་གཡོན་བསྐུམ་པ་འཁྲིལ་བ་རྒྱན་དྲུག་སོགས་དུར་ཁྲོད་རྒྱན་ཅན་དུ་བསྒོམས་པའི་ཐུགས་ཀ་རྣམས་སུ་དཔྲལ་བའི་ཡབ་ཀྱི་ཐུགས་ཀར་ར། ཡུམ་གྱི་ཐུགས་ཀར་ཧ། མགྲིན་པའི་ཡབ་ཀྱི་ཐུགས་ཀར་ཙ། ཡུམ་གྱི་ཐུགས་ཀ་རི། སྙིང་ཁའི་ཡབ་ཀྱི་ཐུགས་ཀར་ཧྲཱིཿ ཡུམ་གྱི་ཐུགས་ཀར་ཎི༔ ལྟེ་བའི་ཡབ་ཀྱི་ཐུགས་ཀར་ཡ། ཡུམ་གྱི་ཐུགས་ཀར་ས་བྷེ། དེ་ནས་དཔྲལ་བའི་མཁའ་འགྲོ་ཡབ་ཡུམ་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས། ལུས་གང་བདག་གི་ཉོན་མོངས་དང་ནད་གདོན་ཞི། འོད་ཕྱིར་འཕྲོས་པས་དགྲ་བགེགས་ཀྱི་བར་ཆད་ཞི། མགྲིན་


CMR007_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡབ་ཡུམ་ལས་འོད་ཟེར་འཕྲོས་སེར་པོ་འཕྲོས། ལུང་གང་བས་ཚེ་དང་བསོད་ནམས་རྒྱས། ཕྱིར་འཕྲོས་པས་ལོངས་སྤྱོད་མངའ་ཐང་རྒྱས། སྙིང་གའི་ཡབ་ཡུམ་ལས་འོད་ཟེར་དམར་པོ་འཕྲོས། ལུས་གང་ནས་རླུང་སེམས་དབང་དུ་འདུས། ཕྱིར་འཕྲོས་པས་ལྷ་འདྲེ་མི་གསུམ་དབང་དུ་འདུས། ལྟེ་བའི་ཡུམ་ལས་འོད་ཟེར་ལྗང་ནག་འཕྲོས། ལུས་གང་རང་གི་ཉོན་མོངས་བདུད་བཞི་ཚར་གཅོད་ཕྱིར་འཕྲོས་པས་བདུད་དང་དགྲ་བགེགས་ཚར་བཅད་པར་བྷེ། དམིགས་པ་དེ་རྣམས་བསྒོམ་ཞིང་ཧྲིམ་ཧ་རི་ནི་སའི་སྔགས་གོང་དུ་སྒྲུབ་པའི་སྔགས་ཅི་ཙམ་བཟླས་པ་དེ་ཁ་བཅུ་བགོས་པའི་དུམ་གཅིག་ཙམ་བཟླས་ཏེ། དེ་ཡང་སྒྲུབ་པ་ཐོད་ཕྲེང་རྩལ་དང་འབྲེལ་ན་ཚན་ཆེ། ལས་སྔགས་རྐྱང་བར་བཟླས་ན་རྣོ་བས་གང་འདོད་བྱའོ། །ཤིནྟཾ་པུཎྜི་པ་ཤཾ་མཱ་ར་ཡ་སོགས་གང་འདོད་སྦྱར་ན་ཟབ་ཅིང་ལེགས། ཤམ་བུ་མེད་ཀྱང་རང་གཞུང་དམིགས་པ་བྱས་པས་ཆོག་གོ །དེ་ལྟར་བསྙེན་སྒྲུབ་ལས་གསུམ་སྟན་ཐོག་གཅིག་ལ་མཚམས་བྱེད་ན། བསྙེན་པ་ཞག་བདུན་སྒྲུབ་པ་ཉེར་གཅིག་ལས་སྦྱོར་ཞག་གཉིས་ཏེ་ཟླ་གཅིག་བྱའོ། །ཡང་མཚམས་ཧར་འདོན་དགོས་དོགས་ན། འཕྲལ་ཡང་འདོད་ན་ཐུན་


CMR007_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་བསྙེན་སྒྲུབ་ལས་གསུམ་ཚང་བར་བྱས་ལ་ཐུན་མཚམས་སུ་ངག་བཏང་ཆོག་ལ། དེ་འདྲའི་མཚམས་ལ་ཐུན་མཚམས་རེག་ཀྱང་སྐྱོན་མེད་དོ། །ཐུན་ནི་ད་ནངས་དེ་རིང་དོ་དགོང་། སྲོད་དང་ཐུན་བཞིར་བྱ་སྟེ། ཐུན་རེ་རེ་ནས་སྐྱབས་འགྲོ་ནས་ཛབྲ་དགོངས་བར་བསྙེན་པ་བྱེད། ཐུན་མཚམས་སུ་མདུན་བསྐྱེད་བཞུགས་བཅུག་ལ། བདག་བསྐྱེད་ཡེ་ཤེས་པ་གཤེགས་མི་དགོས་པ་སྟེ་རང་ཉིད་དུ་བསྡུ་བ་ལྟ་བའི་ངང་ལ་ཡུད་ཙམ་བཞག །དེ་ནས་རང་ཉིད་རྟ་མགྲིན་ཡབ་རྐྱང་རྒྱན་མེད་པ་ཞིག་ཏུ་མོས་པ་ཙམ་བྱས་ལ་བྱ་བ་གཞན་གང་སྒྲུབ་གང་དགོས་ཐུན་མཚམས་སུ་བྱའོ། །ཕྱག་སྐོར་བ་ཆུ་གཏོར་ཆོས་སྤྱོད་གཞན་ཅི་དགོས་ཐུན་མཚམས་སུ་བྱའོ། །ཡང་སྔ་ཐུན་བཟུང་སྟེ། དེ་ཡང་སྔོན་འགྲོ་དཀར་བགེགས་ནི་དང་པོ་ཉིན་མ་གཏོགས་མི་དགོས་སོ། །ཚོགས་གཏོར་འབུལ་བརྟན་སྐྱོང་རྣམས་ཀྱང་དང་པོའི་དུས་དང་ཚེས་བཅུ་དང་དགུ་གཏོར་དང་གྲོལ་ཁ་ནུབ་མ་གཏོགས་རྒྱུན་དུ་མི་དགོས་སོ། །དགོང་ཀའི་ཐུན་ལ་དྲག་པོ་རྟ་མགྲིན་མ་ནིང་སོགས་ཆོས་སྐྱོང་གང་དགོས་འདོན། འདོན་རེས་བྱས་ཀྱང་རུང་གཏོར་བསྔོས་རྒྱས་པ་གཅིག་དགོང་ཀའི་སྲོད་ཐུན་ལ་སྦྱར་རོ། །ཐུན་བཞི་ཁ་ལ་གཏོར་བསྔོས་མི་དགོས་


CMR007_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཚེས་བཅུ་སོགས་དུས་ཁྱད་པར་ཅན་ལ་ཐུགས་སྒྲུབ་ལྟར་རྫོགས་པར་འདོན། ༈ དེ་ནས་གྲུབ་ན་བསང་བྱ། ཐོ་བསྒྱེལ་ལ།་མཚམས་ཞག་གཅིག་སློད་ཙམ་བྱས་ལ་ཁད་ཀྱིས་བཀྲོལ་ན་ལེགས། ༈ ཡང་རྒྱུན་བསྙེན་མཚམས་མ་ཐོན་ན་ཡང་ཕུགས་གཏོར་བཅས་ལ་རྒྱུན་དུ་ནུབ་མོའམ། ནངས་པར་སྟབས་ཅིག་ལ་ཐུགས་སྒྲུབ་གོང་ལྟར་དུ་ཚར་རེ་འདོན་བསྙེན་པའི་དམིགས་པ་བྱས་ལ། བཛྲ་གུ་རུ་ཕྲེང་སྐོར་གཅིག་གམ་ཅི་ལྕོགས་སྒྲུབ་པའི་དམིགས་པ་བྱས་ལ་ཐོད་ཕྲེང་རྩལ་ཕྲེང་སྐོར་གསུམ་མམ་ཅི་ལྕོགས་ལས་སྦྱོར་དམིགས་པ་བྱས་ལ༔ ཧྲིམ་ཧ་རི་ནི་ས་ཉེར་གཅིག་བཟླའམ་གང་འོས་ཙམ་བཟླས། དེ་ནས་མདུན་བསྐྱེད་གཏོར་མ་དམིགས་པ་བསྲུང་ཕྱིར་བཞུགས་བཅུག་ལ། ཆོས་སྐུ་སྐྱེ་མེད་སོགས༔ བརྗོད་མ་བརྗོད་ཀྱང་རུང་བདག་བསྐྱེད་དཀྱིལ་འཁོར་སྟོང་ཉིད་དུ་བསྡུས། སླར་རང་ཉིད་རྟ་མགྲིན་ཡབ་རྐྱང་རྒྱན་མེད་པ་ཞིག་ཏུ་བསྒོམས་ལ་བྱ་བ་གཞན་དུ་འཇུག་གོ །དེ་ལྟར་ཞག་རེ་རེ་ཐུན་མ་ཆག་པར་བྱས་པ་དེ་ནི་རྒྱུན་བསྙེན་ཡིན་ནོ། །རང་གཞན་དུ་འགྲོ་ན་གཏོར་མ་ཉིན་རེ་བཞིན་ཁྱིམ་ལ་སྡོད་མི་ཞིག་ལ་གསོ་བཅུག །དེ་ཡང་མེད་ན་ཕོགས་རྒྱགས་པའི་ཚུལ་དུ་རང་ཞག་དུ་


CMR007_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་གྲངས་འགྲོ་ཁ་གསོ་བྲན་དུས་གཅིག་བྱས་ལ་འགྲོ། གལ་ཏེ་འབྲོག་པ་ལྟ་བུ་ལ་ཕུགས་གཏོར་བཞག་ས་མེད་ན་མཐེབ་སྐྱུ་ཀམ་པོ་མང་དུ་ཁྱེར་ལ་ཐེབ་ཙེའམ་ཐོད་ཏིང་དུ་བྲན་ནོ། །མར་རམ་ཐུད་དམ་བྲན་ལ་འདོན། དེ་ཡང་མེད་ན་ཇ་ཕུད་ལ་བསྔོ་དམིགས་རྟེན་ཅུང་ཟད་མེད་ན་འདོན་མི་རུང་ངོ་། །དེ་ལྟར་མདུན་བསྐྱེད་དཀྱིལ་འཁོར་མེད་ནི་བདག་བསྐྱེད་དཀྱིལ་འཁོར་བདག་བསྐྱེད་གཙོ་ཆེ་བས་མཆོད། གཏོར་མགྲོན་ཐམས་ཅད་ཀྱང་། བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ཕྱི་ཁྱམས་དུར་ཁྲོད་པད་རའི་ནང་དེར་བྷེ་མོ། བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་ཏེ། འདི་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན། ཞེས་པ་ཡོན་ཏན་གྱིས་བཤད་པ་ལྟར། རཱ་ག་ཨ་སྱས་བྲིས་པ་ཉེས་པའི་ཆ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་བདེ་ཆེན་དག་པའི་ཞིང་ཨོ་རྒྱན་ཆོས་སྐུ་འོད་དཔག་མེད་པ་ཞལ་མཐོང་བར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་ལ་བརྟེན་པའི་བསྙེན་སྒྲུབ་བྱ་ཚུལ་བཞུགས་པའི་དབུ་ཕྱོགས།next