Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ སྐུ་གསུམ་སྒྲུབ་པའི་དབྱེ་བ།
   
   
   


 
previousབླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ སྐུ་གསུམ་སྒྲུབ་པའི་དབྱེ་བ།next

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ སྐུ་གསུམ་སྒྲུབ་པའི་དབྱེ་བ།


CMR007_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ སྐུ་གསུམ་སྒྲུབ་པའི་དབྱེ་བ་བཞུགས་སོ༔


CMR007_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ སྒྲུབ་ཆེན་ཁོག་ཁྲོལ་བའི་ཕྱིར་སྒྲུབ་ཆེན་དང་༔ སྐུ་གསུམ་སྒྲུབ་པའི་རྣམ་དབྱེ་བཤད་པར་བྱ་སྟེ༔ ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་ནི༔ སྒྲུབ་ཆེན་ཁོག་དབུབ་ནས་ཇི་ལྟར་གསུངས་པའི་སྟ་གོན་ཐམས་ཅད་བྱས་ལ༔ ཁྱད་པར་རྡོ་རྗེ་སློབ་དཔོན་དེ་ལ་ཐོག་དབུབ་ཕུབ༔ རྩ་གསུམ་འཁོར་ལོ་བཏགས༔ འོག་ཏུ་བདུད་བཞི་མནན༔ སྒྲུབ་པ་པོ་རབ་འབུམ་ཕྲག་སྟེ་ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས་གསུངས་པ་ལྟ་བུ༔ འབྲིང་བརྒྱ་རྩ་བརྒྱད་དམ་སྟོང་ཕྲག ཐ་མ་ཡང་ཉི་ཤུ་རྩ་བརྒྱད་དམ་རྩ་གཅིག་ཡང་ན་ལྷ་གྲངས༔ རིགས་


CMR007_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གསང་སྔགས་ཀྱི་ཉམས་ལེན་དང་ལྡན་པའི་བུད་མེད་བརྒྱ་རྩ་བརྒྱད་དམ༔ ཉེར་ལྔའམ་བཅུ་དྲུག་གམ༔ ལྔ་བས་མི་ཉུང་བ་རྣམས་འཚོགས་ནས༔ དབང་བྱང་སྐོར་བ་ལྟར༔ རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབ༔ གིང་པ་རྡུལ་ཕྱགས་པ་དང་༔ རིག་མ་སོགས་སོ་སོར་བསྐོས་ནས༔ རྡོ་རྗེ་མཚམས་པས་མཚམས་གཅོད་ཁོ་ན་ལ་ནན་ཏན་བྱེད་པ་སོགས་སོ་སོའི་བྱ་བ་ཁག་ཁུར་པོ་བྱེད༔ རྡོ་རྗེ་སློབ་དཔོན་སོགས་བརྒྱད་དགུ་ཙམ་གྱིས་ལས་བྱང་དུས་དྲུག་ཏུ་གཞུང་བསྲང་ཞིང་བསྐང་གསོ་བཀའ་སྲུང་གསོལ་མཆོད། ཐུན་སྐབས་སུ་འཛབ་བསྙེན་བྱ༔ མང་མ་བརྒྱའམ་ཅི་མང་བས་སྔགས་རྒྱུན་


CMR007_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ༔ དང་པོ་ཞག་བདུན་བཛྲ་གུ་རུ༔ དེ་ནས་བདུན་གཉིས་ལ་ཐོད་ཕྲེང་རྩལ༔ དེ་ནས་ལྔའམ་བདུན་ནམ་གསུམ་ཙམ་ལ༔ ཐོད་ཕྲེང་རྩལ་དང་ཧིམ་ཧ་རི་སྦྲེལ་བའི་སྔགས་རྒྱུན་ཉིན་མཚན་དུ་མ་ཆད་པར་བྱས་ལ༔ ཉིན་རེ་བཞིན་དུ་སློབ་དཔོན་གྱི་འཚོགས་པ་ལ་བསྙེན་སྒྲུབ་གང་ཡིན་གྱི་དམིགས་པ་འཛབ་དགོངས་ནས་གསུངས་པ་ལྟར་སྤྱོད་ནང་ནུབ་ཏུ་བཀའ་བརྒྱད་སོགས་ཡི་དམ་གཞན་མང་པོའི་ལས་བྱང་ཡང་འདོན་ནོ༔ སྐབས་སུ་སློབ་དཔོན་དཔོན་སློབ་ཀྱིས་ཧཱུྃ་སྒྲུབ་དམིགས་པ་བསྒོམ་ལ་ཧཱུྃ་རིང་བགྲང་༔ ལོགས་སུ་ཐུགས་སྒྲུབ་ཀྱི་ཚོགས་བརྒྱ་བསོག་མི་གཅིག༔ དྲི་མེད་བཤགས་རྒྱུད་འདོན་མི་གཅིག༔ ཞི་ཁྲོའི་བསྐང་ཆོག་མདངས་བསྐང་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་བྱེད་མཁན་གཅིག དུས་བཞིའམ་དྲུག་ཏུ་ཉུལ་ལེ་བསྐྲད་ཆོག་བྱེད་མཁན་གཅིག༔ མ་ནིང་དང་གཏེར་སྲུང་བསྐང་གསོ་བྱེད་མཁན་གཅིག་ཡོད་ན་རབ་སྟེ༔ དེ་ལྟར་སློབ་དཔོན་དང་རྒྱལ་ཐེབ་སོགས་བླ་མར་འོས་པ་ལྔ༔ རྡོ་རྗེ་མ་དང་སྲིང་མོ་སོགས་མཚན་ལྡན་ཡིན་ངེས་པ་ལྔ༔ གཞན་ཡང་འཚོགས་པ་ཐམས་ཅད་ཀྱང་ཐུགས་སྒྲུབ་ཀྱི་དབང་རྒྱས་འབྲིང་གང་རུང་ངེས་པར་ཐོབ་ཅིང་༔ དམ་ཉམས་དང་སྡིག་ཆེན་མ་ཡིན་


CMR007_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པར༔ ཆོས་ལ་གཅིག་ཏུ་སེམས་པ་ཤ་སྟག་འཚོགས་ནས་བསྒྲུབ་ཅིང་༔ འདི་ལ་སྒྲུབ་ཆེན་ཁོག་དབུབ་ཀྱིས་ཁོག་ཕུབ༔ ལས་བྱང་གིས་གཞུང་བཟུང་༔ འཛབ་དགོངས་ཀྱིས་དམིགས་པ་སྤྱོད་པ་ཡིན་གྱི༔ སྒྲུབ་པའི་དཔེ་ཆ་དམིགས་པ་གཞན་ནི་མེད་དོ༔ སྒྲུབ་པ་ཚར་ནས་རྗེས་རྣམས་སྒྲུབ་ཆེན་ཁོག་དབུབ་ནས་གསུངས་པ་ལྟར་བྱའོ༔ དེ་ལྟ་བུའི་སྒྲུབ་ཆེན་འདི་ལ་ཡང་རབ་འབྲིང་ཐ་མ་གསུམ་ཡོད་དེ༔ རབ་ནི་སྔོན་གྱི་རྒྱལ་པོ་ཛ་དང་༔ ཨིནྡ་བྷོ་དྷི་དང་༔ ཨོ་རྒྱན་ཡུལ་དུ་གུ་རུ་པདྨ་རྒྱལ་པོས་མཛད་པ་དང་༔ ཤམ་བྷ་ལར་རིགས་ལྡན་ཆོས་རྒྱལ་རྣམས་ཀྱིས་མཛད་པ་དང་༔ ད་ལྟ་རྔ་ཡབ་གླིང་དུ་ཨོ་རྒྱན་རིན་པོ་ཆེས་མཛད་པ་ལྟར་རིག་འཛིན་གྲུབ་ཐོབ་མང་པོ་དང་དཔའ་བོ་ཌཱཀྐི་ཐམས་ཅད་འཚོགས་ནས༔ སྐལ་ལྡན་གྱི་ལས་ཅན་མང་པོ་སྒྲུབ་པའི་གྲལ་དུ་བཙུད་ནས་བསྒྲུབས་པས་སྒྲུབ་པ་དེ་ཚར་ལ་ཁད་དུ་ལས་ཅན་འབུམ་ཕྲག་མང་པོ་འཇའ་ལུས་མཁའ་སྤྱོད་དུ་གཤེགས་པ་སྟེ༔ སྔོན་རྒྱལ་པོ་ཛའི་ལོ་རྒྱུས་ལྟ་བུ་དང་༔ ལུང་བསྟན་བཀའ་རྒྱ་མ་ནས་སྔོན་ལྷ་སྲས་དམ་འཛིན་ཡབ་ཡུམ་སྲས་འཁོར་ལ་དགོངས་འདུས་སྒྲུབ་ཆེན་བཙུགས་ནས་ལུང་བསྟན་པའི་ལོ་རྒྱུས་ལྟར་རོ༔ འབྲིང་ནི་གཏེར་སྟོན་


CMR007_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གླིང་པ་དང་༔ རཏྣ་གླིང་པ་སོགས་ཀྱིས་སྒྲུབ་ཆེན་བཙུགས་པ་ལྟ་བུ༔ སྒྲུབ་ཆེན་གྱི་དཀྱིལ་འཁོར་ཞལ་ཕྱེས་པས་རྡོ་རྗེ་སློབ་དཔོན་རང་དང་ལས་ཅན་གྱི་སློབ་མ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་ཞལ་དངོས་སུ་མཐོང་བཀའ་སྲུང་རྣམས་དངོས་སུ་འོང་ནས་ཕྲིན་ལས་སྒྲུབ༔ སྒྲུབ་པའི་གྲོལ་ཚུད་པ་ཐམས་ཅད་ཀྱང་ལུས་ངག་ཡིད་གསུམ་སྨིན་གྲོལ་ལ་བཀོད་པའོ༔ ཐ་མ་ནི་དེང་སང་བུམ་སྒྲུབ་བཙུགས་པའི་ཕྱག་སྲོལ་ལྟར༔ རྡོ་རྗེ་སློབ་དཔོན་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པ་ཞིག་གིས་གཙོར་བྱས༔ དམ་ཚིག་སྡོམ་པ་དང་ལྡན་ཅིང་དབང་ཐོབ་པའི་གང་ཟག་ཅི་མང་འཚོགས་ནས༔ སྒྲུབ་ཆེན་ཁོག་ཕུབ་ནས་ཇི་ལྟར་བྱུང་བ་ལྟར་བྱེད་པའོ༔ སྐུ་གསུམ་སྒྲུབ་པའི་སྒྲུབ་ཆེན་ནི༔ སྒྲུབ་ཆེན་དང་འདྲ་བ་ལས༔ སྐུ་འབག་བཤམ་པ་སོགས་སྐུ་གསུམ་སྒྲུབ་པའི་པྲ་ཁྲིད་ལྟར་བྱས་ལ༔ ལས་བྱང་ལྷ་བསྐྱེད་སྐབས་སུ་སྐུ་གསུམ་སྒྲུབ་པའི་མངོན་རྟོགས་དང་ལས་བྱང་གབ་སྤྱད༔ འཛབ་དགོངས་མི་བྱེད་པར་སྐུ་གསུམ་སྒྲུབ་པའི་དམིགས་པ་བསྙེན་སྒྲུབ་ལས་སྦྱོར་སོ་སོར༔ འཚོགས་པ་ལ་སློབ་དཔོན་གྱིས་དམིགས་པ་སྤྱོད་ཅིང་༔ ལོངས་སྐུ་དང་སྤྲུལ་སྐུ་ལ་བསྙེན་སྒྲུབ་སོ་སོའི་སྔགས་རྒྱུན༔ ཆོས་


CMR007_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་གསོལ་འདེབས་རྒྱུན་ཅིང་རྟོགས་པ་སྐྱོང་བའོ༔ དེ་ལྟར་བྱས་པས་སྒྲུབ་པའི་གྲལ་འཚོགས་ཚད་དེས་བསྙེན་སྒྲུབ་ཐེམ་སྒྲུབ་པ་ཐོན་པར་འགྱུར་རོ༔ སྨན་སྒྲུབ་སྒྲུབ་ཆེན་ནི༔ ཐུགས་སྒྲུབ་དཀྱིལ་འཁོར་གྱི་སྟེང་དུ་ལྡེང་ཁྲི་བྱས་ལ་སྨན་སྒྲུབ་དཀྱིལ་འཁོར་བྲིས་པར་སྨན་རྣམས་བྷནྡ་ཁ་སྦྱོར་དུ་བཤམས་པ་དང་༔ ཕོ་བྲང་སྟེང་དུ་ཙཀ་གདུགས་ཞི་ཁྲོའི་དུས་ལྟར་ལྷ་བརྒྱ་སོགས་ཡིག་ཆུང་ལྟར་བཀྲམ༔ ཐུགས་སྒྲུབ་གཞུང་བསྲང་དུས་བཞིའམ་དྲུག་ཏུ་བྱ་ཞིང་བསྙེན་པ་ཅུང་ཟད་རེ་དང་༔ སྨན་སྒྲུབ་ཀྱི་གཞུང་རྣམས་གྱེར་ལ་སྨན་སྒྲུབ་ཀྱི་སྔགས་དེ་ཐུན་བཅད་ལ་བཟླས༔ འཚོགས་པ་མང་མས་སྔགས་དེ་སྔགས་རྒྱུན་མ་ཆད་པར་བྱ༔ མཇུག་ཏུ་དངོས་གྲུབ་བླང་བ་དང་༔ འཚོགས་པ་རྣམས་ལ་སྨན་དབང་བསྐུར་བ་སོགས་སྒྲུབ་ཆེན་གྱིདབང་གི་སྐབས་སུ་སྦར་རྗེས་སྒྲུབ་ཆེན་དང་འདྲ་སྨན་ནི་བདུད་རྩི་རིལ་བུ་ཡིན༔ ཕྱེ་མ་ཡིན་ན་པཉྩ་གོ་ཕྱེ་ཟེར༔ བདུད་རྩི་ཆོས་སྨོན་ཡིན་ནོ༔ སྒྲུབ་ཆེན་མཇུག་ཏུ་སློབ་མ་གལ་ཆེན་དབང་རྒྱས་པར་སྐུར་ས་ཡོད་ན༔ སྒྲུབ་ཆེན་སྟ་གོན་སྐབས་སུ་སློབ་མ་སྟ་གོན་བྱེད་ཅིང་༔ དབང་རྒྱས་པ་བསྐུར་མི་དགོས་ན་སློབ་མ་སྟ་གོན་མི་དགོས་ལ༔ དབང་སྐུར་བ་ནི་སྒྲུབ་ཆེན་


CMR007_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ནས་དབང་བསྐུར་བའི་སྐབས་སུ་བསྐུར་ནས༔ ཡོན་འབུལ་བའི་སྐབས་སུ་སློབ་མས་ཡོན་འབུལ་ལོ༔ དབང་མི་བསྐུར་སྒྲུབ་ཆེན་རྐྱང་པ་ལ༔ གསོལ་བ་གདབ་པ་དེ་སྒྲུབ་ཆེན་འཛུགས་པའི་ཡོན་བདག་གིས་བྱ༔ སློབ་མ་སྟ་གོན་མི་དགོས༔ སྒྲུབ་ཆེན་དབང་གི་སྐབས་སུ་ཡོན་བདག་སོགས་ལ་དབང་ཤིན་ཏུ་བསྡུས་པ་བསྐུར་ནས༔ ཡོན་ཕུལ་བའི་སྐབས་སུ་ཡོན་བདག་དེས་འབུལ་བའོ༔ དེ་ནས་དབང་གི་སྒྲུབ་ཆེན་བྱེད་ལུགས་ཐམས་ཅད་རྒྱལ་ཐོ་སོགས་དང་བཅས་སྒྲུབ་ཆེན་ལྟར་བྱ༔ བདུད་བཞི་མནན་པ་ཐོག་ཕུབ་སོགས་ནི་མི་དགོས་སོ་དངོས་གཞི་ཞག་བདུན་ཙམ་ལ་བསྙེན་སྒྲུབ་ཀྱི་སྔགས་དཔོན་སློབ་བཅའ་བཅུའམ་ཅི་མང་གིས་འུར་འདོན་བྱ༔ རྒྱུན་ནི་མི་དགོས༔ དེ་ནས་དབང་རྒྱས་པར་བསྐུར་ནས་རྗེས་རྣམས་སྒྲུབ་ཆེན་ལྟར་ཐམས་ཅད་བྱའོ༔ རྣལ་འབྱོར་པ་གཅིག་གིས་སྒྲུབ་ཆེན་ཁོག་ཕུབ་ནས་སྐུ་གསུམ་སྒྲུབ་པ་བྱུང་སྟེ་ཉམས་སུ་ལེན་ཐབས་ལོགས་སུ་སྟ་གོན་དུ་རྒྱས་པར་བཤད་པ་དང་འདོན་ལུགས་སོ་སོར་བྲིས་པ་ལྟར་ཡིན་ལ༔ དེ་ཡང་སྤྲུལ་སྐུ་ཟླ་བ་གསུམ༔ ལོངས་སྐུ་ཟླ་བ་གཉིས༔ ཆོས་སྐུ་ཟླ་གཅིག་སྟེ་ཟླ་དྲུག་བྱེད་ན་ཕྱག་ལེན་ཡོངས་སུ་གྲགས་པ་ཡིན་ཅིང་༔ དེ་བས་ཞག་


CMR007_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ཡང་སྔགས་གྲངས་ཐེམ་ན་རུང་སྟེ་གྲངས་ཀྱི་བསྙེན་པའོ༔ རྟགས་ཁྱད་པར་ཅན་བྱུང་ན་ཡང་དུས་གྲངས་མ་ངེས་ཏེ་རྟགས་ཀྱི་བསྙེན་པའོ༔ དེ་ནི་སྐུ་གསུམ་དུས་གཅིག་སྒྲུབ་པའམ༔ སྐུ་གསུམ་གང་རུང་རེ་རེ་སྒྲུབ་པའམ༔ ལོ་རེ་རེ་འཐོར་སོགས་ཀྱང་རུང་སྟེ་སོ་སོར་སྒྲུབ་པ་སྒྲུབ་ལུགས་གོང་ལྟར་རོ༔ དེ་རྣམས་སྒྲུབ་ཆེན་ཁོག་ཕུབ་པས་སྒྲུབ་ལུགས་བྱིན་རླབས་ཆེའོ༔ ཡང་སྐུ་གསུམ་སྒྲུབ་པ་སྒྲུབ་ཕྲིན་ལྟར་སྒྲུབ་པ་ནི༔ སྒྲུབ་ཆེན་ཁོག་ཕུབ་ཀྱིས་ཁ་མི་སབ་པར༔ སྐུ་གསུམ་སྒྲུབ་པའི་ཁོག་དབུབ་པྲ་ཁྲིད་ནས་ཇི་ལྟར་བྱུང་བ་ལྟར༔ སྒྲུབ་ཁང་ནང་དུ་སྒོ་མ་བཞིའི་གཟུགས་བྲིས་པར་བཀའ་བསྒོ༔ སྔོན་འགྲོ་དཀར་བགེགས་ཙམ་གྱིས་ཆོག འདོན་ལུགས་ཁྱད་མེད་སྐུ་གསུམ་ཁའམ་རེ་རེ་སྒྲུབ་བོ༔ རྗེས་ཆོག་ཀྱང་ཐུགས་སྒྲུབ་ལས་བྱང་ལྟར་བྱས་པས་འཐུས་སྒྲུབ་ཆེན་ནས་མི་སབ༔ ཁྲིད་ལྟར་ཉམས་སུ་ལེན་ན་སྒྲུབ་ཆེན་ཁོག་དབུབ་དང་པྲ་ཁྲིད་གང་ཡང་མི་དགོས་འཁོར་ལོ་མནན་པ་ལིངྒ་མི་དགོས༔ མཚམས་བསྡམས་མཚམས་དཔོན་སློབ་རྣམས་ཐག་རིང་དུ་མི་འགྲོ༔ སློབ་དཔོན་གྱིས་ནུབ་ལས་བྱང་གཞུང་ཚར་རེ་དང་བཀའ་སྲུང་ལ་སྔགས་བསྔོས་ཐོག་མཐའ་བར་གསུམ་དུ་ཚོགས་དང་གཏོར་


CMR007_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བཀའ་སྲུང་བསྐང་གསོལ་བྱ༔ དང་པོ་ཐུན་མོང་སྔོན་འགྲོ་ཞག་བདུན་བཤད་ཅིང་༔ ཀྱེ་མ་ཀྱེ་མ་སོགས་སྙིང་པོ་རྒྱང་འབོད་བསླབ་ཅིང་འདོན་འཇུག༔ དེ་ནས་ཞག་བདུན་རེ་ལ་སྐྱབས་འགྲོ༔ སེམས་བསྐྱེད༔ རྡོར་སེམས་མཎྜལ་བླ་མའི་རྣལ་འབྱོར་བཤད་ཅིང་བསྒོམ་འཇུག༔ ཤེས་རབ་ཆེ་ཆེས་ཟུང་འཇུག ཤེས་རབ་ཆུང་བ་རྣམས་ལ་དམིགས་པ་དང་༔ བཛྲ་སཏཱ་སོགས་ཉུང་ངུ་སླབ༔ ནུབ་མོ་ཀུ་སུ་ལུའི་ཚོགས་གསོག༔ ནངས་སྔ་གཉིད་ལས་བསླང་བ་དང་ཞི་བའི་སྲུང་འཁོར༔ དགོང་མོ་དྲག་པོའི་སྲུང་འཁོར༔ སྤྱོད་ལམ་ཐམས་ཅད་དྲི་ཆེ་ཆུང་གི་སྔགས་དང་དམིགས་པ་བསླབ༔ དེ་ནས་ཡི་གེ་ཤེས་པ་རྣམས་ལ་མཁར་དྲུང་གིས་བསྒྲིགས་པ་ལྟར༔ སྤྲུལ་སྐུའི་བསྙེན་པ་ཞག་བདུན༔ སྒྲུབ་པ་བཅུ་བཞི༔ ལས་སྦྱོར་གསུམ་རེ་བསྙེན་ཅིང་༔ མང་མ་ལ་ཡང་དམིགས་པ་སྤྱོད་ལ་སྔགས་ཅི་ནུས་བཟླ་འཇུག དེ་བཞིན་ལོངས་སྐུའི་བསྙེན་སྒྲུབ་ལས་གསུམ་ཡང་ཟླ་གཅིག་ཙམ་སྒོམ་བཟླས་བྱེད་འཇུག༔ དེ་ནས་ཆོས་སྐུ་ལ་མཉམ་ཉིད་ཕྱག་ཆེན་ཁྲིད་ཡིག་གིས་ངོ་སྤྲད་ལ༔ བསྒོམ་འཇུག་ཅིང་གསོལ་འདེབས་ཕྱག་སྐོར་སོགས་ཟླ་གཅིག་ཙམ་བྱེད་འཇུག༔ དེ་ནས་ཐུགས་སྒྲུབ་ལྟར་རྗེས་ཆོག་བར་བཀྲ་


CMR007_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་བསྔོ་སྨོན་བྱས་ལ་སོ་སོར་གྱེས་ནས༔ རྗེས་ནས་ཉམས་ལེན་ལོ་གཅིག་གམ་ཟླ་བ་དྲུག་གམ་གསུམ་དུ་བརྩོན་འགྲུས་མི་འདོར་བར་ཁས་ལེན་བྱེད་འཇུག་གོ༔ འདི་ལ་དམིགས་རྟེན་ཙཀ་ལི་འཚོགས་པ་ལ་སྟོན་ཙམ་བྱས་ལ་སོ་སོར་སྒོམ་བཅུག་པས་འཐུས་སོ༔ དེ་ནས་སྐུ་གསུམ་སྒྲུབ་པ་རྒྱུན་ཁྱེར་ཉམས་སུ་ལེན་པ་ལ་ཡང་གཉིས་ཏེ༔ སྔོན་དུ་སྐུ་གསུམ་སྒྲུབ་པ་ཐོན་ནས༔ རྒྱུན་དུ་ཙཀ་ལི་མདུན་དུ་བཤམ༔ མཆོད་གཏོར་ཅི་འབྱོར་བཤམ༔ རྩ་གསུམ་མཆོད་ཕྲེང་ཐུགས་སྒྲུབ་གཞུང་བསྲང་ལ༔ འཛབ་དགོངས་སྐབས་སུ་སྤྲུལ་སྐུའི་བསྙེན་པ་བརྒྱ་སྒྲུབ་པ་བརྒྱ་ལས་སྦྱོར་བཅུ་རེ་ཙམ་བསྒྲུབ་སྟེ༔ བསྙེན་སྒྲུབ་ལས་སྦྱོར་གྱི་དམིགས་པ་དེ་དག་སྐད་ཅིག་སྐད་ཅིག་ལ་གནས་འགྱུར་གྱི་ཚུལ་དུ་བསྒོམ་པར་བྱའོ༔ ཡང་རྒྱུན་དུ་མཆོད་གཏོར་མེད་ན་སྤྲོས་མེད་ལྟར་ཉམས་སུ་ལེན་པ༔ མཁར་དྲུང་གིས་མཛད་པའི་ངག་འདོན་ལྟར་ཉམས་སུ་བླངས་ཏེ༔ མར་ཐང་གི་གྲྭ་པ་བགྲེས་པ་རྣམས་ཀྱང་དེ་ལྟར་རྒྱུན་ཁྱེར་མ་ཆག་པར་བྱེད་སྲོལ་སྣང་ངོ་༔ དེའི་ཕྱག་ལེན་ལ་ནི་སྐུ་གསུམ་སྒྲུབ་པ་མ་ཐོན་ན་ཡང་༔ རྒྱུན་ཁྱེར་བྱེད་སྲོལ་སྣང་༔ དེ་ཡང་སྒྲུབ་ཆེན་ཁོག་ནས་སྒྲུབ་པའི་ལུགས་ཀྱི་དཀྱིལ་འཁོར་ཡང་


CMR007_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་གང་སོགས་རྒྱ་ཆེན་པོ་དང་༔ འོག་ཏུ་སྟག་སྒབ་སྟེང་དུ་བླ་བྲེ༔ ལོགས་སུ་ཚོན་སྐུད་དྲ་བས་བརྒྱན་ནས་ཡོལ་བ་དར་ཡོལ་གསུམ་རིམ༔ ནང་དུ་ཚེ་འབར་བཞི་སོགས་ཡོད་པས་བྱི་བ་སོགས་དོགས་མི་དགོས་པ་དང་༔ དཀྱིལ་འཁོར་རྒྱ་ཆེ་བའི་ཕྱིར༔ ཤར་དུ་མཆོད་ཡོན་ཞབས་བསིལ་སོགས་སྣ་བདུན་བཤམ༔ ལྷོར་གཟུགས་མ་མེ་ལོང་དང་༔ སྒྲ་པི་ཝང་དང་དུང་༔ དྲི་སྤོས་རེངས༔ རོ་ཟས་སྣས་བརྒྱན་པའི་བཤོས་གཙང་༔ རེག་ན་བཟའ་རྣམས་བཤམ༔ ནུབ་ནས་ཕུགས་གཏོར་ཆ་ཚང་དང་༔ སྨན་རཀྟ་རིན་ཆེན་འབར་བ༔ བྱང་དུ་བསྐང་གཏོར་དང་ཆོས་སྐྱོང་བཀའ་སྲུང་གཙོ་འཁོར་ཡོངས་རྫོགས་ཀྱི་བཤོས་བུ་ཀ་ཊོ་ར་དང་ཟངས་ལྕགས་ཀྱི་སྣོད་དུ་བཤམ་པ༔ ཡོལ་བའི་ཕྱིའི་དཀྱིལ་འཁོར་མདུན་དུ་ལག་མཆོད་རྒྱུའི་ཀ་པཱ་ལ༔ ཚོགས་རྫས་ཐམས་ཅད་དཀར་གཏོར་གཏོར་འབུལ་མཐེབ་སྐྱུ༔ རྒྱུན་དུ་བརྗེ་རྒྱུའི་མཆོད་པ་སྣ་བདུན་སྤྱན་གཟིགས་གང་འཛོམ་བཤམ་མོ༔ སྒྲུབ་ཆེན་དང་དབང་སྒྲུབ་གང་ལ་ཡང་༔ རས་བྲིས་དང་སྔགས་སྟེགས་བུ་རྙིང་པ་ལ༔ བརྟག་བསླང་ས་ཐིག་ཆོག་མི་དགོས༔ དེ་མ་དགོས་ན་རྗེས་ནས་རྡུལ་ཚོན་ཆུར་སྐྱེལ་བ་དང་སྔོན་དུ་བུམ་གཏོར་མི་དགོས་དབང་


CMR007_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲུབ་ཆེན་སྦྲགས་པ་དང་༔ དབང་གི་སྒྲུབ་ཆེན་མིན་ནས༔ སློབ་མ་སྟ་གོན་ཀུ་ཤ་དཔུང་སྐུད༔ སྡོམ་བཟུང་སོགས་མི་དགོས༔ ལར་ཐུགས་རྗེ་གསང་འདུས་ལ་སྒྲུབ་ཆེན་རྒྱས་པར་ཡོད་ཀྱང་༔ འགའ་ཞིག་གིས་རིལ་བུ་བུམ་སྒྲུབ་དུས་ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་ཁོག་དབུབ་ཀྱི་ཁ་སབ་སྲོལ་ཡོད་པར་སྣང་བ་ལྟར༔ རྙིང་མའི་སྒྲུབ་པ་མཐའ་དག་དང་གུ་རུ་དྲག་པོ༔ རྟ་མགྲིན་དམར་ནག༔ མ་ནིང་རིགས་ལྔ༔ བཀའ་བརྒྱད་རཏྣ་ལུགས་སོགས་ཐམས་ཅད་ལ་སྒྲུབ་ཆེན་ཁོག་དབུབ་འདི་ཡིས་ཁོག་ཕུབ༔ རང་རང་གི་ལས་བྱང་གིས་གཞུང་བསྲང་ཞིང་མངོན་རྟོགས་དང་འཛབ་དགོངས་སྒྲུབ་གཞུང་སོ་སོ་ལྟར་བྱས་ན་བྱིན་རླབས་ཤིན་ཏུ་ཆེ་ཞིང་༔ སྒྲུབ་ཆེན་འདི་གསང་སྔགས་ཀྱི་སྲོག་ཡིན་པས་ཨོ་རྒྱན་རིན་པོ་ཆེ་ཡང་ཐུགས་དགོངས་རྫོགས་པ་ཡིན་གསུངས་སོ༔ ཡང་སྒྲུབ་ཆེན་དེ་ཡང་རྣལ་འབྱོར་པ་གཅིག་གིས་ཀྱང་རུང་ལ༔ ཇི་ལྟར་སྒྲུབ་གྲོགས་མང་བཞིན་བྱིན་རླབས་དང་ནུས་སྟོབས་ཆེའོ༔ ཡང་སྐུ་གསུམ་སྒྲུབ་པ་སོགས་གང་ཡང་སྒྲུབ་ཆེན་ཁ་མ་སབ་པར་རང་གཞུང་ལྟར་བྱས་ཀྱང་མ་ཚང་བ་ནི་མིན་ནོ༔ འོན་ཀྱང་རང་གཞུང་ལྟར་སྒྲུབ་པ་བས༔ སྒྲུབ་ཆེན་ཇི་ལྟར་བ་ཁ་སབ་ནས་སྒྲུབ་ན༔


CMR007_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དངོས་གྲུབ་དང་བྱིན་རླབས་ཆེ་སྟེ༔ རང་གིས་སྒྲུབ་པ་བས་བརྒྱ་འགྱུར་གྱིས་བར་ཆད་དང་དངོས་གྲུབ་གཉིས་ཀ་ཆེའོ༔ དེ་ལྟར་དབང་བསྐུར་བ་ཡང་སྒྲུབ་ཆེན་བྱས་ནས༔ དང་པོ་སྒྲུབ་པའི་སློང་ཚད་དང་བར་ཆད་ཆེ༔ བར་དུ་ལེ་ལོ་དང་ཚོད་ཡོད་སོང་ནས་ཕྲག་དོག་ཆེ༔ ཚུལ་བཞིན་བསྒྲུབས་ན་རྟགས་དང་མཚན་ལྟས་ཆེ༔ དེའི་མཇུག་ཏུ་སྒྲུབ་རྫས་བུམ་པའི་བདུད་རྩི་སྐུ་འབག་སོགས་དཀྱིལ་འཁོར་དེའི་སྟེང་ནས་བུམ་དབང་རྒྱས་པར་བསྐུར༔ རྡོ་རྗེ་སློབ་དཔོན་ཆགས་ལམ་པས་སློབ་མ་ཁྱིམ་པའམ་ཆགས་ལམ་པ་ལ་གསང་དབང་ཤེས་རབ་དངོས་སུ་བསྐུརཾ༔ སློབ་དཔོན་གྲོལ་ལམ་པས་སློབ་མ་རབ་བྱུང་ངམ་གྲོལ་ལམ་པ་ལ་རིག་མ་ཙཀ་ལི་ཙམ་དམིགས་རྟེན་དུ་བྱས་ལ༔ ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གསང་དབང་བསྐུར་དུས་བདུད་རྩི་ལྕེ་ལ་བཞག༔ ཤེས་རབ་ཡེ་ཤེས་ཡིད་ཀྱི་སྒོམ་བཅུག་གོ༔ དེ་ལྟར་སྒྲུབ་ཆེན་དང་དབང་འབྲེལ་ན་བྱིན་རླབས་ཤིན་ཏུ་ཆེ་བས་རབ་ཡིན༔ ཡང་དབང་གི་སྒྲུབ་ཆེན་བྱས་ན་ཞག་བདུན་ཙམ་དབང་བསྙེན་ཁ་གསོས་ནས་བསྐུར་བ་འབྲིང་ཡིན་ལ༔ ཐ་མ་རས་བྲིས་ལ་བརྟེན་ནས་དབང་བསྙེན་བརྒྱ་སྟོང་ཙམ་བྱས་ཏེ་བསྐུར་ཡང་མ་ཚང་བ་མིན་ལ༔ དེ་ཡང་སྔར་ནུབ་ཀུ་ཤ་དཔུང་སྐུད་གཉིས་དང་


CMR007_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བཟུང་དང་སྟ་གོན་བྱ༔ ཕྱིར་ནུབ་བུམ་དབང་༔ དེའི་ཕྱིར་ནུབ་མཆོག་དབང་བསྐུར༔ དེ་ལས་བསྡུས་ན་སྔ་ནུབ་སྟ་གོན་དང་ཕྱི་ཉིན་དབང་བཞི་ཁ་བསྐུར༔ ཡང་ཉི་མ་གཅིག་ལ་ཐམས་ཅད་བསྐུར་ཡང་རུང་སྟེ༔ དེ་ལ་ཀུ་ཤ་དཔུང་སྐུད་བྱེད་སྲོལ་ནི་ཡོད་དོ༔ མ་བྱས་ཀྱང་མ་ཚང་བའི་སྐྱོན་མེད་དོ༔ འོ་ན་དབང་དང་སྒྲུབ་ཆེན་སྦྲགས་མ་ཧ་ཅང་དཀའ་ལ་གཞན་སླ་བ་ཅི་ཞེ་ན་སྒྲུབ་ཆེན་དང་དབང་སྒྲུབ་སྦྲགས་མ་ནི༔ སྐལ་ལྡན་གྱི་སློབ་མ་སྔར་སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་སྡོམ་པ་དང་དབང་ལུང་ཅི་ཡང་མ་ཐོབ་པ་ཞིག་ཆོས་འདི་ཁོ་ནའི་སྒོ་ནས་བསྟན་པ་ལ་བཙུད༔ སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ་རིམ་པར་ཁྲིད་ནས༔ ཚིག་དབང་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་ནས༔ སྒྲུབ་པ་འདིའི་སྒོ་ནས་ཚེ་གཅིག་ལ་བྱང་ཆུབ་ཐོབ་པའི་དབང་དུ་མཛད་ནས་གསུངས་ལ༔ སྟ་གོན་མི་དགོས་པ་དང་བསྟུན་པ་རྣམས༔ སློབ་མ་སྔར་ནས་བསྟན་ལ་ཞུགས་དབང་བཞི་ཡང་ཐོབ་པ་ཞིག༔ ཆོས་འདིའི་དབང་ལུང་ཐོབ་པར་འདོད་པ་ལ་བསྐུར་བ་ཁྱད་པར་དུ་གསུངས་པའོ༔ དེ་བཞིན་དུ་གང་ཟག་འབྱོར་བ་ཆེ་ཞིང་སྤྲོས་པ་ལ་དགའ་བ་ལ་སྒྲུབ་ཆེན༔ འབྱོར་པ་ཆུང་ཞིང་སྤྲོས་པ་ལ་མི་དགའ་ན་སྒྲུབ་ཕྲན་


CMR007_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ༔ ཤིན་ཏུ་སྤྲོས་མེད་ལ་དགའ་ནས་བསྐྱེད་རིམ་གྱི་ཆའི་བསྙེན་སྒྲུབ་ཐམས་ཅད་སྙན་བརྒྱུད་ཡིད་བཞིན་ནོར་བུ་ལ་འཐུས༔ རྫོགས་རིམ་ཐམས་ཅད་མཉམ་ཉིད་ཕྱག་ཆེན་ཁྲིད་ལ་འདུས་ཏེ་དེ་གཉིས་ཁོ་ནས་ཆོག་གོ༔ འདི་ལྟར་གོ་བདེ་བར་བྱས་ན་སྤྱིར་རྙིང་མ་མཐའ་དག་དང་༔ ཁྱད་པར་ཐུགས་སྒྲུབ་དང་སྐུ་གསུམ་སྒྲུབ་པ་ལ་རང་བྱན་ཚུད་ནས་བདག་པོས་རང་ནོར་སྤྱོད་པ་ལྟར༔ ཇི་ལྟར་བྱས་ཀྱང་མི་འགལ་བར་འགྱུར་རོ༔ འདི་ལྟར་མ་ཤེས་ན་ཇི་ལྟར་བྱས་ཀྱང་འགའ་རེ་ལྷག་འགའ་རེ་ཆད་པ་འདྲ་བས་བསྒྲུབ་ཀྱང་ཐེ་ཚོམ་མེ་ཁུ་འཕྲིག་གེ༔ རྒྱུས་མེད་ཀྱི་ལམ་དུ་འགྲོ་བ་ལྟར་འགྱུར་ཏེ༔ ཐེ་ཚོམ་དེས་སྒྲུབ་པའི་བར་ཆད་ཀྱི་སེལ་དུ་འགྱུར་རོ༔ དེ་བས་ན་ཟིན་བྲིས་འདི་ལ་ལེགས་པར་བལྟས་པས་གོ་བ་ནམ་ལངས་ཉི་མ་ཤར་བ་ལྟར་འགྱུར་རོ༔ སྒྲུབ་ཆེན་དང་སྐུ་གསུམ་སྒྲུབ་པའི་དབྱེ་བ་དང་སྤྱི་ཆིངས་འདི་ཡང་མཐར་ཕྱིན་དང་ཡང་དག་སོགས་ལ་འཕྲལ་དུ་ཕན་པ་དང་༔ མ་འོངས་ཕྱི་རབས་འགའ་ལ་ཡང་ཕན་སྲིད་སྙམ་པས༔ ༧ སྔགས་འཆང་ཨ་རཱ་གས་རྒྱལ་ཟླའི་ཉེར་གཅིག་ལ་རྫོགས་པར་བྲིས་པ་ལ༔ འགལ་འཁྲུལ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་༔ དགེ་བས་གསང་སྔགས་བླ་མེད་


CMR007_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག མངྒ་ལཾ༔ ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ སྐུ་གསུམ་སྒྲུབ་པའི་དབྱེ་བ།next