Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
ཧཱུྃ་སྒྲུབ་ཟིལ་གནོན་ཆེན་པོའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཧཱུྃ་སྒྲུབ་ཟིལ་གནོན་ཆེན་པོའི་འདོན་འགྲིགས།next

ཧཱུྃ་སྒྲུབ་ཟིལ་གནོན་ཆེན་པོའི་འདོན་འགྲིགས།


CMR010_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་སྒྲུབ་ཟིལ་གནོན་ཆེན་པོའི་འདོན་འགྲིགས་བཞུགས་སོ༔


CMR010_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྒྲུབ་པ་བྱེད་ན་གཏོར་མ་རིན་ཆེན་འབར་བ་ཙཀ་ལི་བཤམས༔ རྒྱུན་ཁྱེར་ལ་མི་དགོས༔ ད་ནངས་སྐྱབས་སེམས་སྤྱི་ལྟར་སྔོན་དུ་སོང་ནས༔ སྒྲུབ་པ་བྱེད་ན་ཐུན་བཞིའམ་དྲུག་བྱ༔ སེམས་ཅན་ཐམས་ཅད་བདེ་བ་དང་སོགས། ཨོཾ་སྭ་བྷཱ་ཝ་སོགས། མཁའ་ལ་ཉི་ཤར་ཆུ་བུར་རྡོལ་བ་ལྟར༔ སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་རྩལ༔ རྡོ་རྗེ་ཁྲོ་ལོད་སྐུ་མདོག་དམར་སྨུག་ནག༔ གཅེར་བུ་རྒྱན་དྲུག་དུར་ཁྲོད་ཆས་བརྒྱད་གསོལ༔ དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་ཙེ་རེ་རེ༔ སྣ་སྒྲ་ཕྲིལ་ཕྲིལ་བག་ཆགས་ནད་རྣམས་གཏོར༔ སྤྱན་མིག་ཕུལ་ཕྲུལ་དྲེགས་པ་ཟིལ་གྱིས་གནོན༔


CMR010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་ཆ་ལུགས་རྣོ་དབལ་མཆེ་བ་གཙིགས༔ སྤྱི་བོར་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ༔ མགྲིན་པར་ཐུགས་རྗེ་ཆེན་པོ་གསལ་བར་གྱུར༔ ཕྱག་ཞབས་བཞི་ལ་མཁའ་འགྲོ་སྡེ་བཞི་བཅས༔ ཀུན་ཀྱང་སྣང་རིག་སྟོང་པའི་ངང་དུ་གསལ༔ ཐུགས་རྗེའི་ཉེ་རིང་མེད་པར་ཀུན་ལ་ཁྱབ༔ མི་རོ་བསྣོལ་བའི་སྟེང་ན་བརྗིད་ཅིང་འགྱིངས༔ གར་དགུའི་ཚུལ་དུ་ཧཱུྃ་དགུ་འབྲུག་སྟོང་ལྡིར༔ སྐུ་ནི་རྒྱལ་བ་ཀུན་མཉམ་རི་རབ་འདྲ༔ གསུང་ནི་རྔམ་པའི་ང་རོ་དྲག་ཧུར་ཅན། ཐུགས་ནི་གསལ་སྟོང་ཐུགས་རྗེ་འགགས་པ་མེད༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་ཕྱར༔ གདོན་བགེགས་མ་


CMR010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐལ་བ་རྡུལ་དུ་བསྲེག༔ གཡོན་པས་ཕུར་བུ་དགྲ་བགེགས་སྙིང་ལ་འདེབས༔ སྐུ་ལས་འོད་ཟེར་ཚྭ་ཚྭ་ཁྲོ་ཆུང་འཕྲོ༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཆེན་མཐིང་ནག་ལས༔ མེ་འབར་ཁམས་གསུམ་མ་ལུས་ཐམས་ཅད་བསྲེག༔ སྲིད་གསུམ་ཟིལ་གནོན་རང་ལས་ཆེ་བཙན་མེད༔ སྡེ་བརྒྱད་དྲེགས་པ་འདུལ་ཞིང་མདུན་ནས་བསྔངས༔ ཅི་གསུང་བཀའ་ཉན་ལས་ལ་བཀོལ་བ་ལས༔ མཁའ་འགྲོ་འབུམ་གྱི་འཁོར་གྱིས་རང་ཉིད་བསྐོར༔ འཇིག་རྟེན་ཁམས་ཀུན་འུར་འུར་ཤིག་ཤིག་རྡེག༔ ཧཱུྃ་གི་སྒྲ་ཡིས་ཀུན་ཀྱང་གང་བར་གྱུར༔ སངས་རྒྱས་བྱང་ཆུབ་སེམས་དཔའ་མདོ་རྒྱུད་དང་གྲུབ་ཐོབ་པཎྜི་ཏ་སོགས་རྟོགས་པ་རྣམས༔ ཐུགས་རྗེའི་འོད་ཀྱིས་མ་ལུས་འདུས་པར་གྱུར༔ ལྷ་འདྲེ་མི་གསུམ་ཚེ་སྲོག་བཅུད་རྣམས་ཀུན༔ ཐམས་ཅད་མ་ལུས་བདག་ལ་འདུས་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ སྒྲུབ་པ་ཡིན་ན་ཞག་བདུན༔ རྒྱུན་ཁྱེར་ཡིན་ན་ཕྲེང་སྐོར་རེ་བྱ༔ སྒྲུབ་པ་ཡིན་ན་རྒྱུན་དུ་ཚོགས་འཁོར་བྱ༔ རྒྱུན་ཁྱེར་ཡིན་ན་ཚེས་བཅུའི་ཚོགས་འཁོར་བྱ༔ དེ་ནས་དངོས་གྲུབ་ལེན་ཆོག་ཐུགས་སྒྲུབ་མཇུག་ལྟར་རོ༔ དོན་བསྟོད་ནི༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ སོགས། རྡོ་རྗེ་ཐོད་ཕྲེང་


CMR010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ལ་ཕྱག་འཚལ་བསྟོད༔ བདུད་དང་ལོག་འདྲེན་ཚར་གཅོད་པའི༔ སོགས། རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་བ་ཐམས་ཅད་སྐུ་ལ་རྫོགས༔ ཡེ་ཤེས་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ ༈ བརྡའ་བསྟོད་ནི༔ ཧཱུྃ༔ གུ་རུའི་ཐུགས་རྗེས་འགྲོ་དོན་མཛད་ཙམ་ན༔ འདབ་ལྡན་རིགས་ལྔ་དབུ་ལ་གསོལ་བ་ནི༔ སྐུ་ལྔའི་དབང་རྫོགས་ཡེ་ཤེས་ལྔ་ལྡན་བརྡ༔ དེ་ལ་དབུས་མཐིང་ཕྱོགས་མཚོན་བརྒྱན་པ་ནི༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཛད་པའི་བརྡ༔ ཐོད་སྐམ་སུམ་བརྩེགས་ཐོད་པ་བརྩེགས་པ་ནི༔ ཆོས་ཀུན་མ་འདྲེས་ཕྱི་ནང་སྟོན་པའི་བརྡ༔ དེ་ལ་རིན་ཆེན་དྲྭ་བས་བརྒྱན་པ་ནི༔ ཁམས་གསུམ་མ་ལུས་དབང་དུ་སྡུས་པའི་བརྡ༔ དེ་ལ་གསེར་གྱི་རྡོ་རྗེ་བཙུགས་པ་ནི༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས་པའི་བརྡ༔ དར་སྣ་ལྔ་ཡི་ཅོད་པན་འཕུར་བ་ནི༔ རིགས་པའི་གནས་ལྔས་འགྲོ་བ་འདུལ་བའི་བརྡ༔ གཡས་གཡོན་རྒོད་ཀྱི་ཐེའུ་ཆུང་སྤྲད་པ་ནི༔ ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བརྡ༔ དེ་དབུས་རྨ་བྱའི་མདངས་ལྔ་གསལ་བ་ནི༔ སྣང་སེམས་དབྱིངས་རིག་འོད་དུ་འཁྱིལ་བའི་བརྡ༔ རིན་ཆེན་གསེར་གྱི་ཉི་ཟླ་གསལ་བ་ནི༔ འགྲོ་བ་མ་


CMR010_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མུན་པ་སེལ་བའི་བརྡ༔ དབྱི་དཀར་པགས་པས་ཁ་འདྲིལ་བྱས་པ་ནི༔ བསྟན་གཉིས་ཟུང་གཅིག་གཏེར་གྱིས་སྐྱོང་བའི་བརྡ༔ མཛེས་པའི་རྣ་ལེབ་ཐུར་དུ་འཕྱང་བ་ནི༔ སྦྱོར་སྒྲོལ་ལྟ་བ་དབྱིངས་སུ་དག་པའི་བརྡ༔ རྗེ་ཉིད་སྐུ་ལུས་བཀོད་པ་བསྟན་ཙམ་ན༔ ཞལ་གྱི་དཀྱིལ་འཁོར་ཆོག་མི་ཤེས་པ་ནི༔ དེ་བཞིན་གཤེགས་པའི་སྐུ་དངོས་བསྟན་པའི་བརྡ༔ རྡོ་རྗེའི་སྐུ་ལུས་དྲང་པོར་བཞུགས་པ་ནི༔ ཏིང་འཛིན་རྩེ་གཅིག་གཡོ་བ་མེད་པའི་བརྡ༔ སྐུ་མདོག་དཀར་ལ་དམར་མདངས་སྟོན་པ་ནི༔ བདེ་བ་ཐམས་ཅད་སྐུ་ལ་རྫོགས་པའི་བརྡ༔ ཡེ་ཤེས་སྤྱན་གཉིས་ཐད་ཀར་གཟིགས་པ་ནི༔ ཆོས་དབྱིངས་ཡེ་ཤེས་མཆོག་ཏུ་སྤོར་བའི་བརྡ༔ འཛུམ་པའི་མདངས་ཆེན་ཞལ་ཚོམ་མཛེས་པ་ནི༔ གསང་སྔགས་མཛད་པ་མཐའ་རུ་ཕྱིན་པའི་བརྡ༔ ཚངས་དབྱངས་གསུང་གི་ཆོས་སྒྲ་སྒྲོག་པ་ནི༔ འགྲོ་དྲུག་སེམས་ཅན་བདེ་ལ་བཀོད་པའི་བརྡ༔ ཤངས་ནས་ཡེ་ཤེས་རླུང་ལྔ་འགྱུ་བ་ནི༔ སྤྲོས་མེད་ལྟ་བ་ཡོངས་སུ་དག་པའི་བརྡ༔ སྙན་ཆ་གསེར་གྱི་དྲིལ་བུས་བརྒྱན་པ་ནི༔ སངས་རྒྱས་རྣམས་དང་གསུང་གླེང་མཛད་པའི་བརྡ༔ དབུ་སྐྲ་ཁམ་ནག་ལྕང་ལོ་འཁྱིལ་བ་ནི༔ མ་ལུས་དགོངས་པའི་དོན་རྣམས་


CMR010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་བརྡ༔ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས་པ་ནི༔ ལམ་ལྔ་ས་བཅུ་སྐད་ཅིག་རྫོགས་པའི་བརྡ༔ ཕྱག་གཡོན་མཉམ་བཞག་བྷན་འཛིན་པ་ནི། འདོད་ཡོན་ལྔ་ལ་ལོངས་སྤྱོད་རོལ་པའི་བརྡ༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས་པ་ནི༔ བདེ་སྟོང་བྷྱོ་པ་རྒྱུན་ཆད་མེད་པའི་བརྡ༔ ཕྱག་འཁར་ཆུ་ཤིང་འཁར་བ་བསྣམས་པ་ནི༔ ཆོས་རྣམས་ཐེག་པ་གཅིག་ཏུ་རྫོགས་པའི་བརྡ༔ དེ་ལ་ཆུ་སྲིན་རྒྱ་མདུད་བཅིངས་པ་ནི༔ འདུ་བ་རྣམ་བཞིའི་བསྟན་པ་བསྲུང་བའི་བརྡ༔ དེ་ལ་རྡོ་རྗེ་རྩེ་ལྔ་བསྐྱོན་པ་ནི༔ སྐྱེ་བ་རྣམ་བཞིའི་སྦྱོར་བ་ལྔ་ལྡན་བརྡ༔ དེ་ལ་ཐོད་མཁར་དགུ་བརྩེགས་བསྐྱོན་པ་ནི༔ འཇིགས་རྟེན་དུར་ཁྲོད་གླིང་གྱུར་མཁྱེན་པའི་བརྡ༔ དར་སྣ་ལྔ་ཡིས་མགུལ་ཆིངས་བྱས་པ་ནི༔ སྟོང་གཟུགས་ཡེ་ཤེས་ལྔ་ལྡན་སྦྱོར་བའི་བརྡ༔ གསེར་དངུལ་ཟངས་ལྕགས་ཁྲོ་ཞལ་བསྟན་པ་ནི༔ གསང་སྔགས་སྒོ་མོ་བཞི་རྣམས་འབྱེད་པའི་བརྡ༔ དེ་ལ་ཁ་ཊཾ་རྩེ་གསུམ་གྱེས་པ་ནི༔ ཁམས་གསུམ་འཁོར་བ་རྩད་ནས་སྟོང་པའི་བརྡ༔ དེ་ལ་ལྕགས་ལུང་དགུ་ཡིས་བརྒྱན་པ་ནི༔ ཐེག་པའི་འཇུག་སྒོ་མང་པོ་བསྟན་པའི་བརྡ༔ རྩེ་ལ་ལྕགས་ལུང་བདུན་གྱིས་བརྒྱན་པ་ནི༔ རྣམ་ཤེས་


CMR010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བརྒྱུད་སྦྱོར་མཚམས་དག་པའི་བརྡ༔ ཟ་འོག་བེར་བརྩེགས་སྐུ་ལ་གསོལ་བ་ནི༔ སྣང་སྲིད་འཇའ་འོད་ཟེར་གསུམ་འོང་བའི་བརྡ༔ དམར་སེར་མཐིང་ནག་བེར་ཕྱམ་སྤྲུག་པ་ནི༔ སྣ་ཚོགས་ཆོས་སྐུ་རང་ལ་ཤར་བའི་བརྡ༔ རྒྱ་མཚོར་པད་སྡོང་རྩེ་ལ་བཞུགས་པ་ནི༔ འཁོར་བའི་སྐྱོན་གྱིས་མ་གོས་བསྟན་པའི་བརྡ༔ ཕྱོགས་བཞི་མཚམས་བརྒྱད་འཇའ་འོད་འཁྲིགས་པ་ནི༔ ཕུང་པོ་ལྷག་མེད་ཡེ་སངས་རྒྱས་པའི་བརྡ་འཁོར་དུ་བཀའ་བརྒྱུད་བླ་མས་བསྐོར་བ་ནི༔ སྐལ་ལྡན་བུ་ལ་བྱིན་རླབས་འབེབས་པའི་བརྡ༔ ༈ རྟགས་བསྟོད་ནི༔ ཨེ་མ་ཧོ༔ ལེགས་པའི་དཔེ་བྱད་མཚན་བཟང་སུམ་ཅུ་གཉིས༔ དུས་གསུམ་སངས་རྒྱས་པད་འབྱུང་སྐུ་ལ་རྫོགས༔ རི་རབ་ལྟ་བུར་སྐུ་ནི་ལྷུན་མདངས་ལྡན༔ རི་རབ་བུམ་པ་ལྟ་བུར་དབུ་ནི་ཟླུམ༔ བུང་བ་ཨུཏྤལ་ལྟ་བུར་དབུ་སྐྲ་མཛེས༔ ཟླ་བ་རྒྱས་པ་ལྟ་བུའི་དཔྲལ་བའི་དབྱིབས༔ སྐར་ཆེན་ཤར་འདྲ་སྤྱན་གཉིས་ནག་ཅིང་རིང་༔ འདི་ཡི་སྨིན་མ་ཁྱུང་ཆེན་ལྡིང་བ་འདྲ༔ ཁྲ་གཤོག་བརྐྱང་པ་ལྟ་བུར་རྫི་མ་ལེགས༔ སྙན་ནི་གྲོ་ག་གཅུས་པ་ལྟ་བུར་འདྲ༔ ཤངས་ནི་ལེགས་ཤིང་ལྟ་ན་སྡུག་པའི་ཤངས༔ ཡ་མཆུ་མ་མཆུ་པདྨའི་ཟེའུ་འབྲུ་འདྲ༔ ལྗགས་ནི་རིང་


CMR010_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་པདྨའི་མདོག་ལྟར་དམར༔ དཀར་ཚེམས་ཐགས་བཟང་དུང་མདོག་གངས་རི་འདྲ༔ ཚེམས་ཕྲེང་ལྔ་བཅུ་རྩ་བརྒྱད་ཞལ་ལ་མཛེས༔ ཞི་བའི་ཞལ་མཐོ་ཨོག་མ་ལྷང་ངེ་བ༔ ཀ་ལ་པིང་ཀ་ལྟ་བུར་ཚངས་པའི་དབྱངས༔ ཞལ་ཚེམས་དོམ་ནག་དཀྱུས་པ་ལྟ་བུ་རིང་༔ སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔ མགུལ་ནི་བུམ་པའི་མགྲིན་པ་ལྟ་བུར་ལེགས༔ འདི་ཡི་སྐུ་སྟོད་སེང་གེ་འགྱིངས་བ་འདྲ༔ དཔུང་པའི་མགོ་ཟླུམ་ཕྲག་པ་རྒྱས་པ་དང་༔ ཕྱག་ཞབས་སོར་རིང་དྲ་བས་འབྲེལ་བ་དང་༔ སེན་མོའི་མདོག་ནི་ཟངས་མདོག་ཤེལ་འོད་གསལ༔ པདྨའི་སྦུ་གུ་ལྟ་བུར་ལྟེ་བར་མཛེས༔ སྦ་བ་སྦུབས་སུ་རྟ་གླང་ལྟ་བུར་ནུབ་བྱིན་པ་ཨེ་ན་ཡ་འདྲ་ཞབས་པད་འབུར༔ མཁའ་ལ་འཇའ་ཚོན་ལྟ་བུར་འཕུར་རྩལ་འགྲོ༔ གཞོན་ནུ་བཙས་འདྲ་སྐུ་ལུས་ཡན་ལག་རྒྱས༔ འཛུམ་ཤིང་མཛེས་པ་དྲི་མེད་ཟླ་བའི་ཞལ༔ གཟུགས་མཛེས་མི་ངོམས་སྐྱེ་བོས་ལྟ་ན་སྡུག༔ འོད་ཟེར་དུ་མ་འབར་བའི་འོད་ཁྱིམ་འདྲ༔ རོ་མཆོག་འཇམ་ཤིང་དམ་པ་མཆོག་རབ་འཕགས༔ མི་ཤིགས་རྡོ་རྗེ་ལྟ་བུར་ཟག་པ་མེད༔ འདྲ་བ་འདི་དག་པད་འབྱུང་མཚན་བཟང་པོ༔ སུམ་ཅུ་རྩ་གཉིས་རྒྱལ་བའི་སྐུ་


CMR010_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟོད༔ ཧཱུྃ་ཧཱུྃ་གླུ་རུ་དྷེ་ཝ་ཌཱཀི་ནཱི་ན་ན་ཁ་དྷེ་སིདྡྷི་ཕ་ལ་ཨཱ་ཡུ་སིདྡྷི་ཧཱུྃ༔ ས་མ་ཡ་སྡུས་སྡུས༔ ཞེས་བཟླ༔ ད་ནི་དབང་བླངས་བ་ནི༔ ཀྱེ༔ རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ འགྲོ་བའི་མགོན་པོ་ཐོད་ཕྲེང་རྩལ༔ ལྷག་པའི་ལྷ་ཁྱོད་དགོངས་སུ་གསོལ༔ ལས་ཀྱི་འབྲེལ་བས་ཕ་ཁྱེད་ལ༔ བདག་ནི་སྙིང་ནས་མོས་ལགས་ཀྱི༔ དུས་འདིར་ལས་དང་སྐལ་བ་ལྡན༔ ནམ་མཁའི་མཐའ་དང་མཉམ་པ་ཡི༔ སྐུ་གསུང་ཐུགས་ཀྱི་ཀློང་ཆེན་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐམས་ཅད་བདག་ལ་དངོས་གྲུབ་སྩོལ༔ འཆི་མེད་ཚེ་དང་འགགས་མེད་གསུང་༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་ཕྲིན་ལས་མ་ལུས་དང་༔ ཅི་བསམ་དངོས་གྲུབ་མ་ལུས་སྩོལ༔ བརྒྱུད་འཛིན་སྲིད་དང་འཛད་མེད་ནོར༔ དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ༔ རྒྱལ་བསེན་དམ་སྲི་ཀླུ་ལ་སོགས༔ འབྱུང་པོ་འབྱུང་མོ་བར་ཆད་བགེགས༔ བར་ཆད་ཐུལ་ལ་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོ༔ ཝཀཱ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧཱུྃ༔ ཞེས་གནས་བཞིར་གཏུགས༔ ཨོ་རྒྱན་རིན་པོ་ཆེ་དང་རིག་འཛིན་རྒྱལ་བ་རྣམས་ཀྱི་རྣམ་པ༔ ཨོ་དཀར༔ ཨཱདམར༔ ཧཱུྃ་མཐིང་༔


CMR010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ ལྗང་ལས་འོད་ཟེར་དཔག་ཏུ་མེད་པ་རང་གི་ལུས་ངག་ཡིད་གསུམ་ཐམས་ཅད་ལ་ཐིམ་པས༔ མཆོག་དང་ཐུན་མོང་གང་ལ་གང་འདོད་ཀྱི་དངོས་གྲུབ་ཐོབ་པར་ངེས་ཤེས་བསྐྱེད་དོ༔ ཞི་བའི་ལས་སྒྲུབ་དུས་བདག་ཉིད་ཀྱང་སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་ལས་ཧཱུཾ་དཀར་འཕྲོས་པས་ནད་གདོན་སྡིག་སྒྲིབ་རྣམས་རྡོ་ཚན་དག་ལ་ཁ་བ་བབ་པ་ལྟར༔ རྒྱས་པའི་ལས་མཛད་ཚེ་བདག་ཉིད་ཀྱང་སྐུ་མདོག་སེར་པོ་འོད་ཟེར་སེར་པོ་ལས་ཧཱུྃ་སེར་རིན་པོ་ཆེས་སྣོད་བཅུད་བཀང་བའི་ཟས་ནོར་ལོངས་སྤྱོད་འབྱོར་དྲུག་ཆར་ལྟར་བབ༔ དབང་གི་ལས་མཛད་ཚེ་ན་བདག་ཉིད་ཀྱང་སྐུ་མདོག་དམར་པོ་འོད་ཟེར་ཀྱང་ལྕགས་ཀྱུ་དམར་པོ་ཧཱུྃ་དམར་དག་གིས་གང་དམིགས་དབང་དུ་བསྡུས༔ ཤིང་བལ་རླུང་གིས་ཁྱེར་བ་ལྟར་གྱུར་ཏེ༔ དྲག་པོའི་ལས་སྒྲུབ་རང་ཉིད་དྲག་པོ་ནག༔ འོད་ཟེར་ལྗང་གུ་ཕུར་པ་ཚྭ་ཚྭ་འཕྲོ༔ སྣོད་བཅུད་གདོན་བགེགས་མ་ལུས་རྡུལ་དུ་བརླག༔ འདྲེ་གདོན་ཐམས་ཅད་རྩད་ནས་གཅོད་པར་གྱུར༔ སྒྲུབ་པ་ཞག་བདུན་ཡིན་ན་དམིགས་པ་དེ་ཞག་གཅིག༔ རྒྱུན་ཁྱེར་ཡིན་ན་དམིགས་པ་དེ་ཕྲེང་སྐོར་རེ་བྱའོ༔ ༈ དྲག་པོའི་ཧཱུཾ་སྒྲུབ་ཀྱི་དམིགས་པའི་གསལ་བྱེད་བཞུགས་སོ༔ གུ་རུ་


CMR010_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་ཧཱུཾ་སྒྲུབ་ནི༔ རང་ཉིད་གྲོ་ལོད་ཀྱི་ཐུགས་ཀར་ཧཱུྃ་མཐིང་ནག༔ དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་གང་༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཕྲོས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསྲེགས༔ ཁམས་གསུམ་སེམས་ཅན་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན་ནས་རང་ལས་ཆེ་བཙན་གཅིག་ཀྱང་མེད་ནས་རང་ལ་གནོད་བྱེད་དྲེགས་པ་སྡེ་བརྒྱད་ལ་ཕོག་ནས་ཁོང་རྣམས་སྐྲག་ཅིང་བསྔངས་ནས་ཐལ་མོ་སྦྱར་ནས་རང་གི་བཀའ་ཉན་གསུང་སྡོད་བཅོལ་བའི་ཕྲིན་ལས་སྒྲུབས༔ རང་གི་འཁོར་དུ་མཁའ་འགྲོ་མ་དཀར་སེར་མཐིང་དམར་ལྗང་གུ་བྱེ་བ་འབུམ་ཕྲག་དུ་མས་བསྐོར་ཞིང་༔ ཀུན་ཀྱང་བྲོ་འཁྲབ་ཧཱུྃ་འབྲུག་སྟོང་ལྟར་སྒྲོགས་པས་འཇིག་རྟེན་ཐམས་ཅད་འུར་འུར་ཤིག་ཤིག་སྡིག་སྡིག་ཅིང་འགུལ་ནས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་མདོ་རྒྱུད་ཀྱི་དོན༔ གྲུབ་ཐོབ་པཎྜི་ཏ་རྣམས་ཀྱི་ཉམས་རྟོགས༔ ལྷ་འདྲེ་མི་གསུམ་རྣམས་ཀྱི་ཚེ་བསོད་ནམས་ཀྱི་བཅུད་ཐམས་ཅད་ཐུགས་ཀའི་འོད་ཟེར་གྱིས་བསྡུས་ནས་བདག་ལ་ཐིམ༔ དེ་ལྟར་ཞག་བདུན་བཟླ༔ དེ་ནས་ཚོགས་བྱ༔ དེ་ནས་ཟིན་བྲིས་གོང་ལྟར་བསྟོད་པ་བྱ༔ དེ་ནས་


CMR010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་ནས་བསྡུས་བསྡུས་བར་སྔགས་རིང་ཞག་གཅིག་གིས་བཟླ༔ དེ་ནས་ཕྱིར་ནངས་སྔ་དྲོ་ཚོགས་དང་བསྟོད་པ་གཅིག་བྱས་ཚར་རྗེས༔ བདག་ཉིད་གྲོ་ལོད་སྐུ་མདོག་དཀར་པོ་བྷེ༔ སྐུ་ལས་འོད་ཟེར་དཀར་པོ་འཕྲོ་བའི་རྩེ་ནས་ཧཱུྃ་དཀར་པོ་དཔག་ཏུ་མེད་པ་འཕྲོས༔ བདག་དང་བསྲུང་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སངས་སངས་བྱང་བར་བྷེ་ལ་ཧཱུྃ་བཟླ༔ ཉིན་གུང་ཚོགས་དང་བསྟོད་པ་ཚར་གཅིག་བྱ༔ རང་ཉིད་ཁྲོ་ལོད་སྐུ་མདོག་སེར་པོ་འོད་ཟེར་སེར་པོ་འཕྲོས་པའི་རྩེ་ནས་ཧཱུཾ་སེར་པོ་དཔག་ཏུ་མེད་པ་འཕྲོས་ནས་ཧཱུཾ་དེ་དག་རིན་པོ་ཆེའི་སྣོད་ཚེ་ཡིས་བཀང་བ་དང་༔ ཟས་ནོར་ལོངས་སྤྱོད་ཅི་འདོད་པའི་དངོས་གྲུབ་ཀྱི་ཆར་ཆེན་པོ་བབ་པར་བྷྱོ་ཞིང་ཧཱུྃ་བཟླའོ༔ དགོང་མོ་ཚོགས་དང་བསྟོད་པ་བྱ༔ དེ་ནས་རང་ཉིད་ཁྲོ་ལོད་འཁོར་བཅས་སྐུ་མདོག་དམར་པོ་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ལྟ་བུའི་རྩེ་ལ་ཧཱུྃ་དམར་པོས་མཚན་པ་འཕྲོས༔ རང་གི་ཡིད་ལ་ཅི་འདོད་དངོས་གྲུབ་ཐམས་ཅད་ཤིང་བལ་རླུང་གིས་ཁྱེར་བ་ལྟ་བུར་བསྡུས་ནས་རང་ལ་བསྟིམས་ཤིང་ཧཱུྃ་བཟླ༔ མཚན་མོ་ཚོགས་དང་བསྟོད་པ་བྱ༔ རང་ཉིད་ཁྲོ་ལོད་སྐུ་མདོག་ནག་པོ་བྷེ༔ འོད་ཟེར་


CMR010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་ནག་གི་རྩེ་ལ་ལྕགས་སྡིག་ཕུར་པ་ཚྭ་ཚྭ་འཕྲོ་བ་དཔག་ཏུ་མེད་པ་འཕྲོས་གནོད་བྱེད་གདོན་བགེགས་ཐམས་ཅད་ལ་ཐོག་ཕོག་པ་ལྟར་གྱུར་པར་བྷྱོ་ཞིང་ཧཱུྃ་དྲག་པོར་བཟླའོ༔ གོང་གི་སྔགས་རིང་མཇུག་ཏུ་དངོས་གྲུབ་ལེན་ཆོག་བྱ་བའམ༔ འདིར་བྱས་ཀྱང་རུང་༔ དེ་ནས་འཁོར་དང་སྤྲུལ་པའི་ཚོགས་རང་ལ་བསྟིམ༔ རང་མཐའ་ནས་དབུས་སུ་ཡལ༔ སྟོང་པ་ཉིད་དུ་བྱ༔ ཉམས་ལེན་བསྐྱངས་ཏེ་བཀྲ་ཤིས་བརྗོད་ནས་མཚམས་བཀྲོལ༔ རྒྱུན་ཁྱེར་བྱེད་ན་རྩ་བའི་སྒྲུབ་པ་ཟླ་གཅིག་ཙམ་གཞན་རྣམས་ཞག་ལྔ་རེ་བདུན་རེ་གང་འདོད་ཆོག༔ རྩ་བའི་སྒྲུབ་པ་ཚར་ནས་དགོས་དུས་ཕྲིན་ལས་བཞི་པོ་གང་འདོད་བྷེ་བཟླས་སོ༔ ཨ་རཱ་གས་སོ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


no previousཧཱུྃ་སྒྲུབ་ཟིལ་གནོན་ཆེན་པོའི་འདོན་འགྲིགས།next