Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་རྡོ་རྗེའི་ཐོག་འབེབས་ཀྱི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་རྡོ་རྗེའི་ཐོག་འབེབས་ཀྱི་འདོན་འགྲིགས།next

ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་རྡོ་རྗེའི་ཐོག་འབེབས་ཀྱི་འདོན་འགྲིགས།


CMR010_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་རྡོ་རྗེའི་ཐོག་འབེབས་ཀྱི་འདོན་འགྲིགས་བཞུགས་སོ༔


CMR010_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་བཅས་རྣམས་གཞུང་ལྟར་ལས༔ ལས་བྱང་ཏིང་འཛིན་རྣམ་གསུམ་གཞལ་ཡས་ཁང་དང་བཅས་པ་ཡན་ཆད་འདོན༔ ཕོ་བྲང་ཨེ་ཡི་དཀྱིལ་འཁོར་གྱི་དབུས་སུ་ཉི་ཟླ་པདྨ་བརྩེགས་པའི་གདན་གྱི་སྟེང་དུ༔ སྟོང་པའི་ངང་ལས་ཧཱུྃ་མཐིང་ནག་འོད་ཟེར་དུ་འབར་བ་གཅིག་བསྒོམ༔ དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་ལས་སྒྲིབ་སྦྱངས༔ རྒྱལ་བ་ཐམས་ཅད་ཀྱི་ནུས་པ་ཐམས་ཅད་བསྡུས་པ་ལས༔ བདག་ཉིད་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཏུམ་ཞིང་སྒེག་པ༔ གསུས་ཁྱིམ་ཆེ་ལ་སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་བ་ནག་


CMR010_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དོ་ཤལ་བྱས་པ༔ གླང་ཆེན་དང་ཞིང་གི་སྟོད་གཡོགས་པ༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ ཞལ་གདངས་ལྗགས་འདྲིལ་བ༔ མཆེ་བ་གཙིགས་པ༔ སྤྱན་གསུམ་དམར་ལ་གཡོ་ཞིང་ཁྲོ་གཉེར་བསྡུས་པ༔ སྨིན་མ་དང་ཨག་ཚོམ་ལས་མེའི་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ༔ མི་བསྐྱོད་པས་དབུ་རྒྱན་པ༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར་བ༔ གཡོན་པའི་སྡིགས་མཛུབ་ལས་མེ་འབར་བ་ཐུགས་ཀར་བསྒྲེང་བ༔ ཞབས་གཉིས་འདོར་ཐབས་སུ་བསྒྲད་པ༔ ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་པ༔ དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ་


CMR010_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐུགས་ཀར་རཾ་ལས་མེའི་དཀྱིལ་འཁོར་གྱི་དབུས་སུ༔ ཧཱུྃ་མཐིང་ནག་རྨ་བྱའི་སྒྲོ་ལྟ་བུའི་མཐའ་མར་སྔགས་ཀྱིས་བསྐོར་བར་གྱུར༔ ༈ ཧཱུྃ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ གསང་བདག་གཏུམ་པོ་གཤེགས་སུ་གསོལ༔ རང་བཞིན་གཞལ་ཡས་ཐམས་ཅད་ནས༔ སོགས་སྤྱན་འདྲེན་ཚང་བར་བྱ༔ བཛྲ་ཀྲོ་དྷ་དྷེ་ཝ་ཌཀྐི་ནི་སོགས། ཁྲོ་རྒྱལ་དྲེགས་འཇོམས་གསང་བདག་ལྷ་ཚོགས་རྣམས༔ སོགས། ཧཱུྃ༔ དྲག་པོ་གསང་བདག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སོགས་མཆོད་པ་གཞུང་ལྟར་རོ༔ བསྟོད་པ་ནི་རྣམ་རྒྱལ་འབར་མའི་ཕྱག་རྡོར་བསྟོད་པ་དེ་བྱ༔ བཤགས་པ་ནི༔ ཕྱག་རྡོར་ཐུགས་མཆོག་རིག་འཛིན་ལྷ་ཡི་ཚོགས༔ སོགས། བདག་མདུན་བར་དུ་སྔགས་འཁོར་སྤྱི་ལྟར་བྱ༔ རྗེས་ནི་གཞུང་ལྟར་རོ༔ ༈ ཕྱག་རྡོར་ཐུགས་ཀྱི་སྒྲུབ་པའི་འཛབ་དགོངས་ནི༔ བདག་མདུན་གྱི་ཕུར་པ་སོ་སོར་ཕྱག་རྡོར་དུ་གསལ་བའི་ཐུགས་ཀར་ཡི་གེ་རཾ་ཞུ་བ་ལས་མེའི་དཀྱིལ་འཁོར་གདན་ཐབས༔ ངོ་བོ་མེ་ལ་རྣམ་པ་ཉི་མའི་དཀྱིལ་འཁོར་འདྲ་བ༔ དེའི་སྟེང་གི་དབུས་སུ་ཧཱུྃ་མཐིང་ནག་འགྲེང་ཐབས་སུ་གནས་པ༔ མཐར་སྔགས་ཕྲེང་ཡིག་ངོ་ཕྱིར་བསྟན་པ་གཡོན་དུ་བཀོད་ནས་དལ་བུས་


CMR010_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགཡས་སུ་འཁོར་བ༔ དེའང་ཇེ་མགྱོགས་སུ་འཁོར་ཏེ༔ དེ་ལས་འོད་ཁ་དོག་ལྔ་ལྡན་རྨ་བྱའི་སྒྲོ་ལྟ་བུ༔ དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས༔ སྟེང་ཕྱོགས་འོག་མིན་ལྕང་ལོ་ཅན་དང་༔ རི་རབ་བྱང་ཕྱོགས་ལྕང་ལོ་ཅན་བྱེ་བ་ཕྲག་བརྒྱ་ནས༔ ཕྱག་ན་རྡོ་རྗེ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་ལྟར་བྱོན་ནས༔ བདག་མདུན་ལ་སིབ་སིབ་ཐིམ་པར་སྒོམ་པ་བསྙེན་པའོ༔ ༈ བདག་གི་ཐུགས་ཀར་སྔགས་ཕྲེང་འཁོར་བ་ཡི༔ འོད་ཟེར་སྔགས་ཕྲེང་གི་རྣམ་པར་ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་རྒྱུད་བསྐུལ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཚུར་བྱུང་རང་གི་ཐུགས་ཀར་ཐིམ༔ ཕར་མཆོད་པ་དང་ཚུར་དངོས་གྲུབ་ཀྱི་ཚུར་དུ་འཁོར་བ་སྒྲུབ་པའོ༔ ༈ སླར་ཡང་སྔགས་འཁོར་བཞིན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ སངས་རྒྱས་ཐམས་ཅད་མཆོད་པས་མཉེས་ནས་བྱིན་རླབས་རང་ལ་ཐིམ༔ སེམས་ཅན་ཐམས་ཅད་ལ་འོད་དེས་ཕོག་པས་སྡིག་སྒྲིབ་དག་ནས་ཕྱག་རྡོར་གྱི་སྐུར་གྱུར༔ ཀུན་ཀྱང་རང་གི་རམ་བུ་བཀྱག་སྟེ་སྔགས་སྒྲ་དི་རི་རི་སྒྲོག་པ་སྒྲུབ་པ་ཆེན་པོའོ༔ ཡང་རང་གི་ཐུགས་ཀ་ནས་མེ་དཔུང་དང་ཁྲོ་བོ་དཔག་མེད་འཕྲོས༔ གནོད་


CMR010_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཐམས་ཅད་མེ་དཔུང་གིས་བསྲེགས༔ ཁྲོ་བོ་རྣམས་ཀྱིས་བརྡུང་ཞིང་དེད་ནས་ནམ་མཁའི་མཐར་བསྐྲད༔ དེ་ནི་ལས་སྦྱོར་དམིགས་པ་སྟེ་དམིགས་པ་བཞི་རེས་མོས་སམ་ཐུན་རེ་ལའང་རྫོགས་པར་བྱའོ༔ རཱ་ག་ཨ་སྱས་བསྒྲིགས་པ་དགེའོ༔ མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་རྡོ་རྗེའི་ཐོག་འབེབས་ཀྱི་འདོན་འགྲིགས།next