Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
མཁའ་འགྲོའི་གསང་སྒྲུབ་སྙིང་པོའི་ཡང་ཞུན་གྱི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོའི་གསང་སྒྲུབ་སྙིང་པོའི་ཡང་ཞུན་གྱི་འདོན་འགྲིགས།next

མཁའ་འགྲོའི་གསང་སྒྲུབ་སྙིང་པོའི་ཡང་ཞུན་གྱི་འདོན་འགྲིགས།


CMR010_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་གསང་སྒྲུབ་སྙིང་པོའི་ཡང་ཞུན་གྱི་འདོན་འགྲིགས་བཞུགས་སོ༔


CMR010_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་ནི་གཞུང་ལྟར་ལས༔ དྲག་པོའི་ལས་བྱང་གཞུང་ལྟར་འདོན་ལ་བསྙེན་པ་ཅུང་ཟད་ཅིག་བྱ༔ དེའི་རྗེས་སུ་ནི༔ རང་སྟོང་པར་གྱུར་པའི་ངང་ལས༔ འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་ཨེ་ལས་ཆོས་འབྱུང་དམར་པོའི་དབུས་སུ༔ ཐཾ་དང་ཉི་ཟླ་པདྨའི་སྟེང་དུ༔ བཻ་དམར་པོ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་རྣལ་འབྱོར་མ་དམར་མོ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྐྲ་གྲོལ་བ༔ ཐོད་སྐམ་ལྔས་དབུར་བརྒྱན་པ༔ རྒྱན་དྲུག་གིས་སྤྲས་པ༔ གཡས་གྲི་གུག་གཡོན་ཐོད་ཁྲག་ཁཊཾ་རྩེ་གསུམ་མཆན་ཁུང་དུ་བཅུག་པ༔


CMR010_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡས་བསྐུམ་གཡོན་བརྐྱངས་པས་བམ་རོའི་སྙིང་གར་མནན་པ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན༔ ཕག་ཞལ་གཡས་ནས་ལྟ་བ༔ ངུར་སྒྲ་འབྱིན་པ༔ བདེ་བའི་ཉམས་དང་ལྡན་པའི་ངང་ལ་བཞུགས་པར་གྱུར༔ དེའི་ལྟེ་བར་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ༔ པདྨ་འདབ་བཞིའི་དབུས་སུ་པད་ཉི་རོའི་གདན་ལ་ཕག་མོ་མཐིང་ནག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ༔ གཡས་བསྐུམ་པ་གཡོན་བརྐྱང་བ་གར་ཐབས་ཀྱི་རོའི་སྙིང་གར་མནན་པ༔ གཅེར་བུ་རུས་པའི་རྒྱན་དྲུག་ཅན་ཁཊཾ་མཆན་ཁུང་དུ་བཅུག་པ༔ སྤྱི་བོར་ཕག་སྐད་ངུར་བ་ཅིག་གསལ་བར་


CMR010_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར༔ དེའི་མདུན་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ་གཙོ་མོ་དང་ཆ་ལུགས་མཐུན་པ༔ གཡས་སུ་རིན་ཆེན་མཁའ་འགྲོ༔ རྒྱབ་ཏུ་པདྨ་མཁའ་འགྲོ༔ གཡོན་དུ་ལས་ཀྱི་མཁའ་འགྲོ༔ དེ་རྣམས་གྲི་གུག་ཐོད་ཁྲག་བསྣམས་པ༔ གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོའི་གདན་ལ་གར་ཐབས་སུ་བཞུགས་པ༔ ཁཊཾ་མཆན་དུ་བཅུག་པ་ཁོ་ནའོ༔ ཆ་ལུགས་གཙོ་མོ་དང་མཐུན་པ༔ རང་རང་གི་ཐུགས་ཀར་གཙོ་མོ་ལ་མ༔ རྡོ་རྗེ་ལ་རིན་ཆེན་ལ་རི༔ པདྨ་ལ་ནི༔ ཀརྨ་མཁའ་འགྲོ་ལ་ས་གནས་པར་གྱུར༔ དེ་ཐམས་ཅད་ཀྱང་བདེ་བའི་ཉམས་དང་ལྡན་པ༔ གར་ཐབས་ལིང་ལིང་ཡོད་པར་བྷེ༔ ༈ དེ་ནས་མདུན་དུ་ཆོས་འབྱུང་གྱི་དབུས་སུ་རྡོ་རྗེ་ཕག་མོ་མཐིང་ནག་བདག་གི་སྤྲུལ་པའི་ངོ་བོར་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ༔ གཡས་བསྐུམ་གཡོན་བརྐྱང་བ་གར་ཐབས་ཀྱིས་རོའི་སྙིང་གར་མནན་པ༔ གཅེར་བུ་རུས་པའི་རྒྱན་ཅན་ཁཊཾ་མཆན་དུ་བཅུག་པ༔ སྤྱི་བོར་ཕག་སྐད་ངུར་བ་ཞིག་གསལ་བར་གྱུར༔ པད་འདབ་བཞི་ལ་ཤར་དུ་རྡོ་རྗེ་ལྷོ་རིན་ཆེན་ནུབ་ཏུ་པདྨ་བྱང་དུ་ལས་ཀྱི་ཌཱཀྐི་མ་རྣམས་གྲི་གུག་དང་ཐོད་ཁྲག་འཛིན་པ༔ གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོའི་གདན་ལ་གར་


CMR010_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་བཞུགས་པ༔ ཁཊ་མཆན་དུ་བཅུག་པ་ཁོ་ནའོ༔ ཕྱག་རྒྱ་དང་ཆ་ལུགས་གར་ཐབས་སུ་ལིང་ལིང་ཡོད་པར་གྱུར༔ རང་རང་གི་ཐུགས་ཀར་ཡིག་འབྲུ་རྣམས་གསལ་བར་གྱུར༔ མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་ནས་སྔགས་ཀྱི་སྒྲ་དང་ཕག་སྐད་ངུར་བའི་ངང་ནས༔ ཛཕེ་ཞེས་པའི་སྒྲ་འབྱུང་བ་ལས༔ རང་རང་གི་གནས་གསུམ་ལས་འོད་ཟེར་བྱུང་བས་འོག་མིན་ནས་ཡེ་ཤེས་པ་རྣམས་མངོན་སུམ་དུ་སྤྱན་དྲངས༔ རང་གི་བསྐྱེད་པའི་འཁོར་ལོ་དང་དཀྱིལ་འཁོར་གྱི་ལྷ་གཉིས་ལ་དབྱེར་མེད་དུ་ཐིམ༔ ༈ ཧཱུྃ༔ བདེ་ཆེན་གསང་བའི་གནས་མཆོག་ནས༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་སྡེ་བཞི་གཤེགས་སུ་གསོལ༔ རང་བཞིན་གཞལ་ཡས་སོགས། བཛྲ་ཝཱ་རཱ་ཧྲཱིཿ ཌཱཀྐི་སོགས། བྷ་ར་ཧི་ཊཀྐི་ནཱི་ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དུར་ཁྲོད་ཆེན་པོ་མེ་ཀློང་འབར་བའི་དབུས༔ གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཁྲོ་མོ་དྲེགས་འཇོམས་ཕག་མོའི་ལྷ་ཚོགས་རྣམས༔ སོགས། ཧཱུྃ༔ རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སོགས་མཆོད་པ་གཞུང་ལྟར་རོ༔ བསྟོད་པ་ནི་རྣམ་རྒྱལ་འབར་བའི་


CMR010_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོའི་བསྟོད་པ་དེ་བྱའོ༔ ཧཱུྃ༔ རྡོ་རྗེ་ཕག་མོ་རིག་འཛིན་ལྷ་ཡི་ཚོགས༔ སོགས་ཀྱིས་བཤགས༔ དམིགས་པ་དང་རྗེས་རྣམས་གཞུང་ལྟར་རོ༔ ༈ མཁའ་འགྲོ་སྒྲུབ་པའི་འཛབ་དགོངས་གསལ་བྱེད་བཞུགས་སོ༔ གུ་རུ་དྲག་པོའི་མཁའ་འགྲོ་གསང་སྒྲུབ་འདོན་འགྲིགས་ལྟར་ལ༔ བདག་མདུན་རྣམས་ཀྱི་རྩ་དབུ་མ་ཡང་གསལ་བཏབ་སྟེ༔ བདག་གི་ལྟེ་བའི་མཁའ་འགྲོ་སྡེ་ལྔའི་ཡིག་འབྲུ་རྣམས་ཀྱི་འོད་ལས་གྲུབ་པའི་སྔགས་ཕྲེང་རང་གི་རྩ་དབུ་མ་བརྒྱུད་ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ རྩ་དབུ་མ་བརྒྱུད་ལྟེ་བ་ནས་ཚུར་བྱུང་རང་གི་ལྟེ་བར་ཞུགས༔ ལྷ་ལྔ་ལ་ཐིམ༔ དེ་ལྟར་རྒྱུན་མ་ཆད་ཅིང་འཁོར་བར་བསྒོམ་ཞིང་སྔགས་ཡིད་ཀྱིས་བཟླ་ཞིང་རླུང་བཟུང་བ་བསྙེན་པ༔ བཟླ་སྐབས་སྔགས་ཕྲེང་གཡས་སུ་འཁོར་བའི་སྐབས༔ བདག་མདུན་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་སྒྲ་དི་རི་རི་སྒོག་པ་དང་༔ ཕྱི་སྣོད་ཀྱི་འཇིག་རྟེན་ཨུ་རྒྱན་དག་པའི་ཞིང་ཁམས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མཁའ་འགྲོ་མ་རུ་གྱུར་ནས་སྔགས་སྒྲ་དི་རི་རི་བུང་བ་ཚང་ཞིག་པ་ལྟར་བཟླ་བར་བྷེ༔ རླུང་བཟུང་ཞིང་སྔགས་ཡིད་བཟླས་བྱེད་པ་སྒྲུབ་པ༔ དེ་ལྟར་ཞག་ཉེར་གཅིག་ལ་


CMR010_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་བསྙེན་པ་ཞག་བདུན༔ སྒྲུབ་པ་ཞག་བདུན་གཉིས་ཡིན་ལ༔ ཞག་བདུན་ལས་མི་བྱེད་ན་བསྙེན་པ་ཞག་གསུམ་སྒྲུབ་པ་ཞག་བཞི་ཡིན་ལ༔ དེ་ནས་ཚོགས་ཆད་མདོ་སོགས་དང་༔ མདུན་བསྐྱེད་རྣམས་སྒྲུབ་རྟེན་སྦ་ལྕག་སོགས་ལ་བསྟིམ༔ བདག་བསྐྱེད་སྟོང་པར་བསྡུས་ཏེ་མཐའ་ནས་དབུས་སུ་ཡལ༔ མི་དམིགས་སྟོང་པར་བཞགོ༔ ཡང་དགོས་དུས་སུ་རང་ཉིད་མཁའ་འགྲོའི་ང་རྒྱལ་བསྐྱེད་སྦ་ལྕག་མདུན་བསྐྱེད་མཁའ་འགྲོ་ལྔར་བསྐྱེད༔ དེ་ལས་འོད་ཟེར་གློག་ཞགས་ལྟར་ཕྱོགས་བཅུར་འཕྲོས༔ ལྷ་འདྲེ་མི་གསུམ་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་རང་དབང་མེད་པར་རང་གི་དབང་དུ་འདུས་པར་དམིགས་ཤིང་མཁའ་འགྲོའི་རྩ་སྔགས་མཇུག་ཏུ་བསེ་ལམ་མཁའ་འགྲོའི་སྔགས་ཞལ་ཤེས་ལྟར་བཟླས་པས་དབང་སྡུད་ཀྱི་མཆོག་ཏུ་འགྱུར་རོ༔ རང་དྲན་རྫོགས་ཕག་མོར་བསྐྱེད༔ མདུན་མེའམ་ཐབ་ཀྱི་ནང་དུ་དྲན་རྫོགས་སུ་བསྐྱེད༔ རྩ་སྔགས་མཇུག་ཏུ༔ བཱ་སུ་ན་ན་ཁ་དྷེ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཕྱེ་མར་དང་ཟས་སྣ་བརྒྱ་རྩ་བསྲེགས༔ མཐར་མདུན་བསྐྱེད་རང་ལ་བསྟིམ༔ རང་མི་དམིགས་པར་བྱ༔ དེ་ལྟར་མང་དུ་བྱས་ན་འཕྲལ་དུ་སྒྲུབ་རྒྱུགས་ཀྱིས་མི་ཕོངས་བར་འགྱུར་བ་


CMR010_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་རོ༔ མཁའ་འགྲོའི་གསང་སྒྲུབ་དམིགས་རིམ་༧ རཱ་ག་ཨ་སྱས་བསྒྲིགས་པའོ༔ མངྒ་ལཾ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རྭ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཁའ་འགྲོའི་གསང་སྒྲུབ་སྙིང་པོའི་ཡང་ཞུན་གྱི་འདོན་འགྲིགས།next