Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
ཐུགས་སྒྲུབ་དྲག་པོའི་ལས་བྱང་ལས་ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་དྲག་པོའི་ལས་བྱང་ལས་ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པའི་འདོན་འགྲིགས།next

ཐུགས་སྒྲུབ་དྲག་པོའི་ལས་བྱང་ལས་ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པའི་འདོན་འགྲིགས།


CMR010_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་དྲག་པོའི་ལས་བྱང་ལས་ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པའི་འདོན་འགྲིགས་བཞུགས་སོ།།


CMR010_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་སྒྲུབ་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ དེ་ཡི་ཕྲིན་ལས་སྤྲུལ་པའི་ལྷ༔ ཁྱུང་ནག་ཡོན་ཏན་སྒྲུབ་པ་བསྟན༔ དེ་ཡང་སྒྲུབ་པ་བྱེད་ན་སྟ་གོན་གཞུང་ལྟར་ལས་བདག་མདུན་དུས་གཅིག་བསྒོམ༔ རྒྱུན་བསྙེན་བྱེད་ན་ཕུར་པ་མི་དགོས་བདག་བསྐྱེད་རྐྱང་པ་བྱ་སྟེ༔ ལས་བྱང་ཏིང་འཛིན་རྣམ་གསུམ་བར་འདོན༔ ཞེས་དང་༔ ཞེས་དང་༔ སོགས་ཚིག་བསྒྱུར་འོས་བསྒྱུར༔ གཞལ་ཡས་ཁང་བསྐྱེད་མི་འདོན་པར༔


CMR010_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ཀྱི་སྟེང་དུ་པདྨའི་སྡོང་པོའི་སྟེང་དུ༔ ཉི་ཟླའི་གདན་གྱི་སྟེང་དུ༔ ཁྲོ་ལས་ལྕགས་ཀྱི་སྒོ་ངའི་ནང་དུ་ཁྲོ་འོད་ཟེར་འབར་བ་གཅིག་གསལ༔ འོད་ཟེར་འཕྲོས་རྒྱལ་བ་མཆོད༔ སྡིག་སྒྲིབ་སྦྱངས༔ ཁྲོ་རྒྱལ་ཐམས་ཅད་མཐུ་ནུས་པ་བསྡུས༔ ཡོངས་སུ་གྱུར་པ་ལས་བདག་ཉིད་ས་བདག་ཀླུའི་གཉེན་པོ༔ རྒྱལ་བ་ཐམས་ཅད་ཀྱི་མཐུ་ནུས་པ་ལས་གྲུབ་པའི་བྱ་ཁྱུང་རྒྱལ་པོ༔ ཁྲོ་ཆུའི་ལུས་པོ་གནམ་ལྕགས་ཀྱི་མཚུ༔ མེའི་གཤོག་པ་ཡོད་པ༔ གཤོག་པ་གཡས་པས་ཉི་ཟླ་ཀློག་པར་འཕེན་པ༔ གཤོག་པ་གཡོན་པས་ས་གཞི་འདར་ལ་གནོན་པ༔ སྤུ་སྤྲུགས་པས་ཐོག་


CMR010_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གྱི་ཆར་འབེབས་པ༔ གསེར་གྱི་མིག་ལས་འོད་འཕྲོ་བ༔ ཟངས་ཀྱི་རྭ་ལས་མེ་འབར་བ༔ ལྕགས་ཀྱི་མཆུ་ལ་རྐན་སྒྲ་རྡེབ་པ༔ རྡོ་རྗེའི་སྡེར་མོ་དང་དུང་གི་སོ༔ ཁ་ནས་མེ་འབར་བ༔ མིག་ནས་གློག་འགྱུ་བ༔ སྤྱི་གསེབས་ནས་མཚོན་ཆའི་ཆར་དུ་འབེབས་པ་དབུ་ལ་རིན་པོ་ཆེས་བརྒྱན་པ༔ སྐུ་དང་ཡན་ལག་ལ་སྦྲུལ་གྱིས་བརྒྱན་པའོ༔ ཕྱག་གཉིས་ཀྱིས་སྦྲུལ་རིགས་ལྔའི་ཆུན་པོར་དྲིལ་བའི་མགོ་ནས་ཟ་བ༔ མཇུག་མ་ཞབས་ལ་དཀྲིས་པ་གཅིག་ཏུ་གྱུར། དབུས་སུ་ཁྲོ་ནག་པོ་གཅིག་ཏུ་གསལ༔ ཁྲོ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པའི་བྱ་ཁྱུང་ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྱན་དྲངས་ལ་ཐིམ༔ ཧཱུྃ༔ རི་རབ་ཆེན་པོ་རི་ཡི་རྩེ་མོ་ནས༔ དཔག་བསམ་རྒྱས་པ་ཤིང་གི་སྡོང་པོ་ནས༔ འཇིགས་བྱེད་སྲིད་པའི་བྱ་ཁྱུང་ཁྲོ་བོའི་རྒྱལ༔ བདག་གིས་དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དཔལ་ཆེན་བཅོམ་ལྡན་འདས༔ གང་འདུལ་ཐབས་ཀྱིས་བྱ་ཁྱུང་སྐུ་རུ་སྤྲུལ༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ ཐབས་དང་ཤེས་རབ་གཉིས་མེད་ཡུམ་དང་སྦྱོར༔ གནམ་ལྕགས་ངར་མའི་མཆུ་སྡེར་ཕྱུར་བ་ཡིས༔ ས་


CMR010_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལྷ་ཀླུ་འདར་ཞིང་འཇིགས་པར་བྱེད༔ ཁྲོ་ཆུའི་རྭ་ལས་བསྐལ་པའི་མེ་ཆེན་འབར༔ གཤོག་པ་གསེར་གྱི་རལ་གྲི་མེ་དཔུང་འབར༔ སྣང་སྲིད་མ་ལུས་ཟིལ་གྱིས་གནོན་པར་བྱེད༔ མཇུག་མ་གཡུ་ཡི་མཚོན་ཆ་རལ་གྲི་ཁ༔ འཁོར་ལོ་རིན་ཆེན་འབར་བས་དབུ་ལ་བརྒྱན༔ རྣལ་འབྱོར་བདག་གིས་བྱ་ཁྱུང་བོས་པའི་ཚེ༔ སྔོན་གྱི་ཐུགས་དམ་ལས་ལ་མངག་པ་ཡི༔ སྤྱན་ནས་ཁྲག་གི་རྦ་རླབས་ཀྱི་ལི་ལི༔ ཁྱུང་སྐད་ཏང་ཏང་ཀླུ་རྣམས་སྲོག་རྩ་འདར༔ གཤོག་པ་གཡས་པས་ཉི་ཟླ་ལྐོག་པར་འཕེན༔ གཤོག་པ་གཡོན་པས་ས་གཞི་གདར་ཤ་གཅོད༔ ལྕགས་སྡེར་བསྐྲད་པས་ཚངས་པའི་ཡུལ་ས་གནོན༔ གཤོག་པ་བརྡབས་པས་གཟའ་ཀླུ་དབང་དུ་སྡུད༔ སྤུ་གྲིའི་མཆེ་གཙིགས་གནམ་ལྕགས་ངར་མའི་མཆུ༔ ཀླུ་ཆེན་བརྒྱད་པོ་འདར་ཞིང་བྲན་ལ་འཁོལ༔ བྱ་ཁྱུང་རྒྱལ་པོ་གཡབ་བོ་སྤྱན་མ་རྟུལ༔ བྱ་ཁྱུང་རྒྱལ་པོ་བརྟེན་ནོ་རྒྱང་མ་རིང་༔ བྱ་ཁྱུང་རྒྱལ་པོ་སྒྲུབ་བོ་མཐུ་མ་ཆུང་༔ བྱ་ཁྱུང་རྒྱལ་པོ་བསྐུལ་ལོ་སྙན་མ་རིང་༔ ཀླུ་རྒྱལ་ཆར་འབེབས་ཕྲིན་ལས་བསྒྲུབ་པའི་ཕྱིར༔ ཐུགས་དམ་མ་གཡེལ་གནས་འདིར་གཤེགས་སུ་གསོལ༔ ཁྲོ་བཛྲ་གྷ་རུ་ཊ་ས་མ་ཡ་ཛ་ཛ༔ཧཱུྃ་བཾ་ཧོ༔ ལྷ་


CMR010_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས༔ སོགས༔ མེ་ཏོག་སོགས༴ ལྷ་ཚོགས་ཀྱི༔ ཞལ་དུ་བསྟབ་སོགས། ཚིག་བསྒྱུར་འོས་བསྒྱུར་ནས་ཁྱུང་གི་གཏོར་མ་རྩ་སྔགས་ལ༔ བཏགས་པ་གསུམ་གྱིས་ཕུལ་ལ༔ ཞེས་སོགས་རྣམ་རྒྱལ་འབར་བའི་ཁྱུང་བསྟོད་འདོན༔ སྒྲུབ་པ་ཡིན་ན་རྗེས་རྣམས་གཞུང་ལྟར་དང་༔ རྒྱུན་བསྙེན་ཡིན་ན་ཞག་རེ་མ་ཐ་ན་ཡང་དེ་ལྟར་ལས་བྱང་དེ༔ རབ་ཉིན་དང་མཚན་གཉིས་ལ་འདོན༔ བར་མཚམས་ཐམས་ཅད་དུ་ཏིང་ངེ་འཛིན་དང་མ་བྲལ་བར་བསྙེན་པ་བྱ་སྟེ༔ སུམ་འབུམ་ཡན་ཆད་གཞུང་གི་རྟགས་དང་བསྟུན་ཏེ༔ ལར་གྲངས་ལས་རྟགས་གཙོ་ཆེ་བ་ཡིན་ནོ༔ རྟགས་ཐོན་ཆར་འབེབས་ཀླུ་འདུལ་སོགས་གཞུང་ལྟར་དང་སེར་བ་སྲུང་བ་སོགས་ཐུབ་པར་ངེས་སོ༔ རཱ་ག་ཨ་སྱས་བསྒྲིགས་པ་སྟེ་འགྲོ་བ་མང་པོ་ལ་ཕན་པར་གྱུར༔ དར་རྒྱས་འཕེལ༔ ཆགས་མེད་རིན་པོ་ཆེའི་ཕྱག་བྲིས་དངོས་ཀྱི་བུ་ཚེ་ཆོས་བླ་མ་པདྨའི་ཕྱག་བྲིས་ལས་དག་པར་ཀརྨ་ཉི་མས་བཤུས༔ དེའི་བུ་འདི་ཀ་ལགས་ཤིང་དག་པར་ཡོད་དོ༔


CMR010_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ཁྱུང་ནག་ཡོན་ཏན་སྒྲུབ་པའི་འཛབ་དགོངས་བཞུགས༔ བདག་དང་མདུན་བསྐྱེད་ཕུར་པ་སོགས་ཁྱུང་དུ་བསྒོམ༔ འདོན་འགྲིགས་ལྟར་སྤྱན་འདྲེན་མཆོད་བསྟོད་ཚར་རྗེས༔ བདག་མདུན་གྱི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གདན་ཐབས་ཀྱི་སྟེང་དུ་༔ ཁྲོ་ནག་པོའི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ༔ དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ རི་རབ་བྱེ་བ་ཕྲག་བརྒྱའི་རྩེ་དཔག་བསམ་ཤིང་བྱེ་བ་ཕྲག་བརྒྱའི་རྩེར་བཞུགས་པའི་ཡེ་ཤེས་བྱ་ཁྱུང་ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་བྱ་ཁྱུང་དཔག་ཏུ་མེད་པ་ཁ་བ་བུ་ཡུག་ལྟར་ཆི་ལི་ལི་བྱོན་ནས་བདག་མདུན་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་བཟླ་བ་བསྙེན་པའོ༔ ༈ དེ་ནས་སྔགས་ཕྲེང་འཁོར་བཞིན་པ་ལས༔ བདག་གི་ཐུགས་ཀ་ནས་སྔགས་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་འཕྲོས་ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་ཀ་ནས་ལྟེ་བ་ནས་ཚུར་བྱུང་རང་གི་ལྟེ་བ་ནས་ཐུགས་ཀར་ཐིམ༔ དེ་ལྟར་ཀྱི་ལི་ལི་འཁོར་བ་ལས༔ འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ ཕྱོགས་བཅུའི་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་ཐམས་ཅད་མཆོད༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་ཁྱུང་གི་སྐུ་


CMR010_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྔགས་ཕྲེང་དང་ཁྲོ་ཡིག་མཐིང་ནག་དཔག་ཏུ་མེད་པ་ཆར་བཞིན་བབས་ནས་བདག་མདུན་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་བཟླ་བ་ནི་བསྙེན་པ་ཡིན༔ གྲངས་ལ་སུམ་འབུམ་གསུངས་ཀྱང་ཞག་བདུན་ཀྱང་སྒྲུབ་པས་འཐུས་ཏེ་རྟགས་གཙོ་ཆེ༔ རང་ལ་ནད་སོགས་གནོད་པ་མེད་ན་ལས་སྦྱོར་མ་བྱས་ཀྱང་ཆོག༔ ལས་སྦྱོར་ནི་གཞུང་གི་སྔགས་ཤམ་དུ་སྔགས་འོག་མ་བཏགས་ལ་བཟླ༔ སྤྲུལ་པའི་ཁྱུང་ནག་གིས་ནམ་མཁའ་བར་སྣང་གང་སྟེ་གཤོག་གསེབ་ནས་བྱེ་ཚན་གྱིས་ཆར་འབེབས་ཤིང་མེའི་གཤོག་པ་བརྡབས་པས་ས་གཞི་བར་སྣང་མེས་གང་༔ སྣང་ཞིང་སྲིད་པའི་ནགས་ཚལ་ཐམས་ཅད་གང་སླར་ཡང་མེ་འབར༔ ས་གཞི་ཐམས་ཅད་མེར་འབར་ཏེ་ཀླུ་དང་ས་བདག་གཉན་ཐམས་ཅད་ཐུལ་ཏེ་གནོད་པ་བྱེད་རེ༔ ཅི་བཅོལ་བའི་ཕྲིན་ལས་མི་སྒྲུབ་རེ་ན་ར་ཀན༔ ཞེས་ལན་དགུར་ཁས་ལེན་པར་བསྒོམ༔ ཐུལ་རྟགས་བྱུང་ནས་དམིགས་པ་དང་སྔགས་རིང་སྐྱུར༔ ཚོགས་བསྐང་བ་ཆད་མདོ་སོགས་བྱ༔ བདག་མདུན་གྱི་ཁྱུང་ཡེ་ཤེས་པ་རྣམས་ཕུར་པ་འདི་ལ་བརྟན་པར་བཞུགས་སུ་གསོལ༔ དམ་ཚིག་པ་རྣམས་བདག་ལ་ཐིམ་ཞིང་༔ བདག་ཁྱུང་དུ་གསལ་བ་ཡང་སྟོང་པ་ཉིད་དུ་བསྒོམ༔ བཀྲ་ཤིས་བརྗོད།


CMR010_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ༔ ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་དྲག་པོའི་ལས་བྱང་ལས་ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པའི་འདོན་འགྲིགས།next