Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
སྡིག་པའི་ཁོལ་སྒྲུབ་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡིག་པའི་ཁོལ་སྒྲུབ་འདོན་འགྲིགས།next

སྡིག་པའི་ཁོལ་སྒྲུབ་འདོན་འགྲིགས།


CMR010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ཁོལ་སྒྲུབ་འདོན་འགྲིགས་བཞུགས་སོ༔


CMR010_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་ཀྲོ་དྷ་ཡེ༔ སྡིག་པའི་ཁོལ་སྒྲུབ་ཟིན་བྲིས་བྲི་བ་ལ༔ བཀའ་སྲུང་གཏེར་སྲུང་རྣམས་ཀྱིས་གནང་བ་བསྩལ་དུ་གསོལ་འདི་སྒྲུབ་པ་ལ་དང་པོ་གུར་དྲག་གི་བསྙེན་པ་ཐེམ་པ་རབ༔ གུ་རུ་ཞི་བའི་བསྙེན་པ་ཐེམ་པ་འབྲིང་༔ ཡི་དམ་གཞན་གྱི་བསྙེན་པ་ཐོན་ན་ཡང་རུང་ཙམ་ཡིན༔ དུས་ནི་རང་ངམ་གཞན་ལ་རྒྱལ་འགོང་གི་གནོད་པ་ཆེ་བའམ༔ ཁྱིམ་དུ་གདོན་ཆེན་ཞུགས་པའམ༔ སྨོན་པ་འདུལ་ན་བྱ༔ བདེ་རིམ་ལ་མི་རུང་༔ གཞུང་དུ་གཏོར་མ་ཆ་ལྔ་གསུངས་པའི༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གོང་གཏོར་ཡོད་པ་དེས་ཆོག༔ ལྕགས་སྡེར་ནང་དུ་གཏོར་མ་


CMR010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསུམ་ཆེ་བ་གཅིག་ལ་རྩང་བཙུགས་ཤ་ཁྲག་གིས་བརྒྱན༔ ཡོད་ན་མཚེ་དང་ཡུངས་ཀར་སྒང་བུ་བཙུགས༔ འདབ་ཀྱི་ལོགས་གསུམ་དུ་ཟན་ལིང་གསུམ་བཞག༔ དེའི་རྩེར་མདུན་བསྐྱེད་ཀྱི་རྟེན་དང་སྨད་ཆ་གདོན་བགེགས་ཀྱི་ཤ་ཁྲག་ཏུ་བསྒོམ༔ དེའི་གཡས་སུ་སྣོད་གཅིག་ཏུ་སྤུ་གྲི་མཆེད་གསུམ་ལ་དམར་གཏོར་སུམ་ཚོམ༔ གཡོན་དུ་སྨྱོ་ཁའི་དམར་གཏོར་སྦྲུལ་དཀྲིས་བྱ་ནག་བཙུགས་པ་ལ༔ ཡང་གཞི་བདག་དཀར་གཏོར་གཅིག་རྒྱུན་དུ་གསོ་རྒྱུ་ཟན་ལིང་དང་གཏོར་ཆུང་ཉི་ཤུ་རྩ་བརྒྱད་མཐེབ་སྐྱུ་མང་ཞིག་བཅ༢༔ ༈ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱས་རྗེས་གུར་དྲག་གི་


CMR010_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཚར་གཅིག་འདོན༔ རང་ཉིད་དྲག་པོའི་དབུ་གཙུག་བླ་མ་ཐོད་ཕྲེང་རྩལ་གྱི་གྲུ་མོར་གསེར་གྱི་ཌཱ་མ་རུ་ལས་ཧཱུྃ་གི་སྒྲ་བྱུང་བས་སྟོང་གསུམ་ཐམས་ཅད་ཧཱུྃ་སྒྲ་དི་རི་རི་གྲགས་པས་རྐྱེན་བྱས་རྔ་ཡབ་གླིང་ནས་གུ་རུ་དྲག་པོའི་ལྷ་ཚོགས་འུར་སྒྲ་ཆེམ་སྒྲ་དང་བཅས་ཏེ་ནམ་མཁའ་གང་བར་བྱོན༔ རང་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་སྔགས་ཐོད་ཕྲེང་རྩལ་བརྒྱ་ཙམ་འདོན༔ དེ་ནས་རང་ཉིད་གུ་རུ་དྲག་པོ་གོ་ཆའི་ལྷ་དང་བཅས་པ་གསལ་བཏབ༔ ཐུགས་དབུས་ཧཱུྃ་དམར་སྔགས་ཀྱིས་བསྐོར་བ་ལ་དམིགས་པ་གཏད་ལ་ཨ་ཙིག་ཕྲེང་སྐོར་གཅིག་བཟླ༔ དེ་ནས་དམར་གཏོར་ཚན་གསུམ་པོ་བྲན་ནས༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པ་དང་༔ བཅོམ་ལྡན་འདས་དབང་དྲག་པདྨའི་ལྷ་ཚོགས་རྣམས་ཀྱི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྒྱལ་འགོང་དམ་སྲི་ཐམས་ཅད་དྲག་པོ་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ སརྦ་ཏྲི་ཛཿཧཱུྃ་བཾ་ཧོ༔ གསུམ་མམ་བདུན༔ ངོ་བོ་གདོན་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ དེ་ནས་སྤུ་གྲི་སྨྱོ་ཁ་གཉིས་འདོན༔ དེ་ནས་གནམ་ཆོས་


CMR010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གཞི་བདག་དཀར་གཏོར་བསྔོས་ལ་མ་བསྔངས་མ་སྐག་བདག་གི་གྲོགས་གྱིས་ཤིག་བརྗོད༔ དེ་ནས་རང་གུ་དྲག་མཐའ་ནས་དབུས་སུ་ཡལ་ཏེ་སྟོང་པ་ཉིད་དུ་བསྒོམ༔ སྟོང་པའི་ངང་ལས་ཧཱུྃ་མཐིང་ནག་ཅེས་པ་ནས་ཧབ་ཧབ་ཟ་བར་བསྒོམ༔ ཞེས་པའི་བར་བརྗོད༔ རང་ཡི་དམ་ལྷ་དང་སྡིག་པ་གཉིས་སུ་མེད་པའི་ང་རྒྱལ་དང་ལྡན་པ༔ ཨོཾ་བཛྲ་ནས་རུ་རུ་བྷ་ཤ་ཧཱུྃ༔ ཞེས་པའི་བར་ཡིག་འབྲུ་བཅུ་བདུན་པ་དེ་ཕྲེང་སྐོར་ཙམ་བཟླ་བ་བདག་བསྐྱེད་དོ༔ དེ་ནས་མདུན་དུ་གནམ་ལྕགས་སྡིག་པ་མི་ཟད་པ་ཞེས་པ་ནས་བྷ་ལིང་ཏ་ཁཱ་ཧིའི་བར་གྱིས༔ གཞུང་གི་ཡི་དམ་ལྷ་དང་སྡིག་པ་གཉིས་སུ་མེད་པར་བསྒོམས་ནས༔ ཁྲག་ཡར་ལྷུད་ལྷུད་བྱུང་བར་བསམ་ཞེས་པའི་བར༔ དམིགས་པ་ཡིད་ཀྱིས་དྲག་ཏུ་བསྒོམ་ཞིང་༔ ཨོ་བཛྲ་ཛྷཱ་ན་ཞེས་པ་ནས་ཛཧཱུྃ་ཕཊ་ཀྱི་བར་སྔགས་རིང་སི་ལི་ལི་བཟླས༔ སྔགས་སྒྲ་ཧ་ཅང་ཆེ་བ་མ་ཡིན་པ་ཡིད་འདོན་འབྲུ་མི་གསལ་བ་མ་ཡིན་པར༔ ཐུན་མཚམས་སུ་སྤྲུལ་བའི་སྡིག་རྒོད་ཐམས་ཅད་ཧཱུྃ་དུ་གྱུར༔ ཧཱུྃ༔ ཐམས་ཅད་བདག་ལ་ཐིམ༔ བདག་འོད་དུ་ཞུ་ཧཱུྃ་ལ་ཐིམ༔ ཧཱུྃ་གྱེན་རྫོགས་སུ་སྟོང་པར་ཡལ་ནས་ངོ་བོ་སྐྱོང་༔ ཐུན་མཚམས་སུ་གཞན་ཐམས་ཅད་གང་


CMR010_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་བྱ༔ གུ་དྲག་སྤུ་གྲི་སྨྱོ་ཁ་དཀར་གཏོར་སོགས་ཉིན་རེ་རེ་རེས་ཆོག༔ སླར་ཡང་སྡིག་པའི་བདག་མདུན་བསྙེན་པ་བསྐུལ་སོགས་སྔོན་ལྟར་བྱ༔ དེ་ལྟར་ཞོགས་པ་སྔ་དྲོ་ཉིན་གུང་དགོང་ཁ་ཐུན་བཞིའམ་སྲོད་ཐུན་དང་ལྔ་མཚན་མོ་གཏོར་བསྔོས་གྲ་ལ་སྡིག་པའི་ཁཱ་ཧི་སྦྱར་བ་ཐུན་དྲུག་ཡིན་ཏེ༔ གུ་དྲག་ལས་བྱང་བློ་ལ་ཡོད་ན་མཚན་མོ་ཚར་གཅིག་འདོན་ན་ཤིན་ཏུ་ལེགས༔ དེ་སྟོང་པར་བསྡུས་ལ་སྡིག་པའི་མངོན་རྟོགས་མི་དགོས༔ བསྐུལ་མི་དགོས་དམིགས་པ་བསྒོམ་ཞིང་མ་གཉིད་བར་དུ་སྔགས་བཟླ༔ དམིགས་པ་མི་བསྡུ་བོར་ཉལ་བས་རྟགས་འབྱུང་སྟེ༔ ལྡེར་སོ་ལྷ་ཁང་མཆོད་རྟེན་དཔེ་རུལ་མཆོད་ཆ་ངན་ངོན་གྱི་རིགས་བཅག་པ་བཤིགས་པ་མེར་བསྲེག་པ་ཆུར་བསྐུར་བ༔ རྟ་དཀར་བྱ་དཀར་ཁྱི་དཀར་ར་དཀར་ཁྱི་རྒྱ་སྤྲེའུ་བྱི་བ་བྱི་ལ་རྣམས་བརྡུང་བ་བཅོམ་པ་བསད་པ༔ བཀྱིག་པ་ཁ་བཅིང་པ་དོང་དུ་མནན་པ་བྱིས་པ་གཅེར་བུ་བཙུན་པ་ཆས་བཟང་ངམ་རོད་ངན་མི་རང་གོས་སྐྱ་ཅན་དུ་བ་ཕྱག་འཚལ་བ་ཁས་ལེན་དམ་བཅའ་སྲོག་སྙིང་འབུལ་བ་གཟུགས་མ་མཐོང་ཡང་རྣ་བའི་ཡུལ་ནས་ད་ཕྱིན་ཆད་གནོད་རེ་ན་ར་ཀན་ཟེར་བས་དེ་དག་བརྡུང་བ་མནན་པ་བསད་སོགས་རྨིས་ན་དེ་ནས་མི་འདོན་ཚོད་བཟུང་༔


CMR010_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་ཚད་ནི་ཞག་གསུམ་ཡིན༔ རྟགས་ཆལ་ཆོལ་བྱུང་ན་ཞག་ལྔའམ་བདུན་ལས་མང་བར་བྱ༔ རྟགས་མ་བྱུང་ན་མང་ཡང་རུང་སྟེ་བྲོས་པའི་རྟགས་ཡིན་ཏེ་མ་ཐུལ་བ་ཡང་མ་ཡིན་པས་ཕན་མི་ཐོགས་པའི་ངེས་པ་མི་སྣང་༔ གྲོལ་ཁ་གུ་དྲག་གི་ཚོགས་བསྐང་བ་ཆད་མདོ་ཐོན་ན་ལེགས༔ མ་ཐོན་ཀྱང་ཆོག་བཀའ་སྲུང་གཉིས་ཀྱི་གཏོར་མ་ཕྱོགས་གཙང་སའམ་རང་གི་ལོ་བདུད་ཕྱོགས་སུ་འབུལ༔ སྡིག་པའི་གཏོར་མ་གནས་རྣམས་སུ་བཞག་སྟེ༔ ཀཱ་ཡ་སིདྡྷི་སོགས། མདུན་བསྐྱེད་དང་སྤྲུལ་པའི་སྡིག་པ་རྣམས་འོད་དུ་ཞུ་ནས་བདག་ལ་ཐིམ༔ བདག་ནི་མཐུ་སྟོབས་ནུས་པ་དང་ལྡན་པར་གྱུར༔ བདག་མི་དམིགས་སྟོང་པར་བསྒོམ༔ གཏོར་མ་དེ་སྲོག་རླུང་ཅན་ལ་གཏོར་བདུག་མཆོག་ཡིན༔ སྲོག་རླུང་ཅན་ལ་བཀའ་བསྒོ་དྲག་པོ་དུས༔ རང་དྲན་རྫོགས་སུ་ལྕགས་སྡིག་ཏུ་བསྒོམ༔ སྤྲུལ་པའི་ལྕགས་སྡིག་ཁོའི་ལུས་ལ་རྩུབ་ཅིང་ཟ་བར་བསྒོམ་སྟེ་སྔགས་དྲག་ཏུ་བརྗོད་ཅིང་ཕྲེང་ལྕག་རྒྱབ་པས་འཕྲལ་དུ་ཐུལ༔ སྨྱོ་རྒོད་དང་ཁྱིམ་དུ་གདོན་ཆེན་ཞུགས་པ་ལ་གོང་ལྟར་ལ་མཚམས་བསྡམས་ལ་ཞག་གསུམ་བསྒྲུབ༔ སྔགས་ཆུ་སྔགས་མར་སྲུང་སྐུད་བྱ༔ ཤིན་ཏུ་ཟབ་པ་ལན་མང་མྱོང་བས་


CMR010_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ༔ ཅེས་རཱ་ག་ཨ་སྱས་བྲིས་པ་དགེ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རྭགས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྡིག་པའི་ཁོལ་སྒྲུབ་འདོན་འགྲིགས།next