Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
སྡིག་པའི་སྦྲུལ་ཆིངས་ཀྱི་མན་ངག་བཞུགས་པའི་དབུ་ཕྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡིག་པའི་སྦྲུལ་ཆིངས་ཀྱི་མན་ངག་བཞུགས་པའི་དབུ་ཕྱོགས།next

སྡིག་པའི་སྦྲུལ་ཆིངས་ཀྱི་མན་ངག་བཞུགས་པའི་དབུ་ཕྱོགས།


CMR010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་སྦྲུལ་ཆིངས་ཀྱི་མན་ངག་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཡི་གེ་ཀཾ་ནག་པོ་ཡོངས་སུ་གྱུར་པ་ལས། ལྕགས་ཀྱི་ཁ་སྒྲོམ་གྲུ་གསུམ་པ་ཁ་རུབ་པ། གཏིང་ཟབ་པ། ཕྱི་ན་གས་པོ་མེད་པ། ནང་ན་སྲུབ་མེད་པ། བདུད་ཀྱི་བཤའ་ར། གཤིན་རྗེའི་འདུ་ས། ཐར་མེད་ཀྱི་བཙོན་དོང་ནག་པོ། དམྱལ་བ་ན་རིགས་རྒྱུ་རབ་ཏུ་ཁོལ་བ། ཕྱི་ན་ཞེ་སྡང་གི་མེ་འབར་བ། ནང་ན་ཕྲག་དོག་གི་རླུང་འཚུབ་པ། བར་ན་གཏི་མུག་གི་མུན་པ་འཐིབ་པ། ནད་ཀྱི་ན་བུན་འཐུལ་བ། །གདོན་གྱི་བུ་ཡུག་འཚུབ་པ། མཚོན་ཆའི་ཆར་འབེབས་པ། སྐྱོབ་བྱེད་ཀྱི་ལྷ་ཕྱིར་མི་ཐར་བ། གནོད་བྱེད་ཡར་མི་ཐར་བ། ཡ་ང་བ། སྐྱི་ཚ་


CMR010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བ། སོད་སོད་དང་། རྒྱབ་རྒྱོབ་ཀྱི་སྒྲ་སྒྲོག་པ།་དེ་དག་གི་ནང་དུ་ནི་ཏྲ་ཛཡོངས་སུ་གྱུར་པ་ལས། དགྲ་བགེགས་ཀྱི་གཟུགས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་ཡན་ལག་དང་ཉིང་ལག་ཐམས་ཅད་གསལ་བར་བསྐྱེད། བདེན་སྟོབས་བཀུག་གཞུག་བྱ། དེ་ནས་དེ་ཡི་ནང་དུ་ལས་ཀྱི་གཤིན་རྗེ་ཨ་ཝ་གླང་མགོ །དར་མ་སྤྲེལ་མགོ །རྔོམ་པ་དོམ་མགོ །གྲི་བཙན་ཤ་བའི་མགོ་ཅན་ལ་སོགས་སྡེ་བརྒྱད་འདུས་པའི་མདོར་ཚུབ་པར་བསམ། དེ་ནས་རང་གི་ཐུགས་ཀ་ནས་ཧཱུྃ་དམར་ནག་གཉིས་འཕྲོས་པས། ཉམས་པ་ཅན་གྱི་སྟེང་འོག་གཉིས་སུ། ལྷན་ཅིག་སྐྱེས་པའི་ལྷ་དང་།


CMR010_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པོར་འོང་བའི་བདུད་ཀྱི་ངོ་བོ། སྡིག་པ་དམར་ནག་གཉིས་བར་དུ་ཚུད་དེ། དེ་ཡི་ཕྱི་ནས་ཞེ་སྡང་གི་ངོ་བོ་སྦྲུལ་ནག་པོ་འདོམ་པ་དགུ་བརྒྱ་དང་གོ་གཅིག་གི་གྲུ་གུ་ཆིངས་སུ་དཀྲིས་པར་བསམ། ཡང་རང་གི་ཐུགས་ཀ་ནས་ཧཱུྃ་དམར་ནག་གཉིས་འཕྲོས་པས་སྡིག་པ་དམར་ནག་གཉིས་སུ་གྱུར་ནས། དགྲ་བགེགས་ཀྱི་ཚངས་བུག་དང་བཤང་ལམ་གཉིས་ནས་ཞུགས་ནས། སྙིང་ཁར་ནི་ཁྲི་ལྗང་ནག་གི་མགོ་མཇུག་གཉིས་ནས་ཁས་འཐབ་ཤིང་སྡིག་པ་དེ་དག་ལས་སྡིག་པ་ཁྲ་མོ་གྲངས་མེད་པ་འཕྲོས་པས། དབང་པོའི་བུ་ག་དགུ་ནས་ཞུགས་ཤིང་། རྩ་རྒྱུད་དང་ཁོང་པ་ཐམས་ཅད་སྡིག་པས་ཁེངས་ནས། ཤ་ཟོས་ཁྲག་འཇིབས་ནས་རྣམ་པ་མར་མེ་ལྟ་བུ་དེ་ནག་ཀཾ་ཤིག་བཏང་བར་བསམ། དེ་ཡི་ཕྱི་ནས་རྡོ་རྗེའི་ཞགས་པས་གྲུ་གུ་ཆིངས་སུ་དཀྲིས་པར་བསམ། སྟེང་དུ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན། ཡོངས་སུ་གྱུར་པ་ལས་སྡེ་བརྒྱད། འོག་ཟངས་ཀྱི་འཁོར་ལོ་རྩིབས་བརྒྱད་ལ་ཡི་གེ་ཕུབརྒྱད་ཡོངས་སུ་གྱུར་པ་ལ་ཀླུ་བརྒྱད། དེ་བརྒྱད་ཀྱི་སྙིང་ནང་དུ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་གཡས་སུ་འཁོར་བ། ཀླུ་བརྒྱད་ཀྱི་སྙིང་ནང་དུ་ལྕགས་སྲེག་གི་འཁོར་ལོ་རྩིབས་བརྒྱད་གཡོན་


CMR010_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒ་ར་ར་འཁོར་བས། སྡེ་བརྒྱད་དང་ཀླུ་བརྒྱད་ཁྲོས་ཤིང་འཁྲུག་ནས་སྟེང་སྡེ་བརྒྱད་ཀྱི་སྐུ་ལུས་ལ་མཚོན་ཆའི་ཆར་བབ། ཀླུ་བརྒྱད་ཀྱི་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་ནས་ཤ་ཟོས་ཁྲག་འཇིབ་པར་བསམ། དེ་ཡི་ཕྱི་ནས་འོད་ཟེར་སྣ་ལྔའི་ཞགས་པས་གྲུ་གུ་ཆིངས་སུ་དཀྲིས་པར་བསམ། སྟེང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ལ་འདོད་ཆགས་ཀྱི་ཆུ་འབྲུབ་འོག་ཉི་མའི་དཀྱིལ་འཁོར་ལ་ཞེ་སྡང་གི་མེ་འབར་བས། མེ་ཆུ་དེ་གཉིས་ཀྱི་བར་དུ་ནག་ཀམ་ཤིག་བཏང་བར་བསམ། ཁ་ཆོད་ལ་གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་སྟེང་རྡོ་རྗེ་རྒྱ་གྲམ་གྱི་མཚན་པས་བཅད་པར་བསམ། དེ་ཡི་སྟེང་དུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པས་མནན་པར་བསམ། དེ་དག་གི་སྟེང་དུ་རང་ཉིད་ཁྲོས་མ་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། སྐུ་སྨད་རྡོ་རྗེ་རྩེ་དགུ་པ་རྭ་ཐམས་ཅད་གདེངས་བས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་འཛེར་ནས་རྭ་དབུས་ལས་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་ནཱི་ཏྲི་ལྗང་ནག་གི་ནི་མིག་ཏུ་གཡོན་དུ་འཁོར་ཞིང་དགྲ་བགེགས་ཀྱི་ཚེ་བསོད་ནམས་ཐམས་ཅད་བསྡུས་ནས་བདག་ཉིད་ལ་ཐིམ་པས་བཀྲག་མདངས་དང་ལྡན་པར་བསམ། དགྲ་བགེགས་


CMR010_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་སྲུང་ཐམས་ཅད་ལྷ་དབང་ཕྱུག་ཆེན་མོ་དུག་གི་མཆུ་ཅན་གཅིག་གིས་ནི་མིག་གཙགས་ཤིང་ནི་སྲོག་བཅད་པར་བསམ། དེ་ནས་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ་ངར་དང་ལྡན་པ་དབལ་སོ་ལ་མེ་འབར་བ་གཅིག་གི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་འཛེར་ནས་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་ནས་འོག་དབང་ཆེན་གསེར་གྱི་ས་གཞི་ནས་རླུང་རྡོ་རྗེ་རྒྱ་གྲམ་གྱི་བར་དུ་ཐལ་གྱིས་འཛེར་ནས་མཐར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐར་ས་མེད་པར་བསམ་མོ། །མཐར་སྟོང་ཉིད་ཀྱི་ངང་དུ་ཡུན་རིང་གནས་པར་བྱའོ། །འདི་ལྟ་བུའི་དམིགས་པ་ནི་སྤུ་གྲི་རེག་གཅོད་དང་འདྲ་བས་གར་ཐོད་ཐོད་བྱས་ན་རང་ཉིད་ངན་སོང་དུ་འགྲོ་བ་ལ་ཐེ་ཚོམ་མེད་པས་གསང་ངོ་། །ཞེས་པ་འདི་ལ་འཁོར་ལོ་གསུམ་ཆིངས་གསུམ། དབབ་གསུམ་དང་དགུ་ཆིངས་བཀྲག་སྡུད་ལྷ་གནད་དགྲ་ལ་དབབ་པའི་མན་ངག་སྟེ་སྡིག་པའི་སྦྲུལ་ཆིངས་ཟ་མ་ཏོག་མ་ནོར་མ་སྦས་གསལ་བར་བསྟན། །ཞེས་གསུངས། ཨུ་པ་དྷེ་ཤའོ།། ༧ ཀརྨ་ཨ་རཱ་གས་སོ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྡིག་པའི་སྦྲུལ་ཆིངས་ཀྱི་མན་ངག་བཞུགས་པའི་དབུ་ཕྱོགས།next