Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
གཏེར་གསར་རྙིང་ལྔ་ཙམ་གྱི་དོན་བསྡུས་པའི་སྡིག་བསྐུལ་དམ་སྲི་རྒྱུན་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་གསར་རྙིང་ལྔ་ཙམ་གྱི་དོན་བསྡུས་པའི་སྡིག་བསྐུལ་དམ་སྲི་རྒྱུན་གཅོད།next

གཏེར་གསར་རྙིང་ལྔ་ཙམ་གྱི་དོན་བསྡུས་པའི་སྡིག་བསྐུལ་དམ་སྲི་རྒྱུན་གཅོད།


CMR010_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གསར་རྙིང་ལྔ་ཙམ་གྱི་དོན་བསྡུས་པའི་སྡིག་བསྐུལ་དམ་སྲི་རྒྱུན་གཅོད་ཅེས་བྱ་བ་བཞུགས་སོ༔


CMR010_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་སོགས་གསར་རྙིང་ཀུན་ལ་སྦྱར་རུང་བའི་ཡེ་ཤེས་སྡིག་པའི་བསྐུལ་པ་གཏོར་འབུལ་ལོ༔ མདུན་དུ་གནམ་ལྕགས་སྡིག་པ་ནི༔ མགོ་དགུ་རྭ་ནི་བཅོ་བརྒྱད་པ༔ ལུས་པོ་གཉེར་མས་གང་བ་ལ༔ གཉེར་མ་རེ་ལ་ཞལ་སྤྱན་རེ༔ ལུས་ལ་མེ་ཡི་ཚྭ་ཚྭ་འཕྲོ༔ ཐུགས་སྲོག་ཧཱུཾ་ལས་འོད་འཕྲོས་པས༔ ཡེ་ཤེས་ཁྲོ་བོ་ཐམས་ཅད་ཀྱི༔ མཐུ་སྟོབས་བསྡུས་ནས་དབྱེར་མེད་ཐིམ༔ སྤྲུལ་པའི་ལྕགས་སྡིག་གྲངས་མེད་འཕྲོས༔ གནོད་བྱེད་གཟུགས་ནས་ཧབ་ཧབ་གསོལ༔ ཧཱུྃ༔ ཆོས་ཉིད་མི་འགྱུར་སྐྱེ་མེད་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ ང་ནི་དཔལ་ཆེན་ཁྲག་


CMR010_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ཧེ་རུ་ཀ༔ ཁྱོད་ནི་ལས་རུངས་ལས་ངན་སྡིག་ཆེན་ཏེ༔ དམ་ཉམས་ཁྱོད་ཀྱི་གཤེད་མ་ང་ཉིད་ཡིན༔ ཧཱུྃ༔ ང་ཡི་ཐུགས་ལས་སྤྲུལ་པའི་འཇིགས་བྱེད་ནི༔ ཡི་གེ་ཧཱུྃ་ལས་བྱུང་བའི་སྡིག་པ་བྱུང་༔ ལྕགས་ཀྱི་སྡིག་པ་ཁ་དགུ་མགོ་དགུ་པ༔ ལུས་ནི་རི་རབ་མཉམ་ཞིང་གཉེར་མས་གང་༔ མགོ་ལུས་མེད་པར་འཇིགས་པའི་མིག་གིས་གང་༔ ཁ་ཡི་ནང་ནས་མཆེ་བ་ཟངས་ཡག་གཏམས༔ ཡན་ལག་གཟིང་ཞིང་གདོན་བགེགས་རྩ་རྒྱུད་གཅོད༔ མ་རུངས་གདུག་པ་ཁྱོད་ཀྱི་གཤེད་པོ་ཡིན༔ དམ་ཉམས་འབྱུང་པོའི་ཤ་ཟོ་ཁྲག་ལ་འཐུང་༔ ཧཱུྃ་ལས་བྱུང་བའི་


CMR010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལྕགས་སྡིག་པ་ནི༔ མཐུ་སྟོབས་ནུས་པ་དཔག་མེད་འཕྲོས་ཙམ་ན༔ སྡིག་པ་ནག་པོས་འཇིག་རྟེན་ཐམས་ཅད་གང་༔ ཁ་དགུ་དག་ནས་མཆེ་བ་ཟངས་སེ་ཟང་༔ མིག་དགུ་ནས་ནི་མེ་ཡི་ཚྭ་ཚྭ་འཕྲོས༔ ལྕེ་དགུ་ནས་ནི་གློག་དམར་ལྗིབས་སེ་ལྗིབ་རྐང་ལག་སྡེར་མོས་ས་གཞི་ཐམས་ཅད་འབྲད༔ སྣ་ཡིས་སྣོམ་ཞིང་དབྱུག་ཏོས་རྩད་ནས་གཅོད་མིག་བསྒྲད་བལྟ་ཞིང་འབྱུང་པོ་བརྒྱལ་དུ་བཅུག༔ རྔམ་ཞིང་རྔམ་ཞིང་རྒྱལ་བསེན་གཟུགས་ཕུང་ཤིག༔ ལག་པས་བསྙབ་ཅིང་འབྱུང་པོ་ཧབ་ཤ་བྱེད༔ དེ་འདྲའི་ཁྲོ་བོ་སྡིག་ནག་མགོ་དགུ་པ༔ གནོད་བྱེད་འབྱུང་པོའི་ཤ་ཟོ་ཁྲག་ལ་འཐུང་༔ ཀླད་པ་གཞོམ་ལ་སྙིང་ཁྲག་ཧུབ་ཀྱིས་འཐུང་༔ གནོད་བྱེད་འབྱུང་པོ་ཐལ་བ་རྡུལ་དུ་རློགས༔ གུ་རུ་དྲག་པོའི་ལས་བྱེད་སྡིག་པའི་གཟུགས༔ རྟོགས་ཀྱི་རྣོ་དབལ་འཇིགས་བྱེད་འབར་བའི་སྐུ༔ མགོ་དགུའི་ཁ་ལ་ཁམས་གསུམ་ཟས་སུ་ཟ༔ རྭ་ནི་བཅོ་བརྒྱད་སྲིད་གསུམ་ཟིལ་གྱིས་གནོན༔ རྐང་ལག་བརྒྱད་ཀྱིས་སྟོང་གསུམ་དབང་དུ་སྡུད༔ མེ་ཡི་ཚྭ་ཚྭ་དྲག་པོ་སྐར་ལྟར་འཁྲུགས༔ དྲི་མ་མི་ཞིམ་ཤིན་ཏུ་དཔག་ཚད་ཁྱབ༔ ཁ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ་པ་ཡིས༔


CMR010_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་རྒྱལ་འགོང་སྲོག་བདག་ཟས་སུ་ཟ༔ ཁ་དགུ་མིག་དགུ་དྲག་པོས་གདུག་པ་འདུལ༔ བདུད་འདུལ་ལྕགས་སྡིག་སྐུ་ལ་ཕྱག་འཚལ་བསྟོད༔ ཕོ་རིགས་ཀླུ་ལ་ལྕགས་སྡིག་ནག་པོ་བྷྱོ༔ མོ་རིགས་ཀླུ་ལ་ལྕགས་སྡིག་ནག་པོ་བྷྱོ༔ དྲག་པོ་གཟའ་ལ་ལྕགས་སྡིག་ནག་པོ་བྱོ༔ གནོད་བྱེད་གདོན་ལ་ལྕགས་སྡིག་ནག་པོ་བྷྱོ༔ སྲོག་བདག་ཐེའུ་རང་ཀུན་ལ་ལྕགས་སྡིག་ནག་པོ་བྷྱོ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མི་མཐུན་ཕྱོགས་རྣམས་ཐལ་བ་རྡུལ་དུ་རློགས༔ ཨོཾ་བཛྲ་རཀྵ་ཧཱུྃ༔ གནོད་བྱེད་དམ་སྲི་རྒྱལ་འགོང་གི་ཚྭ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀོ་ནི་རི་ཏི་ལ་ཁཱ་ཧི༔ བ་ལིཾ་ཏ་ལ་ཁཱ་ཧི༔ ཨོཾ་བཛྲ་ཛྷཱ་ན་རཱ་ཙ་ཙིཏྟ་སྲོག་ལ་དུང་དུང་རུ་རུ་བྷ་ཤ་ཧཱུྃ༔ མ་མ་སྲོག་དུང་དུང་༔ སྙིང་ལམ་ལམ་མ་བྷྱོ༔ ཏྲིག་ཤོ་ཏྲིག་ཤོ་རཱ་ཙ་ཐུ་ལིང་༔ གནོད་བྱེད་ཧུར་ཐུ་ལིང་༔ གནོད་བྱེད་ཁུག་ཐུ་ལིང་༔ གནོད་བྱེད་ཁུག་རཱ་ཙ་ལིང་༔ ཏྲི་རཱ་ཙ་པ་ལ་ཨ་ཤུག་མེ་ཐཾ་ལཾ༔ ཤན་ཏཱི་ཛ་ཡེ་དུན་དུན་ཛ་ཧཱུྃ་ཕཊ༔ ཅེས་གཏེར་ཁ་གསར་རྙིང་ལྔ་ཙམ་གྱི་དོན་བསྡུས་འདོན་འགྲིགས་འདི༔ སྒྲུབ་ཆེན་དུས་རྒྱལ་འགོང་གི་བར་ཆད་བརྩམས་དུས་སྔགས་འཆང་༧ རཱ་ག་ཨ་སྱས་མི་


CMR010_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་ཀ་མེད་བྱུང་བའོ༔ འདིས་ཀྱང་དམ་སྲི་འབྱུང་པོའི་གནོད་པ་ཞི་ནས་བྱང་ཆུབ་སེམས་དང་ལྡན་པར་གྱུར་ཅིག༔ བཀྲ་ཤིས།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏེར་གསར་རྙིང་ལྔ་ཙམ་གྱི་དོན་བསྡུས་པའི་སྡིག་བསྐུལ་དམ་སྲི་རྒྱུན་གཅོད།next