Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
ལྕགས་སྡིག་གི་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕགས་སྡིག་གི་བསྐུལ།next

ལྕགས་སྡིག་གི་བསྐུལ།


CMR010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྡིག་གི་བསྐུལ༔ ཧཱུྃ༔ གཤིན་རྗེའི་གཤེད་དང་རྟ་མཆོག་གསང་བའི་བདག༔ མེ་དབལ་ཁྲོ་ལོད་ལ་སོགས་ཁྲོ་རྒྱལ་གྱི༔ ཐུགས་ལས་སྤྲུལ་ཞིང་ལས་ལ་བསྔགས་པ་ཡི༔ ལས་བྱེད་གནམ་ལྕགས་སྡིག་རྒོད་འབར་བ་ཁྱོད༔ བདག་གི་ཡང་ཡང་ཁྱོད་སྒྲུབ་ཁྱོད་རྦད་ན༔ མཐུ་རྩལ་མ་ཆུང་ཕྲིན་ལས་དུས་ལ་བབ༔ ཁྱོད་ནི་ཁྲོ་བོའི་དབང་པོ་ཐམས་ཅད་ཀྱི༔ རྒྱལ་བསེན་དམ་སྲིའི་གཉེན་པོར་བྱིན་བརླབས་ཤིང་༔ མཐུ་སྟོབས་རྩལ་གྱི་དབང་བསྐུར་དྲན་པར་གྱིས༔ མི་མངོན་དབྱིངས་ནས་འདིར་གཤེགས་གཏོར་མ་བཞེས༔ བདག་ཅག་དཔོན་སློབ་བསྲུང་བྱ་འདི་རྣམས་ལ༔ གནོད་ཅིང་འཚེ་བའི་རྒྱལ་འགོང་དམ་སྲིའི་ཚོགས༔ གང་ཡིན་ཁྱོད་ཀྱི་མངོན་ཤེས་སྤྱན་གྱིས་གཟིགས༔ སྙིང་ཁྲག་འཇིབས་ལ་ལུས་སྲོག་རྡུལ་དུ་རློགས༔ མཐུ་སྟོབས་ནུས་པ་ཐམས་ཅད་ཞལ་དུ་སྟོབ༔ ཕྱིན་ཆད་གནོད་པའི་ནུས་པ་ཟད་པར་གྱིས༔ དུས་ངན་སྙིགས་མ་ལྔ་ཡི་ཡང་ཐོ་འདིར༔ རྒྱལ་བསེན་དམ་སྲིའི་གཉེན་པོར་ཁྱོད་བསྐོས་ན༔ བདག་ཅག་རྣམས་ལ་རེ་ས་གཞན་མེད་པས༔ སྡིག་རྒོད་འབར་བ་ཁྱོད་ལ་སྐྱབས་གསོལ་གྱི༔ ཐུགས་རྗེ་མ་ཆུང་སྔོན་གྱི་དམ་བཅའ་


CMR010_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས༔ གནོད་བྱེད་རྒྱལ་བསེན་དམ་སྲི་འགོང་པོ་རྣམས༔ སྤྲུལ་པའི་སྡིག་རྒོད་བྱེ་བ་དུང་ཕྱུར་གྱིས༔ མྱུར་དུ་ཁུག་ལ་ཤ་ཁྲག་ཧབ་ཐོབ་ཟོ༔ ཁྱོད་ཀྱི་ཟ་སྐལ་དམ་སྲིའི་རྒྱལ་འགོང་ཤ༔ གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ༔ ཁྱོད་ཀྱི་འཐུང་སྐལ་རྒྱལ་འགོང་དམ་སྲིའི་ཁྲག༔ འདོད་ཆགས་ཁྲོག་ལ་ཧུབ་ཧུབ་དགྱེས་པར་རོལ༔ ཁྱོད་ཀྱི་འཆའ་སྐལ་རྒྱལ་འགོང་དམ་སྲིའི་རུས༔ ཞེ་སྡང་རུས་ལ་ཁྲུམ་ཁྲུམ་དགྱེས་པར་རོལ༔ དོན་སྙིང་དབང་པོ་ནང་གྲོལ་བླ་སྲོག་བཅས༔ ལྷག་མ་མེད་པར་བཞེས་ཤིག་ཁ་རཾ་ཁཱ་ཧི༔ རྣམ་ཤེས་དམིགས་མེད་ཆོས་ཀྱི་དབྱིངས་སུ་དྲོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྒྲུབ་པ་དུས་ཨ་རཱ་གས་སོ༔ མངྒ་ལཾ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྕགས་སྡིག་གི་བསྐུལ།next