Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་ལས་མཐའ་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་ལ་སྤྲིངས་ཡིག་ཕྱག་རྟགས་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་ལས་མཐའ་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་ལ་སྤྲིངས་ཡིག་ཕྱག་རྟགས་རྡོ་རྗེ།next

གུ་རུ་དྲག་པོའི་ལས་མཐའ་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་ལ་སྤྲིངས་ཡིག་ཕྱག་རྟགས་རྡོ་རྗེ།


CMR010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ལས་མཐའ་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་ལ་སྤྲིངས་ཡིག་ཕྱག་རྟགས་རྡོ་རྗེ་བཞུགས་སོ༔


CMR010_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བཛྲ་ཕཊ༔ བདག་ཉིད་པདྨ་འབྱུང་གནས་ཀྱི་བཀའ༔ དམར་ནག་མེ་ཕྲེང་ཅན་དང་རྟ་མགྲིན་རྒྱལ་པོའི་ལུང་༔ སྔགས་འཆང་རྣལ་འབྱོར་དྲག་པོ་དྲེགས་འཇོམས་རྩལ་གྱིས༔ ཁྱོད་གདོན་བགེགས་ཀྱི་རྒྱལ་པོ་ཕྱོགས་སྐྱོང་བར༔ སྟེང་གི་ལྷ༔ བར་སྣང་གི་གཟ༢༔ འོག་གི་ཀླུ༔ ལྷ་མ་སྲིན་སྡེ་བརྒྱད༔ རྒྱལ་ཆེན་བེར་དཀར་ནག་སེར་གསུམ་ལ་སོགས་པ༔ མཁའ་ལ་རྒྱུ་བའི་འབྱུང་པོ་ཡིད་གཟུགས་ཅན༔ རྒྱལ་བསེན་དམ་སྲི་ཕོ་མོ་འདྲེ་གདོན་གྱི་རིགས་སུ་གྱུར་པ༔ འཆང་བ་པོ་མི་ནོར་གྱི་ཚེ་སྲོག་ལ་བར་དུ་གཅོད་པ་རྣམས་ལ་སྤྲིང་


CMR010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ དེང་ཕྱིན་ཆད་མི་ནོར་གང་ལ་ཡང་གནོད་པ་མ་བྱེད༔ ཁྱིམ་སྒོ་ལམ་སྲང་དུ་མ་འགྲིམ༔ གཞན་དུ་དེངས་ཤིག༔ གལ་ཏེ་ཡི་གེ་འདི་མཐོང་བཞིན་དུ་གནོད་པ་བྱེད་ན༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔ བདག་ཉིད་གུ་རུ་དྲག་པོ་པདྨ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྐུ་མཆོག་འཇམ་དབྱངས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ གསུང་


CMR010_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཐུགས་མཆོག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཡོན་ཏན་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཡཀྵ་མེ་དབལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྤྲུལ་པ་ཁྱུང་ཆེན་འབར་བའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྟོབས་ལྡན་སྡིག་པ་ནག་པོ་ཕོ་ཉ་ཟ་བྱེད་གསོད་བྱེད་བསྟན་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྔགས་འཆང་རྣལ་འབྱོར་པ་རཱ་ག་ཨ་སྱ་བདག་གིས་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱི་བྱིན་བརླབས་ལ་བརྟེན་ནས༔ གནོད་བྱེད་འབྱུང་པོ་བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་རྣམས༔ འདི་ན་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་ཤིག་ཅིག༔ སྲིད་གསུམ་གླིང་ནས་སྐྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་གི་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པ་ཆོད་ཅིག༔ གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོ་ནས་ཁོས་ཤིག༔ སྲིད་གསུམ་གར་གནས་ཀྱང་ལུས་ལ་མཚོན་ཆའི་ཆར་ཕོབ་ཅིག༔ དམ་ཉམས་


CMR010_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་ལས་ངན་མནའ་ཟན་འདིའི༔ མགོ་བོ་ཚལ་པ་སྟོང་དུ་ཁོས་ཤིག༔ ལུས་དུམ་བུ་སྟོང་དུ་ཁོས་ཤིག༔ སྙིང་དུམ་བུ་བརྒྱད་དུ་གཏུབས་ཤིག༔ མིག་འབྲས་གཉིས་ཐང་ལ་ལྷུང་ཞིག༔ སྙིང་ཁྲག་ལས་མཁན་རྣམས་ཀྱི་དཔའ་ཟས་གྱིས་ཤིག༔ དམ་ཉམས་རུ་ཏྲ་འདི་མཐའི་རྒྱ་མཚོའི་ཕ་རོལ་དུ་སྒྲོལ་ཅིག༔ གནོད་བྱེད་ཨུ་ཙ་ཏ་ཡ་མཱ་ར་ཡ་ཕཊ༔ སོད་ཅིག༔ ཤམ།ཤམ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་ལས་མཐའ་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་ལ་སྤྲིངས་ཡིག་ཕྱག་རྟགས་རྡོ་རྗེ།next