Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོལ་འདེབས་ཟློག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་འདེབས་ཟློག་པ།next

གསོལ་འདེབས་ཟློག་པ།


CMR010_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པྲ་ཝ་ཀ་ར་ཡེ། པད་འབྱུང་རྗེ་ལ་གསོལ་བ་འདེབས། །དེ་ནས་འགའ་རེ་འདོད་གསུངས་པ། །འདི་ལ་ཉམས་མཚར་ཚིག་འགའ་ཞུ། །བདག་ཏུ་འཛིན་པའི་རྩ་བ་དེ། །ཤེས་རབ་མཚོན་ཆས་བཅད་པ་ན། །འཁོར་བའི་འཁོར་ལོ་རྒྱུན་ཆད་ནས། །སྤང་བྱའི་སྒྲིབ་པ་མཐའ་དག་གཏོར། །འཁོར་བ་མྱ་ངན་གནས་སུ་ཟློག ། མཚོན་ཆ་འཁོར་ལོའི་གཏོར་ཟློག་ཡིན། །རང་ཉིད་དྲག་པོའི་སྐུར་གསལ་ནས། །ཐ་མལ་གཟུགས་ཀྱི་ཕུང་པོ་འདི། །སྣང་སྟོང་ལྷ་ཡི་སྐུ་རུ་ཟློག །གུ་རུ་དྲག་པོའི་ཟློག་པ་ཡིན། །སྣང་བ་སྐུ་ཡི་ཁྱེར་སོ་ལ། །མཐོང་ཚད་ལྷ་ཡི་སྐུར་གསལ་ནས། །ཐ་མལ་གཟུགས་ཀྱི་སྣང་བ་ཟློག །འཇམ་དཔལ་སྐུ་ཡི་ཟློག་པ་ཡིན། །གྲག་པ་གསུང་གི་ཁྱེར་སོ་ཡི། །སྒྲ་གྲག་སྔགས་ཀྱི་སྒྲ་གསལ་བས། །སྟོད་སྨད་ཆགས་སྡང་སྣང་བ་ཟློག །རྟ་མགྲིན་གསུང་གི་ཟློག་པ་ཡིན། །དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ཡི།་།གང་ཤར་བཟོ་མེད་རང་ངོ་ལྟ། །དྲན་ཚད་ཕྱག་རྒྱ་ཆེན་པོར་ཟློག །ཕྱག་རྡོར་ཐུགས་ཀྱི་ཟློག་པ་ཡིན། །གཏུམ་མོ་འབར་འཛགས་གདམས་པ་ཡི། །ཁམས་ལྔ་ཌཱ་ཀི་ལྔ་རུ་བསྒྱུར། །ཡོན་ཏན་ཌཱ་


CMR010_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀིའི་ཟློག་པ་ཡིན། །ལྷ་སྔགས་འབྲེལ་པའི་ཏིང་འཛིན་གྱི། །ལས་ཚོགས་གང་འདོད་ཐམས་ཅད་འགྲུབ། །བདུད་དང་བར་ཆད་ཐམས་ཅད་ཟློག །ཡཀྵ་མེ་དབལ་ཟློག་པ་ཡིན། །རང་ངོ་ཤེས་པར་མཁའ་ལྡིང་གི །མ་རིག་དུག་སྦྲུལ་ཞལ་དུ་གསོལ། །རྣམ་རྟོག་ཐམས་ཅད་ཆོས་སྐུར་ཟློག །བྱ་ཁྱུང་རྒྱལ་པོའི་ཟློག་པ་ཡིན། །འདོད་ཆགས་མ་མོ་སྲིན་མོ་ལ། །ཡེ་རིག་ཡེ་ཤེས་རཀྟ་མཆོད། །འདོད་ཆགས་བདེ་སྟོང་ངང་དུ་ཟློག །སྲིན་མོ་ཟ་ལམ་ཟློག་པ་ཡིན། །དྲག་པོའི་གཏོར་ཟློག་དེ་ལྟར་མཛོད། །འདྲེ་ངན་བརྡུང་བའི་གཏོར་ཟློག་དེ། །སེམས་བསྐྱེད་སྙིང་རྗེས་མ་ཟིན་ན། །ཕ་མ་བརྡུང་དང་ཁྱད་པར་མེད། །དེ་ཕྱིར་སྙིང་རྗེའི་སེམས་བསྐྱེད་གཟོབ། །ཁྲོ་བོའི་བཞུགས་གནས་དུང་ཁང་ནས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབ། །གནས་སྐབས་བཞི་ཡི་སྒྲིབ་པ་སྟོང་། །འབྲས་བུ་སྐུ་བཞིའི་ངང་དུ་ཟློག །ཁྲོ་ཆུའི་གཏོར་ཟློག་དེ་ལ་ཟེར། །ཁྲོ་དང་འདོད་ཆགས་གཏི་མུག་གསུམ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །དུག་ལྔ་འཁོར་བའི་སྡོང་པོ་ལྔ། །སྐུ་ལྔ་ཡེ་ཤེས་ལྔ་རུ་ཟློག །ཁྲོ་ཆུ་དུག་གདོང་ཟློག་པ་ཡིན། །ཚོགས་གཉིས་ཟུང་དུ་


CMR010_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཡིས། །ཚེ་བསོད་འཕེལ་ཞིང་བདག་འཛིན་ཞི། །ནག་པོ་བདུད་ཀྱི་གཡུལ་ངོ་ཟློག །ཚེ་བདག་ནག་པོའི་ཟློག་པ་ཡིན། །སྐྱེ་འཆི་མེད་པའི་དོན་རྟོགས་ནས། །ཤི་ཡང་བདག་ཉིད་སྐྲག་པ་མེད། །ངན་སོང་ནག་པོའི་ལུས་ངན་ཟློག །འཆི་བདག་ནག་པོའི་ཟློག་པ་ཡིན། །སྲོག་དང་རྩོལ་བའི་རླུང་ལ་སྦྱངས། །རྡོར་བཟླས་དག་པའི་ངག་ནུས་འབར། །ནག་པོ་བདུད་ཀྱི་བར་ཆད་ཟློག །སྲོག་བདག་ནག་པོའི་ཟློག་པ་ཡིན། །བེ་བྷ་སྭ་ཏ་ཡོན་ཏན་ཏེ། །མདོ་རྒྱུད་མན་ངག་གནད་ཤེས་པས། །བླུན་སྒོམ་གོལ་ས་དེ་ཡིས་ཟློག །བེ་བྷ་སྭ་ཏ་ཟློག་པ་ཡིན། །ཤུགས་འབྱུང་དཀོར་ཟས་ཅི་ཟ་བ། །རང་བྱུང་ལྗང་དམར་མེ་ལ་བསྲེགས། །ཕུང་པོས་ལྷ་མཆོད་དཀོར་སྒྲིབ་ཟློག །ཟ་བ་ལྗང་དམར་མེ་ལ་བསྲེགས། །ཟློག་པ་འདོན་ན་དེ་ལ་མཛོད། །ཡ་མཚན་དག་པའི་ཞིང་ཁམས་སུ། །མ་འགྱུར་འགྲོ་རྣམས་འདྲེན་པའི་ཕྱིར། །ནུབ་ཤེས་ར་ལྟར་འབྲལ་མེད་ཅིན། །རྩ་དང་རླུང་སྒོམ་འཁྲུལ་པ་ཟློག །ཡ་མ་རཱ་ཙའི་ཟློག་པ་ཡིན། །གྱེར་སྒོམ་རྔ་སྒྲོག་ཅི་བརྡུང་ཡང་། །གོང་མའི་ཕ་རབས་མི་ཟིན་པས། །གཏོར་ཟློག་


CMR010_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བྱེད་སྙིང་འདོད། །ཚེ་ལུང་ཁྲུས་ལུང་མི་ཤེས་པས། །དམིགས་ངན་སྒོམ་ཞིང་དགུག་གཞུག་བྱེད། །ཞེ་སྡང་བསྐྱེད་ཅིང་ཕུར་པ་འདེབས། །དམིགས་ངན་དེ་འདྲ་དམྱལ་བར་སྐྱེ། །དེ་འདྲའི་ལས་འགྲིགས་དགོས་པ་མེད། །སྐུ་གསུམ་རང་ཤར་ཧོམ་ཁུང་དུ། །དུག་ལྔ་དུག་གསུམ་དགྲ་དང་བགེགས། །བདག་མེད་རྟོགས་པའི་ཕུར་པས་བསྒྲལ། །བསྒྲལ་ལས་དེ་འདྲ་བྱེད་སྙིང་འདོད། །རྣམ་ཤེས་ཆོས་ཉིད་བསྟིམ་མི་ཤེས། །ལིངྒ་ཤ་དུམ་ཁྲག་ཐིགས་རྣམས། །ང་རྒྱལ་བསྐྱེད་ཅིང་བསྟབ་པ་བྱེད། །དགྲ་བགེགས་ཟོས་བསམ་གཏོར་མར་བླུག །ཕྱི་མར་རང་ཉིད་གཤིན་རྗེས་ཟ། །དེ་འདྲའི་བསྟབ་པ་ངས་མི་འདོད། །ཆོས་ཉིད་སྐྱེ་མེད་ཞལ་ནང་དུ། །གང་སྐྱེས་སྣ་ཚོགས་རང་ཞིར་བསྟབ། །ལྷན་སྐྱེས་ཡེ་ཤེས་རང་ཞལ་མཐོང་། །དེ་འདྲའི་བསྟབ་པ་བྱེད་སྙིང་འདོད། །བརྡའ་དོན་རྟེན་འབྲེལ་མི་ཤེས་པའི། །དུག་གི་ཤིང་སྐྱེར་རྩང་ཁྲིས་དེས། །བཟོ་ན་ཕྱག་ཚ་ཁུར་བ་དཀའ། །འཁོར་ལོ་བཞི་ཡི་རྩ་འདབ་རྣམས། །དྲྭ་བ་དྲྭ་ཕྱེད་འཚུབས་མ་རིས། །རང་བྱུང་རྡུང་སླས་ངོ་མཚར་ཆེ། །སྟོང་རའི་རྩང་ར་བསྐོར་སྙིང་འདོད། །ཨ་


CMR010_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མྱེས་གསོལ་ལྷག་མ་སྐྱུར་ཏེ། ཡོན་བདག་ནས་ལ་ཟན་པའི་རྒྱུ། །འཐུང་ན་འདུལ་བའི་ཁྲིམས་དང་འགལ། །མ་བསྒྱུར་བདུད་རྩིའི་ཅི་ལ་ཕན། །སྤྱི་བོར་ཚངས་པའི་ཡུལ་ས་ནས། །ཧཾ་ཡིག་ཀུནྡའི་བདུད་རྩིའི་ཨས། །ཧེ་རུ་ཀ་རྣམས་དེ་ལ་དགྱེས། །དེ་འདྲའི་ཆང་བཟང་བཙག་ན་བསམ། །འཁྱག་ཁྲག་གཏར་བའི་སྐྱེ་ཁྲག་དེ། །རྣམ་སྨིན་ཆེ་བའི་མིང་གྱེད་མཉེས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རཀྟ་ཀུན་གྱི་དྭངས་མ་ནི། །ཨ་ཐུང་པདྨ་རཱ་གའི་མདོག །མ་རྒྱུད་མཁའ་འགྲོ་དེ་ལ་འཁོར། །དེ་འདྲའི་རཀྟ་སྤེལ་ན་བསམ། །ཟས་སུ་ཁ་རའི་གཏོར་འདུག་དེ། །ཁྱེར་ན་ཡོན་བདག་སེར་སྣ་སྐྱེ། །དབུ་མ་ལུས་ཀྱི་སྲོག་ཤིང་དེ།་།བདེ་ཆེན་འཁོར་ལོའི་རྩ་འདབ་རྣམས། །རང་བྱུང་གདུགས་ཀྱི་རྩ་འདབ་རྣམས། །གཙུག་ཏོར་རྩ་བཞི་ཏོག་གི་ཚུལ། །དེ་འདྲའི་གཏོར་གདུགས་ཕུབ་སྙིང་འདོད། །གཟའ་དང་དབང་ཕྱུག་མཁའ་འགྲོ་སོགས། །ཐེབས་ལྡོག་བསྒྱུར་དུས་མི་ཤེས་པའི། །གཏོར་འཕེན་ཕན་པའི་གནོད་པ་ལ། །གང་ཤར་རྒྱུ་བའི་གཏོར་མ་དེ། །རང་གྲོལ་དབྱིངས་སུ་འཕེན་ཤེས་ན། །ཉོན་མོངས་བདུད་བགེགས་ཐམས་


CMR010_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐུལ། །དེ་འདྲའི་གཏོར་མ་འཕེན་སྙིང་འདོད། །ལྔ་སེར་ལྟོ་འཕྱེ་ལ་སོགས་པ། །མི་ཤེས་མི་མཆོད་གནོད་པ་ཆེ། །ཟང་ཟིང་རྫས་རྣམས་སྣང་བ་སྤུན། །ཀུན་རྟོག་བསྲེག་རྫས་སྣ་ཚོགས་པ། །མི་རྟོག་ངང་དུ་བསྲེག་ཤེས་ན། །ཡེ་ཤེས་མེ་ཆེན་རབ་ཏུ་འབར། །དེ་འདྲའི་མེ་མཆོད་བླུག་སྙིང་འདོད། །ཨ་ནུ་ཨ་ཏི་ཡོ་གའི་ལུགས། །གཏོར་ཟློག་སྦྱིན་སྲེག་བྱ་ཚུལ་ནི། །འཕྲལ་དུ་ཉམས་ལ་ཤར་ནས་བྲིས། །མ་གྱུར་འགྲོ་བ་ཐམས་ཅད་ཀྱི། །གཏོར་ཟློག་དེ་འདྲ་བཅའ་བར་ཤོག །ཨ་རཱ་གས་སྦྱར་བའོ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསོལ་འདེབས་ཟློག་པ།next