Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དྲག་པོའི་མཚོན་ཆ་འཁོར་ལོའི་ལས་འགྲིགས་སྤུ་གྲི་རེག་གཅོད་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་དྲག་པོའི་མཚོན་ཆ་འཁོར་ལོའི་ལས་འགྲིགས་སྤུ་གྲི་རེག་གཅོད་བསྡུས་པ།next

བླ་མ་དྲག་པོའི་མཚོན་ཆ་འཁོར་ལོའི་ལས་འགྲིགས་སྤུ་གྲི་རེག་གཅོད་བསྡུས་པ།


CMR010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་མཚོན་ཆ་འཁོར་ལོའི་ལས་འགྲིགས་སྤུ་གྲི་རེག་གཅོད་བསྡུས་པ་བཞུགས༔


CMR010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མནཏྲམདྷ༔ ན་མོ་པདྨ་ཀྲོ་ཏ་ཡེ༔ བླ་མ་དྲག་པོའི་ལྷ་ལ་ཕྱག་འཚལ་ནས༔ མཚོན་ཆ་འཁོར་ལོའི་ལྷ་བསྐྱེད་ལས་འགྲིགས་བྲི༔ རྩ་གསུམ་བཀའ་སྲུང་རྣམས་ཀྱིས་གནང་བ་སྩོལ༔ མཐོང་བ་བརྒྱུད་པ་ལྟར་དུ་བཙས་དང་ནི༔ ལྷ་གཞུང་ཚར་ནས་འདི་ལྟར་གྱེར་བསྒོམ་བྱ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾ༔ སྟོང་པའི་ངང་ལས་མདོས་གཞི་བདུད་དང་དམ་སྲི་ཕོ་མོ་ཐམས་ཅད་འདུས་པའི་ངོ་བོ་མ་ཏྲཾ་རུ་ཏྲར་གསལ་བ་ལ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་དུག་ལྔ་བསྡུས་ནས་མ་ཏཱཾ་ལ་ཐིམ་པ་ལ༔ བདག་དྲག་པོའི་ཐུགས་ཀ་ནས་མཚོན་ཆའི་ཆར་བབས་པས་བསྒྲལ་ནས༔ ཕུང་པོ་ཁྲོལ་གྱིས་ཞིག་པ་


CMR010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པགས་པ་མེའི་ཕྲེང་བ་དང་རྡོ་རྗེའི་རྭ་བས་བསྐོར་བའི་དུར་ཁྲོད་ཆེན་པོ་བརྒྱད༔ དེའི་དབུས་ཀྱི་འོག་གཞི་རུ་ཏྲའི་བྲང་རུས་གྲུ་གསུམ་ཧོམ་ཁུང་འབར་བ་དགུར་གྱུར་པའི་ནང་དུ༔ ནྲིཿདང་ཁྲི་ལས་དགྲ་བགེགས་ཐམས་ཅད་མངོན་སུམ་ལྟར་གསལ་བའི་སྟེང་དུ༔ རྩིབ་ཁོག་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ༔ ནང་ཐོད་མཁར་འཇིགས་སུ་རུང་བའི་དབུས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པད་ཉི་དང་བདུད་བཞི་དམ་སྲི་ཕོ་མོ་བསྣོལ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་དགུ་


CMR010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟེ་བ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་གིས་མདུན་བསྐྱེད་གུ་རུ་དྲག་པོ་སྐུ་མདོག་དམར་པོ་མེའི་མདོག་ཅན་ཐོད་སྐམ་དང་རིགས་ལྔས་དབུ་ལ་རྒྱན་པ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་གྱད་ཀྱི་འདོར་ཐབས་སུ་བགྲད་པ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་གཡས་གཡོན་དུ་བརྐྱང་བ་ཞལ་གཡས་དཀར་གཡོན་སྔོ་དབུས་དམར་ནག་ཏུ་འབར་བ༔ སྤྱན་དགུ་གདངས་མིག་བགེགས་ལ་གཟིར་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་གཙིགས་པ༔ ཤངས་ནས་རླུང་བྱུང་ཞིང་སྨིན་མ་གློག་ལྟར་འཁྱུགས་པ༔ ཨག་ཙོམ་ལས་མེ་འབར་བ༔ རྐན་སྒྲ་བརྡབས་པས་ནམ་མཁའི་འབྲུག་དང་མཉམ་པ༔ ཕྱག་དྲུག་གཡས་ཀྱི་དང་པོས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཁ་གདེངས་པ་ནམ་མཁའ་ལ་འཕྱར་བ༔ བར་པ་ན་གྲི་ཁུག་ཐུར་དུ་འཕྱང་བ༔ ཐ་མ་ན་རལ་གྲི་མེ་འབར་བ་འཛིན་པ༔ གཡོན་གྱི་དང་པོས་ཁ་དང་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བས་ཐོད་ཁྲག་ཐུགས་ཀར་ཡུམ་ལ་འཁྱུད་པ༔ ཐ་མ་ན་ལྕགས་ཀྱི་སྡིག་པ་མགོ་དགུ་པའི་རྐེ་ནས་བཟུང་བ༔ དབུ་སྐྲ་ཁམ་ནག་


CMR010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བཅིངས་ཤིང་ཟར་བུའི་སྐུ་རྒྱབ་ཁེབས་པར་གཏིབས་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་ཞིང་ལྤགས་ཀྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་བ་ནག་པོས་དོ་ཤལ་བྱས་པ༔ མི་མགོ་ཁྲག་འཛག་པ་ལྔ་བཅུ་དང་ཐོད་སྐམ་སྤེལ་མར་བརྒྱུད་པ་རྡོ་རྗེའི་གོ་ཁྲབ་གསོལ་བའི་བར་མཚམས་ན་ལྕགས་ཀྱི་སྡིག་པ་ནག་པོ་ཕྲ་མོས་གཏམས་པ༔ དེའི་མདུན་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་འབར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ ཕྱག་གཡས་གྲི་ཁུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པ༔ སྤྱི་གཙུག་ན་ཕག་ཞལ་གྱེན་དུ་ངུར་བ༔ དབུ་སྐྲ་ཁམ་སེར་ཐུར་དུ་འཕྱངས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་ཐབས་སུ་ཡབ་དང་ཞལ་སྦྱོར་བ༔ གཟིག་གི་ཤམ་ཐབས་གསོལ་བ༔ ཐོད་སྐམ་ལྔའི་དབུ་ལ་བརྒྱན་ཅིང་རུས་པའི་རྒྱན་དྲུག་གསོལ་བ༔ དེའི་སྤྱི་གཙུག་ཏུ་ཨཱ་ཨཱཧཱུྃ༔ ཁྲོ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཡེ་ཤེས་ཀྱི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན་ཁྲོ་ཆུའི་རྭ་


CMR010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལ་མེ་འབར་བ༔ མེའི་གཤོག་པ་རབ་ཏུ་རྡེབ་པ༔ ཀྲང་ཀྲིང་གི་སྒྲ་སྒྲོག་པ༔ ཤར་གྱི་རྩིབས་སྟེང་དུ་ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཧཱུྃ༔ ཐུགས་ཀྱི་ལྷ་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་འཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ༔ སྐུ་ལ་སྦྲུལ་རིགས་ལྔ་དང་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་སུ་བགྲད་པ་ལ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ༔ ལྷོ་ཡི་རྩིབས་སྟེང་དུ་ཨོཾ་ཨཱཧཱུྃ་མཉྫ་ཤི་ཡ་མཱནྟ་ཀ་ཧཱུྃ༔ སྐུའི་ལྷ་འཇམ་དཔལ་གཤིན་རྗེའི་གཤེད་སེར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ གཡས་པས་ཤེས་རབ་ཀྱི་རལ་གྲི་ནམ་མཁར་འཕྱར་བ༔ གཡོན་སྡིགས་མཛུབ་པོ་ཏི་ཐུགས་ཀར་འཛིན་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་སུ་བསྒྲད་པ་ལ་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱིས་བསྐོར་བ༔ ནུབ་ཀྱི་རྩིབས་སྟེང་ལ་ཨཱ་ཨཱཧཱུཾ་པདྨནྟ་ཀྲྀཏ་བྱ་གྲི་ཝ་ཧཱུྃ་ཕཊ༔ གསུང་གི་ལྷ་དབང་ཆེན་རྟ་མགྲིན་དམར་པོ་ཞལ་


CMR010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ ཕྱག་གཡས་དབྱུག་ཏོ་ནམ་མཁའ་ལ་འཕྱར་ཞིང་༔ གཡོན་སྦྲུལ་ཞགས་ཐུགས་ཀར་འཛིན་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་སུ་བགྲད་པ་ལ་པདྨ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ བྱང་གི་རྩིབས་ལ་ཨོཾ་ཨཱཿཧཱུྃ༔ བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀྟ་ཧཱུྃ༔ ཕྲིན་ལས་ཀྱི་ལྷ་ཡཀྵ་མེ་དབལ་སྐུ་མདོག་སྨུག་ནག་ཁྲོས་པ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ གཡས་རྡོ་རྗེ་ཕུར་པ་ཕྱར་ཞིང་༔ གཡོན་ལྕགས་ཀྱུ་ཞགས་པ་འཛིན་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་སུ་བགྲད་པ་ལ་ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱིས་བསྐོར་བ༔ ཤར་ལྷོའི་རྩིབས་སྟེང་དུ་པདྨ་འདབ་བཞི་ཆོས་འབྱུང་གི་དབུས་སུ་ཨོཾ་ཨཱཿཧཱུྃ༔ བུདྡྷ་དྷཀི་ནཱི་ཧ་རི་ནི་ས་ཧཱུྃ༔ དབུས་སུ་སངས་རྒྱས་མཁའ་འགྲོ་མཐིང་ག༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ༔ ཐམས་ཅད་ཀྱང་


CMR010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ གཡས་གྲི་ཁུག་ནམ་མཁའ་ལ་འཕྱར་ཞིང་༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོ་ཡི་གདན་ལ་གར་ཐབས་སུ་བཞུགས་པ༔ ཐོད་པ་སྐམ་རློན་དང་རུས་པའི་རྒྱུན་དྲུག་གིས་སྤྲས་པ༔ ཁཊཾ་མཆན་དུ་བཅུག་པ༔ ཐུགས་ཀར་མ་ཧ་རི་ནི་སས་མཚན་པ་ལ་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ གཡས་ཟུར་ལྷོ་ནུབ་ཀྱི་རྩིབས་ལ་བདུད་མི་ནག་རྟ་ནག་ཅན་ལ་ལས་མཁན་མི་ནག་མདུང་དང་ཞགས་པ་ཐོགས་པ་བརྒྱད་དང་བདུད་དམག་གིས་བསྐོར་བ༔ རྒྱབ་ཟུར་ནུབ་བྱང་གི་རྩིབས་ལ་ཀླུ་མི་སྔོན་རྟ་སྔོན་ཅན་ལ་མི་སྔོན་སྦྲུལ་ཞགས་ནད་རྐྱལ་ཐོགས་པ་བརྒྱད་སོགས་ཀླུ་དམག་གིས་བསྐོར་བ༔ མདུན་གཡོན་ཟུར་བྱང་ཤར་གྱི་རྩིབས་ལ་བཙན་མི་དམར་རྟ་དམར་ཅན་ལ༔ མི་དམར་མདའ་གཞུ་དང་མདུང་དམར་ཅན་ལས་མཁན་བརྒྱད་སོགས་བཙན་དམག་གིས་བསྐོར་བ༔ དེའི་ཕྱི་རོལ་དུ་ཐོད་མཁར་ནང་གི་སྒོ་བཞི་ལ་ཤར་སྒོར་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ༔ ལྷོ་སྒོར་ཕག་གདོང་མ་སེར་མོས་ཞགས་པ་བསྡོམ་པ༔ ནུབ་སྒོར་སྤྲེལ་གདོང་མ་དམར་མོས་ལྕགས་


CMR010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་བསྡོམ་པ༔ བྱང་སྒོར་སྤྱང་གདོང་མ་ལྗང་གུས་དྲིལ་བུ་འཛིན་པ༔ གཡོན་རྣམས་ཐོད་ཁྲག་འཛིན་པ༔ ཕྱི་གཞལ་ཡས་ཁང་གི་སྒོ་བཞི་ལ་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་དཔུང་དང་བཅས་པ༔ ཕྱིའི་ཁྱམས་ལ་རྩང་རྣམས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད༔ ལྷ་ཚོགས་དེ་དག་རང་རང་གི་སྤྱི་བོར་ༀ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས་ཡེ་ཤེས་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དུར་ཁྲོད་རཏྣ་འབར་བའི་ཕོ་བྲང་ནས༔ འཇིགས་བྱེད་ཆེ་མཆོག་བཛྲ་ཧེ་རུ་ཀ༔ དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས༔ དབང་དྲག་ལས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་དང་༔ དྲེགས་པ་པདྨ་ཉི་ཟླའི་གདན་སྟེང་དུ༔ དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས༔ རྔམས་བརྗིད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་


CMR010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་མཐུ་མངའ་བ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཕྱི་མཆོད་འདོད་ཡོན་རྣམ་ལྔ་དང་༔ ནང་མཆོད་ཤ་ལྔ་བདུད་རྩི་ལྔ༔ གསང་མཆོད་བྱང་སེམས་བདེ་སྟོང་རྒྱུན༔ ཐབས་མཆོག་མཐར་ཕྱིན་བདུད་རྩི་དང་༔ ཤེས་རབ་མཐར་ཕྱིན་རཀྟ་དང་༔ ཐབས་ཤེས་དབྱེར་མེད་གཏོར་མ་སོགས༔ སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཀྲོ་ཏ་དྷེ་ཝ་དྷཀྐི་ནཱི་ས་པ་རི་ཝཱ་ར་ཨགྷོ་པཱདྱ་པུངྒེ་དྷཧྥེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝིདྱ་ཤབྡ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཚོགས་དང་བསྲེ་ན་སྐབས་འདིར་ཚོགས་བྱས་ལ་ཚོགས་ཕུད་འབུལ༔ བར་པས་བསྐང་བ་གསོས་ལ་དྲག་པོའི་བསྐང་བ་འདོན༔ དེ་ནས་ཚོགས་ཐ་མ་བསྒྲལ་རྒྱུའི་ཚོགས་དུམ་ལིངྒ་དང་སྦྲགས་ལ་བསྒྲལ་ལས་རྒྱས་པ་འདི་བྱའོ༔ ཡང་ཟློག་པ་ཁ་རྐྱང་ལ་ཚོགས་མ་བྱས་ཀྱང་འདི་ལྟར་འདོན་རུང་ངོ་༔ མདུན་དུ་ལྕགས་ཁང་ཟན་ལིང་བཤམས་ལ༔ ཕཊ༔ ཨེ་ཡཾ་རཾ་ཁཾ༔ རང་གི་མདུན་དུ་ཨེ་ལས་དུག་གསུམ་ལས་གྲུབ་པའི་བཙོན་ཁང་༔ དུས་མཐའི་ཆར་སྤྲིན་ལྟར་ནག་པའི་ཕྱི་


CMR010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞེ་སྡང་བསྐལ་པའི་མེ་འབར་བ༔ ཁ་དོག་ཅིང་མཐིལ་ཡངས་བ༔ ཟིན་ནས་ཐར་བ་མེད་པའི་ནང་དུ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ་བ༔ གཏི་མུག་གི་མུན་པ་འཐིབས་པ༔ ཕྲག་དོག་གི་རླུང་དམར་འཚུབ་པ༔ སྟེང་དུ་ཐོག་དང་མཚོན་ཆའི་ཆར་འབེབས་པའི་ཕྱི་རོལ་དུ་ལས་བྱེད་ཀྱི་ཕོ་ཉ་མི་སྡུག་པའི་ཚུལ་ཅན་གྱིས༔ ལག་ན་འགུགས་སྒྲོལ་གྱི་མཚོན་ཆ་འཛིན་པ་དཔག་ཏུ་མེད་པས་དགྲ་བགེགས་ཀྱི་བླ་འཁྱམས་རང་དབང་མེད་པར་འགུགས་པར་བརྩོན་པས་ས་གཞི་གང་བའི་ནང་དུ༔ ཧྲི་དང་ཁྲི་ལས་སྐྱེས་པའི་དགྲ་བགེགས་ཁ་ངུ་བ༔ མིག་ཤི་མིག་ལག་པ་གཡས་པས་བྲང་བརྡུང་ཞིང་གཡོན་སྐུ་འབལ་བ༔ རྐང་ལག་ལྕགས་སུ་བཅུགས་པ༔ བུ་ག་དགུ་ནས་ཁྲག་འཛག་པ༔ ཉམ་ཐག་དབུགས་དང་ཕྲལ་ལ་ཁད་པ་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ དེ་ནས་བདེན་སྟོབས་ནི༔ ན་མོ༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔ བདག་ཉིད་གུ་རུ་དྲག་པོ་ཐོད་ཕྲེང་རྩལ་


CMR010_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཀའ་བདེན་པ་དང་༔ སྐུ་མཆོག་འཇམ་དཔལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་གསུང་མཆོག་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཐུགས་མཆོག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་ཡོན་ཏན་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཡཀྵ་མེ་དབལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྤྲུལ་པ་ཁྱུང་ཆེན་འབར་བའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྟོབས་ལྡན་སྡིག་པ་ནག་པོ་ཕོ་ཉ་ཟ་བྱེད་གསོད་བྱེད་བསྟན་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་རླབས་ལ་བརྟེན་ནས༔ སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ༔ དོ་བསྔོ་ཞིང་འགྲས་ཚོལ་བ༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ བསམ་ངན་འཆང་བའི་བྱད་མ༔ ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བའི་གདོན་བགེགས༔ བཀའ་དང་དམ་ལ་མི་གནས༔ འགྱུ་ལོག་འཕར་ལྡང་མགོ་གཡོགས་མགོ་སྐོར་བྱེད་པ་ཐམས་


CMR010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི༔ བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་གཟུགས་ལིངྒ་འདི་ལ་ཁུག་ཅིག་དགྲ་བགེགས་ནི་ཏྲ་ཨཾ་ཀུ་ཤ་ཛ་ཛ། བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤོ་ཊ་ཐཾ༔ བཛྲ་གྷནྡྷེ་ཧོ༔ ནི་ཏྲ་ཛ་ཛ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་འགུགས་གཞུག་ལན་གསུམ་བྱའོ༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ དྲག་པོ་བདེར་འདུས་དཀྱིལ་འཁོར་ལྷ་ཡི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་ཚོགས༔ ཡུལ་ལྷ་གཞི་བདག་ལྷ་སྲུང་དགོངས་སུ་གསོལ༔ དམ་ཉམས་དགྲ་བགེགས་གནོད་བྱེད་གདུག་པ་ཅན༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི་ཡིན་པས༔ འདི་ལ་ཡེ་ཤེས་འཇིག་རྟེན་གང་གིས་ཀྱང་༔ ཁ་འཛིན་རྒྱབ་རྟེན་མགོན་སྐྱབས་མ་མཛད་ཅིག༔ གལ་ཏེ་མ་ཉན་མགོན་ཞིང་སྐྱབས་གྱུར་ན༔ ཡེ་ཤེས་ལྷ་ཡང་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་རྣམས་རྡུལ་དུ་རླག་པར་བྱེད༔ དེ་བས་ཐམས་ཅད་རང་རང་གནས་སུ་དེངས༔ ཨཱ་ཡུ་ཛྷཱ་ན་ཤེ་དགྲ་བོའི་ལྷ་བསྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ མཱ་ར་ཡ་ཕྱེས་ཕྱེས་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕུར་པ་ཐོགས་ལ༔ ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩ་ལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ།


CMR010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོ་ཐོད་ཕྲེང་དུས་ལ་བབ༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ གཡོན་གྱི་ཕྱག་ན་ཁ་ཊཾ་བསྣམས༔ རྩ་ཕྱག་ཕུར་པ་ལྕགས་ཀྱུ་འདེབས༔ མཐའ་གཉིས་རལ་གྲི་ལྕགས་སྡིག་འདེབས༔ དགྲ་བགེགས་ལྔ་ཕུང་རླག་པར་བྱེད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ༀ་ཨཱཙྪཱཧཱུྃ་ཨ་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀྟ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་རྦད༔ ཧཱུྃ་སྤ་ར་ཎ་ཕཊ༔ ཕུར་པ་བཏབ་ལ༔ དེ་ནས་རལ་གྲི་ཐོགས༔ ཧཱུཾ་ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ གཡས་ཀྱི་ཕྱག་ན་རལ་གྲི་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འདེབས་ལྕགས་ཀྱུས་ཟུངས་ལ་རལ་གྲིས་གཏུབ༔ དགྲ་བགེགས་ལྔ་ཕུང་རླག་པར་བྱེད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒོལ༔ ཨོཾ་ཨཱཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ རལ་གྲི་བཏབ༔ དེ་ནས་དབྱུག་ཐོ་ཐོགས་ལ༔ ཧཱུྃ༔ ང་ནི་


CMR010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་རྟ་མགྲིན་རྒྱལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གཡས་ཀྱི་ཕྱག་ན་དབྱུག་ཐོ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་སྒྲོག་བསྣམས༔ ལྕགས་སྒྲོག་སྡོམ་ལ་དབྱུག་ཐོས་འཇོམས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་བཛྲ་པདྨ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་ཟད༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ སྲས་དང་སྤྲུལ་པ་བྱེ་བ་འབུམ་༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ གཡོན་གྱི་ཕྱག་ན་སྦྲུལ་ཞགས་བསྣམས༔ རྡོ་རྗེས་བརྡུངས་ལ་སྦྲུལ་ཞགས་ཆིངས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ གྲི་གུག་ཐོགས་ལ༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོ་སྟེ༔ སྲས་དང་སྤྲུལ་པ་མཁའ་འགྲོའི་ཚོགས༔ མ་སྲིང་མཁའ་འགྲོ་ཤུགས་འགྲོར་བཅས༔ གཡས་ཀྱི་ཕྱག་ན་གྲི་གུག་བསྣམས༔ གཡོན་གྱི་ཕྱག་ན་ཐོད་


CMR010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་བསྣམས༔ གྲི་གུག་གཏུབས་ལ་ཐོད་ཁྲག་མྱོས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཧྲཱིཿ མ་ཧ་རི་ནི་ས༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ ཕུར་པའམ་ཐོ་བ་ཐོགས་ལ༔ ཧཱུྃ༔ ཡཀཱ་མེ་དབལ་ཁྲོ་བོའི་སྐུ༔ ཁྲོ་རྒྱལ་སྟོབས་འདུས་ངོ་བོ་ཉིད༔ མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉ་འགྱེད༔ ཞིང་བཅུ་རུ་ཏྲ་ཐལ་བར་རློགས༔ ཨོཾ་བཛྲ་ཀྲོ་ཏ་ཡཀཱ་ཧཱུཾ་རཀྵ་ཧཱུྃ༔ དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གནམ་ལྕགས་མཆུ་སྡེར་ཁྲོ་ཆུའི་རྭ༔ དམ་ཅན་ཕྱག་མཚན་མཚོན་ཆ་ཡིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒོལ༔ ཨོ་ཁྲོ་ག་རུ་ཊ་ས་མ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ ཧཱུྃ༔ ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔ རྔམ་བྱེད་འབར་བའི་ཁྲོ་ཚོགས་བཅས༔ རྡོ་རྗེ་ཕུར་པ་ལྕགས་ཀྱུ་དང་༔ ཞགས་པ་ཐོ་ཆེན་འབར་བ་ཐོགས༔


CMR010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གདུག་པའི་ལྔ་ཕུང་འདི༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ རྣམ་ཤེས་ཆོསཀྱི་དབྱིངས་སུ་སྤོར༔ གུ་རུ་བཛྲ་ཀྲོ་ཏ་ཀྲྀ་ཏྲི་ཤ་ཧཱུཾ་མཱ་ར་ཡ་རྦད༔ དེ་ནས་ཐུན་སོ་སོར་བརྡེག་སྟེ༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སངས་རྒྱས་ཡོངས་རྫོགས་ཕྲིན་ལས་སྐུ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ་བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་སྔགས་ཐོག་སེར་དྲག་པོ་ཡིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ ཡུངས་དཀར་རྒྱལ་པོ་ཤ་རི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་ཕྲིན་ལས་སྐུ༔ དྲག་སྔགས་ཐོག་སེར་དྲག་པོ་ཡིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ ནད་ཡམས་དལ་ཁ་ཆར་བཞིན་ཕོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ དྲེགས་པ་འཇོམས་མཛད་རྩལ་གྱི་སྐུ༔ མཚེ་ཡི་མདའ་འཕེན་སེར་ལྟར་འདྲིལ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ འབྱུང་བ་དུག་ཐུན་རླུང་ལྟར་འཚུབ༔ གདུག་པའི་དུག་སྣ་ཡོངས་རྫོགས་པ༔ ལྔ་ཕུང་འཇིགས་


CMR010_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུག་རླང་གིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ ཐོགས་མེད་དྲག་པོ་ལས་ཀྱི་ཐུན༔ ཕྱག་མཚན་ཡོངས་རྫོགས་མཚོན་གྱི་ཆར༔ རལ་གྲི་ལོ་མ་ཆར་ལྟར་འབེབས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ སྟོབས་ཆེན་འདུལ་བ་མདའ་ཡི་ཐུན༔ དྲེགས་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ༔ མི་བཟད་ཐོག་ཆེན་ལྟར་འབེབས་ཀྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ སྟོབས་ཆེན་བརྡུང་བ་རྡོ་ཡི་ཐུན༔ དྲེགས་པ་འཇོམས་མཛད་གཏུམ་པའི་སྐུ༔ དྲག་པོ་གནམ་ལྕགས་ཐོག་སེར་གྱིས་དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་འདི༔ རྡོ་རྗེ་མེ་འབར་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷའམ་འོན་ཏེ་བརླག་པར་འགྱུར༔ རྡུལ་ཕྲན་བཞིན་དུ་རླག་པར་བྱེད༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་ཏ༔ ཡ་མ་ཐ་ཏུ༔ རཀཱ་ས་ཡ་ཏྲི༔ ཕུ་ཏྲི་ཤ་ཏྲི་ག་ནིཨ་བྷྱོ་ཛ་ཛ༔ གནོད་བྱེད་དགྲ་བགེགས་ཀྱི་སྲོག་རྩ་དམར་པོ་ལ་མཱ་


CMR010_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡ་རྦད་རྦད༔ དེ་ནས་ལིང་རོ་གཏོར་མར་བསྟབས་བྱས་ཏེ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམ་བྱེད་ཧོ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པར་བཞེས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་བསྒྲུབ་ལ་བར་ཆད་བྱེད་པ་ཡི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས༔ དབང་དྲག་པདྨའི་ལྷ་ཚོགས་རྣམས་ལ་འབུལ༔ ཐུགས་རྗེའི་དབང་གིས་བཞེས་ནས་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགྲ་བགེགས་ཀྱི་མཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བཱ་སུ་ཏ་ལ་ཁཱ་ཧི༔ ཀེ་ནི་རི་ཏ་ལ་ཁཱ་ཧི༔ ཅེས་ལིང་རོ་མདོས་ནང་དུ་ཕུལ༔ དེ་ནས་སླར་ཡང་གཏོར་མདོས་ནང་དུ་གཏོར་ཆུང་འབུལ་རྒྱུ་རྣམས་བདུད་རྩིས་བྲན་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉཧཾ༔ གཏོར་ཆེན་གྱི་མདུན་གྱི་གཏོར་མ༔ དགྲ་བགེགས་བསྒྲལ་བའི་ལིང་རོ་གཏོར་ཆུང་དང་བཅས་པ་མི་དམིགས་པ་


CMR010_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས༔ བདག་གི་ཐུགས་ཀ་ནས་ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་ཟླ་གམ་ཡཾ་གིས་མཚན་པ་དེའི་སྟེང་དུ་རཾ་འཕྲོས་པ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ༔ ཟུར་གསུམ་དུ་ཀཾ་སྐྱ་བོ་གསུམ་འཕྲོས་པ་ལས༔ ཐོད་པའི་སྒྱེད་པུ་གསུམ་གྱི་ནང་དུ༔ ཨ་དཀར་པོ་ཅིག་འཕྲོས་པ་ལ༔ ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ༔ ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་བྱད་མ་བསྒྲལ་བའི་ཤ་ཁྲག་དམར་ལྟེམ་གྱིས་གང་བ༔ དེའི་སྟེང་དུ་ཨ་འཕྲོས་པ་ལས་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་ཨོཾ་ཨཱཧཱུྃ་སུམ་བརྩེགས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས༔ ཡཾ་ལས་རླུང་གཡོས་རཾ་ལས་མེ་སྦར་མེ་ཡིས་ཐོད་པ་དྲོས་ནས༔ ནང་གི་ཤ་ཁྲག་ཐམས་ཅད་ཞུ་ཞིང་ཁོལ༔ མི་གཙང་བའི་དྲི་མ་ཐམས་ཅད་ལྷུ་བའི་ཚུལ་དུ་ཕྱིར་ཐོན་ནས༔ བཅུད་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ ཨོཾ་མ་ཧཱ་བྷ་ལིང་ཏ་གུ་རྒྱ་ན་མ་ཡེ་སྭཱ་ཧཱ༔ ལན་བདུན་བརྗོད༔ སྟེང་གི་ཡི་གེ་གསུམ་ཟླ་བ་དང་བཅས་པ༔ འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་ལ་ཐིམ་པས་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་


CMR010_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཀྱིས༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པ་ཡི༔ དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པ་དང་༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ཚེ་འདིར་གནོད་པ་ཐམས་ཅད་ཞི་བ་དང་༔ ཕྱི་མ་བྱང་ཆུབ་གོ་འཕང་ཐོབ་པར་མཛོད༔ བསྡུ་ན་སྐབས་འདིར་གཏོར་ཆུང་ཐམས་ཅད་སྔགས་ཀྱིས་འབུལ༔ རྒྱས་ན་སོ་སོའི་བསྟོད་བསྐུལ་རེ་དང་སྤྲད་ལ་ཕུལ༔ དེ་ནས་ཟློག་གཞུང་འདོན་ནོ༔ ཞེས་པ་དོན་འགྲུབ་ལ་ཕན་ཕྱིར་ཨ་རཱ་གས་བསྡུས་ཏེ་བྲིས་པ་ལ་ཉེས་པ་ཐམས་ཅད་དྲག་པོའི་ལྷ་ཚོགས་བཀའ་སྲུང་བཅས་ལ་བཤགས༔ དགེ་བས་སེམས་ཅན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག༔ མངྒ་ལཾ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་དྲག་པོའི་མཚོན་ཆ་འཁོར་ལོའི་ལས་འགྲིགས་སྤུ་གྲི་རེག་གཅོད་བསྡུས་པ།next